Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་ཚོད་རིན་ཆེན།

Posted on 2010-10-11 By དབང་ཕྱུག་ 1 Comment on དུས་ཚོད་རིན་ཆེན།

འཕན་པོ་བསྟན་དར།

༄༅། །འདས་པའི་ཁ་སང་དང་། ད་ལྟ་བའི་དེ་རིང་། མ་འོངས་པའི་སང་ཉིན་བཅས་ཀྱི་དུས་ཚོད་གསུམ་པོ་དེར་བསམ་བློ་གཏོང་མྱོང་ངམ།
དུས་ཚོད་ནི་གཙང་པོའི་ཆུ་རྒྱུན་དང་འདྲ་བར་མཚམས་མ་ཆད་པར་འགྲོ་གི་ཡོད་པར་བརྟེན། དེ་ཡང་རང་ཉིད་འཚོ་བའི་རིང་། དུས་ཚོད་དེ་དང་མཉམ་དུ་འགྲོ་གི་ཡོད་པས། རང་ཉིད་ཀྱི་མི་ཚེ་དེ། འགྲོ་བཞིན་པའི་དུས་ཚོད་ཟེར་བ་འདི་ཡིན།
དང་པོ་འདས་པ་ནི། འདས་ ཟིན་པའི་དུས་ཚོད་དེའི་ནང་གི་ལེགས་ཉེས་ཀྱི་བྱ་བ་གང་ཡིན་ཡང་། དྲན་གསོ་དང་ཕྱིར་མིག་བལྟ་ཡུལ་ཙམ་ལས་བསྐྱར་ལོག་མི་འོང་པས། འཇིག་རྟེན་འདིར་ཕྱིར་ལོག་བྱས་པའི་དཔེ་ག་ལ་ཡོད། དེ་འདྲ་སོང་ཙང་ངས་བུ་ཕྲུག་ཚོར་དཔེ་མཚོན་ཞིག་ཞུས་ན། ཁྱོད་ཚོའི་སྤོ་བོ་ལགས་དང་རྨོ་མོ་ལགས་ཀྱང་། སྔ་མོ་ཁྱོད་རང་ཚོ་དང་འདྲ་བར། ལོ་ན་ཆུང་ཞིང་གྲུང་ཤ་དོད་ལ། རིག་པ་གསལ་བ་ཞིག་ཡོད་ཀྱང་། ད་ལྟ་ཁྱོད་ཚོ་དང་འདྲ་བའི་ན་ཚོན་དེར་བསྐྱར་ལོག་བྱེད་སྲིད་དམ། ག་ལ་སྲིད། ཁྱོད་ ཚོ་ན་ཆུང་གཞོན་ནུ་དེ་ཡང། རིམ་བཞིན་རྒད་འགྲོ་བ་ལས། སླར་ཡང་གཞོན་དུ་འགྲོ་བའི་དཔེ་ག་ལ་ཡོད། གཞན་ཡང་དཔེ་མཚོན་མདོར་བསྡུས་ཞིག་ཞུས་ན། མནའ་སྔ་མོ་ང་ཚོའི་བོད་གངས་ཅན་གྱི་ལྗོངས་འདི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ རེད་ལ། དེ་བས་ཀྱང་བཙན་པོ་སྲོང་བཙན་སྒམ་པོའི་དུས། གུང་བུ་གཅིག་གྱུར་གྱི་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཡིན་པ་མ་ཚད། རྒྱལ་ཁབ་གཞན་དག་ཡང་དབང་དུ་འདུས་ནས་ཆོས་སྲིད་གཉིས་ལྡན་གྱི་བོད་རྒྱལ་ཁབ་ཆེན་པོ་ཞེས་འབོད་པ་རེད། དེའི་ རྗེས་སུ་ལོ་མང་པོའི་རིང་དར་རྒུད་སྣ་ཚོགས་བྱུང་ཡོད་པའི་ཁྲོད་ནས། ཐབས་སྡུག་ཤོས་ནི་རྒྱ་དམར་གོང་ཁྲན་གྱིས་བཙན་འཕྲོག་བྱས་པར་བརྟེན། ད་ཆར་ང་ཚོའི་བཙན་བྱོལ་གྱི་གནས་སྟངས་འདི་བྱུང་བ་རེད། དེ་ཐམས་ཅད་ཡང་འདས་ཟིན་པ་ཡིན། རྒྱུ་མཚན་དེའི་ཕྱིར་དུས་ནམ་དུའང་ཕྱིར་ལོག་བྱེད་མི་སྲིད་པས། དེ་ རྣམས་ལ་ཡིད་མོས་དང་དོགས་སློང་འཕྱ་སྨོས་ཟུར་ཟ་བྱས་ནས་མ་བསྡད་པར། སྔར་གྱི་བྱུང་རིམ་རྣམས་མ་རྗེས་པར་ད་ལྟའི་ཉག་ཕྲག་གི་དུས་ཚོད་འདི་དམ་འཛིན་ བྱས་ཏེ་མདུན་དུ་བསྐྱོད་དགོས། དུས་གསུམ་དུ་དབྱེ་བའི་དུས་ཚོད་རྣམས། དབང་དང་རྒྱུ་ནོར། དཔུང་དང་མཚོན་ཆ་གང་གིས་ཀྱང་། བཀག་འགོག་མི་ཐུབ་པ། གཟུགས་མེད་དབང་ཆེན་དཔོན་པོ་དེ་དྲན་ཨེ་མྱོང། དུས་ཚོད་ཟེར་བའི་ཚད་ནི་ཚོུད་ཟེར་བ་རྟོག་པས་བརྟགས་པ་ཙམ་ལས། མཐོང་རྒྱུ་དང་རེག་རྒྱུ་མེད་པའི་དུས་ཚོད་རིན་ཆེན་འདི། ང་ཚོའི་མི་ཚེའི་ནང་གི་སྙིང་པོ་ཞིག་མ་ཡིན་ནམ། འཇིག་རྟེན་ཐ་སྙད་དུ། ལོ་དང་། ཟླ་བ། བདུན་ཕྲག ཉིན་མོ། ཞག་མ། ཆུ་ཚོད། སྐར་མ། སྐར་ཆ་བཅས་ནི། སྐད་ཅིག་སྐད་ཅིག་ཏུ་འཇིག་འགྲོ་བས་མི་རྟག་པ་ཟེར་བ་དེ། ཡང་ནས་ཡང་དུ་དྲན་དགོས་པས་དྲན་ཨེ་མྱོང། ཡིན་ན་ཡང་མི་ཚེ་དོན་དང་ལྡན་པ་ཞིག་དགོས་ཟེར་བ་དེ་ནི། ཡ་རབ་སྤྱོད་བཟང་ཐོག། བྱམས་བརྩེ་དང་སྙིང་རྗེ། གཞན་ཕན་ལྷག་བསམ་གྱི་ཕྱུག་པའི། གཞན་སྨོན་རང་སྐྱིད་ཀྱི་འཚོ་བར་རོལ་ཡོད་ན་ནི། འདས་ཟིན་པའི་དུས་ཚོད་དེ་འཕྲོ་བརླག་མེད་པར། དོན་སྙིང་དང་ལྡན་པར་ཡང་བསྐྱར་དྲན་གསོ་དང་། ཡིད་སྨོན་སྤོབས་པ་བྱེད་འོས་པ་ཞིག་ཡིན་པས་དྲན་གསོ་བྱེད་ཨེ་མྱོང། ཡིན་ཡང་དེ་ཐམས་ཅད་ནི་འདས་ཟིན་པ་ཡིན་ནོ། ཧ་ཧ།།
ཡང་ན་མི་ཚེ་མ་རབ་སྤྱོད་ངན་ཐོག ཞེ་ སྡང་དང་ང་རྒྱལ། ཁྲག་དོག་འགྲན་སེམས་ཁོ་ནས། མི་ལ་བརྣབ་སེམས་དང་གནོད་སེམས་ཀྱི། རང་གཞན་གཉིས་ཕུང་གི་འཚོ་བ་བསྐྱེལ་བ་ཡིན་ན་ནི། འགྱོད་སེམས་དྲག་པོ་དང་ངོ་གནོང་དགོས་པ་ཡིན་པས། བྱེད་ཨེ་མྱོང་། འདས་ཟིན་པའི་བྱ་བཞག་དེ་དག་ལ་ཕྱིར་མིག་དང་བསམ་བློ་གཏོང་མྱོང་ངམ། དེ་དག་ནི་དུས་ནམ་དུའང་ཕྱིར་མི་འོང་པས། ལོ་རྒྱུས་ལ་ཕྱི་མིག་བལྟ་ཡུལ་ཙམ་ལས། ཐམས་ཅད་ཚར་བ་ཡིན་ནོ།། འོན་ཀྱང་སྔོན་བྱས་ལ་འགྱོད་སེམས་དང་ཕྱིས་ཆད་སྤང་བླང་བྱ་དགོས་ཞེས་པ་ལྟར་བྱ་ རྩིས་ཡོད་དམ།
གཉིས་པ་ད་ལྟ་བ་ནི། ཤིན་ཏུ་གལ་ཆེ་ཞིང་རིན་ཐང་ཆེ་བ་ནི་དེ་རིང་ཁོ་ན་ཡིན་པས། ད་ལྟ་ནི་དེ་བས་ཀྱང་རྩ་ཆེན་ཞིག་ཡིན། དཔེར་ ན་ད་ལྟ་ངས་བྲིས་བཞིན་པའི་དུས་ཚོད་འདི་ཡང་རྩ་ཆེན་དུ་རྩིས་ཏེ། དུས་ཚོད་ཆུད་ཟོས་སུ་མ་བཏང་བར། ལྷག་བསམ་བཟོལ་མེད་ཀྱིས། དུས་ཚོད་རིན་ཆེན་འདི། རྩ་ཆེན་ཡིན་པ་དྲན་པས་བྲིས་བཞིན་པ་འདི་ཡང་། ངས་ད་ལྟའི་དུས་ཚོད་འདི་ལྷོད་ཡེངས་སུ་མ་སོང་བར་དམ་འཛིན་བགྱིས་ཏེ། གང་དྲན་པ་རྣམས་ལམ་སེང་ཡིག་ཐོག་ཏུ་ཕབས་ཏེ། ཅུང་ཟད་ ཞིག་ཕན་ན་བསམ་ནས། སང་ཉིན་དང་གནངས་ཉིན་ཞེས་ལུས་པ་ཡིན་ན། མི་རྟག་འཆི་བ་ནི་ནམ་འོང་ངེས་མེད་ཡིན་པས། སང་ཉིན་གྱི་གནས་སྟངས་གང་འདྲ་ཞིག་ཡོང་མིན་སུ་ལ་ཡང་གདེང་ཚོད་རྒྱ་ཆ་བརྒྱ་ཐམ་པ་ མེད་པར་བརྟེན། དེ་རིང་གི་དུས་ཚོད་འདིའི་ནང་། ངས་ད་ལྟ་རང་བྲིས་མ་ཐུབ་ན་ སང་ཉིན་རྐྱེན་ངན་ཞིག་བྱུང་བ་ཡིན་ན། འགྱོད་པ་ཡོང་རྒྱུ་ཡིན། དེ་ ལྟར་འགྲོ་བཞིན་པའི་དུས་ཚོད་འདི། ངའི་མི་ཚེ་ཟེར་བ་དེ་ཡིན་པས། ངས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་རྒྱུར་འབད་བརྩོན་དང་རེ་བ་བྱེད་ཀྱི་ཡོད། ཡིན་ཡང་ང་ཚོའི་གྲོགས་པོ་ཁ་ཤས་ཀྱིས་འདས་ཟིན་པའི་ཁ་སང་གི་དུས་ལ་སེམས་གཏིང་ནས་ ཡིད་མོས་བྱེད་པ་དང་། རེ་བ་ཐམས་ཅད་མ་འོངས་པའི་སང་ཉིན་གྱི་དུས་ལ་བཅོལ་ནས། རྩ་ཆེན་དེ་རིང་གི་དུས་ཚོད་སྣང་མེད་དུ་གཏོང་གི་ཡོད། དེར་བརྟེན་དེ་རིང་སྒྲུབ་དགོས་པའི་དོན་དག་རྣམས་སང་ཉིན་བསྒྲུབ་རྒྱུར་འཇོག་པ་ དང་། སང་ཉིན་བསྒྲུབ་རྒྱུའི་དོན་དག་རྣམས་གནངས་ཉིན་གྱི་ལས་ཁོངས་སུ་བཞག་ནས། རྩ་ཆེན་དེ་རིང་གི་དུས་ཚོད་མང་པོ་ཞིག་སྣང་མེད་ངང་འཕྲོ་བསླག་གཏོང་གི་ཡོད་པ་ ཁྱེད་ཚོས་མ་མཁྱེན་ནམ། ནམ་ཡང་བསྐྱར་ལོག་བྱ་ཐབས་མེད་ པ་དེ་གང་ཡིན་ཞེ་ན། དེ་ནི་དུས་ཚོད་ཀྱི་ཁྲོད་དུ་སིམ་པའི་བྱ་བ་རྣམས་ཡིན། ཁ་སང་ནི་འདས་ཟིན་པས་ཕྱིར་ལོག་བྱེད་མི་སྲིད། དེ་བས་ཀྱང་ད་ལྟ་ནི་ཤིན་ཏུ་གལ་ཆེ་བ། འདི་ལྟར། ད་ལྟ་དྲན་པ་ད་ལྟ་བྱེད། སང་ཉིན་གནངས་ཉིན་ཡིད་བརྟན་མེད། གང་ཐུབ་ད་འདར་བྱས་ན་ལེགས། མི་ཚེ་ཟེར་བ་ད་ལྟ་ཡིན། །།
གསུམ་པ་མ་འོངས་པ་ནི། སྨོན་ པ་སེམས་བསྐྱེད་ཙམ་ལས་གདེང་འཁེལ་བ་ཞིག་མེད་ནའང་། མིའི་མི་ཚེ་ཟེར་བ་ནི་རིང་པོར་བསམ་ན་སྲོག་ཆགས་གཞན་ལས་ཚེ་རིང་བ་དང་། མི་ནི་རྣམ་དཔྱོད་ཅན་ཞིག་ཡིན་པས། སྔ་ཕྱི་གང་ལའང་བསམ་བློ་གཏོང་ཐུབ་མཁན་ཞིག་ཡིན། འཇིག་རྟེན་གཏམ་དཔེར། ལོ་བརྒྱ་ཐུབ་པའི་གདེང་མེད་ཀྱང་། མ་ འོངས་འཚོ་བའི་འཆར་གཞི་དགོས་ཟེར་བ་ལྟར། མ་འོངས་པའི་ཆེད་དུ་དམིགས་ཡུལ་བཟང་པོ་ཞིག་བཅང་དགོས་པ་ནི། ཡང་དག་པའི་བསམ་བློའི་ཁྱེར་སོ་ཞིག་ཡིན་ལ། འཆར་གཞི་དང་སྒྲིག་འཛུགས་ཟེར་བ་ནི། དེ་བས་ཀྱང་མ་འོངས་པའི་མདུན་ལམ་སྲ་བརྟན་ཡོང་ཆེད་མེད་དུ་མི་རུང་བ་ཞིག་ཡིན། ཡིན་ ཡང་མ་འོངས་པའི་འཆར་གཞི་དེ་རྣམས་ལམ་ལོང་ཡོང་རྒྱུར། ད་ལྟ་ནས་གྲ་སྒྲིགས་དམ་གཟབ་ཞིག་མ་བྱས་ཚེ། སྨོན་ལམ་འདེབས་པའམ་རེ་བ་ཁོ་ནས་སྒྲུབས་མི་ཐུབ། དེ་ཡང་ས་བོན་དང་ཆུ་ལོན་སོགས་རྒྱུ་རྐྱེན་ལེགས་པར་མ་འཛོམས་ན་འབྲས་བུ་བཟང་པོ་ འབྱུང་མི་སྲིད་བཞིན་ཡིན། འཆར་གཞི་དེ་རྣམས་དོན་ཐོག་ཏུ་ཁྱོལ་ཡོད་པ། དཔེར་མཚོན་ཞིག་ཞུས་ན། སྟོབས་འབྱོར་དང་། ཁྲིམས་ལུགས་དབང་སྒྱུར་ཚད་ལྡན། དམངས་གཙོ་ཡང་དག་པའི་འོག སྒྲིག་འཛུགས་སྟངས་འཛིན་དང་ལྡན་པའི་ཤེས་ཡོན་ཅན་གྱི་རྒྱལ་ཁབ་ནང་། མ་འོངས་པར་འཆར་གཞི་དང་ལྡན་པའི་སྒོ་ནས་ཤེས་ཡོན་བེད་སྤྱད་དེ། ལོ་ ཁ་ཤས་རྗེས་ཀྱི་འཆར་གཞི་རྣམས་ཁྲ་ལྷེམ་མེར་ཡིག་ཐོག་དུ་ཕབས་པ་དང་། ཆུང་ས་ནས་ཞུས་ན་མི་རེ་ངོ་རེའི་ངོས་ནས་མ་འོངས་པའི་འཆར་གཞི་རྣམས་ཉིན་དེབ་ནང་ བཀོད་ཏེ། ཞོགས་སྔ་ལང་དང་དགོང་ཕྱི་ཉལ་གྱིས། དུས་ཚོད་དམ་འཛིན་བྱས་ནས་རེ་དོགས་ངང་མ་འོངས་པའི་ཆེད། བྲེལ་ཟིང་ངང་རྒྱུགས་འགྲོ་བ་དེ་ཡང་དུས་ཚོད་གྱིས་དེད་པ་ཞིག་མ་ཡིན་ནམ། བྱ་སྤྱོད་དེ་དག་ལ་བརྟེན། རྒྱལ་ཁབ་དེ་ཚོ་ཡར་རྒྱས་ཅན་གྱི་འབྱོར་ལྡན་རྒྱལ་ཁབ་ཏུ་གྱུར་པ་རེད། ཁོ་ པ་ཚོས་མ་འོངས་པའི་འཆར་གཞི་བཞག་པ་ཙམ་མ་ཡིན་པར། ལས་དོན་དེའི་ཐོག་གྲ་སྒྲིགས་བྱས་ཏེ། འཆར་གཞི་དང་ལྡན་པའི་ངང་ནས་མ་འོངས་པ་མངོན་འགྱུར་ཡོང་རྒྱུར་རེ་བ་དང་ཡེད་ཆེས་ བྱེད་ཀྱི་ཡོད། གང་ལྟར་མ་འོངས་པའི་མི་ཚེར་གདེང་ཚོད་མེད་ན། དེ་བས་ཀྱང་འཆར་གཞི་ཞིག་འཇོག་དགོས་པ་ནི་གལ་ཆེན་པོ་ཡིན་པ་ཤེས་པས་སོ། ། མདོར་ ན་དེ་རིང་ནི་འདས་ཟིན་པའི་ཁ་སང་གི་རྒྱུན་མཐུན་པ་ཞིག་ཡིན། འོན་ཀྱང་མ་འོངས་པའི་སང་ཉིན་གྱི་ཆེད། དྲན་ཤེས་ལ་བསྐུལ་མ་ཡང་ཡང་བྱས་ཏེ། ཆོུད་ལ་ཐིལ་སྒྲ་བསྒྲིག་ནས་དུས་ཐོག་ལང་ཐུབ་པ་བཞིན། ལས་དོན་གང་གི་ཐད་ཕུགས་བསམ་མངོན་འགྱུར་བྱ་རྒྱུ་དེ། དེ་རིང་གི་དུས་ཚོད་དམ་འཛིན་བྱེད་ཐུབ་མིན་ལ་རག་ལས་ཡོད། འདས་ཟིན་པའི་ཁ་སང་གི་ངལ་རྩོལ་དེ་མེད་ན་དེ་རིང་གི་འཇིག་རྟེན་འདི་སྟོང་སང་སྐྱ་མོ་ཞིག་ཡིན་སྲིད་ལ། འདས་ ཟིན་པའི་མེས་པོ་དམ་པ་ཚོའི་ཤེས་རིག་ལག་བརྩལ་ལ་བརྟེན། དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུར། ད་ལྟ་ང་ཚོའི་ཕྲོད་ཀྱི་མཐོང་ཐོས་དྲན་རེག་ཐམས་ཅད་བྱུང་ཞིང་། དེ་བས་ཀྱང་མཁས་པའི་གསུང་རྩོམ་དང་། རིག་གནས་ཀྱི་སྒྱུ་རྩལ་ལས་བསྐྲུན་པའི། ཐོག་རྩེགས་བརྒྱ་ཕྲག་ཅན་གྱི་ཁང་བཟང་། སྣུམ་ནག་གི་ལམ་ཆེན་འཇམ་ཞིང་ཡངས་ལ་མདའ་ལྟར་དྲང་བའི་འབྲུལ་བསྐྱོད་ཀྱི་གཞུང་ ལམ། གྲོང་ཁྱེར་ནང་ཤར་གཏོང་ཐུབ་པའི་ཟམ་ཆེན་སྟེང་ཤོད་ བར་གསུམ། ཉིན་མཚན་ཁྱད་མེད་ཀྱི་གློག་འོད་ཁྲོད་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཁྱེར། ཤིང་སྣ་སྤང་ལྗོངས་དང་མེ་ཏོག སྔོ་ལྗངས་ཅན་གྱི་མཛེས་པའི་ཡུལ་ལྗོངས་གསར་པ་རྣམས་ཁོང་རྣམ་པས་བསྐྲུན་མེད་ན། ད་ལྟ་ང་ཚོས་ལོངས་སྤྱོད་བཞིན་པ་དེ་རྣམས་ག་ལ་ཡོད། དེ་ལྟར་དེ་རིང་གི་དུས་སུ་ཕར་ས་བོན་མ་བཏབ་ན། མ་འོངས་པའི་དུས་སུ་ཚུར་འབྲས་བུ་སྨིན་པ་ག་ལ་སྲིད། དེས་ན། ང་ ཚོའི་མི་ཚེའི་ཁྲོད་ཀྱི་དེ་རིང་ནི། རིན་ཐང་ཤིན་ཏུ་ཆེ་བ་ཞིག་ཡིན་ལ་དེ་བས་ཀྱང་ད་ལྟ་འགྲོ་བཞིན་པའི་དུས་ཚོད་འདི། མིའི་མི་ཚེ་ཟེར་བ་དེ་ཡིན་པས། རྣམ་གཡེང་དུ་མ་སོང་བར་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་དགོས། ང་ཚོར་ཆུང་དུས་ནས་བཟུང་། དེ་རིང་ལ་ཡང་དག་པའི་ངོས་འཛིན་དང་། མཐོང་ཆེན། དམ་འཛིན། གཅེས་སྤྲས་བཅས་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ནོ། །
ལེགས་བཤད་ལས། །
སློབ་གཉེར་དུས་སུ་མ་བྱས་པར། །རྗེས་སུ་མཁས་འདོད་བཞད་གས་གནས། །
ཆར་སྤྲིན་རླུང་གིས་གཏོར་བ་ལ། །སྦྲང་ཆར་རེ་བ་དོན་མེད་ཡིན། །
མཁས་པ་སློབ་པའི་དུས་ན་སྡུག །བདེ་བ་འདོད་ལ་མཁས་མི་སྲིད།
བདེ་བ་ཆུང་ལ་ཆགས་པ་དེ། །ཆེན་པོའི་བདེ་བ་འཐོབ་མི་སྲིད།
རང་ལ་དགོས་པའི་ཡོན་ཏན་དེ། །ཉི་མ་རེ་ལ་ཚིག་རེ་བཟུང་།
གང་ཞིག་ཉིན་བརྒྱ་སོང་བ་ན། །ཚིག་བརྒྱ་མ་ལུས་ཁོང་དུ་ཆུད། །
འཕན་པོ་བསྟན་དར་པས། ས་ག་ཟླ་བའི་ཚེས་༡་ནས་འགོ་བརྩམས་ཏེ་ཡར་ཚེས་༡༥ཉིན་གྲུབ་པས། སློབ་ཕྲུག་རྣམས་ལ་ཕན་པར་བྱ་བའི་ཕྱིར་དུ་དགེའོ། །།

སྣ་ཚོགས།

Post navigation

Previous Post: ཐེ་སྨད་འབྲུག་ཆུ་ཁུལ་དུ་ཡང་བསྐྱར་རི་ཉིལ་གྱི་གནོད་འཚེ་བྱུང་བ།
Next Post: བོད་པ་ང་ཚོའི་རིགས་འདི་སྙིང་རེ་རྗེ།

Comment (1) on “དུས་ཚོད་རིན་ཆེན།”

  1. དར་རྒྱས། says:
    2010-10-16 at 4:36 am

    མདོར་བསྡུས་ན་་་་་་་་་་་
    སང་གི་ཉིན་ནའང་སང་ཉིན། །
    སང་གི་ཉིན་ལ་མཐའ་མེད་པས། །
    བདག་ཉིད་སང་ཉིན་སྒུག་པ་ནི། །
    ལས་རྣམས་ཕྱི་བཤོལ་བྱེད་པ་ཉིད། །་་་་་་་་་་་་ཟེར་བ་དེ་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme