Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་ལྡུམ་རྭར་དྲན་གསོ་བྱེད་པ།

Posted on 2013-04-24 By ཁ་བརྡ་ 12 Comments on དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་ལྡུམ་རྭར་དྲན་གསོ་བྱེད་པ།

སད་མ་དཀར།

གློག་ཀླད་དྲ་བའི་ཐོག་ནས་ཟིན་བྲིས་རྩོམ་ཡིག་སྤེལ་བའི་དུས་ཚོད་ངོ་མ་ག་དུས་འགོ་ཚུགས་མིན་ངས་ད་དུང་མ་ཤེས་ལ། ཐ་ན་ང་རང་དུས་བབ་དྲ་ཚིགས་ཟིན་བྲིས་སྟེང་ཐོག་མའི་ཟླ་ཚེས་ག་དུས་ཞུགས་ཡོད་པའང་ངས་དྲན་སོས་ཀྱི་མི་འདུག ། འོན་ཀྱང་། ངས་དྲན་སོས་པ་ནི་དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་སྟེང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་རྩོམ་ཡིག་སྤེལ་མཁན་ཧ་ཅང་མང་པོ་དང་། མཆན་བུ་བྲི་མཁན་ཡང་ཧ་ཅང་མང་པོ་ཡོད་པ་དྲན་སོས་ཀྱི་འདུག །
ངའི་སེམས་ལ་ཟིན་བྲིས་དེ་འདྲ་ཞིག་སྤེལ་སྲོལ་དར་བ་དེས་རྩོམ་རིག་ལ་དགའ་མོས་ཆེ་བའི་སྐྱེས་ཕོ་མོ་སུ་ཡིན་ནའང་དངོས་འབྲེལ་གོ་སྐབས་བཟང་པོ་ཞིག་རེད་སྙམ། བྱས་ཙང་། ངས་སྐབས་དེར་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་སུ་འབྲེལ་བ་ཞུས་ཏེ་རང་ཉིད་ལ་ཟིན་བྲིས་ཀྱི་ས་མིག་ཅིག་བཟོ་རོགས་ཞུས། ཁོང་གིས་ཀྱང་ལྷག་བསམ་རྣམ་དག་གིས་རང་ཉིད་ལ་ཟིན་བྲིས་བཟོས་ཤིང་། འགྲོ་སྟངས་ཚང་མ་བསླབས་པ་གནང་། འོན་ཀྱང་། སྐབས་དེར་རང་ཉིད་ཀྱི་བརྡ་འཕྲིན་ནི་ལག་ཁྱེར་ཁ་པར་ལས་བརྒྱུད་པའི་ཤུགས་ཚད་ཧ་ཅང་དམན་པ་ཞིག་ཡིན།
དེར་བརྟེན། ཟིན་བྲིས་སྤེལ་བར་དཀའ་ངལ་ཆེན་པོ་འཕྲད་མཐར་གུས་མོས། ཨ་རིག་འགྱུར་མེད་ལགས་སུ་དཀའ་ངལ་དེ་དག་ཞུས། ངས་ཨ་རིག་འགྱུར་མེད་ལགས་སུ་རེ་འདུན་ཞུ་དོན་ནི་ཁོང་གི་ཟིན་བྲིས་སྟེང་ནས་ཟིན་བྲིས་པ་སུས་སྐད་ཆ་དྲིས་པ་དང་ལམ་སྟོན་ཞུས་པ་ཚང་མར་ཁོང་གིས་ལྷག་བསམ་རྣམ་དག་གིས་ལམ་སྟོན་གནང་གིན་ཡོད་པའི་མཐོང་སྣང་བྱུང་བས་ཡིན། སྐབས་དེར་ཨ་རིག་འགྱུར་མེད་ལགས་ཀྱིས་ངའི་རྩོམ་ཡིག་རྣམས་ཁོང་ངོ་མས་ཟིན་བྲིས་སྟེང་བཀོད། འོན་ཀྱང་སྐབས་དེར་རང་ཉིད་ལ་ཟིན་བྲིས་སྤེལ་བའི་ཉམས་མྱོང་སྤུ་ཙམ་མེད་པར་བརྟེན། ཨ་རིག་འགྱུར་མེད་ལགས་ཀྱིས་དག་བཅོས་གང་མང་ཞིག་གནང་བ་མ་ཟད། ལྷག་བསམ་རྣམ་དག་གིས་རྩ་ཆེའི་ལམ་སྟོན་གང་མང་གནང་བྱུང་།
དེ་དག་ནི་ངས་དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་ལྡུམ་རྭ་དྲན་གསོ་བྱེད་པའི་ཆ་ཤས་གལ་ཆེན་ཞིག་ཀྱང་རེད། ཟིན་བྲིས་ལ་ཞུགས་པའི་བརྒྱུད་རིམ་དེ་དག་ནང་། ཀློག་པ་པོ་མང་པོ་ཞིག་གིས་མཆན་བུ་སྣ་ཚོགས་འདེབས་ཤིང་། ལ་ལ་ནི་ཞི་འཇམ་ཚིག་འགྲོས་སྤྱད་དེ་དགེ་འདོན་སྐྱོན་སེལ་བྱེད་མཁས་པ་དང་། ཡང་ལ་ལ་ནི་ལྷག་བསམ་ལ་སྐྱོན་ཡོད་མེད་མ་ཤེས་ཀྱང་ཚིག་གི་རོ་ནི་ཁ་ཏིག་ཤིན་ཏུ་ཆེ།
གང་ལྟར་ཀྱང་དག་ནོར་དང་ཚིག་ནོར། དོན་ནོར་སོགས་མང་ལ་མང་དག་ཅིག་ཡོད་པར་བརྟེན། ཀློག་པ་པོའི་མཆན་བུ་ནི་རྩོམ་གྱི་ལམ་བུར་འཁྱར་འཁྱོར་ངང་བསྐྱོད་བཞིན་པའི་གུས་མོར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་། ངས་དེ་སྔོན་ཀྱང་བསམ་མྱོང་ཡོད། ཟིན་བྲིས་ཀྱི་ལྡུམ་ར་དེས་གསར་སྐྱེས་ཀྱི་རྩོམ་པ་པོ་མང་དག་ཅིག་གསོ་སྐྱོང་གནང་ཡོད་ལ། ཟིན་བྲིས་དེ་ནི་མཁས་དབང་ཚོའི་ལེགས་བཤད་སྐྱུག་ས་ཞིག་དང་། གསར་སྐྱེས་ཚོར་སྦྱོང་བརྡར་དང་འཚར་ལོངས་བྱེད་སའི་གླིང་ག་ཡག་པོ་ཞིག་རེད། ཟིན་བྲིས་དེ་ལ་བརྟེན་ནས་རྩོམ་པ་པོ་གང་མང་ཞིག་ལ་གོ་སྐབས་དང་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་ངས་ངོས་འཛིན་བྱེད་ཀྱི་ཡོད།
མ་གཞི་བྱས་ན་རང་ཉིད་ད་དུང་ཡང་འཚར་ལོངས་ལེགས་པོ་བྱུང་མ་ཐུབ་པའི་ཟིན་བྲིས་པ་ཞིག་ཡིན་ཀྱང་། གང་ལྟར་དུས་བབ་གསར་ཁང་གི་འདས་མ་ད་གསུམ་གྱི་ལས་བྱེད་རྣམ་པས་གནང་བའི་གོ་སྐབས་དག་ལ་བཀའ་དྲིན་དྲན་གསོ་བྱ་འདོད་ཆེན་པོ་བྱུང་། གང་ཡིན་ཟེར་ན་ཟིན་བྲིས་དེ་ལས་ང་དང་ང་ཚོར་རྩོམ་ཡིག་གི་ཞིང་སར་དགའ་སྐྱིད་ཀྱི་མཉམ་འཛོམས་བྱུང་ས་དང་། སྐྱོ་སྣང་དང་སྡུག་ཡུས་བརྗོད་ས། མདོར་ན་རྩོམ་སྒྲིག་པ་སུས་རང་ཉིད་ཀྱི་རྩོམ་ཡིག་ཚགས་ཤོག་ཐོག་བཀོད་མིན་ལ་རེ་སྒུག་བྱེད་མི་དགོས་པར། རང་གིས་བྲི་འདོད་པ་དང་སྤེལ་འདོད་པའི་རྩོམ་ཡིག་རྣམས་ཆུ་ཚོད་ཉེར་བཞིའི་རིང་རང་འདོད་ཀྱིས་འགོད་སྤེལ་བྱེད་པའི་རང་མོས་གླིང་ག་ཆེན་པོ་ཞིག་ཡིན། དེ་ནི་ང་ཚོས་ད་ཆ་རང་རྩོམ་སྤེལ་ཡུལ་གྱི་གླིང་ཁ་སྣེ་ཁ་མང་དུ་ཕྱིན་པ་དང་། ཆ་རྐྱེན་ཇེ་ཡག་ནས་ཇེ་ཡག་གང་འདྲ་ཞིག་ལ་སླེབས་ཀྱང་། དྲན་པའི་ཡུལ་ནས་བརྗེད་མི་ཐུབ་པ་དང་བརྗེད་མི་རུང་བ་ཞིག་ཡིན་པའི་ཚོར་བ་ཟབ་མོ་བྱུང་།།

རྩོམ་རིག

Post navigation

Previous Post: གློ་བུར་གློ་བུར་དུ།
Next Post: རྔ་བ་རྒྱལ་ཁམས་པའི་བུ་ཆུང་བདེ་ཐབས་སུ་སྨོན་པ་འཆི་མེད་པདྨའི་བདེན་ཚིག །

Comments (12) on “དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་ལྡུམ་རྭར་དྲན་གསོ་བྱེད་པ།”

  1. རྭ་རྒྱ་བློ་དབང་། says:
    2013-04-24 at 3:46 am

    འོན་ཀྱང་དེང་སྐབས་དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་ཀློག་ཐུབ་ཀྱི་མི་འདུག མདུན་ངོས་ལ་འཆར་བའི་ཁྱབ་ཆེ་ཤོས་དང་། གསར་ཤོས་ཞེས་པ་དེ་གཉིས་མེད་རྗེས་སུ་ཟིན་བྲིས་འཚོལ་དགོས་ན་ཧ་ཅང་ཁག་པོ་འདུག་ལ། མཚམས་ཤིག་ནས་བཟུང་སྟེ་དུས་བབ་ཟིན་བྲིས་འཚོལ་སྙིང་མི་འདོད་པ་ཆགས་སོང་། ད་ལྟ་སྔར་གྱི་ཟིན་བྲིས་ཁྱབ་ཤོས་དང་གསར་ཤོས་ཀྱི་ཚབ་དེ་ལ་བརྙན་ཐུང་ཞིག་བཞག་ནས་འདུག དངོས་གནས་བྱས་ན་དེ་འདྲ་ཞིག་སླར་གསོ་བྱེད་པར་དཀའ་ངལ་ཆེན་པོ་ཡོད་མི་སྲིད། ཕན་ཐོགས་ཡོད་པ་དང་། དགོས་མཁོ་ཡོད་པ། དེ་ཡང་རྩོམ་སྒྲིག་ཁང་དང་རྩོམ་པ་པོ་གཉིས་ཀར་དགོས་ཕན་ཡོད་པ་ཞིག་ཡིན་པས་མྱུར་དུ་སླར་གསོ་ཡོང་བའི་རེ་བ་ཞུས་པ་ཡིན།

  2. བན་དེ་བ། says:
    2013-04-24 at 3:49 am

    http://himalayabon.com/news/2013-04-22/196.html
    ཁ་བྱང་དེར་བསྣོན་ནས་གཟིགས་དང་གཅིག་འདུག

  3. གཅེར་བུ་པ། says:
    2013-04-24 at 6:40 am

    དུས་བབ་ཚང་ནི་བཙན་བྱོལ་ནང་གི་ཟིན་བྲིས་སྤེལ་སའི་དྲ་བ་ཡག་ཤོས་རེད་ཟེར་ཡང་ཆོག། ཟིན་བྲིས་གཉེར་སྟབས་ཡང་བདེ་ཞིང་དྲ་སྒོ་ཕྱེ་སླ་བ། ཀློག་མཁན་མང་བ་སོགས་མདོར་ན་དགེ་མཚན་མང་པོ་ལྡན། ཁ་སྔོན་ཟླ་གཅིག་ཙམ་གྱི་གོང་ནས་ཟིན་བྲིས་རྦད་དེ་མ་སྟོངས་ཀྱང་། ཟིན་བྲིས་ཁྱབ་ཤོས་དང་གསར་ཤོས་གཉིས་ཆ་ཤར་རྒྱུ་མེད་པ་བཟོས་རྐྱེན་གྱིས་ཧ་ལམ་སྟོངས་བ་དང་ཆ་འདྲ་བ་སོང་འདུག་པས། སླར་གསོའི་ལས་གཞི་ལ་དེ་ཙམ་དཀའ་ལས་མེད་ན་ངེས་པར་དུ་བསྐྱར་གཟོ་གནང་རོགས་ཟེར་ནས་འབོད་བསྐུལ་ཞུ་བཞིན་ཡོད།

  4. གནམ says:
    2013-04-24 at 7:05 am

    དུས་བབ་ཚང་ལ་ཁ་བླ་འི་འགྲོ་སྟངས་ག་འདྲ་ཟིག་རེད། ཤེས་ནི་ཡོད་ན་ཅིག་ཤོད་དང་།

  5. སངས་དོན། says:
    2013-04-24 at 7:48 am

    ཁ་སྔོན་ཞིག་ནས་དུས་བབ་ཀྱི་ཟིན་བྲིས་དེ་མདུན་ངོས་ནས་མཐོང་རྒྱུ་མེད་པ་ཆགས་སོང་། གོ་ཐོས་ལ། ཡར་རྒྱས་གཏོང་གི་ཡོད་པ་འདྲ་སྐད། ཡར་རྒྱས་ཆེད་ཟིན་བྲིས་རྩོམ་ཡིག་གི་ཁ་བྱང་དག་འཆར་ཡུལ་འདི་མེད་པར་བཟོས་པ་དེས། དུས་བབ་དྲ་ཚིགས་ལ་ཡོད་པའི་གསོན་ཉམས་མང་པོ་ཞིག་རྨག་མེད་བཏང་ཡོད། འདི་ལ་ཕངས་སེམས་ཅུང་འདུག ཡིན་ནའང་། ད་སྐབས་ཀྱི་དུས་བབ་དྲ་ཚིགས་ལ་སྔ་མོའི་དྲ་ཚིགས་ཀྱི་ཉམས་དེ་མེད་ནས་ལོ་ངོ་འགའ་ཕྱིན་སོང་། གཙོ་བོ་དེ་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོས་ཡིག་ནོར་གང་བྱུང་མང་བྱུང་སྤེལ་གྱི་འདུག་པ་དང་། དེ་ནས་ཉེ་ཆར་ཟིན་བྲིས་རྩོམ་བྱང་དེ་ཚོ་མདུན་ངོས་ནས་འཆར་རྒྱུ་བཀག་པ་འདིས་ཀྱང་ཉམས་དགའ་རབས་ཤིག་ཤོར་བཅུག་འདུག་པའི་ཚོར་བ་བྱུང་།

  6. བན་དེ་བ། says:
    2013-04-24 at 10:02 am

    དུས་བབ་དྲ་ཚིགས་དང་་་་བང་ཆེ་དྲ་ཚིགས་སོགས་ཀློག་རྒྱུར་ཉོབ་སྣང་འདུག དེ་ཡི་ནང་དུ་གནས་ཚུལ་ཕྱོགས་རེ་ལས་མི་འདུག དུས་རབས་གསར་པའི་མི་ལ་འཛམ་གླིང་སྤྱི་ཡི་གསར་འགྱུར་དང་འགྱུར་ལྡོག་ལས་སོགས་དུས་ནས་དུས་སུ་ཤེས་རྒྱུ་གལ་འགང་ཆེན་པོ་རེད། དེ་དག་གི་ནང་དུ་སྐབས་རེར་ཉིན་ཁ་ཤས་རིང་གསར་འགྱུར་གནས་ཚུལ་ལས་སོགས་འགྱུར་བ་མེད་པར་བསྡད་འདུག ལྷག་པར་དུ་་་་བང་ཆེན་དྲ་ཚིགས་ནི་་་་་་དང་པོ་ཁ་ཕྱེ་དུས་ཀློག་པ་པོར་བརྟག་དཔྱད་བྱེད་པའི་བཟོ་དང་དེ་ནས་ཡང་སྐྱར་བོད་ཡིད་དབྱིན་ཡིག་སོགས་ཀྱི་གདམ་ཀ་བྱེ་ཚུལ་སོགས་མགོ་སྙོག་དང་དུས་འགོར་སོགས་ཀྱིས་ཉོབ་ཡོང་གི་འདུག གང་ལྟར་ངས་ནི་བྷི་བྷི་སི་དང་སི་ཨེན་སོགས་གསར་འགྱུར་ཀློག་ན་བྲོ་བ་ཆེ་ཤོས་འདུག འོན་ཀྱང་དབྱིན་སྐད་མི་ཤེས་པ་ཚོར་འཛམ་གླིང་གི་གསར་འགྱུར་ཤེས་རྒྱུ་བསྐལ་པ་དམན།

  7. དོལ་སྨྱོན། says:
    2013-04-24 at 10:11 am

    ངས་དུས་བབ་ཟིན་བྲིས་ཀྱི་གསང་ཚིག་བརྗེད་ནས་དེང་སང་རྩོམ་ཡིག་སྤེལ་ཐུབ་ཀྱི་མི་འདུག
    རྩོམ་སྒྲིག་པར་འབྲེལ་བ་བྱས་མོད་ལན་གང་ཡང་རག་མ་སོང་། གང་ལྟར་སྟབས་བདེ་ཤོས་དང་ཁྱབ་ཆེ་ཤོས་ནི་ཁ་བརྡ་དྲ་བ་འདི་རང་རེད། ང་ཡི་བློ་སེམས་བཅོལ་ས་ནི་ཁ་བརྡ་དྲ་བ་འདི་རང་ཡིན།

  8. མེ་ཏོག་དཀར་པོ says:
    2013-04-24 at 10:19 am

    དུས་བབ་ནི་མཆན་གོ་རིམ་ལྡོག་པས་སྟབས་མི་བདེ་བ་འདུག བང་ཆེན་ནི་མགོ་རྙོགས་འདུག ཚོད་ལྟ་ཡང་མ་བྱས།
    ཁ་བརྡ་ནི་ངའི་དགའ་ཤོས་དྲྭ་ཚིགས་ཡིན། I love khabdha so much!

  9. སྤྲུལ་སྐུ་རྫུན་མ་ནས་ says:
    2013-04-24 at 12:24 pm

    ཨ་རིག་འགྱུུར་མེད་ཨེ་་་་་
    ཁོའི་ལོ་རྒྱུས་ནི་བུ་མོ་མང་པོར་མགོ་བསྐོར་གཏོང་རྒྱུའི་ལས་ཀ་དེ་རེད།

  10. རང་བྱུང རིག་པའི་རྡོ་རྗེ says:
    2013-04-25 at 1:15 am

    བོད་ཀྱི་དུས་བབས་ཚང་ལ་དམངས་གཙོའི་ཚན་ཉིད་ཚང་གི་མི་འདུག མཆན་འདེབས་མཁན་རྣམས་ལ་ཚོད་འཛིན་བྱས་པ་དེ་དམངས་གཙོ་རྡོག་རོལ་དུ་བཏངས་ནས་རྨྲ་བརྗོད་རང་དབང་མ་སྤྲད་པ་རེད། དེ་ནི་རྒྱ་ནག་དམར་ཕྱོགས་ཚོགས་པ་དང་གཅིག་མཚུངས་རེད། དེ་ལ་བཟང་ངན་དབྱེ་བ་གང་ཡང་ཡོད་པ་མ་རེད། །

  11. རང་བྱུང་རིག་པའི་རྡོ་རྗེ says:
    2013-04-25 at 1:16 am

    བོད་ཀྱི་དུས་བབས་ཚང་ལ་དམངས་གཙོའི་ཚན་ཉིད་ཚང་གི་མི་འདུག མཆན་འདེབས་མཁན་རྣམས་ལ་ཚོད་འཛིན་བྱས་པ་དེ་དམངས་གཙོ་རྡོག་རོལ་དུ་བཏངས་ནས་རྨྲ་བརྗོད་རང་དབང་མ་སྤྲད་པ་རེད། དེ་ནི་རྒྱ་ནག་དམར་ཕྱོགས་ཚོགས་པ་དང་གཅིག་མཚུངས་རེད། དེ་ལ་བཟང་ངན་དབྱེ་བ་གང་ཡང་ཡོད་པ་མ་རེད། །

  12. ཆུ་སྐྱེས་སྒྲོལ་མ། says:
    2013-04-25 at 1:40 am

    རེད་རེད།་དུས་བབས་ནི་ང་ཚོ་མཉམ་འཛོམས་བྱེད་ས་ཐོག་མ་དེ་ཡིན་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme