Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་དབང་ཕྱིར་འཐེན་བྱས་པ་དེ་ཆབ་སྲིད་ཀྱི་ཐོན་རྫས་ཤིག་མིན་པའི་རེ་བ་ཡོད།

Posted on 2015-08-312015-08-31 By ཁ་བརྡ 9 Comments on དུས་དབང་ཕྱིར་འཐེན་བྱས་པ་དེ་ཆབ་སྲིད་ཀྱི་ཐོན་རྫས་ཤིག་མིན་པའི་རེ་བ་ཡོད།

དྲ་འདྲེ།

 

དབུས་བོད་མི་སྒྲིག་འཛུགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་བཞེས་གཙང་མ་ཐོབ་སྟེ། ཕྱི་ལོ་༢༠༡༦ ཟླ་༡ པོའི་ཚེས་༡༤ ནས་༢༥ བར་གནས་མཆོག་རྡོ་རྗེ་གདན་དུ་གནང་གཏན་འཁེལ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན། གློ་བུར་དུ་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་དཀྲོག་གཏམ་ཞིག་ཉིན་ཤས་སྔོན་ནས་སྐད་འཕྲིན་སོགས་ཀྱི་ནང་དུ་ཁྱབ་སོང་ཡང་། དེང་སང་བརྡ་འཕྲིན་བརྒྱུད་ལམ་ཁག་ཏུ་བདག་པོ་མེད་པའི་སྐད་ཆ་བཤད་མཁན་མང་དྲགས་པས། ཡིད་ཆེས་རྒྱུ་ཕར་བཞག དོ་སྣང་ཙམ་ཡང་མ་བྱས་མོད། ཡིན་ནའང་བློ་ཡུལ་ལས་འདས་པ་ཞིག་ལ། ཕྱི་ཟླ་༨ པའི་ཚེས་༣༡ ཉིན་བཀའ་ཤག་ནས་དངོས་སུ་སྤེལ་བའི་དུས་དབང་ཕྱིར་འཐེན་གྱི་གསལ་བསྒྲགས་ཡི་གེ་དེ་མཐོང་སྐབས། ངའི་སེམས་ལ་ཐོག་མར་དྲན་ཡོང་བ་ནི་གཞིས་ལུས་དད་ལྡན་ཆོས་ཞུ་བ་རྣམས་རེད།

 

རྒྱ་ནག་དམར་པོའི་གཞུང་གིས་བོད་མིའི་ལུས་སེམས་གཉིས་ལ་དམ་དྲག་དང་སུན་བཙེར་སྣ་ཚོགས་འོག ཚེ་འདིར་༧གོང་ས་མཆོག་གི་ཞལ་ལན་གཅིག་མཇལ་ཐུབ་པ་དང་། གསུང་ལན་གཅིག་ཐོས་ཐུབ་པའི་ཆེད་དུ་ཉིན་མཚན་ལྟོས་མེད་ངང་སྨོན་ལམ་རྒྱག་བཞིན་པའི་གཞིས་ལུས་སྤུན་ཟླ་རྣམས་ཀྱི་དད་འདུན་རྡོག་རོལ་དུ་བཏང་སོང་སྙམ། ཤེས་གསལ་ལྟར། རྒྱ་ནག་གཞུང་གི་ལག་ནས་རྒྱ་གར་དུ་འགྲོ་ཆོག་པའི་ཐོངས་མཆན་རག་རྒྱུ་ནི་འགྲོ་ཞོར་འདུག་ཞོར་ཞིག་གི་ལས་ཀ་ཞིག་གཏན་ནས་མིན་པར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་དུས་དབང་ཐེངས་གཅིག་ཞུ་རྒྱུའི་ཆེད་རྒྱུ་ཚེག་གཉིས་ཀྱི་འགྲོ་གྲོན་ཕངས་མེད་དུ་བཏང་སྟེ། ད་ལྟའི་ཆར་ཕྱི་བསྐྱོད་ལག་ཁྱེར་ལག་ཏུ་རག་ཟིན་པ་དང་ལག་ཁྱེར་ཞུ་བཞིན་པ་དག་གིས་དུས་ཡུན་གང་འཚམས་ཤིག་གི་སྔོན་ནས། གྲ་སྒྲིག་ཨང་གསར་གྱིས་བྱ་ཁུ་བྱུག་གིས་གནམ་ཆུ་སྒུག་སྒུག་བྱས་ནས་སྡོད་ཡོད་ལ། ཁོང་ཅག་རྣམས་ལ་མཚོན་ན། དུས་དབང་ཕྱིར་འཐེན་གྱི་གློ་བུར་བའི་གསལ་བསྒྲགས་འདི་ནི་སེམས་ལ་ཆུ་འཁྱག་བླུག་པ་ལྟ་བུའི་ཇི་འདྲའི་གཏམ་ངན་ཞིག་རེད་ཨང་།

 

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཐེངས་འདིའི་དུས་དབང་ཕྱིར་འཐེན་དང་འབྲེལ་བའི་བཤད་ཡམས་སྣ་ཚོགས་ཤིག་ཁྱབ་བཞིན་པ་ལྟར། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་འགྲན་ཁྲོད་ཀྱི་འོས་མི་ག་གེ་མོ་ཞིག་གི་ཤུགས་རྐྱེན་འོག་སྲིད་སྐྱོང་བློ་བཟང་སེང་གེ་ལ་དུས་དབང་སྐབས་ཟིལ་ཤུགས་ངོམ་སའི་སྡིངས་ཆ་མེད་པར་བཟོ་པའི་ཆེད་དང་། འོས་མི་ཀླུ་མཁར་བྱམས་ཀྱིས་མང་ཚོགས་ལ་རང་གི་ལངས་ཕྱོགས་སོགས་བཤད་སའི་གོ་སྐབས་མེད་པར་བཟོ་ཆེད། ནང་པ་སངས་རྒྱས་པའི་ཆོས་ཀྱི་དབང་མོ་ཆེ་འདི་ཡང་ཆབ་སྲིད་ཀྱི་རྩེད་ཆས་ཤིག་ཏུ་བེད་སྤྱོད་བྱས་ཏེ། དངོས་ཤུགས་རྒྱུད་གསུམ་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་པའི་མཐའ་མར། དུས་དབང་ཕྱིར་འཐེན་མི་བྱ་ཀ་མེད་དུ་གྱུར་པའི་སྐད་ཆ་འདི་བདེན་པའི་དབང་དུ་བཏང་ན། རྡ་སའི་ཆབ་སྲིད་པ་བསམ་ངན་ཁོག་བཅངས་འདི་དག་གི་ཆབ་སྲིད་འཁྲབ་སྟངས་ལ་སེམས་གཏིང་ནས་སྐྱུག་བྲོ་བ་མ་ཟད། ཆོས་ལུགས་གཙང་མའི་བྱེད་སྒོ་ཡན་ཆད་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་ནས། རང་གི་ཁ་གཏད་ཀྱི་ནུས་པ་གཅོག་ཐབས་བྱེད་བཞིན་པའི་བྱ་སྤྱོད་འདིའི་རིགས་ལ་ཡ་རབས་བཟང་སྤྱོད་ཀྱི་དྲི་ཙམ་ཡང་མི་བྲོ་བ་ཕར་ཞོག མང་གཙོ་ཡང་དག་པ་ཞིག་གི་སྤྱི་ཚོགས་ཀྱི་རྣམ་པའི་གཟུགས་བརྙན་ཙམ་ཡང་མཐོང་རྒྱུ་འདུག་གམ།

གསལ་བསྒྲགས་ནང་འཁོད་པའི་རྒྱུ་མཚན་དེ་དག་རྒྱུ་མཚན་ངོ་མ་ཡིན་མིན་མི་ཤེས་ཀྱང་། ༧གོང་ས་མཆོག་སྐུ་བྲེལ་ཆེ་བའི་དབང་གིས་ཕྱིར་འཐེན་བྱས་པ་ཡིན་ཚུལ་རྒྱུ་མཚན་དུ་བགྲངས་པ་དེ་ལའང་རྒྱུ་མཚན་དེ་ཙམ་མི་འདུག་སྙམ། གལ་སྲིད་དེ་ལྟར་ཡིན་པའི་དབང་དུ་བཏང་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྔོན་ནས་༧གོང་ས་མཆོག་ལ་དུས་དབང་གནང་རྒྱུའི་གསོལ་འདེབས་མ་ཞུས་ནའང་ཆོག་ལ། དགའ་ལྡན་ཕོ་བྲང་ནས་ཞལ་བཞེས་མ་གནང་ནའང་ཆོག དེ་ལས་ཀྱང་གཞུང་འབྲེལ་ཐོག་དུས་དབང་གནང་གཏན་ཁེལ་བའི་དུས་ཚེས་སོགས་གསལ་བསྒྲགས་མ་སྤེལ་གོང་ནས་གོ་བསྡུར་གནང་ཆོག་མོད། ཡིན་ནའང་ལོ་གཅིག་ཙམ་གྱི་གོང་ནས་དུས་དབང་གི་ཟླ་ཚེས་དང་བཅས་པ་གཞུང་འབྲེལ་ཐོག་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཕྱི་ནང་གང་སར་འཁོད་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཐོངས་མཆན་དང་དུས་ཚོད། འགྲོ་གྲོན་སོགས་གྲ་སྒྲིག་ཨང་གསར་དང་། ཐ་ན་མང་པོ་ཞིག་གིས་གནམ་གྲུའི་འཛིན་བྱང་དང་མེ་འཁོར་འཛིན་བྱང་སོགས་སྔ་ས་ནས་ཉོས་ཟིན་པའི་དུས་སྐབས་འདི་འདྲ་ཞིག་ལ། གློ་བུར་དུ་ཐོག་བརྒྱབ་པ་ལྟར་དུས་དབང་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་འདི། དེང་སྐབས་འཁྲུག་ཆ་དོད་པའི་རྡ་སའི་ཆབ་སྲིད་འགྲན་རྩོད་ཁྲོད་ཀྱི་འགུལ་སྐྱོད་ཅིག་དང་ཐོན་རྫས་ཤིག་མིན་པའི་རེ་བ་ཡོད།།

 

བསམ་ཚུལ།

Post navigation

Previous Post: སྲིད་སྐྱོང་མཆོག་གི་གནང་སྟངས་ལས་དུས་དབང་ཕྱིར་འགྱངས་གནང་བ་རེད།
Next Post: བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་ལྷན་ཚོགས་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བ།

Comments (9) on “དུས་དབང་ཕྱིར་འཐེན་བྱས་པ་དེ་ཆབ་སྲིད་ཀྱི་ཐོན་རྫས་ཤིག་མིན་པའི་རེ་བ་ཡོད།”

  1. བྱམས་པ། says:
    2015-08-31 at 8:32 am

    མི་ཤེས་ཤེས་ཁུལ་གྱིས་སྤྱི་ཚོགས་དཀྲུག་རྐྱེན་གྱི་ཉོག་རྩོམ་འདི་རིགས་མ་སྤེལ་ན་བཟང་། དངོས་ནས་ནས་ཅི་ཡིན་བཀའ་ཤག་གིས་གསལ་བསྒྲགས་བྱས་པ་ལྟར་རེད།

  2. བྱམས་པ། says:
    2015-08-31 at 8:35 am

    ཉོག་རྩོམ་དང་འབྲི་མཁན་གྱི་བཏགས་མིང་ཇི་འདྲའི་འདྲ་བ་ལ། དྲ་འདྲེ། དངོས་ནས་སྤྱི་ཚོགས་དཀྲུག་པའི་དྲ་འདྲེ་ཞིག་རེད།

  3. བསྟན་དབང says:
    2015-08-31 at 10:39 am

    ངས་ནི་བོད་ནས་འཕེབ་ཉན་ལ་སྐྱོན་དེ་ཙམ་ཡོང་གི་མ་རེད་བསམ་གི་འདུགས་ ད་བར་བོད་ནང་ལགས་འཁྱེར་སྤྲོད་ཀྱི་མེད་པ་དང་ དམིགས་སལ་ཁ་ཤས་ལ་རགས་ཡོད་ནའི་དུས་ཚོད་ལོ་ལྔ་ཡོད་པས་ལོ་རྗེད་མར་བོད་ནས་མི་མང་པོ་འཕེབས་ཐུབས་པའི་གོ་སྐབ་དང་རེ་བ་ཞུ་གི་ཡོད།

  4. བསྟན་དབང says:
    2015-08-31 at 10:42 am

    དགོང་དག་ངས་ཟེར་ཡས་ལོ་རྗེམ་དེ་༢༠༡༧ཟེར་གི་ཡོད།

  5. སྐལ་ཚེ། says:
    2015-08-31 at 11:26 am

    དུས་འཁོར་དབང་ཆེན་ཕྱིར་འགྱངས་རྒྱབ་ཏུ་ཆབ་སྲིད་གལ་ཆེན་ཞིག་ཡོད་སྣང་ཤར། རྒྱ་གཞུང་གིས་དུས་འཁོར་དབང་ཆེན་ཕྱིར་འཐེན་བྱེད་ན་བོད་རྒྱ་ཞི་མོལ་གནང་ཆོག་ལབ་ཡོད་མདོག་ཁ་པོ་རེད། དེ་མིན་ན་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་བཅུག་རྒྱུ་ཁས་ལེན་བྱས་ཡོད་མདོག་ཁ་པོ་རེད། གལ་སྲིད་དེ་གཉིས་ལས་གཞན་མིན་ན་ནོར་བ་རེད། ཕུག་བསམ་གཏན་ནས་འགྲུབ་བཅུག་གི་མ་རེད།

  6. རྒན་འཇམ་རྡོར། says:
    2015-08-31 at 1:35 pm

    དེའི་རྒྱབ་ན་རྒྱུ་རྐྱེན་ངོ་མ་གསལ་བཤད་གནང་མི་རུང་བའམ་ཡང་ན་གསལ་བཤད་ངོ་མ་མ་གནང་ན་དགག་དགོས་ཆེ་བ་ཞིག་ཡོད་གཏན་རེད། འོན་ཀྱང་༸སྐུ་མདུན་ལ་སྐུ་ངལ་གསོ་གནང་མཛད་རྒྱུའི་དུས་ཚོད་དགོས་རྒྱུ་སོགས་ཀྱི་གསལ་བཤད་དེ་ནི་ཁ་གཡོག་ས་ཞིག་རང་རེད། གང་ཡིན་ཞེ་ན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་རྒྱུ་ལས་ལྷོ་ཕྱོགས་སུ་བསྩལ་རྒྱུའི་གསུང་ཆོས་ཁག་གལ་གནད་ཆེ་བ་ཡོད་པའམ་ཡང་ན་དེ་དག་རྩ་བ་ནས་ཕར་འགྱངས་གནང་ཐབས་མེད་པ་ཞིག་ཡིན་ནམ། གང་ལྟར་ཡང་ཐེངས་འདིར་བཀའ་ཤག་ལའང་མཛད་དཀའ་ཞིག་བྱུང་བ་ནི་ཐག་ཆོད་པ་ཡིན་འདུག་ཀྱང་གསལ་བཤད་དེ་ནི་ཡིད་འདྲོངས་བ་ཞིག་ནི་མི་འདུག་གོ།

  7. འདན་མ་སྐྱབས་ says:
    2015-08-31 at 2:45 pm

    འདི་འདྲ་ཤེས་མི་དགོས་པ་ཚོས་མ་ཤེས་ན་ལེགས་པའི་གནད་འགག་མང་པོ་ཡོད་རེད། དེ་སྔ་མདོ་སྨད་པ་ཐུབ་བསྟན་རྒྱ་མཚོ་བོད་གཞུང་གིས་སྦལ་སིལ་དོན་གཅོད་དུ་བསྐོས་ཏེ། གློ་བུར་ཕྱིར་འཐེན་བྱས་པར་རྒྱུ་མཚན་གཅིག་ཀྱང་བཤད་ཡོད་མ་རེད། ཟམ་གདོང་རིན་པོ་ཆེར་མདོ་སྨད་ཚོགས་གཙོས་ཨུ་ཚུགས་བྱས་ཀྱང་བཤད་ཀྱི་མིན་ཞེས་གསུང་ཡོད་པ་མ་རེད། དེ་འདྲ་བྱུང་རྒྱུ་ཡོད་པ་རེད། ད་ཐེངས་ཀྱི་དུས་དབང་ཕྱིར་འཐེན་ལའང་དགོས་པ་དང་དགག་བྱ་ཏན་ཏན་ཆེན་པོ་ཡོད་ངེས་་རེད། དེ་འདྲ་སོང་ཙང་། ཤེས་མི་དགོས་པ་ཚོར་ཇུས་གཏོགས་ཡོད་མ་རེད།

  8. བཀྲ་ཤིས། says:
    2015-08-31 at 4:58 pm

    སྤྱིར་རྒྱལ་བ་རིན་པོ་ཆེ་ནས་དུས་འཁོར་དང་སྨོན་ལམ་འཚོག་རྒྱུ་གང་ཡིན་ཡང་རྙིང་མའི་སྨོན་ལམ་དང་དུས་མཉམ་དུ་མི་ཡོང་བ་ཞིག་དགོས་གསུངས་པ་དེ་རྫུན་དུ་མི་འགྱུར་རམ། དེ་དང་དེ་འདྲའི་བྱ་སྤྱོད་ཀྱི་བཤད་རྒྱུ་ཆུ་ལས་རིང་བ་ཞིག་མི་བཟོ་ན་ཡག་པོ་འདུག།

  9. གནམ་ལྷ་སྐྱབས། says:
    2015-09-01 at 9:49 am

    ཧ་ཧ རྒྱ་ནག་གཞུང་ཅི་ཞིག་ལ་དུས་དབང་ལ་ཞེད་དགོས་པ་རེད། སྐུ་མདུན་བོད་དུ་ཕེབས་པ་དང་རྒྱ་གར་ནས་དུས་དབང་སྐུར་བ་གཉིས་ཀྱིས་གང་རྒྱ་ནག་ལ་གནོད་ཀི་རེད། འོས་བསྡུའི་ཕྱོགས་ནས་བཀའ་ཤག་གི་ལས་ཀ་འདི་ལས་པ་ཡིན་ན་དངོས་གནས་ཐབས་སྐྱོ་བོ་རེད། དེ་འདྲ་མིན་ན་བསམ་ཡང་གཡས་སྐོར་གང་ནས་བྱས་ཀྱང་ཧ་ལམ་འབབ་ས་འདི་མིན་འགྲོ་བསམ་བསམ་ཞིག་རེད། ཐབས་སྐྱོ་དེ་འདྲ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme