Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་དབང་ནི་མ་གཞི་ནས་ཁྱོད་ཀྱི་ལག་རྟེན་བྱེད་རྩིས་ཡོད།

Posted on 2016-02-202016-02-20 By ཁ་བརྡ 10 Comments on དུས་དབང་ནི་མ་གཞི་ནས་ཁྱོད་ཀྱི་ལག་རྟེན་བྱེད་རྩིས་ཡོད།

སྤྱན་ཆེན་པོ།
 
༢༠༡༦ ལོའི་སྲིད་སྐྱོང་གི་འོས་བསྡུ་ནི་སྔར་བྱུང་མ་མྱོང་བའི་ཚ་ཚ་འུར་འུར་ངང་འགྲོ་བཞིན་འདུག་ལ། འོས་མི་གཉིས་ཀྱི་རྒྱབ་སྐྱོར་བ་ཚོས་ཀྱང་རང་རང་གི་འོས་མི་དེ་ལ་རྣམ་པ་འདྲ་མིན་གྱིས་སྒོ་ནས་གཙང་དག་ཡང་དག་ཅིག་དང་གང་འཇོན་ཅི་འཇོན་གྱི་འཇིག་རྟེན་བྱེད་པོ་ལྟ་བུ་ཞིག་ཏུ་སྒྲུབ་བཞིན་འདུག འོས་མི་ཕྱོགས་གཉི་ཀར་བདེན་རྫུན་གྱི་དབྱེ་བ་གསོད་དགོས་ནའང་འབྱེད་མི་ཤེས་པའི་བཙན་བྱོལ་སྤྱི་ཚོགས་ནང་གླེང་ཕྱོགས་ཆེན་པོ་རེ་ཡོད་ལ། དེ་ནི་ཕྱོགས་གཉིས་ཀྱི་རྒྱབ་སྐྱོར་བ་ཚོས་མཆུ་ཡིས་མུར་མུར་ནས་སོ་ཡིས་བལྡད་བལྡད་པའི་སྐྱུགས་རོ་འབའ་ཞིག་ཡིན་པས། ད་ནི་གླེང་གཞི་དེ་གོ་ན་ཕལ་ཆེར་སུ་ཡིན་ཡང་ཞེ་མེར་བ་ཞིག་མིན་ནའང་ཉོབ་སྣང་སྐྱེས་པའི་ཚད་ལ་ཐོན་ཡོད།
ཉེ་སྔོན་བཀའ་ཤག་གིས་དུས་དབང་ཕྱིར་འགྱངས་ཀྱི་གསལ་བཤད་དེ་བྱས་པ་ནས་བཟུང་ཡང་བསྐྱར་བརྒྱུད་ལམ་ཁག་ནས་བྱ་ཚང་ནང་ལ་རྡོ་འཕངས་པ་ལྟར་དུས་དབང་ཕྱིར་འགྱངས་ཀྱི་འབྱུང་རྐྱེན་ལ་གླེང་གཞི་འདྲ་མིན་གྱིས་སྒོ་ནས་གླེང་འགོ་བརྩམས་བྱུང་། ངས་ཀྱང་དུས་དབང་ཕྱིར་འགྱངས་ཀྱི་གསལ་བསྒྲགས་ནང་འགལ་ཅན་གཉིས་ལ་བལྟས་པས་༢༠༡༦ལོའི་དུས་དབང་ནི་མ་གཞི་ནས་ཆབ་སྲིད་ཀྱི་ལག་ཆ་ཞིག་དང་སྲིད་སྐྱོང་གི་འོས་ཤོག་སློང་བྱེད་ཅིག་ཡིན་པར་འདོད་སོང་།

༢༠༡༦ ལོའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཡིན་ལ་དེ་ནི་༢༠༡༤ ལོའི་ཟླ་༩ ཚེས་༢༤ ཉིན་རྡ་ས་ཐེག་ཆེན་གཙུག་ལག་ཁང་ནས་༢༠༡༦ ལོར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་གནས་མཆོག་རྡོ་རྗེ་གདན་ནས་དུས་དབང་ཐེངས་༣༤ གནང་རྒྱུའི་བཀའ་བཞེས་བཟང་བོ་ཐོབ་ཡོད་ཅེས་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་གསར་འགོད་གསལ་བསྒྲགས་གནང་སོང་ལ།
༢༠༡༥ ལོའི་ཟླ་༨ ཚེས་༣༡ ཉིན་སྲིད་སྐྱོང་གིས་ཡང་བསྐྱར་གསལ་བསྒྲགས་སྤེལ་ནས། འདི་ལོ་ནི་སྔར་དང་མི་འདྲ་བར་སྐུའི་གྱ་སྟོན་གྱི་མཛད་རིམ་དང་བརྟན་བཞུགས་སོགས་ཤིན་ཏུ་མང་བོ་བྱུང་བ་དང་། རིང་མིན་དབྱིན་ཡུལ་དང་ཨ་རི། རྒྱ་གར་ལྷོ་ཕྱོགས་སོགས་ན་མཛད་འཆར་ཤིན་ཏུ་མང་བོས་བཀའ་ཤག་ནས་བཀའ་བསྡུར་རིམ་པ་བྱུང་ནས་༢༠༡༦ལོའི་དུས་འཁོར་དབང་ཆེན་ལོ་གཅིག་ལ་ཕར་འགྱངས་བྱས་པ་ཡིན། དེ་ནི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་ཆོད་དགོངས་དོན་དང་། བསྟན་བདག་བླ་ཆེན་རྣམ་པས་ཉེ་ཆར་སྐུའི་གྱ་སྟོན་སྐབས་གསོལ་འདེབས་ཞུ་སྐུལ། དེ་བཞིན་མང་ཚོགས་ཁྲོད་ཀྱི་ཐུགས་ཁུར་ཅན་གཞིས་བཞུགས་ཁག་ཅིག་གིས་༧གོང་ས་མཆོག་གི་མཛད་འཆར་ཉུང་འཕྲི་དང་སྐུ་ངལ་གསོ་བའི་དུས་ཚོད་མང་ཙམ་ཡོང་ཐབས་སྐོར་ལ་ཡིག་ངག་གཉིས་ཐོག་ནས་ཞུ་མཁན་བྱུང་བ་བཅས་ལ་བརྟེན་ནས་བྱས་པ་ཡིན་ཞེས་གསུངས།

༢༠༡༦ ལོའི་ཟླ་༢ ཚེས་༥ ཉིན་བཀའ་ཤག་གིས་ཡང་བསྐྱར་དུས་དབང་ཕྱིར་འགྱངས་ཀྱི་ལབ་གླེང་གི་གསལ་བཤད་ཅེས་གསལ་བསྒྲགས་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྲིད་སྐྱོང་ལ་བཅར་འདྲི་སོགས་ཀྱི་སྐབས་སུ་དུས་དབང་ཕྱིར་འགྱངས་བྱེད་དགོས་དོན་ནི་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དྲུང་ཆེ་གཉིས་ཆེད་མངགས་ཏེ་༧གོང་ས་མཆོག་གི་སྐུའི་སྨན་བཅོས་ཆེད་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་ན་ལེགས་པའི་རྒྱུ་མཚན་བཀའ་ཤག་ལ་བཀའ་གནང་བ་ལྟར་བཀའ་ཤག་ནས་ཀྱང་མོས་མཐུན་བྱུང་སྟེ་དུས་དབང་ལོ་གཅིག་ལ་ཕྱིར་འགྱངས་བྱས་པ་ཡིན་ཞེས་བསྒྲགས་སོང་། གསལ་བསྒྲགས་ཕྱི་མ་འདིས་གསལ་བཤད་གང་ཡང་བྱེད་མ་ཐུབ་པ་མ་ཟད་མི་མང་རྣམས་དེ་ལས་ཀྱང་དོགས་པ་ཆེ་རུ་བཏང་ཡོད།

དུས་དབང་གནང་བའི་གསལ་བསྒྲགས་སྤེལ་ནས་ལོ་གཅིག་གི་རྗེས་ནི་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུའི་སྐབས་ལ་ཉེ་བ་དང་དུས་དབང་གི་སྐབས་ནི་ཏག་ཏག་དངོས་གཞི་འོས་མིའི་འགྲན་རྩོད་སྐབས་ལ་ཐོན་ཡོད། དུས་དབང་ཕྱིར་འགྱངས་ཀྱི་གསལ་བསྒྲགས་གཉིས་པའི་སྐབས་སུ་གསུངས་བ་བཞིན་དམིགས་བསལ་ཚོགས་ཆེན་གཉིས་པའི་གྲོས་ཆོད་ཀྱི་དགོངས་དོན་དང་འགལ་ནས་དུས་དབང་ཞུ་དགོས་པའི་རྒྱུ་རྐྱེན་ནི་དུས་དབང་གི་སྐབས་ཀྱི་གཏམ་བཤད་ཁག་གི་སྐད་ཆའི་ཕུགས་ནས་རང་ཉིད་ལ་འོས་ཤོག་རེ་སློང་འདོད་པ་དང་བོད་མི་དག་སྔ་མོ་ནས་ཆོས་དད་ཆེ་བས་དུས་དབང་ལ་བརྟེན་ནས་དམངས་སེམས་བཀུག་ནས་དུས་དབང་ནི་སྐབས་རྗེས་མའི་སྲིད་སྐྱོང་གི་རྐུབ་སྟེགས་སྒང་ནས་ལངས་བྱེད་ཀྱི་ལག་རྟེན་ལྟ་བུར་བྱེད་འདོད་པ་དེ་ཡིན།

དུས་དབང་ཕྱིར་འགྱངས་བྱེད་དགོས་པ་ལ་ཐུག་དུས་ཁོང་ཚོ་སྔོན་མ་ནས་མགོ་བདེ་དྲན་འཕྲུལ་གྱི་ལས་ལ་བྱང་ཆ་ཡོད་པས་རང་ཉིད་ཀྱི་གཡོ་རྒྱུ་དེ་འགེབས་ཆེད་རྫུན་རྒྱབ་རྫུན་ལངས་བྱས་ནས་གསལ་བསྒྲགས་མི་འདྲ་བ་གཉིས་སྤེལ། གསལ་བསྒྲགས་མི་འདྲ་བ་གཉིས་བྱུང་དགོས་པའི་རྒྱུ་རྐྱེན་ནི་ཉེ་སྔོན་ལོ་མ་གསར་སྔོན་ཏག་ཏག་ལ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཨ་རི་ནས་གཏམ་བཤད་ཅིག་གི་ནང་དུས་དབང་ཕྱིར་འགྱངས་ཀྱི་འབྱུང་རྐྱེན་རོབ་ཙམ་གསུངས་ནས་བཀའ་ཤག་གི་རྐུབ་ཕྱིར་མངོན་སྐབས་སྲིད་སྐྱོང་གིས་ཡང་བསྐྱར་གསལ་བཤད་ཅིག་བྱེད་པར་ཐུག་ཡོད་ལ་གསལ་བཤད་དེ་ནི་སྔོན་མའི་གསལ་བསྒྲགས་ལས་གནམ་ས་ལྟ་བུར་གྱུར་ཡོད།
གསལ་བསྒྲགས་སྔོན་མའི་ནང་དུ་བཀའ་ཤག་ནས་བཀའ་བསྡུར་རིམ་པ་བྱུང་ནས་དགའ་ལྡན་ཕོ་བྲང་ལ་སྙན་གསན་ཞུ་ནས་དུས་དབང་ཕྱིར་འགྱངས་བྱས་ཚུལ་བསྒྲགས་ཡོད་ལ། ཕྱི་མའི་ནང་དུ་དགའ་ལྡན་ཕོ་བྲང་ནས་མར་བཀའ་གནང་ནས་དུས་དབང་ཕྱིར་འགྱངས་བྱས་ཚུལ་གསུངས་ཡོད། རྐང་རྗེས་ལག་བསུབ་ལྟ་བུའི་འགལ་བ་འདི་གཉིས་ལས་ཤེས་ཐུབ་པ་ནི་དུས་འཁོར་དབང་ཆེན་ནི་རྐུབ་སྟེགས་ཁོ་ན་བསམ་པའི་རྡ་སའི་ཆབ་སྲིད་པ་མགོ་བདེ་དག་གིས་ལག་ཕྱིས་དང་ལག་རྟེན་བྱེད་འདོད་པ་དེའོ།།

ད་དུང་དྲ་ལམ་ཁག་ལ་ཐོན་པའི་དུས་དབང་ཕྱིར་འགྱངས་ཀྱི་འབྱུང་རྐྱེན་ནི་ཆུ་བཞི་སྒང་དྲུག་གསར་པས་༧གོང་ས་མཆོག་ལ་དུས་འཁོར་དབང་ཆེན་གྱི་སྐབས་སུ་བརྟན་བཞུགས་འབུལ་རྒྱུར་༧གོང་ས་མཆོག་གིས་ཀྱང་ཞལ་བཞེས་གནང་ཡོད་ན་ཡང་དུས་དབང་གི་སྦྱིན་བདག་ནི་བཀའ་ཤག་ཡིན་པས་བཀའ་ཤག་གིས་གོ་སྐབས་ཕུལ་རྒྱུ་མིན་སྐོར་གསུངས་པས་ཆུ་བཞི་སྒང་དྲུག་གསར་བས་བསྐྱར་དུ་དགའ་ལྡན་ཕོ་བྲང་ལ་སྙན་གསེང་ཞུས་ཏེ་སྐུ་སྒེར་དྲུང་ཆེན་རྣམ་པས་གྲོས་བསྡུར་གནང་མཐར་༧གོང་ས་མཆོག་ལ་ཞུས་སྐབས་༧གོང་ས་མཆོག་དགོངས་པ་འཚོམས་ཏེ་དུས་འཁོར་དབང་ཆེན་དེ་ཆབ་སྲིད་ཆགས་ཀྱི་འདུག་ལབ་ཀྱི་ཡོད་པ་རེད་ལ། ད་དངོས་གནས་ཆགས་ཡོང་གི་འདུག་ག
དེ་འདྲ་བྱས་ན། དུས་འཁོར་དབང་ཆེན་ཕར་འགྱངས་ཤོག་ཅེས་གསུངས་པས་དུས་དབང་ཕྱིར་འགྱངས་བྱས་པ་རེད་ཟེར་བཞིན་འདུག་པ་དེ་ནི་བཀའ་ཤག་གི་གསལ་བསྒྲགས་གཉིས་པ་ལ་བལྟས་ན་ཕར་ཆེར་བདེན་པ་ལྟ་བུར་སྣང་།

གང་ལྟར་བཀའ་ཤག་གིས་འོས་བསྡུ་ཐོན་ལ་ཉེ་སྐབས་༧གོང་ས་མཆོག་གི་སྐུ་ངལ་ལ་བསམ་བློ་མི་གཏོང་བར་དུས་དབང་ཞུ་དགོས་པ་དང་། ཚོགས་གཙོས་དུས་དབང་ཕྱིར་འགྱངས་ཀྱི་འབྱུང་རྩ་གླེང་དུས་བཀའ་ཤག་གིས་འགལ་བ་ལྟག་སྤྲོད་དུ་སོང་ཡོད་པའི་དུས་དབང་ཕྱིར་འགྱངས་ཀྱི་གསལ་བཤད་བྱས་པ། དེའི་རྗེས་ཏག་ཏག་ནས་སྲིད་སྐྱོང་གླེང་སྟེགས་གོ་སྒྲིག་ཚོགས་ཆུང་གིས་སྲིད་སྐྱོང་གི་འོས་མི་གཉིས་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པའི་ཐོག་ལ་སྲིད་སྐྱོང་བློ་སེང་མ་ཕེབས་པར་བགྲོ་གླེང་གྲོལ་དགོས་བྱུང་བ། ཨ་རིའི་ས་ཁུལ་ཁག་ནས་བགྲོ་གླེང་བྱེད་སྐབས་དྲི་བ་མེད་པར་བཏང་ནས་གཏམ་བཤད་ཀྱིས་དུས་ཚོད་རྫོགས་སུ་བཅུག་པ་སོགས་ཕྱོགས་ཡོངས་ལ་བལྟས་ཡོང་ན་དུས་དབང་ཕྱིར་འགྱངས་བྱེད་དགོས་དོན་དེ་ལ་གནད་འགག་ཆེན་པོ་ཞིག་འདུག་པས་ཆབ་སྲིད་ཀྱི་འཁྲབ་སྟངས་ཤིག་གིས་མི་མང་གི་མགོ་འཐོམ་དུ་འཇུག་མཁན་གྱི་ཆབ་སྲིད་པ་དེ་ནི་རྡ་སའི་འཁྲབ་སྟོན་པ་གྲགས་ཆེན་བསྟན་འཛིན་མེ་རིའི་ཀོ་དང་གཉིས་སུ་བྱར་མེད་པའོ།།

(བསྟན་འཛིན་མེ་རིའི་ཀོ་ནི་བུད་མེད་ཀྱི་རྣམ་པར་བརྫུས་པའི་ཕོ་གསར་ཞིག་གོ)

༢༠༡༦-༢-༡༩ ཉིན།

བསམ་ཚུལ།

Post navigation

Previous Post: ག་འདྲ་བྱས་ནས།
Next Post: བཙན་བྱོལ་བོད་མིའི་འོས་བསྡུའི་ནང་དུ་བཟང་སྤྱོད་དགོས་པའི་འབོད་སྐུལ།

Comments (10) on “དུས་དབང་ནི་མ་གཞི་ནས་ཁྱོད་ཀྱི་ལག་རྟེན་བྱེད་རྩིས་ཡོད།”

  1. གངས་ཕྲུག། says:
    2016-02-20 at 1:23 am

    ཚོགས་གཙོ་སྤེན་ཚེས་དུས་དབང་སྙོག་གླེང་སྐོར་གསལ་གསལ་དག་དག་ཤེས་ཚུལ་གྱི་མི་མང་ལ་མགོ་སྐོར་དང་བློ་སེང་ནག་པོ་བཟོ་རྒྱུའི་བསམ་ངན་ཁོག་སྐྱོངས་ཀྱི་རྫུན་གཏམ་དེ་ཉིན་མ་ཁ་ཤས་རྗེས་ནས་རྫུན་སྐུག་ཡོངས་སུ་དམར་རྗེན་དུ་སྟོན་ནས་སྤེན་ཚེ་ནི་ཧམ་ཆེན་དང་རྫུན་ཆེན་གྱི་མི་ཐལ་ཤ་ཅན་ཞིག་ཡིན་པར་ཟུར་གནས་རྣམས་ཀྱི་ངེས་ཤེས་རྙེད། ད་དུང་ཁོའི་རྒྱབ་སྐྱོར་བ་ཁྲེལ་དང་ངོ་ཚ་མེད་པའི་མི་ངན་ཁག་ཅིག་གིས་སྨྱོ་བཤད་དང་གཟའ་བཤད་ཀྱི་རྫུན་གྱི་འཁོར་ལོ་སྐོར་བཞིན་པ་འདི་དག་གིས་སྤེན་ཚེ་ལ་སྲིད་སྐྱོང་གི་མིང་ཙམ་ཡང་མི་འོས་པ་གསལ་པོ་ཆགས་སོང་། ད་ནི་སྤེན་ཚེ་དང་ཁོའི་རྒྱབ་སྐྱོར་བ་ཚོའི་བྱ་སྤྱོད་དམར་རྗེན་མ་དེ་ཐོན་ཡོང་གི་འདུག།།

  2. རྣམ་རྒྱལ། says:
    2016-02-20 at 3:49 am

    ད་རེས་ཀྱི་དུས་དབང་སྲིད་སྐྱོང་གི་འོས་ཤོག་གི་ཆེད་དུ་རེད་ཟེར་བ་ནི་བརྗོད་རྒྱུ་ཕངས་བའི་གཏམ་ལས་ཅི། མ་གཞི་དུས་དབང་ཕྱི་འགྱངས་ཐད་བློ་སེང་གིས་ནག་ཉེས་བཟོས་ཡོད་ན་ཤོད་འོས་ཀྱང་། བཀའ་ཤག་གིས་དུས་དབང་བཀོད་སྒྲིག་བྱས་པ་བློ་སེང་གི་འོས་ཤོག་གི་ཆེད་དུ་རེད་ཟེར་བ་ནི་རྒྱུ་མཚན་མེད་པའི་ཚོད་དཔག་དང་ཕྲག་ཏོག་གི་གཏམ་ལས་གཞན་དུ་ཅི། གཞན་སྲིད་སྐྱོང་འོས་མི་སྤེན་ཚེ་ལ་ནག་ཉེས་ཡོད་མེད་གང་ཡིན་ཡང་གཙང་མ་བཟོ་དཀའ་བའི་ཉེས་འཛུགས་ཡོད་ལ་མིག་མཐོང་ལག་ཟིན་ལ་ཁ་ཉེས་ཀྱང་དུ་མ་ཞིག་ཁུར་ཡོད། ད་དུང་བློ་སེང་ལ་སྐྱོན་འཛུགས་ཀྱི་རྒྱུད་རིམ་ནས་ནག་ཉེས་རི་འདྲ་བ་དུ་མ་མི་འདོད་བཞིན་དུ་ཕྲག་སྟེང་དུ་བབས་ཡོད། ཁ་ཤས་ཀྱིས་སྲིད་སྐྱོང་འོས་མི་གཉིས་ཀས་ནག་ཉེས་བཟོས་ཡོད་འདོག་འདོག་གི་རྣམ་འགྱུར་སྟོན་པ་ནི། སྤེན་ཚེའི་རྒྱབ་བསྐྱོར་བ་ཚོས་སྤེན་ཚེ་ལ་རྒྱལ་ཁ་མ་ཐོབ་ན་བློ་སེང་ཀྱང་ཐར་པ་བཏང་མི་འདོད་པའི་ཕྲག་ཏོག་གིས་སྦྱོར་བ་ཞིག་རེད། བློ་སེང་གིས་རང་ལ་ཉེས་འཛུགས་ཡོད་ཚད་འཛམ་གླིང་མི་མང་གི་མདུན་དུ་རྒྱུ་མཚན་དང་བཅས་གཙང་མ་བཟོས་ཟིན་ཀྱང། ད་དུང་ཅི་ཡོད་འདོག་འདོག་བྱེད་པ་ནི་གང་རེད་ཟེར་དུས་སྟོན་རྒྱུ་མེད་པའི་ཨ་ཁུའི་རྟ་སྒྲོ་རང་རེད། དུས་དབང་ཐད་ཀྱི་གསལ་བསྒྲགས་སྔ་ཕྱི་གཉིས་ཀར་༧གོང་ས་མཆོག་གི་སྐུའི་འཕྲོད་བསྟེན་ཀྱི་ཆེད་དུ་ཡིན་པར་གསལ་ཡོད་པ་གཅིག་མཚུངས་རེད། གཞན་དང་པོའི་གསལ་བསྒྲགས་སྐབས་བཀའ་ཤག་གིས་ཡར་ཞུས་པར་འཁོད་པ་དང་།རྗེས་ཀྱི་གསལ་བཤད་སྐབས་ཡིག་ཚང་ནས་མར་བཀའ་གནང་བ་ཞིག་ཡིན་པར་འཁོད་པའི་མི་མཐུན་པ་གཉིས་ཀྱི་ཐད་བཀའ་ཤག་གི་གསལ་བསྒྲགས་རྗེས་མ་༢༠༡༦ ཕྱི་ཟླ་ ༢ཚེས་༥ཉིན་གནང་བ་དེ་ནང་རྒྱུ་རྐྱེན་དང་བཅས་གསལ་འདུག་པས་དེ་རུ་གཟིགས་པར་མཛོད། གཞན་ཆུ་སྒང་གིས་ཡར་ཞུས་པ་དང་༧གོང་ས་མཆོག་དགོངས་པར་འཚོམས་པ་རེད་ཟེར་བ་དེ་ཚོ་དང་པོ་སྤྱི་ཚོགས་ནང་བཀྲམ་མཁན། ཤ་ཁུག་དང་། ཟླ་ཕུན། སྤེན་ཚེ་སོགས་ཡིན་པས་དེ་ཚོ་ལ་དྲིས་ན་དགེ་མཚན་ཆེ། ཁོ་ཚོས་ཟླ་ཚེས་དང་བཅས་གསལ་པོ་བཤད་གནང་གི་རེད། ེ

  3. ཅང་ཤེས་རྟ་མཆོག says:
    2016-02-20 at 5:51 am

    བཀའ་ཤག་གིས་འོས་བསྡུ་ཐོན་ལ་ཉེ་སྐབས་༧གོང་ས་མཆོག་གི་སྐུ་ངལ་ལ་བསམ་བློ་མི་གཏོང་བར་དུས་དབང་ཞུ་དགོས་པ་དང་། ཚོགས་གཙོས་དུས་དབང་ཕྱིར་འགྱངས་ཀྱི་འབྱུང་རྩ་གླེང་དུས་བཀའ་ཤག་གིས་འགལ་བ་ལྟག་སྤྲོད་དུ་སོང་ཡོད་པའི་དུས་དབང་ཕྱིར་འགྱངས་ཀྱི་གསལ་བཤད་བྱས་པ། དེའི་རྗེས་ཏག་ཏག་ནས་སྲིད་སྐྱོང་གླེང་སྟེགས་གོ་སྒྲིག་ཚོགས་ཆུང་གིས་སྲིད་སྐྱོང་གི་འོས་མི་གཉིས་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པའི་ཐོག་ལ་སྲིད་སྐྱོང་བློ་སེང་མ་ཕེབས་པར་བགྲོ་གླེང་གྲོལ་དགོས་བྱུང་བ། ཨ་རིའི་ས་ཁུལ་ཁག་ནས་བགྲོ་གླེང་བྱེད་སྐབས་དྲི་བ་མེད་པར་བཏང་ནས་གཏམ་བཤད་ཀྱིས་དུས་ཚོད་རྫོགས་སུ་བཅུག་པ་སོགས་ཕྱོགས་ཡོངས་ལ་བལྟས་ཡོང་ན་དུས་དབང་ཕྱིར་འགྱངས་བྱེད་དགོས་དོན་དེ་ལ་གནད་འགག་ཆེན་པོ་ཞིག་འདུག་པས་ཆབ་སྲིད་ཀྱི་འཁྲབ་སྟངས་ཤིག་གིས་མི་མང་གི་མགོ་འཐོམ་དུ་འཇུག་མཁན་གྱི་ཆབ་སྲིད་པ་དེ་ནི་རྡ་སའི་འཁྲབ་སྟོན་པ་གྲགས་ཆེན་བསྟན་འཛིན་མེ་རིའི་ཀོ་དང་གཉིས་སུ་བྱར་མེད་པའོ།།

  4. ཁ་བ་ཚང་། says:
    2016-02-20 at 11:30 am

    ང་སྤེན་ཚེ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཀྱང་། བློ་སེང་གི་རྒྱབ་སྐྱོར་བ་ཚོས་བྱེད་སྟངས་སྤྱོད་པ་ལ་བལྟས་ན་སྤེན་ཚེ་ལ་མ་ཐོབ་ན་ལེགས། གང་ཡིན་ཟེར་ན། སྤེན་ཚེ་སྲིད་སྐྱོང་ཆགས་ན་གཞན་པ་ད་གཡུགས་ཞོག ཁོང་གི་ཚེ་སྲོག་ལ་ཉེན་ཁ་ཆེ། ཕྱག་ལས་གྲུབ་འབྲས་ཐོནཔ་གནང་ཐུབ་ཡ་ནི་ཕ་རི་སྤང་རྒྱན་རེད། གྲོས་ཚོགས་ནང་རྙོག་གྲ་ཆེད་དུ་བཟོ་རྒྱུ་དང་ཉེས་མེད་སྐྱོན་འདོགས་བྱ་རྒྱུ་ནི་ངེས་པ་རེད། གདན་སའི་ཆོས་རའི་ནང་། ཡིན་པ་མིན་པར་སྒྲུབ་པ་དང་། མིན་པ་ཡིན་པར་སྒྲུབ་པའི་རིགས་ལམ་ཞིག་ཡོད་པ་བློ་སེང་གི་རྒྱབ་སྐྱོར་བ་ཚོས་སྔོན་མ་ནས་མཁྱེན་ཡོད་པ་རེད།

  5. ལྷ།བྱ་འཕུར་མ། says:
    2016-02-20 at 2:35 pm

    ད་ནི་ཐང་ཆད་སོང་།

  6. ལུང་ཤོར། says:
    2016-02-20 at 9:04 pm

    ཚེ་སྲོག་ལ་ཉེན་ཁ་ཡོད་ན་སྤེན་ཚེ་མ་འཐོབ་ན་བཟང་གི་་་་་ཧམ་ཆེན་གྱིས་མྱི་གསོད་ཐག་ཆོད་རེད།

  7. ཀརྨ་བློ་གསལ་ says:
    2016-02-20 at 9:27 pm

    སྤེན་ཚེ་ལགས་ར་བཟི་ནས་མ་ཤི་ན་གསོད་མཁན་ཡོག་མ་རེད། ཡིན་ནའི། རྙིང་མའི་བླ་མ་ཞིག་བསད་པའི་དོགས་གཞི་ཡོད་པས། དཔལ་ལྡན་རྙིང་མ་བའི་ཆོས་སྐྱོང་སྲུང་མས་ཅི་བྱེད་མི་ཤེས།

  8. འཇིགས་བྲལ། says:
    2016-02-22 at 1:33 pm

    དུས་དབང་གི་སྐོར་ལ་ཚིག་འགའ་ཞུ་འདོད་བྱུང་། དེ་ཡང་དྲི་བ་རེ་གཉིས་ཡིན།

    ༡ ༧རྒྱལ་བ་རིན་པོ་ཆེས་དུས་དབང་བློ་སེང་ལ་དགོངས་པ་འཁྲུག་ནས་ཕྱིར་འགྱངས་མ་ཡིན་པར་ཕྱིར་གནང་བ་རེད་ཟེར་གྱི་འདུག ཕྱིར་འཐེན་ཡིན་ན་ལོ་རྗེས་མར་བཀའ་ཤག་གིས་ཞུས་པའི་དུས་དབང་ཡོད་མི་སྲིད་པ་ཞིག་ལ། ལོ་རྗེས་མར་བཀའ་ཤག་གིས་ཞུས་པའི་དུས་དབང་གནང་གཏན་འཁེལ་ཡོད་པས་དེ་ལ་འགྲེལ་བཤད་གང་འདྲ་གནང་གི་ཡོད་རེད།

    ༢ ༧རྒྱལ་བ་རིན་པོ་ཆེས་དུས་དབང་བློ་སེང་ལ་དགོངས་པ་འཁྲུག་ནས་ཕྱིར་འཐེན་གནང་བ་རེད་ཟེར་དུས། ང་ནི་ཧ་ལས་ཧོན་འཐོར་གྱི་འདུག གང་ཡིན་ཟེར་ན། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ནང་གི་བོད་མི་གཙོ་བོ་བྱས་པའི་འཛམ་གླིང་ཡུལ་གྲུ་ཁག་ནས་དུས་དབང་ཞུ་བར་བཅར་མཁན་རྒྱལ་ཁབ་མང་པོའི་ཕྱི་ནང་གི་དད་ལྡན་མི་མང་འབུམ་ཕྲག་གི་བརྡབ་གསིག་ལ་དགོངས་པ་མ་བཞེས་པར། བློ་སེང་ལ་དགོངས་པ་འཚོམས་ཐེངས་གཅིག་ལ་མི་མང་ཧ་ཅང་མང་པོ་ཞིག་གི་དད་པ་དང་། རེ་བ་སྣང་མེད་བཏང་བ་ཞིག་ཆགས་ཀྱི་ཡོད་དུས། འདི་འདྲ་གང་དྲན་ལབ་བསྡད་མཁན་གྱི་མི་འདི་རིགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་མཆོག་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ན་བསམ་གྱི་འདུག

    ༣ ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་དབང་སྨན་བཅོས་ཆེད་ཕྱིར་འགྱངས་གནང་བ་ཡིན་གསུངས་དང་གསུང་བཞིན་དུ། ད་དུང་དེ་མ་རེད་མདོག་མདོག་བཤད་ཡོང་མཁན་འདིའི་རིགས་ཀྱིས་མཐར་གཏུག་ན་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཞལ་རྫུན་གནང་བ་རེད་ཟེར་གྱི་ཡོད་རེད། སྐབས་འདིར་ཁ་ནམ་གྲག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལ་ཤར་བསྐྱོད་ཡིན་ཟེར་བ་འདི་དག་ཐམས་ཅད་ལ་དོགས་པ་རང་བཞིན་གྱི་ཟ་བ་ཞིག་རེད་མི་འདུག་པས། འདི་དག་ནི་སེམས་བསམ་པའི་གཏིང་གི་དོགས་འདྲི་ཡིན།
    ༤ ༧རྒྱལ་བ་རིན་པོ་ཆེ་མཆོག་བློ་སེང་ལ་དགོངས་པ་འཚོམ་དོན་ཡང་གཞུང་འབྲེལ་ངོས་ལེན་མེད་པའི་ཚོགས་པ་ཞིག་གི་དོན་དག་ལ་རེད་ཟེར་གྱི་འདུག ༧རྒྱལ་བ་རིན་པོ་ཆེ་མཆོག་སྐུ་དངོས་ཀྱིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བའི་སྐབས་ངོས་ལེན་མི་བྱེད་རྒྱུ་གྲོས་ཚོགས་ཀྱི་གྲོས་ཆོད་ལ་༧རྒྱལ་བ་རིན་པོ་ཆེ་སྐུ་དངོས་ཀྱིས་གཞུང་འབྲེལ་མཚན་རྟགས་སྐྱོན་ནས་ཐག་བཅད་པའི་ཚོགས་པ་ཞིག་གི་ཆེད་དུ་འདི་ལྟར་གནང་བ་རེད་ཟེར་དུས། ད་བས་ཀྱང་ཧ་ལས་ཧོན་འཐོར་གྱི་འདུག དཱ་དངོས་གནས་བསམ་བློ་ཡག་པོ་ཞིག་གཏོང་དགོས་ས་མ་རེད་པས།

  9. ལྷ་སྲས་དར་མ། says:
    2016-02-23 at 9:06 am

    གཏམ་མདའ་འདྲ་བ་ཞིག་འཇིག་བྲལ་གྱིས་བཤད་འདུག་མི་སུ་ལ་རྒྱབ་སྐྱོར་གནང་ཡང་རང་འདོད་རེད་མོད། ཡིནའང་གོང་ས་མཆོག་ད་བར་བྱང་ཆུབ་སེམས་ཉམས་ལེན་གནང་མཁན་ཞིག་གནས་དོན་ཆུང་ཙག་དེ་འདྲ་ཞིག་ལ་ཐུགས་དགོངས་ཚོམ་པ་རེད་ཟེར་བ་དེ་ཁམ་བུ་ཟ་འདོད་མ་རེད་ཁམ་སྡོང་བཅག་འདོད་རེད་ཟེར་བ་བཞིན་བློ་སེང་ལ་སྐྱོན་འཛུགས་མིན་པ་གོང་ས་མཆོག་ལ་སྐུར་འདེབས་རི་ལས་ལྗིད་པ་ཞིག་བྱས་འདུག གནས་ཚུལ་དེ་ཚོ་ཕྱི་རྒྱལ་བ་གོང་ས་མཆོག་བྱངས་ཆུབ་སེམས་པར་བརྩི་མཁན་དེ་ཚོའི་རྣ་ལམ་དུ་ཕྱིན་སོང་ན། བློ་སེང་ལ་གནོད་དམ་གོང་ས་མཆོག་གི་མཚན་མཐོང་གནོད། ད་རེས་འོས་བསྡུ་ལས་རིམ་འདིའི་སྐབས་གོ་ས་མཆོག་ལ་ཁ་གཏོང་མཁན་ངོ་མ་དེ་ཀླུ་བྱམས་མ་ཡིན་པ་མི་དེ་དྲས་ཡིན་པ་དོན་ལ་གནས།

  10. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-02-23 at 9:56 am

    ད་ནི་ངོ་མ་མགོ་ན་ཀི་ཡ་་་་་་རྙོག་གླེང་དག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme