Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་ཚོད།

Posted on 2012-07-08 By ཁ་བརྡ་ 4 Comments on དུས་ཚོད།

གཅན་འོད་འབར།

དུས་ཚིགས་ཀྱི་གཙང་བོ་བཞུད་སྟངས་ལས་རི་ལུང་གི་ཁ་དོག་འགྱུར་སོང།
ཉིན་མཚན་གྱི་ལྷག་རླུང་ལྡང་ཚུལ་ལས་མི་ཚོགས་ཀྱི་ལུས་སེམས་རྒས་སོང་།
འོན་ཀྱང་། འདི་ཚོས་ཁྱོད་ལ་འགྲེལ་བཤད་ཡང་དག་ཅིག་རྒྱག་མ་ཐུབ་ལ།
གསལ་བཤད་བདེན་པ་ཅིག་དེ་བས་ཀྱང་བྱེད་མ་ནུས།
ཡོད་ཡོད་འདྲ་བའི་ཁྱོད།
ཡང་སྙིང་ཅི་ཞིག་ཡིན།
ཡང་སྙིང་གང་ན་ཡོད།

ཡོད་ཡོད་འདྲ་བའི་ཁ་སང་དང་དེ་རིང།
མེད་མེད་འདྲ་བའི་སང་ཉིན་དང་གནང་ཉིན་ལས།
ཁྱོད་ཀྱི་ཁ་དོག་ཐག་གིས་མ་ཆོད་ལ།
ཁྱོད་ཀྱི་ངོ་བོ་ཡང་རྟོགས་པས་མ་ངེས་པས།
མེད་མེད་ལྟ་བུའི་ཁྱོད།
ཡང་སྙིང་ཅི་ཞིག་ཡིན།
ཡང་སྙིང་གང་དུ་ཡོད།

མགོ་རྔ་གང་དུ་ཡོད་མེད་མི་ཤེས་ལ།
འགྱུར་བག་ཇི་འདྲ་སྐྱེན་མིན་ཡང་མི་རྟོགས་པའི་ཁྱོད།
མིག་གིས་མ་མཐོང་ལ་ལག་པས་ཀྱང་མ་ཟིན་པས།
ཡོད་མེད་གང་གིས་སྟོང་བའི་ཁྱོད།
ཡང་སྙིང་ཅི་ཞིག་ཡིན།
ཡང་སྙིང་གང་དུ་ཡོད།
འགྱུར་བཞིན་པ་ཁྱོད་ཡིན་ན་ང་ཡིན།
རྒ་བཞིན་པ་ང་ཡིན་ནམ། ཡང་ན་ཁྱོད་ཡིན།

སྙན་ངག

Post navigation

Previous Post: རང་བཙན་རྩོད་པ་ལ་མེད་ཐབས་མེད་པ་གསུམ།
Next Post: མཚོ་སྔོན་པོའི་འགྲམ་གྱི་དམ་བསྒྲགས།

Comments (4) on “དུས་ཚོད།”

  1. གཅན་བཟོད་རྒྱམ། says:
    2012-07-09 at 6:06 am

    མཚན་ཉིད་རིག་པའི་སྐད་ཆ་འདྲ་བ་རྐྱང་བཤད་བསྡད་ནས་ཅང་གིས་མ་གོ་བ་ཡིན་ནམ། མཚན་འདེབས་མཁན་མི་འདུག ད་དུང་ཀློག་མཁན་ཀྱང་མེད་པ་ཆེས་ཡིན་རེ།

  2. གནམ says:
    2012-07-09 at 7:37 am

    ཀློག་མཁན་ཡོད། གོ་བ་འདྲ་ཕྲ་པ་ཕྲན་པུ་ཡོད་ས་རེད། བོད་ནང་ན་ཡོད་ན་ཁག་མེད་ཀི། བོད་ཕྱི་ན་ཡོད་ན་འདི་གབ་ཚིག་འམ་ཁེད་གི་ཚུལ་འདྲ་བོ་འདྲ་འདུག། དེ་བཞིན་དུ་གོ་བ་ཞིག་ལང་ན་འགྲིག་ཚོད་རེད་པ་ཨ། ཨ་་་་་་་མ་རེད་ནེ།

  3. ཟུར་གནས། says:
    2012-07-09 at 10:28 pm

    ཆོས་ཀུན་སྐྱེ་འཇིགས་གསལ་བ་ལ།
    གཅིག་གི་སྐྱོ་རོགས་གཅིག་གིས་བྱེད།
    སྐྱེ་བའི་གྲོགས་ལ་འཇིགས་པས་སྙེག
    ཡོད་པའི་གྲོགས་ལ་མེད་པས་འདེད།

    གྲོགས་ཀྱི་གྲོགས་ལ་འཁེར་རྐྱང་སྙེག
    འཁེར་རྐྱང་མ་ནུས་གྲོགས་ཀྱིས་འཇོམས།
    ཆོས་རྣམས་ཐམས་ཅད་འདི་ལྟར་ཏེ།
    འཚོལ་དང་བཙལ་བས་དོན་མེད་གྱུར།

    ཡོད་ཡོད་འཚམས་ནས་མེད་པར་འགྱུར།
    མེད་མེད་འཚམས་ནས་གློ་བུར་ཡོད།
    འདི་འདྲའི་ཆོས་ཀྱི་ཁྱད་ཆོས་དེ།
    སྟོན་པའི་གསུང་ལས་གཞན་ནས་མིན།

    འདེད་འདེད་འདེད་ནས་ཅི་ཞིག་ཐོབ།
    རྩོད་རྩོད་རྩོད་ནས་ཅི་ཞིག་རྙེད།
    རེ་རེ་རེ་ནས་གང་ཐོབ་པ།
    གཅིག་གཅིག་གཅིག་ནས་གསུང་བར་འཚལ།

    ཨ་རིའི་སྙན་ངག་ཨེ་ལི་ཀྲིས། ༼T.H. Eliot༽
    བཞི་ཚོམ་ཟེར་བའི་སྙན་ངག་ནང་།
    ང་ཚོས་འཚོལ་འཚོལ་འཚོལ་བའི་མཐར།
    ཐོག་མའི་མེད་ས་དེ་ལ་སླེབས།

    མི་ལ་རས་པའི་གསུང་ལས་ནི།
    འདི་འདྲའི་ལྟད་མོ་མང་པོ་གསུངས།
    མཁས་པའི་གཙུག་རྒྱན་ཙོང་བ་བས།
    ཐམས་ཅད་བློ་ཡི་འཆོ་འཁྲུལ་གསུངས།

    དེ་ལྟར་འཚོལ་བར་སྤངས་ནས་ནི།
    རང་གར་འཇོག་ལ་སྒྱུ་མར་ལྟོས།
    ཀུན་ལ་ཆགས་སྡང་སྤངས་ནས་གཟིགས།
    དེ་འདྲ་དེ་འདྲའི་བློ་ལས་ནི།
    ལྟད་མོ་ཡོད་ལ་གྲོགས་བཟང་བ།

    བདེན་པར་གཟིགས་སམ་གྲོགས་པོ་ལགས།
    བློ་ལ་ཐད་དམ་བློ་རིག་ཅན།
    འོ་རྒྱལ་མེད་པ་ང་ཡི་གྲོགས།
    ཁ་བརྡའི་དཀྱིལ་ནས་ཁྱེད་དང་མཇལ།

    བུ་མོ་བཟང་པོ་མཇལ་བ་ལེགས།
    དེ་བས་རིག་མ་ཤེས་རབ་མ།
    ཐབས་ཤེས་ཟུང་འཇུག་ནུ་མའི་ངོས།
    བདེ་བའི་འཚོམ་བུ་འཛིན་པ་ལེགས།

    འོན་ཀྱང་བདེན་པར་འདུག་བསམ་ན།
    ཆགས་པ་དྲག་པོ་འཕེལ་བར་འགྱུར།
    བདག་དང་བདག་གིས་མ་གྲུབ་པས།
    ཉིན་ཞིག་གདུང་བས་མནར་བར་གྱུར།

    སྒྱུ་མར་གཟིགས་དང་བློ་ལྡན་པ།
    གཅན་ཚ་གཞོན་ནུའི་བློར་མི་གནོད།
    རང་བཞིན་མ་གྲུབ་དོན་རྟོགས་དང་།
    སྐྱིད་པའི་ཉིན་མ་རྟག་ཏུ་ཡོད།

    ཧ་། ཧ། ཝེ་སི་ཀི་དམ་བི་ཕྱེད་ཀའི་སྙན་ངག་ཡིན། ད་དུང་ཕྱེད་ཀ་བཏུང་ནས་འབྲི།

  4. གཅན་འོད་འབར། says:
    2012-07-10 at 5:33 am

    གོང་གི་དྲ་གྲོགས་རྣམ་པས་རང་ཉིད་ཀྱི་བསམ་འཆར་བརྗོད་པར་བཀའ་དྲིན་ཆེ།་ལྷག་ཏུ་ཟུར་གནས་ལགས་ནས་ཞབས་མཆན་ཡིད་འགུལ་ཐེབས་པ་ཞིག་བྲིས་གནང་བར་དེ་ལས་ཀྱང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡང་ཡང་ཕེབས་ནས་ལྟ་ཚུལ་བརྗོད་པར་དགའ་བསུ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme