Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་དབང་གི་རྡོ་རྗེ་སློབ་དཔོན།

Posted on 2014-07-032014-07-03 By ཁ་བརྡ་ 14 Comments on དུས་དབང་གི་རྡོ་རྗེ་སློབ་དཔོན།

ནམ་མཁའ།

khalachakaraརིང་ནས་འདྲིས་བའི་སྙིང་རྗེ་ཆབ་རོལ་གྱིས།།
རང་བདེ་དོན་གཉེར་ཡིད་ཀྱི་མེ་དཔུང་བཅོམ།།
ཟབ་མོ་རྟེན་འབྱུང་གཟིགས་པས་ཤེས་རབ་ཀྱིས།།
སེམས་ཀྱི་རྟོག་པའི་སྤྲོས་བའི་དྲ་བ་བཅད།།

ཟས་གཙང་སྲས་ཀྱི་གདུལ་བྱ་མ་གྱུར་བའི།།
མངོན་གྱུར་རྟགས་ལས་ལྐོག་གྱུར་མི་འདོད་ཡང་།།
རྟེན་འབྱུང་རིག་པའི་རྟགས་ཀྱི་མེ་ལྕེ་ཡིས།།
ལྐོག་གྱུར་རས་གཞི་གཡོགས་པ་ཡོངས་སུ་བསྲེགས།།

ནམ་ཞིག་ཁྱོད་ཀྱི་སྐུ་གཟུགས་མཐོང་བར་གྱུར་བའི་ཚེ།།
ཚེ་འདིའི་ལུས་སེམས་སྡུག་གིས་མནར་བའི་ཕུང་པོ་འདི།།
འདི་ཞེས་ངོས་འཛིན་དཀའ་ཡང་ལུས་སེམས་དགའ་བདེ་ཟིན།།
ཟིན་པའི་ལུས་སེམས་དད་པའི་སྤུ་ལོང་ཆུ་འཛིན་གཡོ།།

འབྱོར་བའི་མི་དམན་ནང་གི་སྡུག་ལས་གྲོལ་བའི་ཐབས།།
ཐབས་ཀྱི་མཆོག་གྱུར་སྦྱིན་མཁས་ཤེས་པའི་དབང་པོ་མཆོག།
མཆོག་ཏུ་གྱུར་བའི་སྐྱེ་བོ་ཁྱེད་ལས་སྐྱབས་བཟང་གཞན།།
གཞན་གྱི་ཞིང་ཀུན་འབད་པས་བཙལ་ཡང་ཅི་ལྟར་རྙེད།།

གཞན་ཕན་སྙིང་རྗེ་སྤྲིན་དཀར་གཡོ་བའི་མཁའ་ཡི་ལམ།།
ལམ་གྱི་མཆོག་གྱུར་བདེ་སྡུག་འདོད་དང་མི་འདོད་ཀུན།།
ཀུན་གྱི་འདོད་བདེ་ཆར་ལ་རེ་བའི་པད་མོ་བཞིན།།
བཞིན་གྱི་འདབ་མ་བཞད་ལ་སྦྲང་ཆར་མཁའ་ལས་གཏོར།།

སྡུག་ལྡན་སུ་ཡིས་མཐོང་ཡང་ཁྱེད་སྐུ་མཆོག་མཆོག་གྱུར་ཞལ་རས་འཛུམ་པའི་པད་མོ་ལ།།
དོན་གཉེར་རྐང་དྲུག་ཚོགས་ཀྱིས་ལྕེ་ཡིས་མྱོང་མྱོང་བའི་སེམས་སུ་བདེ་བའི་ཡོངས་ཟིན་པས།།
ཉི་འོད་ཕོག་པའི་མེ་ཏོག་ཀུ་མུད་བཞིན་བཞིན་གྱི་མིག་ཟུང་བཙུམ་ནས་སོར་མོ་སྙིང་གར་སྦྱར།།
ཁྱེད་ཀྱི་རྟེན་འབྲེལ་ཟབ་མོའི་གསུང་གི་དབྱངས་དབྱངས་ཀྱི་ང་རོའི་འཁོར་ལོས་འཁོར་ལས་སྐྱབས།།

རབ་ཏུ་དྭངས་བའི་སེམས་ཀྱིས་བཏུང་བའི་ཆོས་ཆོས་ཀྱི་བཀྲེས་བའི་སློང་མོ་དབུལ་བོ་དག།
སྦྱིན་བདག་མཐོང་ནས་འཛུམ་གྱིས་འདུས་བ་ཀུན་ཀུན་མཁྱེན་རིག་པའི་མཛོད་ཀྱི་སྒོ་མོ་ལས།།
ལྟ་སྤྱོད་སྦྱིན་པས་སེམས་ཅན་ཀུན་གྱི་ཡིད་ཡིད་དང་ཚིམ་པས་འབྲུ་དྲུག་སྙེ་མ་བཞིན།།
མགོ་བོ་དུལ་དེ་ལུས་སེམས་རབ་ཏུ་ཚིམ་ཚིམ་པའི་སེམས་ཀྱིས་བདེ་བའི་ལམ་དུ་ཞུགས།།

རིག་གསར་སྟོང་ཕྲག་མང་བོའི་རྣམ་དཔྱོད་བློ་བློ་ཡིས་རྟེན་འབྱུང་ཟབ་མོའི་འཇིག་རྟེན་ཡང་།།
རྒྱུ་དང་རྐྱེན་ལས་གྲུབ་པར་རིག་པས་བསྟན་བསྟན་པའི་སྙིང་པོ་ལྟ་བའི་ཤེས་རབ་ཀྱིས།།
མཁའ་ཡི་འཇའ་ཚོན་བཞིན་དུ་མ་འདྲེས་སོ་སོར་གཟིགས་གཟིགས་པའི་བློ་ཡང་ཉི་འོད་བཞིན།།
ཕྱོགས་སུ་མ་ཆད་ཡོངས་སུ་ཁྱབ་ཁྱབ་པའི་ཐུགས་ཀྱིས་འགྲོ་དྲུག་ཀུན་ལ་རྟག་ཏུ་གཟིགས།།

སྤྱོད་པའི་རླབས་ཆེན་ཆལ་ཆིལ་གཡོ་བའི་སེམས་སེམས་ཀྱི་གཏེར་ཁ་རིན་ཆེན་སྙིང་རྗེ་མཆོག།
མཆོག་དམན་འགྲོ་བ་ཀུན་ལ་སྙིང་ནས་བརྩེ་བརྩེ་བའི་ཐུགས་ཀྱིས་སྦྱིན་པའི་གདམས་པའི་དོན།།
དོན་གྱི་དགོངས་པ་ཐུབ་པའི་ལུགས་ལ་གཉིས་སུ་གྲགས་གྲགས་པའི་གཞུང་གི་ལེགས་བཤད་དག།
དག་པའི་བློ་ཡིས་ཐམས་ཅད་གཟིགས་གཟིགས་པ་གང་ཞིག་ཀུན་ལ་འདོམས་མཁས་མཆོག་དེར་འདུད།།

སྙན་ངག

Post navigation

Previous Post: ༸གོང་ས་མཆོག་གིས་ལ་དྭགས་བོད་ཁྱིམ་དུ་བཀའ་སློབ་གནང་བ།
Next Post: ངའི་འདོད་པའི་སྙན་ངག

Comments (14) on “དུས་དབང་གི་རྡོ་རྗེ་སློབ་དཔོན།”

  1. ཕུར་པ་སྐྱབས། says:
    2014-07-04 at 2:04 am

    སྣོད་ལ་བརྟག་མི་དགོས་པའི་གསང་སྔགས་ཀྱི་དབང་། གསང་བ་བྱེད་མི་དགོས་པའི་གསང་སྔགས་ཀྱི་དབང་། དམ་ཚིག་སྲུང་མི་དགོས་པའི་གསང་སྔགས་ཀྱི་དབང་། སྔོན་འགྲོ་སྦྱོང་མི་དགོས་པའི་གསང་སྔགས་ཀྱི་དབང་། དབང་ཁྱད་པར་ཅན། དབང་དེང་རབས་ཅན། དབང་སྟབས་བདེ་ཅན། དབང་ནུས་པ་ཅན། སྐྱབས་སུ་མཆིའོ། སྐྱབས་སུ་མཆིའོ། སྐྱབས་སུ་མཆིའོ།

  2. རིན་ཆེན says:
    2014-07-04 at 4:00 am

    འབྲི་སྟངས་འདི་ཟུང་ལྡན་གྱི་རྒྱན་འབྲི་སྟངས་ཡིན་ས་རེད།ཡག་པོ་འདུག་པ་མ་ཟད་ཚིག་ལ་ལྗིད་ཁོག་འདུག འོག་གི་མཆན་པ་ཕུར་བ་ལགས་།བླ་སློབ་གཉིས་ཀྱིས་ཕན་ཚུན་བརྟག་དགོས་བདེན་པ་རེད།དེང་སང་བརྟག་དཔྱད་གཏོང་དགོས་ཚེ་དུས་ཚོད་ཡང་མང་པོ་དགོས་ཀྱི་རེད།དེ་མིན་ཐུན་མོང་མ་ཡིན་པའི་གདམ་ངག་གནང་དགོས་དུས་གཅིག་བྱས་ན་ཕན་ཚུན་བརྟག་དགོས་ཀྱི་རེད།

  3. ས་སྒོ་བསམ་གཏན་སྒྲོལ་མ། says:
    2014-07-04 at 6:09 am

    ཕུར་བ་སྐྱབས་ནས་དགོངས་ཚུལ་ཡག་པོ་གསུངས་འདུག     ཡིན་ཡང་དགོངས་ཚུལ་འདི་ཆོས་ཞུ་བ་ཕལ་མོ་ཆེས་ཧ་གོ་ཡོད་རེད།   དེས་རྐྱེན་གྱིས་ཁོའི་སྐད་ཆ་འདི་ཅུང་ཧམ་བཤད་དང་མཐོ་བརྒྱག་ཆེ་བའི་སྐད་ཆ་ཅིག་ཏུ་གྱུར་འདུག་སྙམ། དོལ་ཚོགས་དང་ཏང་གི་གསང་ཉུལ་བ་མ་ཡིན་པའི་ཆོས་ཞུ་བ་གང་ཡོད་པ་རྣམས་སྣོད་ལྡན་དང་དམ་ཚིག་སྲུང་མཁན་ཤ་སྟག་རེད།  མི་མང་ཆེ་ཤོས་ལ་དབང་ཐོབ་གི་ཡོད་མེད་ལ་དོག་པ་དགོས་ཡ་ཡོད་མ་རེད་བསམ་ཡོད། རེ་གཉིས་ལ་མ་ཐོབ་ཀྱང་སྙིགས་མ་ལྔ་བདོ་བའི་དུས་འདིར་དབང་གི་དཀྱིལ་འཁོར་དུ་ཞུགས་པ་དང་། མོས་པ་བྱས་པ། བག་ཆགས་བཞག་པ་ཙམ་གྱི་བསོད་ནམས་དང་བསྐལ་བ་བཟང་པོ་རེད་བསམ་ཡོད། 

  4. དགེ་འདུན་རྒྱ་མཚོ། says:
    2014-07-04 at 6:12 am

    དེས་ན་ཕུར་བ་སྐྱབས་ལྟ་བུ་ལ་དབང་ཐོབ་གི་རེད་པས།

  5. དགེ་འདུན་རྒྱ་མཚོ། says:
    2014-07-04 at 6:13 am

    སྙན་རྩོམ་ཡག་པོ་བྲིས་འདུག

  6. རིན་ཆེན says:
    2014-07-04 at 7:34 am

    དེ་ཡིན་ན་དབང་ཐོབ་མིན་གྱི་ཚད་གཞི་གང་ལ་འཇོག་དགོས་སམ།བླ་མའི་གསུང་ཐོས་ནས་དབང་ཐོབ་སོང་སྙམ་པའི་མོསཔ་བལྟ་དགོས་སམ།

  7. ཕུར་པ་སྐྱབས། says:
    2014-07-04 at 8:44 am

    དབང་གི་དམ་ཚིག་ལྗིད་ཆེ་བ་རྣམས་བཤད་དགོས་པ་མི་འདུག མ་མཐའ་ཡང་དུས་འཁོར་གྱི་བསྙན་ཚད་ཙམ་ཡང་སྐྱེལ་མཁན་དཀོན་པོ་རེད། དུས་འཁོར་གྱི་དབང་ཞུ་ན་ཞུ་མཁན་གྱིས་སྔོན་ཚུད་ནས་དེའི་གཞུང་ལས་བྱུང་བའི་དམ་ཚིག་རྣམས་ཤེས་དགོས་པ་རེད། ད་ལྟའི་དབང་ཞུ་བ་པོའི་གྲས་སུ་དུས་འཁོར་ཀྱི་ལྷའི་ཆ་བྱད་ཙམ་ཡང་མི་ཤེས་མཁན་ཤིན་ཏུ་མང་། དེའི་སྐྱེད་རིམ་སོགས་ནི་དེ་བས་ཀྱང་བཤད་མི་དགོས། གུང་ཁྲན་ཏང་དང་དོལ་ཚོགས་སོགས་ཀྱི་མི་མ་ཡིན་ན་སྣོད་ལྡན་ཡིན་ཟེར་བ་ནི་ཆབ་སྲིད་དང་རང་འདོད་འདྲེས་མའི་སྐད་ཆ་ཡིན་པ་ལས་དུས་འཁོར་གྱི་གཞུང་གཞི་ལ་བཞག་པའི་སྐད་ཆ་ཞིག་མ་རེད། མདོར་བསྡུས་ན་གསང་སྔགས་ཀྱི་གཞུང་ལས་བཤད་པ་བཞིན། དམ་ཚིག་དབང་གི་རྒྱུར་འགྲོ་བ་དང་དམ་ཚིག་དབང་གི་འབྲས་བུར་འགྲོ་བ་གཉིས་ལས་གཞན་གང་ཡང་མེད་པས་སྙིགས་མའི་དུས་ལ་སྙིགས་མའི་དབང་གི་དམ་ཚིག་འདྲ་གསར་བཟོ་བྱེད་ན་མ་གཏོགས་ཐབས་ཤེས་ཡོད་རྒྱུ་མ་རེད་སྙམ།

  8. ཕུར་པ་སྐྱབས། says:
    2014-07-04 at 8:46 am

    དབང་ཐོབ་མ་ཐོབ་ཀྱི་ཚད་འདྲི་བའི་དུས་ཚོད་འཕྱིས་དྲགས་པ་རེད། ཧ་ཧ་ཧ་ཧ་ཧ་

  9. བསྟན འཛིན says:
    2014-07-04 at 9:23 am

    ད་རེས་ལ་དྭགས་ལ་དུས་འཁོར་དབང་ཆེན་ཞུ་བར་འགྲོ་མཁན་ཚང་མར་དབང་ཐོབ་པ་ཤོག་ ༄གོངས་ས་མཆོག་གིས་གང་གསུང་པ་དེ་ཆོས་ཞུ་བ་ཚོས་དོན་བདག་གསལ་པོ་ཤེས་པ་ཤོག་ ང་རང་གིས་དེ་སྔོན་དུས་འཁོར་དབང་ཆེན་ཐེངས་ལྔ་རྩམ་ཞུས་པ་ཡིན་ཀྱང་ནང་དོན་གསལ་པོ་ཞིག་རྩ་བ་ནས་ཤེས་མ་སོང་བས་ནང་དོན་མ་ཤེས་ན་དབང་ག་ལ་ཐོབ་་ ད་ནི་དུས་ཚོས་ཀྱང་མེད་ལ་དངུལ་ཀྱང་མེད་པས་དམྱ་བར་འགྲོ་རྒྱུ་རང་ཡིན་

  10. དགེ་འདུན་རྒྱ་མཚོ། says:
    2014-07-04 at 2:15 pm

    སྐབས་འདིར་ཕུར་བ་སྐྱབས་མིང་ཅན་ལ་དྲི་བ་ཞིག་འདྲི་འདོད་བྱུང་།
    དབང་ཐོན་རྗེས་དན་ཚིག་དང་སྡོམ་པ་སྲུང་དགོས་པ་རེད་དམ།
    དབང་མ་ཐོབ་པའི་སྔོན་ནས་དམ་ཚིག་དང་སྡོམ་པ་སྲུང་དགོས་པ་རེད། 
    དབང་མ་ཐོབ་པའི་སྔོན་ལ་གསང་སྔགས་ལ་སློབ་སྦྱོང་བྱེད་དགོས་པ་རེད་དམ།
    དབང་ཐོབ་པའི་རྗེས་ནས་གསང་སྔགས་ལ་སློབ་སྦྱོང་བྱེད་དགོས་པ་རེད། 
    གསང་སྔགས་ལ་འཇུག་པའི་སྒོ་དབང་རེད་དམ་མ་རེད། 
    དུས་འཁོར་གྱི་དབང་ཞུ་ན་ཞུ་མཁན་གྱིས་སྔོན་ཚུད་ནས་དེའི་གཞུང་ལས་བྱུང་བའི་དམ་ཚིག་རྣམས་ཤེས་དགོས་པ་ཡིན་ན་གསང་སྔགས་ལ་སྦྱང་བ་སྔོན་དུ་སོང་ཟིན་པ་དང་། མ་སོང་ན་སྔགས་ཀྱི་བསྐྱེད་རྫོགས་ཀྱི་དོན་མི་རྟོགས་པ་དང་། མ་རྟོག་ན་སྔགས་སྡོམ་ཁས་ལེན་པའི་དད་པ་མི་སྐྱེ་བའི་ཕྱིར་རོ།།
     གསང་སྔགས་ཀྱི་དོན་རྟོག་ཟིན་པའི་རྗེས་ནས་དབང་ཐོབ་དགོས་སམ། དེས་ན་གསང་སྔགས་གསང་སྔགས་མ་ཡིན་པར་ཐལ་བའི་སྐྱོན་འགྱུར་བར་མི་འགྱུར་རམ། དབང་མ་ཐོབ་པའི་སྔ་རོལ་ནས་གསང་སྔགས་ལ་སྦྱང་བ་སོགས་སྔོན་སོང་ཡིན་ལ། དེས་ན་གསང་སྔགས་ཀྱི་སྔོན་འགྲོ་དབང་བསྐུར་བ་དོན་མེད་པའི་ཕྱིར་རོ།།

  11. དགེ་འདུན་རྒྱ་མཚོ། says:
    2014-07-04 at 2:16 pm

    ཐོབ་་་དམ་་སོགས་ཡིག་ནོར་
    བཅོས་

  12. ནམ་མཁའ says:
    2014-07-04 at 3:01 pm

    འོ་ད་ཡིན་ན་ངའི་རྩོམ་ཐུང་འདི་ལ་འབྲེལ་བ་ཞེ་དྲག་མི་འདུག་ཡང་། དྲ་གྲོགས་འགས་དབང་ཐོབ་མིན་སྐོར་ལ་བསམ་ཚུལ་འགའ་རེ་བྲིས་འདུག་པས་ཐུགས་རྗེ་ཆེ་ཞུ། ངས་ཀྱང་འདིར་བསམ་ཚུལ་ཕྲན་བུ་ཞིག་བཤད་འདོད་སྐྱེས།
    སྤྱིར་བསྟན་པའི་འཇུག་སྒོ་སྐྱབས་འགྲོ་དང་།ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད། སྔགས་ཀྱི་འཇུག་སྒོ་དབང་ཞེས་གཞུང་ལུགས་དག་ན་གསུངས་པ་ལྟར། ང་ཚོས་ཐོག་མར་དབང་གི་གོ་དོན་ཡག་པོ་ཤེས་ཐུབ་དགོས།དེ་ལྟ་ན་རྒྱ་གར་སྐད་ལ་ཨ་བྷིཥིཉྩཟེར།དེའི་དོན་ནི།སྒྲིབ་པ་གཏོར་ནས་རྒྱུད་དག་པར་འཁྲུད་པ་དང་།རྒྱུད་དག་པའི་སྣོད་གཙང་མར་ཡེ་ཤེས་ཀྱི་ནུས་པ་བླུགས་པའི་དོན་ལ་གོ་དགོས་སྙམ། དེ་ཡང་སྔགས་ཀྱི་ཆོ་ག་རྣམ་པར་དག་པ་ལ་རྟེན་ནས་།ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་བཏབས་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱས་པ་ལ་དབང་ཞེས་བརྗོད་པ་ཡིན།

  13. ཕུར་པ་སྐྱབས། says:
    2014-07-05 at 1:30 am

    དགེ་འདུན་རྒྱ་མཚོ་ལགས་ཀྱིས་དྲི་བ་གལ་ཆེན་འགའ་ཞིག་དྲིས་པར་སྙིང་ནས་དགའ་སྤྲོ་འཕེལ།
    ༡དབང་མ་ཐོབ་པའི་སྔོན་དུ་སྲུང་རྒྱུའི་དམ་ཚིག་དང་དབང་ཐོབ་པའི་རྗེས་སུ་སྲུང་རྒྱུའི་དམ་ཚིག་གཉིས་མི་འདྲ་བ་ཡིན། དབང་གི་སྣོད་དུ་རུང་བར་བྱེད་པའི་དམ་ཚིག་འགའ་ཞིག་ཡོད་པ་དེ་དག་དབང་མ་ཐོབ་པའི་སྔོན་དུ་སྲུང་དགོས་པའི་དམ་ཚིག་ཡིན་ཞིང་དབང་ཐོབ་པའི་རྗེས་སུ་བསྙེན་ཚད་སྐྱེལ་བ་དང་སྐབས་སུ་བབས་པའི་ཡི་དམ་གྱི་སྐྱེད་རྫོགས་རྒྱུན་དུ་སྒོམ་པ་སོགས་ནི་དབང་ཐོབ་པའི་རྗེས་སུ་སྲུང་དགོས་པའི་དམ་ཚིག་ཡིན།
    ༢ དབང་མ་ཐོབ་པའི་སྔོན་དུ་སྐབས་སུ་བབས་པའི་ཡི་དམ་གང་ཡིན་པ་དེའི་དབང་གི་དམ་ཚིག་རྣམས་ངེས་པར་དུ་ཤེས་པར་བྱེད་དགོས་པ་ཡིན་ཞིང་། དམ་ཚིག་དེ་དག་གསང་སྔགས་ཀྱི་གསང་བ་བྱེད་དགོས་པའི་གྲས་སུའང་མི་གཏོགས་པ་ཡིན། དེར་བརྟེན་གསང་སྔགས་ཁྲོམ་བསྒྲག་གི་ཉེས་པ་མི་འབྱུང་།
    ༣ གསང་སྔགས་ལ་འཇུག་པའི་སྒོ་དབང་ལོས་ཀྱང་ཡིན་ཏེ། སེམས་ལ་རང་དབང་ཐོབ་པ་དང་དབང་ཐོབ་པ་ཡིན་ལ་དབང་ཐོབ་པ་དང་གསང་སྔགས་ཀྱི་སྒོར་ཞུགས་པ་དུས་མཉམ་པའི་ཕྱིར་རོ།
    ལན་མདོར་བསྡུས་ཙམ་ཕུལ་ཡོད། དེས་མ་འགྲིག་ན་སླར་ཡང་འབུལ་ཆོག

  14. ཕུར་པ་སྐྱབས། says:
    2014-07-05 at 1:31 am

    ནམ་མཁའ་ལགས་ཀྱིས་དབང་གི་དོན་ཁ་གསལ་ཞིག་བཀོད་འདུག་པར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme