Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་ཚོད་བཟང་ངན་གྱི་འབེལ་གཏམ།།

Posted on 2019-12-06 By ཁ་བརྡ 3 Comments on དུས་ཚོད་བཟང་ངན་གྱི་འབེལ་གཏམ།།

ཤྲཱིཿསྨྱོན་ཨེ་མ་ཧོ།
 
ཨེ་ཀྱེ་ཧོ།།
བསྐལ་པ་ཡུན་གྱི་ནམ་ཟླ་རིང་མོར།
དབྱར་དགུན་སྟོན་དཔྱིད་འགྱུར་བ་ཇི་བཞིན།
དུས་ཚོད་ཉིན་ཞག་འགྱུར་བ་ཕྱིན་པས།།
དུས་རབས་འདི་ཡང་མྱུར་ཏུ་འགྱུར་སོང་།།
དང་པོ་སྤྲུལ་སྐུ་ཡིན་རབས་ཟེར་ནས།།
གསེར་ཁྲི་དངུལ་ལོས་བརྫིག་ར་ངོམས་ཏེ།།
རྒྱ་བོད་འགྲོ་ལ་མགོ་བསྐོར་བཏངས་ཀྱང་།།
ཆོས་མིང་འོག་ནས་འཁྲབ་སྟོན་བྱས་སོང་།།
བར་དུ་སྐྱེ་བ་སྔ་ཕྱིར་བརྗེད་ནས།།
དགུན་གསུམ་ཁ་བའི་བཟི་ངར་ཇི་བཞིན།།
རླུང་ཚུབ་བུ་ཡུག་འུར་འུར་ལྡང་བས།།
སྐྱེ་སྤྲུལ་འདེམས་ཁ་འགྱུར་བ་བཏངས་སོང་།།
ཐ་མ་བཤད་བཤད་ཀུ་རེ་ཡིན་ཟེར།།
ཕྱོགས་ཀུན་སྨག་རུམ་གཏུམ་ཞིང་འཇིགས་རུང་།
ཡབ་མེས་སྤུ་རྒྱལ་དར་ཆེན་འགྱེལ་བས།།
སྤྲུལ་མིང་རྣམ་ཤེས་རླུང་ལ་སྤུར་སོང་།།
སྙིང་རྗེའི་ལྷ་ལ་དམར་མཆོད་དར་ནས།།
བཅོ་བརྒྱད་འཁྲི་ཤིང་མེ་ལ་སྒྲོན་ཀྱང་།།
ཧ་ཧ་གད་མོའི་གནམ་ས་བསྐང་བས།།
ནག་ཕྱོགས་དཔའ་བོའི་རུ་དར་འཕྱར་སོང་།།
གནས་ཡུལ་ཉམ་ཆུང་རྩེད་མོ་རྩེས་ནས།།
མ་ཉེས་ཚད་མེད་ས་བདག་འཁྲུགས་ཏེ།།
ཐན་བྱའི་ཐན་སྐད་རི་ལུང་བཀངས་སོང་།།
འཚོ་བའི་གྲུབ་ཆ་ཟམ་པ་ཆད་དེ།།
ཕྱི་ནང་བོད་མིའི་ལྟ་སྤྱོད་འགྱུར་ཏེ།།
ནམ་མཁའ་དྭངས་པར་སྤྲིན་པ་མེད་ཀྱང་།།
འབྲུག་སྒྲ་ཟང་ཟིང་འུར་སྒྲ་སྒྲོག་སོང་།།
འུར་གཏུམ་ཀི་སྒྲ་ཕུ་མདར་ཁྱབ་པས།།
ཐལ་རླུང་ཐན་སྐད་ཡུལ་བདེ་དཀྲུགས་པ།།
སྨག་རུམ་ཉི་འོད་བཅོམ་ཐབས་ཟད་ནས།།
མེས་པོའི་གཟི་བརྗིད་འཕྲོག་བརླགས་ཤོར་སོང་།།
གངས་རི་བརྗིད་ཉམས་རང་མདངས་ཤོར་ནས།།
མ་དགོན་བུ་དགོན་སོ་ཁ་གྱེས་ཏེ།།
ཡིད་བཞིན་ནོར་བུའི་རང་གཤིས་མ་ཤེས།།
མེ་བསྲེག་གཏོང་བའི་སྲོལ་རྒྱུན་དར་སོང་།།
ཕྱི་ནང་དཀར་ནག་མདུད་པ་མ་ཁྲོལ།།
ནང་དམེ་དམར་འཛིང་སྒྲུང་རིང་བརྩམས་ཏེ།།
འབངས་མི་འཆིང་རྒྱའི་དྲྭ་བར་བཅུགས་ནས།།
རྨོངས་དད་རྨོག་ངན་རང་མགོ་གཡོགས་སོང་།།
ཁྲེལ་ཡོད་བོད་པའི་ཞིང་ས་གཤིན་པོ།།
དགུན་འཁྱག་ངར་མའི་འགྱུར་བ་ཟབ་མོས།།
སྲིད་པའི་ཞིང་ས་སད་ལ་ཁྱེར་ནས།།
འབྲུ་དྲུག་སྔོན་མོའི་རྩ་བ་རལ་སོང་།།
མདུང་སོ་ནང་ལ་བསྐོར་བའི་དུས་ངན་ཤར་སྟེ།།
དཔའ་མཛངས་ལྡན་པའི་མི་རིགས་རྣལ་མ་ཤི་བས།།
སྟོད་སྨད་དཀར་ནག་རྒྱ་དབྱིན་བྲན་དུ་གྱུར་ཡང་།།
དབུ་མའི་སྟུག་དྲིས་རང་གོས་རང་གིས་བརྫེད་སོང་།།
དད་གུས་དམ་ཚིག་རྩེད་མོར་སོང་ན།།
སྐྱེ་བ་སྔ་ཕྱི་དོན་མེད་འགགས་ཏེ།།
ནོར་གླིང་ཕྱིན་པ་ཆུད་ཟོས་ཕྱིན་པ།།
ལས་འབྲས་ཟབ་མོར་གྱེས་བརྡ་བསྟན་སོང་།།
ཕག་ནག་གཉང་ཞགས་གངས་ལ་གཏོར་བས།།
གཡུ་རལ་མཛེས་པ་མི་གཙང་འབགས་ནས།།
བཅུ་ཕྲག་རིག་པའི་བང་མཛོད་ཐོར་བ།།
རྒྱལ་སྤྱིར་གྲགས་པ་ངན་པས་ཁྱབ་སོང་།།
རྐྱེན་ཞིག་གིས་ཤྲཱིཿསྨྱོན་ཨེ་མ་ཧོས།།

སྙན་ངག

Post navigation

Previous Post: འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟོད་པ་མཁས་པ་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།
Next Post: ཕྱི་རྒྱལ་དུ་གཞིས་སྤོར་དང་། ཐོངས་མཆན། ལུས་པོ་བདེ་ཐང་།

Comments (3) on “དུས་ཚོད་བཟང་ངན་གྱི་འབེལ་གཏམ།།”

  1. རྒྱ་མ་ཚང་ says:
    2019-12-06 at 10:15 am

    ཡས་ཀྱི་མ་ཉེས་ཁ་གཡོགས་་གཡོ་ཁྲམ་ནག་པོ་བཅུ་
    མས་ཀྱི་དག་གནས་གཙང་མའི་ཁམ་ཆུ་ཨང་༢༠ པ་
    བར་ཀྱི་བདེན་པའི་དགྲ་ནགས་ལུངམཚན་སྨྱོན་སྤྱོད་
    ཐམསཅད་ཀྱི་ཐམས་ཅད་རྒྱལ་ཁྲིམས་གསེར་ཀྱི་གནོན
    ད་ནི་ཡ་མེད་བཙོངས་པ་ལས་ཐབ་ཟད་ཚངས་མས་
    ་ མ་མཁྱེན་པ་མེད་དོ་

  2. གཞུང་པ་ཚེ་དབང་བསིད་ནམས་ says:
    2019-12-07 at 5:15 am

    དུས་ཚོད་ལ་བཟང་ངན་ཨ་ཡོད་ན།
    བཟང་ངན་ཐམས་ཅད་མི་གི་བྱེད།
    སློབ་དཔོན་རིན་པོ་ཆེའི་གསུང་པ་ལྟར།
    དུས་ནི་མི་འགྱུར་མི་རྣམས་འགྱུར།
    དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད།

  3. Tib boy says:
    2020-01-09 at 2:19 am

    http://www.khabdha.org/wp-trackback.php?p=97768

    འདི་ན་རྩོམ་རྐུན་བ་ཞིན་དོན་འདུག
    གོང་གི་དྲ་ཐག་ལ་གཟིགས་དང་།
    ཞེད་སྣང་ལ།
    ཁ་བརྡ་དྲ་བ་ནང་ག་རེ་བྱུང་བྱུང་ཡིན་ས་རེད། དེ་འདྲ་རེད་པས་ལགས།
    མ་རྩོམ་དེ་ཡང་ཁ་བརྡ་ནང་བཀོད་འདུག་ག
    དེ་འདྲ་བྱས་ན་རྒྱལ་སྤྱིའི་མིས་འཕྱ་ངེས་རེད་གདའ།
    དྲ་བདག་དང་རྩོམ་པ་པོ་གཉིས་ཀར་འགན་ཁྲི་ཡོད་རེད་དོ།
    བསམ་ཚུལ་བཤད་ནི་ཡིན་ཏོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme