Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་དབང་ལ་ཕེབས་མཁན་ཚོས་རྒྱ་བལ་ས་མཚམས་ནས་དཀའ་སྡུག་མྱོང་བཞིན་པ།

Posted on 2011-11-23 By ཁ་བརྡ་ 13 Comments on དུས་དབང་ལ་ཕེབས་མཁན་ཚོས་རྒྱ་བལ་ས་མཚམས་ནས་དཀའ་སྡུག་མྱོང་བཞིན་པ།

རྐྱང་ཕྲུག
གནས་ཚུལ་ལ་རྒྱུས་ལོན་བྱས་ན། ད་རེས་འདི་ལོའི་དུས་དབང་ལ་ཕེབས་མཁན་རྣམས་གཅིག་རྗེས་གཉིས་མཐུད་དུ་བོད་ནས་དོན་གཉེར་ཆེན་པོས་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཇལ་ཆེད་དང་། དུས་འཁོར་དབང་ཆེན་ཞུ་བར་འབྱོར་བཞིན་པ་རེད། ཁོང་རྣམ་པའི་དཀའ་ངལ་ཆེ་ཤོས་ནི་བལ་ཡུལ་ནས་བལ་རྒོལ་རྒྱ་གར་ལ་བརྗེས་རྒྱུ་མ་རགས་པར་དཀའ་ངལ་མྱོང་བཞིན་འདུག གལ་དེ་བརྗེས་རྒྱུ་རགས་ཀྱང་བརྗེས་གླ་སྤྲད་དགོས་ཤིང་། ཁ་ཤས་ཀྱིས་དངུལ་འདྲིས་རྒྱག་གི་ཡོད་ཀྱང་དངུལ་འདྲིས་རྒྱག་གླ་ཡང་མཐོ། ཁ་གཅིག་གིས་དངུལ་མང་པོ་རང་གི་ལུལ་པོར་འཁྱེར་ནས་འགྲོ་མཁན་ཡང་ཡོད། གནས་ཚུལ་དེ་དག་གི་ཁྲོད་ནས་འབྱུང་བཞིན་པའི་དཀའ་ངལ་ཆེ་ཤོས་ནི་བོད་ཕེབས་མཁན་རྣམ་པས་གཅིག་ནས་སྐད་མ་གོ གཉིས་ནས་ས་མཚམས་ཁག་ཏུ་དངུལ་ཁྱེར་སྟངས་སོགས་མ་མཁྱེན་པའི་དབང་གིས་ཁ་ཤས་ཀྱིས་རྒྱ་གར་གྱི་ཤོག་དངུལ་ལྔ་བརྒྱ་དང་སྟོང་ལོ་མང་པོ་ཁྱེར་ནས་ས་མཚམས་ནས་རྒྱ་བལ་གྱི་ཉེན་རྟོགས་པས་འཕྲོག་བཅོམ་བྱེད་པ་དང་། ཁག་ཅིག་གིས་བལ་ཡུལ་ནང་ནས་དངུལ་བརྗེས་རྒྱུ་མ་རགས་པར་རྒྱ་བལ་གྱི་ས་མཚམས་སུ་སླེབས་སྐབས་བལ་ཡུལ་གྱི་མི་རྣམས་ཀྱི་ལག་ནས་དངུལ་བརྗེས་ནའང་། ཚུར་ལྔ་བརྒྱ་དང་སྟོང་ལོ་སྤྲད། དེ་ཁྱེར་ནས་ས་མཚམས་ཀྱི་འགག་སྒོར་སླེབས་སྐབས། ཉེན་རྟོག་པས་བསྔོགས་གཤེར་བྱས་ནས་མཐོང་ན་འཕྲོག་བཅོམ་བྱས། དེ་ཡང་དངུལ་བརྗེས་ས་དང་ས་མཚམས་ཀྱི་ཉེན་རྟོག་པ་ཁོག་སྡོངས་ནས་འཕྲོག་བཅོམ་བྱས་པའི་གནས་ཚུལ་ཐབས་སྡུག་དེ་འདྲའང་འབྱུང་བཞིན་པ་རེད། ཡང་བོད་ནས་ཕེབས་མཁན་ཁག་ཅིག་གིས་བོད་ནས་ཕེབས་སྐབས་འབྲེལ་ཡོད་སོ་སོས་༧གོང་ས་༧སྐྱབས་མགོན་རིན་པོ་ཆེར་བསྔོ་རྟེན་དང་སྐྱབས་རྟེན་བསྐུར་བཞག་པ་དེ་ཚོ་རྒྱ་ནག་གི་དངུལ་རང་བརྗེས་བོ་མ་རྒྱབ་པར་ཁྱེར་ནས་དེ་ཡང་ས་མཚམས་ནས་ཉེན་རྟོག་པས་འཕྲོག་བཅོམ་བྱས་བཞག་པ་དེ་འདྲ་འདུག གོ་ཐོས་ལྟར་ན་ཉེ་ཆར་རང་ཕ་ཡུལ་མདོ་སྨད་ཕྱོགས་ནས་ཡིན་པའི་ཨ་མ་ཞིག་གི་ལག་ནས་རྒྱ་མིའི་སྒོར་མོ་ཁྲི་གཅིག་ས་མཚམས་ནས་ཉེན་རྟོག་པས་བཅོམ་འདུག་ཟེར་པ་སོགས་ཐབས་སྐྱོ་བོའི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་རེད། དེས་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སམ་ཡང་ན་ཚོགས་པ་སྤྱི་སྡུག་གང་རུང་གིས་འདི་ཚོའི་ཐོག་ཐུགས་འགན་བཞེས་ནས་བོད་ནས་ཕེབས་མཁན་རྣམ་པའི་དཀའ་ངལ་སེལ་བའི་ཐབས་ཤེས་རེ་ཡོད་ན་འདོན་རན་པའི་དུས་ལ་སླེབས་འདུག

གསར་འགྱུར།

Post navigation

Previous Post: http(S)སྟེ། གསང་བ་དང་བདེ་འཇགས། བདེ་སྲུང་བཅས་ཀྱི་ཆེད་དུ་།
Next Post: ཤར་ཕྱོགས་ཁུག་རྟའི་གླེང་རྙོག་དེ་ཚོ་བཀླགས་པ།

Comments (13) on “དུས་དབང་ལ་ཕེབས་མཁན་ཚོས་རྒྱ་བལ་ས་མཚམས་ནས་དཀའ་སྡུག་མྱོང་བཞིན་པ།”

  1. ཨ་རུ་ར། says:
    2011-11-23 at 7:23 pm

    གནས་ཚུལ་འདི་དངོས་ཡོད་ཡིན་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དཀའ་ངལ་འདི་མྱུར་་དུ་སེལ་ཐབས་བྱེད་པའི་ཡིད་ཆེས་ཡོད།

  2. བོད་དགའ་ says:
    2011-11-23 at 9:31 pm

    དེའི་ཐོག་དྲག་ཤོས་བོད་ཀྱི་གཞོན་ནུ་རང་རེད་ང་ཡང་གཞོན་ནུས་རྒྱབ་སྐྱོར་གནང་བའི་ཡིད་ཆེད་།།

  3. སྐྱུ་རྩི་ནས། says:
    2011-11-23 at 11:23 pm

    དཀའ་ངལ་དེ་ཚོ་དངོས་གནས་རེད། གཟའ་འཁོར་གཅིག་གི་སྔོན་དུ་གུས་་རང་བལ་ཡུལ་དུ་གནས་སྐོར་ལ་བསྐྱོད་དེ་རྒྱ་གར་ལ་ཚུར་ལོག་སྐབས་བོད་ནས་ཕེབས་པའི་རང་རིགས་ཉི་ཤུ་ཙམ་མཉམ་དུ་ཡོང་བ་ཡིན་བལ་རྒྱ་ས་མཚམས་སུ་རྒྱ་གར་ཉེན་རྟོགས་པས་ཁྱེད་ཚོ་རྒྱ་མི་རེད་ཟེར་བ་དང་། ཚོང་ཟོག་མང་པོ་འདུག་ཟེར་ནས་ཅ་དངོས་དང་། ལུས་ཀྱི་སྟོད་སྨད་ཀུན་བསྔོགས་ནས་དངུལ་འཕྲོག་ཀྱང་བྱེད་ཀྱི་འདུག ཉེན་རྟོགས་པ་དེ་ཚོ་ནི་ཇག་པ་རང་རེད།

  4. གནམ་རྡོ་ says:
    2011-11-24 at 8:28 am

    དྲ་གྲོགས་ཚོས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། དོ་བདག་སོ་སོས་འབྲེལ་ཡོད་ལ་འབྲེལ་བ་བྱས་ཏེ་བོད་ནས་གསར་དུ་ཕེབས་མཁན་ཚོའི་ཆེད་དུ་དམིགས་ནས་ཁོང་ཚོའི་དཀའ་ངལ་སེལ་ཐབས་ལ་ལམ་སྟོན་དང་། ཡང་ན་རོགས་པ་བྱེད་མཁན་རེ་བཙལ་ན་ཧ་ཅང་ཕན་རླབས་ཆེ་བར་སེམས། བོད་ནས་ཕེབས་མཁན་ཚོས་རེ་བའི་མིག་ཟུང་གྱེན་དུ་བཏེགས་ནས་དད་པའི་ཐལ་མོ་སྙིང་ཁར་སྦྱར་ཏེ་ཕེབས་དོན་བཤད་མི་དགོས་པ་རེད། རྒྱ་གར་དུ་ཕེབས་མཁན་གྱི་བོད་མི་ཚོས་ལོ་མང་རིང་བསགས་པའི་དངུལ་དེ་ཚོ་བར་ལམ་ནས་ས་མཚམས་ཁག་གི་ཉེན་རྟོག་པས་འཕྲོག་བཅོམ་བྱས་སོང་ན་བློས་བཟོད་དཀའ་བ་རེད། བོད་ནས་ཕེབས་མཁན་མང་དག་ཅིག་གིས་རང་ཉིད་ཀྱི་ལག་ཏུ་ཤོག་དངུལ་གང་ཁྱེར་ཆོག་པ་དང་། གང་ཁྱེར་མི་ཆོག་པ། གྲངས་ཇི་ཙམ་ཁྱེར་ཆོག་པ་དང་མི་ཆོག་པའི་སྐོར་གཏན་ནས་མི་ཤེས་མཁན་མང་བས་ཁོང་ཚོའི་དཀའ་ངལ་སེལ་བའི་ཐབས་དེ་མི་སྒེར་བ་ཞིག་གིས་ཧ་ཅང་གི་ཁག་པོ་རེད། དེས་ཁོ་བོས་འདིར་བསམ་ཚུལ་བྲིས་ན་དྲ་གྲོགས་མང་པོས་དེའི་ཐོག་ནུས་པ་སྤུངས་ཐུབ་པ་གནང་རྒྱུ་རེད་སེམས།
    བོད་པ་ཚོ་རྒྱབ་སྐྱོར་བྱོས་དང་། རང་རིགས་སྤུན་ཟླ་རེད།

  5. རྐྱང་ཕྲུག་ says:
    2011-11-24 at 8:30 am

    དྲ་གྲོགས་ཚོས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། དོ་བདག་སོ་སོས་འབྲེལ་ཡོད་ལ་འབྲེལ་བ་བྱས་ཏེ་བོད་ནས་གསར་དུ་ཕེབས་མཁན་ཚོའི་ཆེད་དུ་དམིགས་ནས་ཁོང་ཚོའི་དཀའ་ངལ་སེལ་ཐབས་ལ་ལམ་སྟོན་དང་། ཡང་ན་རོགས་པ་བྱེད་མཁན་རེ་བཙལ་ན་ཧ་ཅང་ཕན་རླབས་ཆེ་བར་སེམས། བོད་ནས་ཕེབས་མཁན་ཚོས་རེ་བའི་མིག་ཟུང་གྱེན་དུ་བཏེགས་ནས་དད་པའི་ཐལ་མོ་སྙིང་ཁར་སྦྱར་ཏེ་ཕེབས་དོན་བཤད་མི་དགོས་པ་རེད། རྒྱ་གར་དུ་ཕེབས་མཁན་གྱི་བོད་མི་ཚོས་ལོ་མང་རིང་བསགས་པའི་དངུལ་དེ་ཚོ་བར་ལམ་ནས་ས་མཚམས་ཁག་གི་ཉེན་རྟོག་པས་འཕྲོག་བཅོམ་བྱས་སོང་ན་བློས་བཟོད་དཀའ་བ་རེད། བོད་ནས་ཕེབས་མཁན་མང་དག་ཅིག་གིས་རང་ཉིད་ཀྱི་ལག་ཏུ་ཤོག་དངུལ་གང་ཁྱེར་ཆོག་པ་དང་། གང་ཁྱེར་མི་ཆོག་པ། གྲངས་ཇི་ཙམ་ཁྱེར་ཆོག་པ་དང་མི་ཆོག་པའི་སྐོར་གཏན་ནས་མི་ཤེས་མཁན་མང་བས་ཁོང་ཚོའི་དཀའ་ངལ་སེལ་བའི་ཐབས་དེ་མི་སྒེར་བ་ཞིག་གིས་ཧ་ཅང་གི་ཁག་པོ་རེད། དེས་ཁོ་བོས་འདིར་བསམ་ཚུལ་བྲིས་ན་དྲ་གྲོགས་མང་པོས་དེའི་ཐོག་ནུས་པ་སྤུངས་ཐུབ་པ་གནང་རྒྱུ་རེད་སེམས།
    བོད་པ་ཚོ་རྒྱབ་སྐྱོར་བྱོས་དང་། རང་རིགས་སྤུན་ཟླ་རེད།

  6. མིག་བརྒྱད་པ། says:
    2011-11-24 at 10:13 am

    གོ་ཐོས་ལྟར་ན་མཐའ་མཚམས་ཀྱི་རྒྱ་མིའི་ཉེན་རྟོག་པ་ཚོས་དངུལ་འཕྲོག་བཅོམ་བྱས་བའི་གནས་ཚུལ་གང་ཡང་མི་འདུག་ལ། བལ་ཡུལ་དང་རྒྱ་གར་ས་མཚམས་བརྒལ་ནས་བསླེབས་སྐབས། བོད་ནས་དུས་དབང་ལ་བཅར་མཁན་དང་བོད་མི་གནས་སྐོར་བ་མང་པོ་ཞིག་གིས་བསོག་བསོག་པའི་ལག་དངུལ་རྐུ་འཕྲོག་བྱུང་ནས་བཟོད་དཀའ་བའི་བློ་ཕམ་བྱུང་ཡོད་པ་དངོས་འབྲེལ་རེད། དོགས་གཞི་ལ་ཁ་གཡར་ཏེ་ཇག་རྐུན་དེ་ཚོས་གོ་སྐབས་འདིར་བསྒུགས་ནས་བསྡད་ཡོད་པ་རེད། འདིའི་ཐད་བོད་མིའི་ཚོགས་སྒེར་གང་ཡིན་རུང་ཁོང་ཚོར་རོགས་སྐྱོར་བྱ་རྒྱུ་ཧ་ཅང་གལ་ཆེ། དེ་མིན་ཁོང་ཚོའི་སེམས་སྡུག་དང་མཉམ་དུ་དུས་དབང་ལ་བཅར་ནའང་རེ་བ་བཤད་ས་སུ་ཡང་ཡོད་པ་མ་རེད། དངུལ་བརྗེ་ལེན་སྐབས་བོད་མི་རེ་ཟུང་གིས་ཁ་སྙན་པོ་བཤད་ནས་ལག་དངུལ་རྐུ་ཁྱེར་བྱུང་བའང་ཉུང་ཉུང་མ་རེད། ཁྲམ་པ་དང་གཡོ་སྒྱུ་ཅན་རྣམས་འུར་ལངས་བའི་དུས་ཚོད་ཡག་ཤོས་དེ་མིན་འགྲོ །བོད་ནས་དུས་དབང་ལ་ཕེབས་པའི་བོད་མི་རྣམས་ལ་རོགས་སྐྱོར་བྱེད་རོགས། ལམ་སྟོན་བྱེད་རོགས།

  7. རྐྱང་ཕྲུག་ says:
    2011-11-24 at 2:27 pm

    མིག་བརྒྱད་པའི་གསུང་པར་བདེན་རྩ་འདུག དེ་སྔོན་ལྷོ་ཕྱོགས་ཨ་མིར་ཝ་ཏིས་ནས་དུས་དབང་གནང་སྐབས་དུས་དབང་ལ་བཅར་མཁན་ཁག་ཅིག་གིས་རང་གི་ཕ་ཡུལ་གཅིག་པ་ལ་བློ་ཁེལ་ནས་ལག་པ་སྟོང་པ་བྱས་པ་དེ་འདྲའང་བལ་ཡུལ་ནང་ནས་བྱུང་བ་རེད།

  8. གནམ་ལྕགས་རྡོ་རྗེ། says:
    2011-11-24 at 2:37 pm

    དེ་ཚོ་བདེན་པ་རེད།

  9. སྒྲོན'མེ' says:
    2011-11-24 at 6:51 pm

    གོང’གི’དྲ’གོྲགས’རྣམས’ཀྱིས’བོད’ནས’གསར’དུ’ཕེབས’པའི’བོད’རིགས’སྤུན’ཟླ’རྣམས’ལ’ཐུགས’ཁུར’
    གནང’བ’ཐུགས’རྗེ’ཆེ’ཞུ’བ’དང’ཆབས’ཅིག ཚོགས’པ’
    དང’སྤྱི’སྒར’སུ’ཞིག’ཡིན’རུང’མྱུར’དུ’རོགས’སྐྱོར’ཡོང’བར’
    འབོད’སྐུལ’ཞུ’བ’ཡིན། ཁ’ནས’གཅིག’སྒྲིལ’ཟེར’བས།།དེ’ཙམ’ཕན’པ’མེད’པའི།།
    ཁ’བཤད’དོན’ལ’གནས’ན།།དོན’གྱི’གཅིག’སྒྲིལ’དེ’ཡིན།།

  10. གཞོན་ནུ་ཟླ་མེད། says:
    2011-11-24 at 10:18 pm

    ངས་བསམ་ཚུལ་ཡིན་ན། འདིའི་སྐོར་གནས་ལེན་ཁང་ནས་ཁུར་མཉམ་ལེན་གནང་ན་ཡག་ས་རེད་དྲན། མཇལ་བའམ་ཚོང་པ་སུ་ཡིན་བོད་ནས་བལ་ཡུལ་གནས་ལེན་ཁང་དུ་སླེབས་པ་དང་། རྒྱ་སྒོར་གང་ཡོད་པ་དེ་བལ་ཡུལ་གནས་ལེན་ཁང་ནས་བླངས་ཏེ། བྱུང་འཛིན་སྤྲད། ཁོང་ཚོ་རྒྱ་གར་ལ་སླེབས་པ་དང་སྡི་ལི་འམ་རྡ་སའི་གནས་ལེན་ཁང་ནས་བྱུང་འཛིན་ལྟར་རྒྱ་གར་གྱི་དངུལ་སྤྲད། ད་དུང་གནས་ལེན་ཁང་ནས་གནས་ཤན་པའི་ཚོགས་པ་ཞིག་ཀྱང་བཙུགས་ན་ཡག་ས་རེད། རྡ་ས་ན་ལས་མེད་མང་པོ་རེད། ལས་མེད་ཚོ་ལ་ལས་ཀ་ཡང་རེག་འགྲོ་གི་རེད། འདི་དག་ལ་གནས་ལེན་ཁང་ནས་སྒྲིག་གཞི་གཏན་འབེབས་ཞིག་ཡོད་ན། སྤྱི་སྒེར་སུ་ལ་ཡང་གྱོང་མི་རེག་པ་ཞིག་ཡོང་གི་རེད་བསམ།

  11. སྒྲོན'མེ' says:
    2011-11-25 at 4:42 am

    གཞོན’ནུ’ཟླ’མེད’ཀྱིས’བསམ’ཚུལ’ཡག’པོ’གསུངས’འདུག གནས’ལེན’ཁང’གིས’
    དེ’ལྟར’གནང’ཚེ’དཔེ’མི’སྲིད’པའི’ཡག’པོ’འདུག བོད’མི’གནས’སྐོར’བ’རྣམས’ཀྱིས’
    དངུལ’བརྗེ’ལེན’སོགས’ལ’བློ’བཀལ’ཆོག’པ’རེད། འདི’རུ’ཉེ’འབྲེལ’ཡོད’མཁན
    ‘རྣམས’ལ’དེཙམ’དཀའ’ངལ’མེད’ཀྱང’མེད’མཁན’རྣམས’ལ’དཀའ’ངལ’འཕྲད’ཡོད’པ’བདེན’པ’རེད།
    གཞོན’ནུ’ཟླ’མེད’ལགས།སྐུ’ཉིད’ཀྱིས’བསམ’ཚུལ’ཁ’ཚ’དགོས’གཏུགས’དེ’འདྲ’ཡང’ཡང’འདོན’པར’རེ’བ’ཞུ’བ’ཡིན།

  12. རྐྱང་ཕྲུག་ says:
    2011-11-27 at 2:28 am

    དྲ་གྲོགས་ཚོ་ད་དུང་བལ་ཡུལ་ནང་ནས་དངུལ་བརྗེ་གླ་འཕར་བཞིན་འདུག དེ་སྔོན་བརྗེ་གླ་རྒྱ་གར་འབུམ་གཅིག་ལ་བལ་སྒོར་༥༠༠༠ཡིན་ཡང་། ད་ལྟ་༧༥༠༠ལ་འཕར་བཞིན་འདུག དེ་ནི་ཕྱོགས་གཅིག་ནས་བལ་ཡུལ་ནང་རྒྱ་གར་གྱི་དངུལ་དཀོན་སོང་བ་དང་། ཕྱོགས་གཅིག་ནས་ཚོང་པ་ཚོས་ཟ་རྔམ་བྱས་པའི་རྒྱུ་མཚན་རེད། དེ་སྔོན་ཡིན་ན་སྐུར་གླ་རྒྱ་གར་འབུམ་གཅིག་ལ་བལ་སྒོར་༢༥༠༠ཡིན་ཡང་། ད་ལྟ་༣༥༠༠རེད་འདུག

  13. phuntsok says:
    2011-11-27 at 9:19 pm

    དངོས་གནས་ས་མཚམས་གྱི་དཀའ་ངལ་དེ་ཡོད་བདེན་ངེས་ཡིན་ གཞོན་ནུ་སོགས་ཀྱི་ལས་དོན་དེའི་ཐོག་ཤུགས་རྒྱག་རྒྱུ་གལ་ཆེན་རེད་འདུག་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme