Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་ད་ལྟ།

Posted on 2013-02-252013-02-25 By ཁ་བརྡ་ 7 Comments on དུས་ད་ལྟ།

མཚམས་སྦྱོར་བ་བློ་གྲོས་རབ་བརྟན།

བཙན་པོའི་སྙིང་སྟོབས་ཀྱིས་ས་ཆེན་བཀབ་པའི་ལོ་རྒྱུས་དེ་མི་གླེང་ང་ཚོའི་རྒྱབ་ན་ཡོད།
མེས་པོའི་རྣམ་དཔྱོད་ཀློང་དུ་བརྡོལ་པའི་རིག་གཞུང་དེ་མི་བཤད་ང་ཚོའི་ཁྱིམ་ན་ཡོད།
དཔའ་གདེང་སྙིང་རུས་གཟུགས་སུ་བཞེངས་པའི་ཕ་མཁར་དེ་མི་ལབ་ང་ཚོའི་མདུན་ན་ཡོད།
ཕ་རྒྱུད་མ་རྒྱུད་ལྷ་རྒྱུད་ཡིན་པའི་ངོ་མཚར་དེ་མི་སྒྲོག་ང་ཚོའི་རྒྱུད་པ་ཡིན།

དུས་ད་ལྟ། ང་ཚོའི་ཁུར་བོ་དེ་ང་ཚོས་འཕྲག་ལ་བླངས་ཤིང་། ང་ཚོའི་ལམ་ཕྲན་དེ་ང་ཚོས་རྡོག་པས་མནན་ན།
དུས་ད་ལྟ། ང་ཚོས་གངས་རིའི་ཕ་རོལ་ལ་རྒྱང་ལྟ་རེ་བྱས་ཤིང་གངས་རིའི་ཚུ་རོལ་ལ་མིག་ཟུང་རེ་ཕབ་ན།
རིགས་རྒྱུད་ལྷ་ཡི་རྨི་ཐག་འདྲ་བོ་འདི་དུས་བཟུང་ཡོད།
ཕ་ས་མ་མོའི་བྲང་མགོ་འདྲ་བོ་འདི་སུས་བཟུང་ཡོད།
ཕ་ཁྱིམ་གསེར་གྱི་སྒམ་ཆུང་འདྲ་བོ་འདི་སུས་བཟུང་ཡོད།
རིག་གཞུང་གསེར་གྱི་ལྡེ་མིག་འདྲ་བོ་འདི་སུས་༼ངོམ༽ཡོད།
འཚོ་གནས་གསེར་གྱི་ཅ་ནེ་འདྲ་བོ་འདི་སུར་མཁོ་ཡོད།

ཀྱེ་ཀྱེ། གྲོགས་པོ་ལགས།
ཁྱོད་ལ་མི་རིགས་ཀྱི་འགན་ཡོད་ན།
ཁྱོད་ལ་རང་ཚུགས་ཀྱི་སྲོག་ཡོད་ན།
ཁྱོད་ལ་བསམ་བློ་ཡི་བཅུད་ཡོད་ན།
ཁྱོད་ལ་བདེན་འཚོལ་གྱི་མིག་ཡོད་ན།

སྤྲུལ་པའི་སྡེ། དཔོན་པོའི་སྡེ། ཡོན་ཏན་པའི་སྡེ། གྲྭ་བའི་སྡེ། སློབ་མའི་སྡེ། དམངས་ཀྱི་སྡེ།
སྡེ་ཚན་རེ་རེའི་བློ་ཕུག་དང་རྨྲ་ལྕེ་ནས་བཟུང་སྟེ་ལག་ལེན་ལ་གཟིགས་དང་།
དྲང་བདེན་གྱི་སྤྱན་ཟུང་དེ་ག་ལེར་སྐྱོངས་དང་། སྤྱི་ཚོགས་ལ་འགན་འཁུར་བའི་སྡེ་ཚན་དེ་གང་རེད། མི་རིགས་ལ་ཤ་ཚ་བའི་སྡེ་ཚན་དེ་སུ་རེད།

མི་རིགས་འདིའི་ངོ་གདོང་མདུན་དུ་བཞག་སྟེ་ཞིབ་ཚགས་ཀྱི་སོམས་དང་།
རྟོག་གཞིག་གི་སྒོ་མོ་རང་ལ་ཕྱེས་ཏེ་ཞིབ་རྩིས་ཤིག་རྒྱོབས་དང་།
བླ་སྤྲུལ་ཚོ་སྲིད་ལ་འཐམས་ཏེ་རང་ཉིད་ཀྱི་ཐོབ་ཐང་བོར་འདུག
ལས་བྱེད་ཚོས་ལྟོ་རྒྱབ་བསམས་ཏེ་མི་རིགས་ཀྱི་རེ་བ་བརླགས་འདུག
གཞུང་ལུགས་པས་སྟོང་བསམ་བསྙད་དེ་སྤྱི་ཚོགས་ཀྱི་དགོས་མཁོ་ཤི་འདུག
གྲྭ་བ་ཚོས་སྲོལ་རྒྱུན་ཟེར་བཞིན་ལྟ་ཟུར་གྱི་སྒོོ་མོ་༼བསྡམས༽འདུག
སྐྱ་བོ་ཚོས་རིག་གསར་གླེང་བཞིན་མེས་པོ་ཡི་བླ་རྐང་བརྡུངས་འདུག
སློབ་མ་ཚོས་ཕོར་བ་བསམས་ཏེ་སྐད་ཡིག་གི་ལ་རྒྱ་ཤི་འདུག
མི་དམངས་ལ་འཁྲུག་རྩོད་བསླངས་ཏེ་མཐུན་སྒྲིལ་གྱི་ཨ་ལུང་ཆད་འདུག

ཨོ་ཧོ་ཧོ། མི་རིགས་འདི་མི་ཕམ་སུ་ཕམ།
མི་རིགས་འདི་མི་ཉམས་སུ་ཉམས།
ལྟོས་དང་། ཡ་གི་གངས་དཀར་རི་འདབས་ན་ཐེབས་ཆག་གིས་འཚོ་བའི་རུ་སྡེ་དེ་སུ་ཚང་རེད། འུ་ཚང་རེད།
མ་གི་སྤང་ཐང་སྐྱ་མོ་ན་ནང་འཁྲུག་གིས་འཚོ་བའི་ཕུ་ནུ་དེ་སུ་ཚང་རེད། འུ་ཚང་རེད།
བར་གྱི་མཁས་པའི་གྲྭ་ས་ན་རང་བསྟོད་ཀྱིས་ཚིམ་པའི་སེམས་༼བསྐྱེད་༽དེ་སུ་ཚང་རེད། འུ་ཚང་རེད།

ད་དུང་། བླ་སྤྲུལ་རྫུན་མ། གྲྭ་བ་རྫུན་མ། ལས་བྱེད་རྫུན་མ། དགེ་རྒན་རྫུན་མ། སློབ་མ་རྫུན་མ། བསམ་བློ་བ་རྫུན་མ། སྙན་ངག་པ་རྫུན་མ། སྒྱུ་རྩལ་བ་རྫུན་མ། ལུང་བསྟན་རྫུན་མ། བོད་མི་རྫུན་མ།

ཨ་ཁ་ཁ། མགོ་ཐོག་གི་གནམ་བརྡིབས་ཤིང་རྐང་འོག་གི་ས་བརྡིབས་པའི་མི་རིགས་འདིའི་བདག་པོ་སུ་ཡིན།
གཉིད་ལངས་བཞིན་ཁ་ཕྱོགས་མེད་ཅིང་འཕྱོད་མ་བཞིན་རང་ཚུགས་མེད་པའི་མི་རིགས་འདིའི་བདག་པོ་སུ་ཡིན།
མཐུན་སྒྲིལ་གྱི་དཔུང་པ་ཆག་ཅིང་མདུན་སྐྱོད་ཀྱི་སྤོབས་པ་ཤི་བའི་མི་རིགས་འདིའི་བདག་པོ་སུ་ཡིན།

མཁས་མཁས་གྲགས་གྲགས་ཟེར་བའི་གནས་ལུགས་ཀྱི་བདག་པོ་ཡ།
མཐོ་མཐོ་ཀྱེ་ཀྱེ་སྙམ་པའི་སྲིད་འཛིན་གྱི་དཔོན་པོ་ཡ།
གཏན་གྱི་ཐོད་པ་གཏུག་སའི་ཁྲི་ཐོག་གི་བླ་སྤྲུལ་ཡ།
རླུང་རྟའི་འཕེལ་འགྲིབ་གླེང་བའི་རིགས་ཞེན་གྱི་བུ་རྒོད་ཡ།
ཤ་རུས་ཆ་ཁུངས་འདེད་པའི་གདོང་དམར་བའི་སྤྱི་གླིང་ཡ།

ཤོད་ཡ། མི་རིགས་འདིའི་བདག་པོ་སུ་ཡིན།
དོན་དམ་པར་མི་རིགས་འདིའི་བདག་པོ་སུ་ཡིན།
མི་རིགས་འདིའི་བདག་པོ་སུ་ཡིན།
མི་རིགས་འདིའི་བདག་པོ་སུ་ཡིན།
ཨ་ཤི་རེ་ཁོ། མི་རིགས་འདིའི་བདག་པོ་སུ་ཡིན།

༄། །གྱེར་འདོན་སྙན་ངག་འདིས་ང་ལ་འདི་ལྟར་བཤད་སོང་། བོད་མི་རིགས་ལ་རུས་གཏིང་ནས་དུངས་ཞན་ཅན་ཞིག་གིས་སྙན་ངག་འདི་ཀློག་ཉན་བྱས་ན། ཨ་ཨ་བོད་མི་ཚོ་འདི་འདྲ་རེད་འདུག་བསམས་ནས་རེ་ཞིག་འདང་རྒྱག་གི་ཀློང་དུ་ཚུད་ཅིང་། རང་ཉིད་ལ་ཞིབ་དཔྱོད་ཐེངས་གཅིག་བྱེད་ངེས། ཞིབ་འདང་དེའི་རྗེས་ནས། ཨོ་ཨོ་མི་རིགས་ཤིག་རྒྱལ་ཕམ་གང་དུ་འགྲོ་མིན་མི་རེ་རེའི་བསམ་བློ་གཏོང་སྟངས་དང་བྱེད་ལས་ལ་ཐུག་འདུག། རང་ཉིད་ནས་རང་ཉིད་ཕམ་ཁར་ཁྲིད་པར་རོགས་འདེགས་མ་བྱས་ན། ཕྱི་ནས་བཙན་འཛུལ་དང་ངན་ཇུས་ཁོ་ནས་མི་རིགས་ཤིག་རྩ་མེད་བཟོ་མི་ཐུབ་པའི་རྟག་བརྟན་གྱི་གནས་ལུགས་ཤིག་དང་།ངན་ཁག་གཞན་ལ་བསྐོན་རྒྱུ་མེད་པར་རང་ཉིད་ལ་རྩ་གཅོད་དང་ཞིབ་འཇུག་བྱེད་དགོས་པ་དེ་གནད་ཀྱི་དོན་པོར་བསྟན་པ་རེད།འདི་ནི་སྙན་ངག་འདིའི་རྒྱབ་ནས་བསྟན་པའི་བསྟན་དོན་ཨ་མ་དེ་རེད་སྙམ།

སྙན་ངག་འདིར་བོད་མི་ཚོར་འདི་ལྟར་བྱེད་དགོས་པ་རེད་ཅེས་གང་ཡང་བཤད་མེད་ལ། ད་ལྟའི་བོད་མི་ཚོའི་བློ་མིག་ཐུང་བ། རང་གི་འཚོ་ཐབས་ངན་ངོན་དེས་ཚིམ་ཞིང་མི་རིགས་འདིའི་ད་ལྟ་དང་མ་འོངས་པར་འགན་གང་ཡང་འཁུར་གྱི་མེད་པའི་ངོ་གདོང་དེ་དམར་བཤུ་བྱས་ཡོད། ད་ལྟའི་བོད་མི་དྲག་ཞན་བར་གསུམ་གྱི་ཞན་ཆ་ལིང་ལ་བཏོན་ཏེ་ཞན་ཆ་དེ་དག་རུས་གཏིང་མས་དངོས་ལེན་གྱིས་ལེགས་བཅོས་ལ་ཞུགས་ན། མ་འོངས་བོད་ཀྱི་ལམ་ཁར་འོད་སྣང་འཕྲོ་འགོ་བརྩམས་པ་རེད། འདི་ཡང་བརྗོད་སྙིང་སྟོན་སྟངས་ཐད་ཅུང་མ་འདྲ་བ་ཞིག་རེད་སྙམ།

སྙན་ངག་འདིའི་འགོ་འདས་པའི་དཔལ་ཡོན་གྱི་རིན་ཐང་ངོམ་བཞིན་བརྩམས་ཡོད་ལ། འོན་ཏེ་ད་ལྟའི་དུས་འདིར་དེས་ཚིམ་མི་འོས་ཤིང་དེ་ང་ཚོའི་ལུས་ངག་ལ་ཐིམ་ཡོད་ཅེས་བཤད་དེ། ད་ལྟ་བ་གཙོ་བོ་བཟུང་སྟེ་སྙན་ངག་འདིའི་གཞུང་བསྲིངས་ཡོད། སྙན་་ངག་འདིའི་མཇུག་བསྡུ་སྟངས་ནི་༼དོན་དམ་པར་མི་རིགས་འདིའི་བདག་པོ་སུ་ཡིན༽ཞེས་རང་གཞན་ཚང་མར་འདྲི་བ་འདི་དྲིས་ཏེ་མཇུག་བསྡུས་ཡོད་ལ། དྲིས་ལན་ནི་ང་ཚོ་ཚང་མས་འདེབས་དགོས་པ་ཞིག་རེད། ང་ཚོ་ལ་ལན་ཡོད་དམ་མེད།

དམངས་ཀྱི་བསམ་བློ་བསྒུལ་ཐུབ་པའི་གྱེར་བའི་སྙན་ངག་གོ་བདེ་ཞིང་སེམས་ལ་ཟུག་ཐུབ་པ་འདི་འདྲ་ཞིག་༼ལང་ཚོའི་རྦབ་ཆུ༽ རྗེས་ནས་ང་དང་འཕྲད་པ་འདི་ཡིན། དམངས་དཀྱུས་མིའི་གོ་དཀའ་བའི་ཚིག་གྱོང་མེད་ཅིང་དཔེ་དོན་སྦྱར་བ་དག་བློ་ངོར་འཆར་སླ་བ་དང་སེམས་ལ་འཛིན་བདེ་བ་ཤ་རྟག་རེད། ལྷག་ཏུ་གྱེར་འདོན་མཁན་དེའི་བདེ་མོའི་ངག་སྒོ་དང་འཇེབས་པའི་དབྱངས་དང་བསྡོམས་ན་རུས་གཏིང་ནས་མི་རིགས་འདིའི་བདེ་སྡུག་ལ་འགན་ཁུར་དང་ཟོལ་མེད་ཀྱི་དུངས་པ་ཤིག་གི་ཀློང་དུ་བཞུད་འགྲོ། དེ་ནི་འདིའི་ཚིག་དོན་དང་གྱེར་འདོན་མཁན་གྱི་ངག་གི་སྒྱུ་རྩལ། རྒྱབ་ཀྱི་རོལ་དབྱངས་བཅས་གཅིག་ཕན་གཅིག་གྲོགས་སུ་སོང་ཡོད་པས་རེད།

ཟུར་ཞུ༽ སྙན་ངག་འདིའི་རྩོམ་པ་པོ་བོད་དུ་ཡོད་ལ་སུ་ཡིན་ངས་ཤེས་ཀྱི་མེད། ང་ལ་འདི་སྐད་འཕྲིན་བརྒྱུད་ནས་གྲོགས་པོ་ཞིག་གིས་བསྐུར་འདུག་ལ། ངས་ཐེངས་མང་ཉན་སྟེ་ཡིག་ངོར་ཕབ་ཡིན། ཁ་བྱང་༼དུས་ད་ལྟ༽ ཟེར་བ་ངས་བཀོད་ཡིན། གཞན་ཚིག་ལ་དོགས་ཡོད་དག་ཤད་འགུག་ཏུ་བཞག་ཡོད། དེ་མིན་ནོར་བ་གང་ཡོད་རྩོམ་པ་པོ་ལ་དགོངས་དག་ཞུ།

སྙན་ངག

Post navigation

Previous Post: ད་ལོའི་སྨོན་ལམ་ཆེན་མོ་དམག་གིས་བསྐོར་བ། ༼པར་རིས་གསར་འགྱུར༽
Next Post: མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་དུ་སླར་ཡང་རང་ལུས་མེར་སྲེག

Comments (7) on “དུས་ད་ལྟ།”

  1. དགེ་འདུན་རྒྱ་མཚོ says:
    2013-02-25 at 11:44 am

    ངོ་མ་བྲིས་འདུག སེམས་ལ་ཚ་ཤད་ཅིག་བརྒྱག་གི་བཅུག་སོང་། མུ་མཐུད་ནས་འདི་འདྲ་འབྲི་མཁན་བྱུང་ན་ང་ཉལ་ཡང་གཉིད་ཁུག་ཐུབ་ས་མ་རེད།

  2. ཆོས་འཕེལ་དར་རྒྱས་ says:
    2013-02-25 at 6:00 pm

    མི་རིགས་འདི་དང་གཞན་གྱི་བདག་པོ་ནི་འཆི་བདག་རེད། སྐྱེས་ནས་མ་ཤི་བར་ཏུ་གང་ཞིག་བྱུང་བ་དེ་ནི་སྟོང་ཉིད་དུ་འདོད་པ་མ་ཡིན་ནམ།

  3. རང་དབང་ཨ་རྡུ་མན་ says:
    2013-02-26 at 9:38 am

    དངོས་གནས་སྙན་ཚིག་དེ་ཧྲག་གི་ངོ་མ་ཧྲག་གི་་་་་
    བཀའ་དྲིན་ཆེ་སེམས་འགུལ་ཏོག་ཙམ་ཐེབས་སོང་།
    མི་རིགས་འདིའི་བདག་པོ་ནི་གཡོ་སྒྱུ་ཁྲམ་གསུམ་གྱི་གོང་བུ་བརྡ་སའི་དཔོན་ངན་ཚོ་མ་ཡིན་པར་་་་་
    ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་སུ་རྫོགས་པ་དེ་ཡིན།།

  4. རྟ་མགྲིན་དབང་ཆེན་ says:
    2013-02-26 at 12:55 pm

    ཡག་པོ་པེ།

  5. འདྲེ་རྐང་ཐོ། says:
    2013-02-26 at 1:22 pm

    གནའ་དུས་རྒྱ་ནག་ལྕགས་རིའི་ཡན་ནས་རྒྱ་གར་ཆུ་བོ་གངྒྰའི་མན། །
    འུ་ཅག་ཚང་གི་མངའ་འོག་བསྡུས་པའི་ལོ་རྒྱུས་རྡོ་རིང་ཡོད་ན་ཡང་། །
    བར་སྐབས་ཤིག་ནས་འུ་ཚང་བོད་ལ་ཤེས་ཡོན་མཐུན་སྒྲིལ་ཞེན་སྟབས་ཀྱིས། །
    ཆགས་འཇུག་འདི་འདྲ་མགོ་ལ་ལྷུང་ཡང་སེམས་ཤུགས་མ་ཆགས་གངས་ཅན་པ། །

  6. དགའ་སྐྱིད་ says:
    2013-02-26 at 10:13 pm

    མི་རིགས་འདིའི་བདག་པོ་སུ་ཡིན་ཞེས???????”??????????????????????????????”?????????????????????འབྲི་འདུག་

  7. ཕྱུགས་རྫི་ says:
    2013-02-27 at 1:04 am

    སྐད་ལ་བསྲེས་ལྷད་ཞུག་པ་དང་ཡི་གེ་ལ་བསྲེས་ལྷད་ཞུག་པ་་་གཅིག་པ་མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme