Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་དབང་རིང་སྤྱི་ཚོགས་ཞབས་ཞུ།

Posted on 2017-01-082017-01-08 By ཁ་བརྡ་ 23 Comments on དུས་དབང་རིང་སྤྱི་ཚོགས་ཞབས་ཞུ།

གློག་བརྙན་།

Post navigation

Previous Post: སྤྲིན་ནག་ཀློང་གི་ཟླ་བ། (སྒྲུང་ཐུང་།)
Next Post: བླ་སྐུ་པྲ་བརྙན་མང་པོ་བཞེངས་པའི་དགེ་སྐྱོན།

Comments (23) on “དུས་དབང་རིང་སྤྱི་ཚོགས་ཞབས་ཞུ།”

  1. རླུང་ཐོག། says:
    2017-01-12 at 9:04 am

    ཆོས་སྲིད་ཟུང་འབྲེལ་གྱི་བཙན་ངན་པ་དེས། བོད་ཀྱི་སྣོད་བཅུད་ཡོངས་
    སུ་རྩ་མེད་བཟོ་དང་བཟོ་མུས་ཡིན་པས། ད་རུང་དུས་དབང་ལ་ཞབས་
    ཞུ་བྱེད་རྒྱུ་དེ་ལྟས་ངན་རེད།

  2. ཀརྡོ་རབ་འབྱམས་པ་ says:
    2017-01-12 at 9:13 am

    ཆོས་མེད་སྲིད་མེད་གཞོན་ལྷན་ལ། །
    ཆོས་མེད་སྲིད་མེད་རླུང་ཐོག་ཁྲོས། །
    ཆོས་མེད་སྲིད་མེད་ཀརྡོ་ངས། །
    ཆོས་མེད་སྲིད་མེད་གཞོན་རླུང་སྨད། །

  3. ཀརྡོ་རབ་འབྱམས་པ་ says:
    2017-01-12 at 9:46 am

    གཞོན་ལྷན་ལ་རྒྱ་མིར་ཕན་པའི་ཆོས་མེད་ལ། གཞོན་ལྷན་ལ་བོད་མིར་དགོས་པའི་དཔལ་འབྱོར་འོངས་བའི་སྲིད་ཀྱང་མེད་པས། ངས་གཞོན་ལྷན་ལ་ཆོས་སྲིད་མེད་པའི་དོན་དུ་བཤད་པ་ཡིན་ནོ།།

  4. ཁ་ཞེ་གཉིས་མེད་ says:
    2017-01-12 at 12:47 pm

    ད་རེས་༧གོང་ས་མཆོག་གིས་མི་འབུམ་གཉིས་ལ་ཉེ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་གནང་བའི་སྐབས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་ས་གནས་ཁག་ནས་ཕེབས་པའི་དྭང་བླངས་ཞབས་ཞུ་བ་རྣམས་ཀྱིས་ཉིན་མཚན་ལྟོས་མེད་ཆོས་ཞུ་བ་རྣམས་ལ་རོགས་པ་གནང་བར་རྗེས་སུ་ཡི་རངས་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་དང་ཚོགས་མི་རྣམས་ཀྱི་ལང་ཕྱོགས་ཀྱང་༧གོང་ས་མཆོག་དང་བོད་མི་མང་བའི་མངོན་འདོད་གཞིར་བཟུང་ཤར་བསྐྱོད་གནང་བའི་རེ་བ་ཡོད། དེ་ལྟར་གནང་ན་བོད་མི་ཐམས་ཅད་ཀྱི་རྒྱབ་སྐྱོར་ཡང་རང་བཞིན་གྱིས་ཐོབ་ངེས་ཡིན།

  5. རླུང་ཐོག། says:
    2017-01-12 at 4:08 pm

    ༧གོང་མཆོག་གི་རི་ཡི་རྒྱལ་པོ་རི་རབ་ཁས་ལེན་བྱེད་གྱི་མེད། རི་རབ་ཁས་མ་བླང་ན་འདོད་ལྷ་རིག་དྲུག་སོགས་ཚང་མ་མེད་ཟེར་གྱི་ཡོད།
    དེ་ཡིན་ན་དུས་འཁོར་ནང་གི་ལྷ་འདྲེ་དེ་མི་མང་གི་ངོས་སུ་ཡོད་མདོག་
    མདོག་བྱེད་རྒྱུ་དེ། xxxxxགང་རེད།

  6. ཀརྡོ་རབ་འབྱམས་པ་ says:
    2017-01-13 at 2:09 am

    #5 རླུང་ཐོག། ་ལགས་ཀྱིས་སྤེལ་དོན།:
    January 12th, 2017 at 4:08 pm
    ༧གོང་མཆོག་གི་རི་ཡི་རྒྱལ་པོ་རི་རབ་ཁས་ལེན་བྱེད་གྱི་མེད། རི་རབ་ཁས་མ་བླང་ན་འདོད་ལྷ་རིག་དྲུག་སོགས་ཚང་མ་མེད་ཟེར་གྱི་ཡོད།
    དེ་ཡིན་ན་དུས་འཁོར་ནང་གི་ལྷ་འདྲེ་དེ་མི་མང་གི་ངོས་སུ་ཡོད་མདོག་
    མདོག་བྱེད་རྒྱུ་དེ། མི་ཆོས་བླ་མས་རྫུན་བཤད་མིན་ན་གང་རེད།
    ་
    དགག་ལན་དུ།
    འདོད་ལྷ་རིགས་དྲུག་ཡོད་ན། རི་རབ་དགོས་པར་འདོད་པ་ནི། གཡག་ཞ་རས་རྩ་ཟ་བ་དང་གཅིག་པ་རེད། ༸གོང་ས་མཆོག་གིས་རི་རབ་མི་འདོད་པའི་རི་རབ་ནི། ཉི་མཚན་འོངས་སྟངས་རི་རབ་ཀྱི་གྲིབ་ནག་ལ་བརྟེན་ནས་བྱུང་བར་ཤོད་མཁན་ཚོའི་རི་རབ་དེ། མེད་པར་གསུངས་པ་དེ། དིང་གི་ཚན་རིག་ཤེས་མཁན་འཛིན་གྲྭ་བརྒྱད་པ་མད་ཆད་ཚང་མས་ཤེས་པ་ལ། རླུང་ཐོག་ཁྱོད་གང་དུ་འཐོམས་ན་བསྡད་ཡོད་དམ། ལགས།།

  7. ཀརྡོ་རབ་འབྱམས་པ་ says:
    2017-01-13 at 2:11 am

    བརྒྱ་བྱིན་གྱི་ཁང་བཟང་དེ། ཉི་ཟླའི་གྲིབ་ནག་འོངས་སའི་རི་རབ་བརྟེན་པ་ཞིག་ཁྱོད་ཀྱིས་བསྒྲུབ་ཐུབ་བམ། དེ་མིན་ན་གླེན་བཤད་མ་བྱས་ན་མི་མཛེས་སམ། ལགས། རླུང་ཐོག་ལགས།། །།

  8. རླུང་ཐོག། says:
    2017-01-13 at 8:53 am

    ཀརྡོ་རབ་་ལགས། མཛོད་གཙོའི་གཞུང་མང་པོ་ཞིག་ལས། འདོད་ལ་རིགས་དྲུག་ནི་རི་རབ་ཀྱི་བང་རིམ་ལ་རྟེན་ནས་ཆག་ཡོད། རི་རབ་
    མེད་ན་འདོད་ལྷ་རིག་དྲུག་མེད་པ་ཁས་བླང་ཚར་བ་རེད།
    གཉིས། ཚན་རིགས་པས་ཡང་ཉིན་མཚན་འཁོར་ཕྱོགས་འདི་རི་རབ་ཀྱི་གྲིབ་ནག་ཡིན་པ་ཁས་ལན་གྱི་ཡོད། དཔེན་ཉི་མ་ཤར་གླིང་དུ་རྒྱུ་སྐབས།
    རི་རབ་འམ་ས་སྒོང་གི་གྲིབ་ནག་ནུབ་ཕྱོགས་སུ་ཁེལ་ནས། ས་དེར་མུན་རུབ་འགྲོ་བ་འདི་རེད། ཡང་༧གོང་ས་མཆོག་འདི་ཁས་ལེན་གྱི་ཡོད་མ་རེད་བས་ཧཧཧཧཧཧཧཧཧཧཧ། འཇིག་རྟེན་རིག་དྲུག་མཉམ་ཆག་མཉམ་འཇིགས་ཟེར་ཡོང་དུས། འབྱུར་གཞི་མ་འགག་པར་ནམ་མཁའི་དབྱིངས་སུ། འབྱུང་རུང་ས་གཞིའི་དཀྱིལ་འཁོར་གྱི་ངོས་སུ་རིག་དྲུག་མཉམ་ཆག་མཉམ་འཇིག་དུ་གནས་ཡོད།

  9. ཀརྡོ་རབ་འབྱམས་པ་ says:
    2017-01-13 at 9:04 am

    མཛོད་ནང་གི་རི་རབ་དེ། ཁས་བླངས་ཐུབ་བགྱིད་མི་འདུག རི་རབ་ཀྱི་ཤོད་སྟངས་འདི། ནང་པའི་ལྟ་གྲུབ་ལ་ཕན་མི་ཐོགས་པའི་ཐོག་ལ། ཚན་རིག་པས་བལྟས་ཀྱང་ངོ་ཚ་དགོས་པ་འདི་རེད་དོ།། ཁྱོད་ཤེས་འདོད་ན། ད་དུང་གསལ་པོར་རྩོད་དང་ངས་ལན་འདེབས་པར་བྱའོ།། དེ་མིན་གང་ཤེས།

  10. ཀརྡོ་རབ་འབྱམས་པ་ says:
    2017-01-13 at 9:25 am

    རི་ཡི་རྒྱལ་པོ་རི་རབ་དང་། དེ་ཡི་མཐའ་སྐོར་གྱི་རོལ་པའི་མཚོ་བདུན་སོགས་ལ། དགེ་ཆོས་ཀྱིས་ཀྱང་ཟུར་ཟ་དང་དགག་པ་བརྒྱབས་ཡོད་རེད་དོ།།

  11. རླུང་ཐོག། says:
    2017-01-13 at 9:52 am

    #11 རླུང་ཐོག། ་ལགས་ཀྱིས་སྤེལ་དོན།:
    January 13th, 2017 at 9:50 am
    རོལ་ཚོ་བདུན་ཟེར་བ་དེ་ད་རུང་ཉུང་སོང་བ་རེད། སྤྱིར་རི་རབ་ཀྱི་ཕྱོགས་ལ་རྒྱལ་མཚོ་ཆེན་པོ་བཞི་ཡི་ཐོག་གསུམ་སྣོན་ན་བདུན་རེད། དེ་རྩི་སྟངས་ཞིག་ཡིན། ཧཧཧཧཧཧ། མཞི་མཛོད་ཁས་མ་བླང་ན་འདོད་ལྷ་རིག་དྲུག་ཆག་ཚུལ་ཐོག་མར་སངས་རྒྱས་ཀྱིས་མཛོད་ལས་གསུང་། དེ་རྗེས་མཛོད་འགྲེལ་འགའ་རིམ་དར་བྱུང་ཡོད། xxxxx

  12. ཀརྡོ་རབ་འབྱམས་པ་ says:
    2017-01-13 at 10:38 am

    མངོན་པ་མཛོད་ཀྱི་གནས་བརྒྱད་ལས། གནས་གསུམ་པ་འཇིག་རྟེན་བསྟན་པའི་བརྗོད་བྱ་ཚང་མ་ནང་པ་སྤྱི་ཡོངས་ཀྱིས་ཁས་བླངས་མི་ཐུབ་པ་ཅིག་རེད་དོ།།
    སློབ་དཔོན་དབྱིག་གཉེན་གྱིས་དང་པོ་ཐེག་ཆེན་ཁས་མི་ལེན་པ་དང་། སྐུ་ཚེ་སྨད་ལ་ཐེག་ཆེན་ལ་དད་ཀྱང་། མཛོད་གནས་གསུམ་པ་འདི་ལ་མཆན་འགྲེལ་མཛད་མ་ཐུབ་པ་འདི་ཡིས་ཁོང་གི་སྐྱོན་ཡོན་གཉིས་ཀ་འདི་ནས་འཆར་ཐུབ་པ་རེད་འདུག་སྙམ་པས་དཔྱད་པར་འཚལ་ལོ།།

  13. ཀརྡོ་རབ་འབྱམས་པ་ says:
    2017-01-13 at 10:40 am

    ་་་་་་་་་་ཐོག་མར་སངས་རྒྱས་ཀྱིས་མཛོད་ལས་གསུང་། དེ་རྗེས་མཛོད་འགྲེལ་འགའ་རིམ་དར་བྱུང་ཡོད། ་་་་་
    འདི་ཡི་དོན་མི་ཤེས་པས་གསལ་ཙམ་གསུངས་ཐུབ་ན། ཕན་ཐོགས་ཆེའོ།།

  14. ཀརྡོ་རབ་འབྱམས་པ་ says:
    2017-01-13 at 11:42 am

    རླུང་ཐོག་ཁྱོད་ཀྱིས་ང་ངོ་མི་ཤེས་པ་ལྟར། ཁྱེད་ཀྱང་ངས་ངོ་མི་ཤེས། དེས་ན། ཁྱེད་ཀྱི་མངོན་པ་མཛོད་གཟིགས་མྱོངས་སམ་མ་མྱོང་། གལ་ཏེ་མཁྱེན་བཞིན་དུ་ང་དང་རྩོད་འདོད་་ཡོད་ན། ཁྱོད་ངས་རྩོད་ཟླར་དགའ་བསུ་ཡོད། དེ་མིན་ང་ཁྱོད་དང་རྩོད་འདོད་མེད་དོ།།

  15. ཀརྡོ་རབ་འབྱམས་པ་ says:
    2017-01-13 at 2:03 pm

    མཛོད་ལས།
    ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །དཔག་ཚད་ལྔ་བཅུ་གཅིག་དང་བཅས། །ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱད་དང་འཆར་དུས་གཅིག །དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚཆེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་དུ་འགྱུར་རོ་ཉིན་མོ་བཤློག །ཉིན་མཚན་རིང་བ་ཐང་གཅིག་གོ །ཉི་མ་ལྷོ་བྱང་འགྲོ་ཆེའོ། །ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་། །ཞེས་དང་། ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །དེ་ཡི་ངོས་ལ་བརྒྱད་ཁྲིའོ། །ཞེས་པའོ་དོན་ལ་ལན་ཅིག་སོམས་དང་། དེ་ནས་་་་་་་

  16. རླུང་ཐོག། says:
    2017-01-13 at 2:38 pm

    ཉི་ཟླ་ལྷུན་པོའི་ཕྱེད་ནས་འཆར་བ་ལོས་བདེན། ཡར་གྱི་སྒོང་དུ་འཁྱག་རུམ་རྒྱལ་མཚོ་གནས། མར་གྱི་འོག་དུ་་ཨཊན་ཌི་ག་་གནས། རི་རབ་ཕྱེད་ནས་ཉི་མ་ཟླ་བ་འཁོར། རི་རབ་བར་གི་མུན་པ་ཟེར་བ་ཡང་ཡོད། བྱང་ནུབ་ཨ་རིའི་ཡུལ། ཡུ་རོབ་ཀྱི་་ནོར་ཝེ་་སོགས་ས་ཆ་འགའ་ཟླ་བ་དྲུག་ཙམ་མུན་གླིང་རེད། གང་ལྟར་རི་རབ་ཁས་མི་ལེན་མཁས་གང་ཟག་ཞིག་གིས། ཀླུ་ཐོག་གཉིས་ཀྱི་ཁྱེར་ཡོང་བའི་ཐེག་ཆེན་བཤད་ཀྱི་ཡོད་ཟེར་ན། དེ་བས་མི་ཆོས་བླ་མས་རྫུན་ཆོས་ངོ་མ་དེ་རེད། རིགས་དྲུག་སེམས་ཅན་མཉམ་ཆག་མཉམ་འཇིགས་ཞེས་པའི་དོན་དེ་ཧ་གོ་བའི་ཐོག རི་ཡི་རྒྱལ་པོ་རི་རབ་ཟེར་འདི་འཇིག་རྟེན་ལས་འདས་པ་ཞིག་མ་ཡིན་པ་ཧ་གོ་བར་བྱོས།

  17. རླུང་ཐོག། says:
    2017-01-13 at 2:42 pm

    མཛོད་ལྟ་མ་མྱོང་ན་ངས་མཛོད་ནང་ག་རེ་བཤད་ཡོད་མེད་ག་ལ་ཤེས།

  18. ཀརྡོ་རབ་འབྱམས་པ་ says:
    2017-01-13 at 2:52 pm

    ཡུ་རོབ་ཀྱི་་ནོར་ཝེ་་སོགས་ས་ཆ་འགའ་ཟླ་བ་དྲུག་ཙམ་མུན་གླིང་ཡིན་པ་དེ་རི་རབ་མཛོད་ནས་བཤད་པ་ལྟར་རགས་པ་མིན་པའི་ཁུངས་སུ་འགྲོ་བ་ལས་ཡོད་པའི་ཁུངས་སུ་མི་འགྲོའོ། ། དྲ་གྲོགས་ལགས།། །།

  19. ཀརྡོ་རབ་འབྱམས་པ་ says:
    2017-01-13 at 2:56 pm

    ཁྱོད་ཀྱི་ལྷུན་པོ་དེ། བོད་ཀྱི་ཇོ་མོ་གླང་མ་ལས་རིང་བ་ཡིན་ས་རེད། ཧ་ཧ།།

  20. ཀརྡོ་རབ་འབྱམས་པ་ says:
    2017-01-13 at 2:59 pm

    མིག་གིས་མཐོང་མི་ཐུབ་པའི་རི་རབ་ཅིག་ཡོད་ན་ནི། དེའི་སྐོར་ལ་ངས་ཤོད་མི་ཤེས། མིག་གིས་མཐོང་ལྷུན་པོ་རྩ་ཆེ་ཤོས་དེ་ནི། གངས་རིན་པོ་ཆེ་རེད། མཐོ་ཤོས་དེ་ནི་ཇོ་མོ་གླང་མ་རེད། གཞན་རི་རབ་དེའི་སྒང་ལ་འཛེགས་ཐུབ་མཁན་དེ་ཁྱོད་གཅིག་པུ་ལས་སུ་ཡོད། ཀུ་རེ་དང་བཅས།། །།

  21. རླུང་ཐོག། says:
    2017-01-13 at 5:02 pm

    འོ་ལགས་རི་རབ་ཟེར་བའི་མཛོད་གཞི་བཟུང་ཐོག མནྜལ་གྱི་བཤད་
    པ་ལྟར་ན་འཛམ་གླིང་རི་རབ་ཀྱི་མཐའ་འཁོར་དང་།
    མངོན་པ་མཛོད་ནས་བཤད་པའི་གླིང་བཞིའི་ཡ་གྱལ། རི་རབ་ལྷུན་པོའི་ཤར་ཕྱོགས་ངོས་ཀྱི་གླིང་སྟེ། གླིང་དེ་གཞན་ལས་ཤིང་ཏཱ་ལ་བདུན་སྲིད་ཀྱིས་འཕགས་པའམ་དེར་སྐྱེ་བའི་མི་རྣམས་འདི་པ་བས་ལུས་ཆེ་བས་མིང་དེ་ལྟར་བཏགས་ཤིང་། དབྱིབས་ནི་ཟླ་གམ་འདྲ་བ་བཅད་ཁམ་ནི་རི་རབ་ལ་བསྟན་པའོ། །ཚད་ནི་དེའི་ངོས་གསུམ་འཛམ་བུ་གླིང་དང་འདྲ་བར་སྟོང་ཕྲག་གཉིས་གཉིས་ཡོད། ཆུང་ཤོས་ཕྱོགས་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ལུས་འཕགས་གླིང་ཡང་ཟེར་རོ། །
    རི་རབ་ཀྱི་ལྷོ་ངོས་རྒྱ་མཚོར་ཆགས་པའི་གླིང་ཆེན་ཏེ། འདིར་སྐྱེས་པའི་ཤིང་འཛམ་བུའི་འབྲས་བུ་མཚོའི་ནང་དུ་ལྷུང་བ་ལས། འཛམ་བུ་ཞེས་པའི་སྒྲ་འབྱུང་བས་ན་འཛམ་བུ་དང་འཛམ་བུ་ཤིང་དེས་མཚོན་པའི་གླིང་ཡིན་པས་ན་འཛམ་བུའི་གླིང་དང༌། དབྱིབས་ཤིང་རྟ་ལྟ་བུ་དང༌། རི་རབ་ཀྱི་ཕྱོགས་ངོས་དང་གཡས་གཡོན་གཉིས་དང་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་དང༌། ངོས་གཅིག་སྟེ་ཁོར་ཡུག་ལ་དཔག་ཚད་ཕྱེད་དང་བཞི་ཡོད་དོ། །
    གླིང་བཞིའི་ཡ་གྱལ་རི་རབ་ཀྱི་ནུབ་ངོས་རྒྱ་མཚོར་ཆགས་པའི་གླིང་ཆེན་ཞིག་བ་ལང་དང་ནོར་བུ་ལ་ལོངས་སྤྱོད་པས་བ་ལང་སྤྱོད་དང༌། དབྱིབས་ཟླུམ་པོ་དང༌། མཐའ་སྐོར་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ལ། ཆུ་ཞེང་ངམ་སྲིད་ཞེང་གཉིས་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་ཡོད་དོ། །
    མངོན་པ་མཛོད་ནས་བཤད་པའི་གླིང་བཞིའི་ཡ་གྱལ། རི་རབ་ལྷུན་པོའི་བྱང་ངོས་སུ་ཆགས་པའི་གླིང་ཆེན་ཏེ། འདིར་གནས་པའི་མི་རྣམས་འཆི་བའི་ཞག་བདུན་གྱི་གོང་དུ་ཁྱོད་འཆིའོ་ཞེས་སྒྲ་མི་སྙན་པ་ནམ་མཁའ་ལས་འབྱུང་བའི་ཕྱིར་རམ་པི་ཤ་ཙི་ཏ་འདྲེའི་སྐད་དུ་སྨྲ་བའི་ཕྱིར་དེ་སྐད་ཅེས་བྱ། ཀུན་ཏུ་དཔག་ཚད་བརྒྱད་སྟོང་ཡོད་དོ། །དབྱིབས་ནི་ཁྲིའུ་བཞིན་དུ་ཀུན་ནས་གྲུ་བཞི་སྟེ། ཇི་ལྟར་ངོས་གཅིག་ལ་དཔག་ཚད་ཉིས་སྟོང་ཡོད་པ་ལྟར་གཞན་དག་ཀྱང་དེ་དང་འདྲ་སྟེ། ཅུང་ཟད་ཀྱང་ལྷག་མ་མེད་དོ། །གྲུ་བཞི་པ་ངོས་མཉམ་པའོ། །གླིང་གི་དབྱིབས་ཅི་འདྲ་བས་དེར་གནས་པའི་མི་རྣམས་ཀྱི་གདོང་གི་དབྱིབས་ཀྱང་དེ་འདྲ་བར་བཤད་དོ། །
    འདི་དག་ལྷོ་གླིང་གི་ཁོངས་སུ་མ་ཡིན་པར་གླིང་ཕྲན་གཞན་པའི་ཁོངས་
    སུ་བཞག་ཡོད། དེང་སང་ཚན་རིག་པས་གླིང་ཕྲན་གཞན་འགའ་གསར་
    རྙེད་བྱུང་སོང་བ། ཡིན་ཡང་ལྷོ་གླིང་དང་འདྲ་བའི་སྐྱེ་དངོས་པ་གསལ་
    བྱས་ཡོད། xxxxxxxxx

  22. ཀརྡོ་རབ་འབྱམས་པ་ says:
    2017-01-14 at 4:45 am

    སྒྲ་མི་སྙན་པའི་མིའི་ཚེ་ལོ་སྟོང་ཐུབ་ཟེར་བ་དེ་ཡང་། དིང་སང་ནི་མེད་པ་ཐག་གཅོད་ཐུབ།

  23. ཀརྡོ་རབ་འབྱམས་པ་ says:
    2017-01-14 at 3:02 pm

    ད་ང་མི་རྩོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme