Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་དབང་ཐེངས་༣༤པའི་གོ་སྒྲིག་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས།

Posted on 2017-01-042017-01-04 By ཁ་བརྡ་ 1 Comment on དུས་དབང་ཐེངས་༣༤པའི་གོ་སྒྲིག་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས།

འཇམ་དཔལ་གྱིས་བརྒྱུད་གཏོང་བྱས།
 

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༤ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བའི་ནང་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གཉིས་དབུ་བཞུགས་ཐོག གཞུང་དང་གཞུང་འབྲེལ་མིན་པའི་ཕྱི་ནང་གི་གསར་འགོད་པ་འདུ་འཛོམས་ཀྱིས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་གསུང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དབུ་འཛུགས་མཛད་ནས་སློབ་མ་རྗེས་འཛིན་དང་ས་ཆོག ས་གར་སོགས་གྲུབ་ཟིན་པ་དང་། སང་ཉིན་ཕྱེད་ཡོལ་ནས་སྔོན་འགྲོའི་གསུང་ཆོས་ལ་སྤྱོད་འཇུག་ཆེན་མོ་དང་། སྒོམ་རིམ་བར་པའི་གསུང་ཆོས་བསྩལ་རྒྱུ། དེ་རྗེས་དུས་འཁོར་དབང་ཆེན་གྱི་སྟ་གོན་སོགས་དབང་ཆེན་བང་སྒྲིག་ཏེ་འགྲོ་རྒྱུ་རེད། ངས་རྒྱས་པ་ཞུས་མ་དགོས་པར་ང་ཚོའི་མཛད་རིམ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གཟིགས་ཐུབ་རྒྱུ་ཡོད་པ་མ་ཟད་ཕྱོགས་གང་སར་ཡོད།

kal_1051-1

དེ་རིང་འདིར་དམིགས་བསལ་ཞུ་རྒྱུར། ཐེངས་འདིའི་དུས་དབང་འདི་བཞིན་བོད་མིའི་སྒྲིག་འཛུགས་དང་ཡོན་བདགཉི་ཤུ་རྩ་གྲངས་ཤིག་མཉམ་རུབ་ཞུས་ཡོད་པ་དང་དེའི་ཆེད་ཚོགས་ཆུང་ཟུར་འཛུགས་ཞུས་ཡོད། ད་བར་གྲ་སྒྲིག་ཆ་ཚང་ཐོག་མའི་འཆར་གཞི་ལྟར་ཡག་ཐག་ཆོད་དཀའ་ངལ་མེད་པའི་ཐོག་ཕྱིན་ཡོད། ཐེངས་འདིའི་གྲ་སྒྲིག་ཐོག་ཕྱོགས་གང་ས་ནས་གྲ་སྒྲིག་པོ་ཡོང་དགོས་དོན་ནི་རྒྱ་གར་གྱི་མངའ་སྡེ་གཞུང་དང་ས་གནས་རྫོང་ལས་ཁུངས་ནས་མི་ཆའི་མཐུན་རྒྱུར་ཙམ་མིན་པར་འགྲོ་གྲོན་ཕོན་ཆེ་བཏང་སྟེ་མཉམ་རུབ་ཞུས་ཡོད། དེར་བརྟེན་ངས་བོད་མིའི་སྒྲིག་འཛུགས་དང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་བསྔགས་བརྗོད་ཞུ་རྒྱུ་ཡིན། ཐེངས་འདིའི་དུས་དབང་ཐོག་བོད་ནས་ཆོས་ཞུ་བ་མང་པོ་ཞིག་ཕེབས་འདོད་ཡོད་ཀྱང་ཕེབས་ཐུབ་མེད་པ་དང་། ཁག་གཅིག་ཕེབས་ཐུབ་ཡོད་ཀྱང་དུས་བཀག་གཅིག་གི་ནང་ཕྱིར་ལོག་བྱེད་དགོས་པའི་གནས་སྟངས་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ལུགས་བཤད་ཀྱི་ཡོད་ཀྱང་། སོ་སོའི་དད་པ་ཡོད་སའི་བླ་མའི་དྲུང་ནས་ཆོས་ཞུས་མ་བཅུག་པ་དང་ཁོང་གི་སྐུ་པར་ཉར་མི་ཆོག་སྟབས། ཆོས་དད་རང་དབང་ཡོད་ལུགས་ཤོད་བཞིན་པ་དེ་དྲི་རྟགས་ཀྱི་རང་བཞིན་ཞིག་ཆགས་ཡོད། བོད་མིར་དམ་བསྒྲགས་དང་བཀག་སྡོམ་བྱེད་རྒྱུ་དེ་དག་རྒྱ་ནག་དབུས་གཞུང་དང་ས་གནས་གཞུང་རང་གི་སྲིད་བྱུས་ཡིན་མིན་ཞིབ་ཕྲ་ཞུས་དཀའ་ཡང་། གང་ལྟར་འདི་ལྟར་བྱེད་རྒྱུ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། དེར་ང་ཚོར་ཧ་ཅང་བློ་ཕམ་ཡོད་ཅེས་ཞུ་རྒྱུ་ཡིན།

གནད་དོན་གཞན་ཞིག་ནི་རྒྱ་གར་གཞུང་ནས་དངུལ་ལོར་གྱི་ཐོག་དམ་བསྒྲགས་བྱེད་རྒྱུ་སྟབས་འཁེལ་བར་བརྟེན། མང་པོ་ཞིག་གིས་དེ་རྐྱེན་པས་དུས་དབང་ཚུགས་ཐུབ་མིན་དང་གྲ་མ་སྒྲིག་པ་ཡོང་རྒྱུའི་ཐོག་དྲི་བ་འདྲི་མཁན་དང་དགོངས་ཚུལ་ཡོད་མཁན་བྱུང་ཡོད། དེ་རིང་འདིར་གསལ་པོར་ཞུ་རྒྱུ་ཞིག་ལ་དུས་དབང་འཚོགས་རྒྱུ་དང་གྲ་སྒྲིག་ཞུ་རྒྱུར་དངུལ་ལོར་གྱི་རྐྱེན་པས་དཀའ་ངལ་ཆེ་བ་རིགས་གང་ཡང་བྱུང་མེད། ལས་དོན་ཆ་ཚང་འཆར་གཞིའི་ཐོག་འགྲོ་ཐུབ་པ་བྱུང་སོང་། གཉིས་ནས་མངའ་སྡེ་གཞུང་ནས་ཆོས་ཞུ་བ་ཚོར་དངུལ་འདོན་རྒྱུའི་མཐུན་རྐྱེན་སྦྱར་ཆེད་དངུལ་ལེན་འཁྲུལ་འཁོར་ཉི་ཤུ་ཐམ་པ་ཟུར་འཛུགས་གནང་བ་ཙམ་མ་ཟད། འཁྲུལ་འཁོར་དེ་དག་གི་ནང་དངུལ་ལོར་འབོལ་པོ་ཡང་འདུག དེར་བརྟེན་དམིགས་བསལ་དཀའ་ངལ་ཆེ་བ་བྱུང་མེད། མི་མང་ངོས་ནས་ཀྱང་དེའི་ཐོག་དཀའ་ངལ་ཡོད་པའི་རྣམ་འགྱུར་ཆེ་བ་ཡོང་གི་མི་འདུག ཅེས་ཞུ་འདོད་བྱུང་།

དེ་རིང་འདིར་གསར་འགྱུར་བརྒྱུད་ལམ་གྱི་མི་སྣ་མང་པོ་ཞིག་ཕེབས་ཡོད་པར་བརྟེན། གསར་འགྱུར་ཙམ་མིན་པར་མང་ཚོགས་ལ་བརྒྱུད་ལམ་འདིའི་བརྒྱུད་དམིགས་བསལ་འབོད་སྐུལ་དོན་ཚན་གསུམ་ཞུ་འདོད་བྱུང་།

༡༽ ང་ཚོས་གང་ས་ཅི་ཐད་ནས་གྲ་སྒྲིག་རྒྱ་ཆེ་ཞུས་ཡོད། གུར་དང་ཤིང་ཁང་སོགས་མང་པོ་གྲ་སྒྲིག་ཞུས་ཡོད་པ་མ་ཟད། དེ་ཚོའི་ནང་གློག་དེ་དག་གྲ་རྒྱས་པོ་བཙུགས་ཡོད་སྟབས། དེ་ཚོའི་ནང་མེ་སྐྱོན་གྱི་ཉེན་ཁ་ཡོད། དེ་བཞིན་བྷི་ཧར་མངའ་སྡེ་གཞུང་ནས་ཀྱང་འདས་པའི་ཉམས་མྱོང་ལ་གཟིགས་ཏེ་ཉེན་ཁ་ཡོད་ལུགས་བཀའ་གསལ་ཕེབས་པ་ལྟར། ང་ཚོ་ངོས་ནས་མཐུན་རྐྱེན་གང་ཐུབ་སྦྱར་ཡོད་ཀྱང་མི་མང་མི་རེ་ངོ་རེ་ནས་དེ་དོན་དོགས་ཟོན་དང་སྤྱང་གྲུང་གནང་རྒྱུ་གལ་ཆེན་པོ་ཡིན།

༢༽མང་ཚོགས་ཁྲོད་གཏམ་འཆལ་དང་དཀྲོག་གཏམ། དཀྲུག་ཤིང་བྱེད་མཁན་ཡོང་སྲིད་སྟབས། མི་མང་རྣམས་དབུ་མ་འཁོར་བར་ལམ་སེང་ཡིད་ཆེས་མ་གནང་བར་བརྟག་དཔྱད་གནང་རྒྱུ་གལ་ཆེན་པོ་རེད། ལྷག་པར་ཆེད་དུ་གཉེར་ནས་དཀྲོག་གཏམ་རིགས་བཟོ་མཁན་དོགས་གཞི་ཡོད་ན་འབྲེལ་ཡོད་ལས་ཁུངས་སོ་སོའི་ལས་བྱེད་ལ་སྙན་སེང་ཞུ་རྒྱུ་གལ་ཆེན་པོ་རེད། གང་ལ་ཞེ་ན། སྐུ་ཕྱྭའི་སྲུང་སྐྱོབ་དང་མི་མང་གི་བདེ་འཇགས་ཀྱི་འགན་ནི་ང་ཚོ་ཚང་མར་འཁྲི་ཡོད་སྟབས་ཚང་མས་སྐུ་སྲུང་གི་འགན་འཁུར་ཐུབ་ན་ཡག་པོ་འདུག ཅེས་འབོད་སྐུལ་འཕར་མ་ཞིག་ཞུ་རྒྱུ་ཡིན།

༣༽ དུས་འཁོར་དབང་ཆེན་གྱི་རིང་གྱི་༸སྐུ་མདུན་གྱི་ཚེ་སྒྲུབ་དང་ཆོས་ཞུ་བ་རང་ཉིད་ཀྱི་ཚོགས་བསོད་ནམས་གསོག་ཆེད་སོ་སོའི་ངོས་ནས་དཀར་སྐྱོང་གནང་རོགས། ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་གྲུབ་མཚམས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཧིན་སྐད་དང་ཨིན་སྐད་ཐོག་གོང་གི་གནད་དོན་ཁག་གསུངས་གྲུབ་བསྟུན། གསར་འགོད་པ་རྣམས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།

གསར་འགྱུར།

Post navigation

Previous Post: རྐང་པའི་རྡོ་ལེབ།
Next Post: ཆོས་བརྒྱུད་ཆེན་པོའི་ནང་གི་ཆེན་པོ།

Comments (1) on “དུས་དབང་ཐེངས་༣༤པའི་གོ་སྒྲིག་ཚོགས་ཆུང་གི་གསར་འགོད་ལྷན་ཚོགས།”

  1. ཀརྡོ་རབ་འབྱམས་པ་ says:
    2017-01-04 at 3:34 pm

    ་་་་་་་་་་ རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ལུགས་བཤད་ཀྱི་ཡོད་ཀྱང་། སོ་སོའི་དད་པ་ཡོད་སའི་བླ་མའི་དྲུང་ནས་ཆོས་ཞུས་མ་བཅུག་པ་དང་ཁོང་གི་སྐུ་པར་ཉར་མི་ཆོག་སྟབས། ཆོས་དད་རང་དབང་ཡོད་ལུགས་ཤོད་བཞིན་པ་དེ་དྲི་རྟགས་ཀྱི་རང་བཞིན་ཞིག་ཆགས་ཡོད། ་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (73)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme