Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་ཀྱི་འཐོར་རླུང་དང་གངས་རིའི་ཕམ་ཁ།

Posted on 2014-05-062014-05-06 By ཁ་བརྡ་ 2 Comments on དུས་ཀྱི་འཐོར་རླུང་དང་གངས་རིའི་ཕམ་ཁ།

སེར་ཤུལ་རིན་ཆེན་དོན་གྲུབ།

སྲ་མཁྲེགས་ལྕགས་ཀྱི་ཨུ་ཚུགས་ངར་མས་རང་རློམ་ཁ་པོ་དགུང་ལ་བཏེགས།།
ནང་ཁུལ་རྩོད་པའི་མཚོན་ཆ་རྣོན་པོས་རིགས་ཞེན་དཔུང་བའི་རྩ་རྒོད་བཅད།།
བསླུ་ཐབས་འཁྲུལ་ལ་མགོ་བོ་རྨོངས་ཏེ་ཕལ་རྟགས་དར་ཆ་དགུང་ལ་འཕྱར།།
འགྱིང་ཉམས་མཐོ་བའི་སྤོབས་པ་དག་གིས་ཡོད་ཚད་ཕམ་ཉེས་འཕྲང་ལ་བཙུད།།

དར་ལྕོག་དམར་བོའི་གཡོ་ཆོམ་རེ་རེ་མཐོ་སྒང་གྲོང་ཚོའི་ཕྱོགས་སུ་བསྐྱོད།།
སྲིད་སྟེགས་ཐོབ་རྩོད་མི་འཐུན་དུང་སྒྲ་ཡར་ལུང་ཤམ་པོའི་ཞོལ་ནས་བསྒྲགས།།
བླ་སྲོག་ཡལ་བའི་སྔ་ལྟས་སྨུག་ལོང་ཇོ་མོ་གླང་མའི་མགུལ་དུ་འཁྱུད།།
སྐུ་ངོ་མཐོ་པོའི་ར་བཟིའི་ཧབ་ཆ་གསོལ་སྟོན་ཞིམ་པོའི་མཐའ་ན་སྒྲོག །

དྲང་ཚུགས་མེད་པའི་སྲིད་ཁྲིམས་དམར་པོས་ཉེས་མེད་བཙོན་པའི་ཁྱུ་ཚོགས་བསྡུས།།
ཕྲག་དོག་མཚོན་གྱི་རྣོ་ངར་འོག་ནས་ལྷག་བསམ་སྲོག་གི་ནུས་སྟོབས་ཡལ།།
ཡབ་མེས་དམ་པས་ཤུལ་བཞག་ནོར་བུ་བདག་མེད་སྟོང་བའི་དབྱིངས་སུ་ལུས།།
ཅི་ཞིག་འཚོལ་བའི་དཔའ་རྒོད་རེ་ཟུང་ཐབས་ཟད་མྱ་ངན་ཐང་དུ་འཁྱམས།།

སྤྱང་ལྟོགས་དམར་པའི་ཟ་ཧམ་མེ་ལྕེ་ཉིན་བཞིན་དགུང་ནས་དགུང་དུ་མཆེད།།
སྐུ་ངོ་རྒྱགས་པའི་སྤྲོ་སྐྱིད་འདུ་འཛོམས་ཆད་མེད་ཆུ་བོའི་རྒྱུན་བཞིན་བསྲིངས།།
མྱ་ངན་རླུང་བུའི་རྒྱུ་ཕྱོགས་ཤིག་གིས་གངས་དཀར་ལྷུན་པོའི་གཟི་དཔལ་ཉམས།།
དད་འདུན་ལྷ་ལ་གཏན་དུ་བཅོལ་བའི་མི་རིགས་ཤིག་གི་གོད་ཆགས་བསླངས།།

དྲག་སྤྱོད་དམག་གི་དཔུང་དམར་པོ་མཚོ་སྔོན་འཛིན་མའི་ལྟོ་ནས་བརྡོལ།།
ཡ་ལན་དཀའ་བའི་བཙན་བཀའ་རྣོན་པོས་བཀའ་དྲུང་རྣ་བའི་སྦུབས་བརྒྱ་གཏོར།།
ཉི་མ་སེར་པོའི་སྐུ་སྲོག་གཅོད་པའི་སྟ་གོན་འཛེམ་མེད་མངོན་དུ་གྱུར།།
གཅེས་སྲོག་གཏོང་བའི་དཔའ་རྒོད་སྟོང་གིས་དགྲ་རྒོལ་ཉེར་བསྡོགས་ཅི་ཡང་རྩོམ།།

ཕོ་བྲང་དམར་པོའི་མདུན་ཐང་ངོས་སུ་འཇིགས་རུང་དམག་གི་གཡུལ་ས་བཤམས།།
ཕྱོགས་བཞིའི་རི་ཡི་རྩེ་མོ་དག་ཏུ་སྒྱོགས་མདེལ་ངར་མའི་བང་རིམ་བརྩེགས།།
གཟི་དཔལ་ཡལ་བའི་གངས་སེང་དར་ཆ་ཤར་རླུང་རྒོད་པོས་བརྡིབ་ལ་ཉེ།།
རྔམ་བརྗིད་ལྡན་པའི་གངས་རི་དག་ཀྱང་འཇིགས་སྣང་རླུང་གིས་བར་མེད་བསྐྱོད།།

ཞི་བདེ་ལྷ་ཡི་ཉི་གཞོན་སེར་པོ་ལྷོ་ཕྱོགས་མཁའ་ཡི་རྒྱན་དུ་བཞུད།།
དཔའ་རྒོད་དམར་ཡག་སྟག་གི་སྲོག་རྩ་རྣོ་ལྕགས་མེ་མདའི་ཁ་ནས་དོར།།
མཛེས་ལྡན་ནོར་གླིང་སྐྱེད་མོས་ཚལ་དུ་ཟུངས་ཁྲག་དམར་པོའི་མེ་ཏོག་བཞད།།
ཧབ་རྒོད་མཐོ་བའི་འདྲེ་བྱའི་སྤོབས་པ་ཇོ་མོ་གླང་མའི་རྩེ་རུ་འཕུར།།

སྐྱིད་ཆུ་སྔོན་མོས་གོས་དམར་གྱོན་ཏེ་མྱ་ངན་རོལ་དབྱངས་ཕྱོགས་སུ་བསྒྲགས།།
ཤ་ཁྲག་རྔམ་པའི་བྱ་རྒོད་ཁྱུ་གཅིག་སྟོང་སེང་དབྱིངས་ན་གཤོག་འགྱུར་འཐེན།།
དྭ་ཕྲུག་སྟོང་གི་ངུ་འབོད་ཆོ་ངེ་སྙིང་ལ་གཟན་པའི་རྐང་གླིང་བཞིན།།
སྟོང་བའི་དབྱིངས་ན་བདེ་བར་གཟིམས་པའི་ལྷ་ཚོགས་དག་ཀྱང་སྤྱན་ཆབ་ཤོར།།

དག་སྣང་ཡུལ་ན་ལྷང་ངེར་བཞུགས་པའི་སྐུ་བརྙན་མགོ་སྐེ་སོ་སོར་ཕྲལ།།
པ་ཏྲའི་དཀྱིལ་ན་སྙོམས་པོར་བསྒྲིགས་པའི་གསུང་རབ་མེ་ལྷའི་ཞལ་དུ་བསྟབས།།
ཉམས་རྟོགས་ནོར་བུའི་རིན་ཐང་མཛེས་པའི་སྡོམ་ལྡན་བཙུན་པའི་ཁྱུ་ཚོགས་རྣམས།།
ཆགས་ལྡན་འཕྱོན་མའི་རུམ་གྱི་རྫོང་ན་མི་འདོད་སྡུག་གི་སྨྲེ་ངག་འདོན།།

སྔོ་ལྗངས་མཛེས་པའི་གསེར་ལྡན་སྐེད་པ་གཞུང་ལམ་རིང་མོས་དུམ་བུར་གཏུབ།།
གསེར་དངུལ་སྦྲུམ་པའི་བརྗིད་ཆགས་ལྷུན་པོ་རྣོ་ལྕགས་འཕྲུལ་གྱིས་ཁོག་སྟོང་བྱས།།
གཤིས་སྤྱོད་བཟང་བའི་གངས་རིའི་བུ་ཕྲུག་དུད་ཆང་མངར་མོའི་ཀློང་དུ་བསྟིམས།།
ཁྲེལ་ལྡན་བོད་པའི་སྨན་ཆུང་མཛེས་མ་ཀླ་ཀློའི་བྲང་འདབ་འོག་ནས་རྒས།།

ཁྲེལ་མེད་སྨན་པས་གཤག་བཅོས་གཅིག་གིས་རིགས་རྒྱུད་སྡོང་བོའི་སྐེད་པ་བཅད།།
གཡོ་འཕྲུལ་སྦྱོར་བའི་བྱེད་ཐབས་གཅིག་གིས་ཡོད་ཚད་ཟང་ཟིང་ཀློང་དུ་བསྐྱལ།།
རིགས་ཞེན་སྙིང་རྩ་རྡོ་ལྟར་མཁྲེགས་གང་གཡོ་ཐབས་གཅིག་གི་ཕྱི་མར་དེད།།
ཀྱེ་ཧུད་གདུང་བའི་ལས་དབང་འདི་ཀོ་གནམ་གྱི་བཀའ་ཆད་ཡིན་ནམ་ཅི།།

རང་བྱུང་གཏེར་མཛོད་ཕྱི་ལ་དྲངས་པས་གསེར་ལྡན་དགའ་མའི་མཛེས་ཞལ་ཉམས།།
ཟང་ཟིང་འདུ་འཛིའི་གྲོང་ཁྱེར་བསྐྲུན་པས་ཆོས་བྱེད་ཕལ་ཆེར་གཡེང་བས་འདས།།
འཕྱོར་མོའི་དཔུང་ཚོགས་ཅི་དགར་བརྡོལ་བས་བཅོས་བྲལ་ནད་ཀྱི་དུག་རླངས་མཆེད།།
ཕོ་བྲང་དམར་པོའི་གཟི་དཔལ་དུད་པས་སྐྱོ་དུང་མྱ་ངན་ཐོལ་གྱིས་འཕྱུར།།

སྐྱབས་གཅིག་ལྷ་ལ་གསོལ་བ་བཏབ་ན་འཇིགས་རུང་ཁྲིམས་ཀྱིས་བཙན་དེད་བྱེད།།
མི་རིགས་ཤིག་གི་དྲང་བདེན་གླེང་ན་གཅེས་སྲོག་ཉག་མ་མཚོན་གྱིས་གཅོད།།
ནང་ཁུལ་དཀྲུག་པའི་ཀླད་མེད་འགའ་ལ་སྲིད་སྟེགས་མཐོན་པོའི་ཆོ་ལོ་བསྩལ།།
ཀྱེ་ཧུད་བཙན་པོའི་ཆོས་ལྡན་ཞིང་ཁམས་མུན་ནག་ཀློང་ནས་རྒས་ལ་ཉེ།།

མཛེས་སྡུག་སཱ་ལའི་སྨན་གྱི་ལྗོངས་དེ་རིགས་གཞན་འགྲོ་བའི་ཁྱིམ་གཞིར་གྱུར།།
བྱམས་ལྡན་སྤྲེ་འུའི་གདུང་རྒྱུད་གཙང་མ་ཉི་ཟླའི་འགྲོས་བསྟུན་ཁད་ཀྱིས་བྲི།།
བཅོས་སྒྱུར་སྙན་མོའི་ཁ་དབྱངས་ཁྲོད་ནས་ཐུན་མིན་དགེ་མཚན་མུན་ལ་བསྙེགས།།
རྒྱལ་གཅེས་སློབ་གསོའི་བརྡ་ཆད་འོག་ནས་ཆོས་རིགས་སྲོག་གི་གཟི་དཔལ་ཉམས།།

འོན་ཀྱང་སྙིང་གི་རེ་བ་མ་ཉམས་བདེན་སྟོབས་དཔུང་བ་གྱེན་དུ་ཐོགས།།
ཤེས་རིགས་བདུད་རྩིའི་སྤྲི་བཅུད་འཐུང་བཞིན་མདུན་སྙེག་གོམ་པ་དལ་གྱིས་སྤོས།།
སྤྱང་གྲུང་བློ་ཡི་རྗེས་ཤུལ་འབྲང་སྟེ་ལ་རྒྱའི་བ་དན་མཁའ་ལ་སྒྲོངས།།
དྲང་བདེན་རྒྱལ་ཁའི་འཛུམ་དཀར་བསུ་ལ་བློ་ལྡན་སུ་ཞིག་ཞུམ་པར་འགྱུར།།

ཁ་ཁོག་འགལ་བའི་རང་རིགས་འགའ་ཞིག་འཚོ་རྟེན་ཙམ་གྱིས་ཚིམ་གྱུར་ཀྱང་།།
ལ་རྒྱའི་སྤོབས་ལྡན་གདོང་དམར་དཔའ་རྒོད་མདུན་སྙེག་བྱེད་ལ་ཞུམ་པ་བྲལ།།
གཟུར་གནས་བློ་ལྡན་སྟོང་དང་སྟོང་གིས་བདེན་པའི་སེང་དར་འདེགས་ལ་བརྩོན།།
རེ་ཆད་མགོ་བོ་ཐུར་དུ་མ་ལྷུང་འོད་གསལ་ལྷ་ཡི་རིགས་རྒྱུད་ཚོ།།

ཞི་བདེའི་མཚན་སྙན་བ་དན་དཀར་པོ་ཉིན་བཞིན་བླ་ནས་བླ་རུ་འཕགས།།
ལྟོས་གྲུབ་ཟབ་མོའི་ཆོས་ཚུལ་རྣམ་དག་འཛམ་གླིང་ཟླུམ་པོའི་གཙུག་ན་འབར།།
བྱམས་ལྡན་གཤིས་བཟང་རིགས་ཀྱི་ཆེ་བསྟོད་གླིང་ཆེན་རྣམ་བཞིའི་མཁའ་ལ་འཕྱུར།།
གངས་ཅན་ལས་དབང་གྱེན་དུ་འཕྱུར་བའི་དུས་སྟོན་གསར་བ་ཤར་ལ་ཉེ།།

ཡོད་ཚད་གཏོང་བའི་རྒྱལ་གཅེས་དཔའ་རྒོད་ཆོལ་གསུམ་ལྗོངས་ནས་ཉིན་བཞིན་འཕེལ།།
འཛད་མེད་ཆེས་མཐོའི་རྟགས་མ་འབུམ་གྱིས་གངས་ཅན་རྒྱལ་བོའི་གཟི་བརྗིད་སྒྲེངས།།
དྲང་བདེན་མང་གཙོའི་འབོད་པ་སྟོང་གིས་བཙན་རྒྱལ་དམར་པོའི་རྣ་བ་འགད།།
བདེན་པའི་རྒྱལ་བོ་རྒྱལ་བའི་མཚན་མ་ཕྱོགས་མཚམས་ཀུན་ན་མེ་ལྟར་འབར།།

བདེན་པའི་ལམ་ལས་བདེན་འབྲས་འབྱུང་བ་ཆོས་ཉིད་རྒྱལ་མོའི་གཤིས་སུ་གྲུབ།།
ཧམ་བཤད་རྫུན་གྱིས་ཁུངས་སྐྱེལ་བྱུང་བ་འདས་ཟིན་ལོ་རྒྱུས་དག་ལ་མེད།།
འཚེ་མེད་ཞི་བདེའི་ལྟ་གྲུབ་སྙིང་བཅུད་རྒྱལ་ཁའི་སྐྱ་རེངས་གསར་བ་ཉིད།།
རེ་བའི་ཉི་གཞོན་མི་རིང་ཕེབས་ངེས་མདུན་བསུའི་སྙིང་སྟོབས་བསྐྱེད་དེ་འགྲོ།།

སྙན་ངག

Post navigation

Previous Post: སྤོབས་མཐའ་ཅན་དང་གནམ་ལོ་ཡག་ཅན་གཉིས་ལ་བགྲོ་བ།
Next Post: ངའི་མིག་འབྲས་ནག་པོས་ནམ་ཡང་ཁྱོད་ལ་ཅེར་ཡོད།

Comments (2) on “དུས་ཀྱི་འཐོར་རླུང་དང་གངས་རིའི་ཕམ་ཁ།”

  1. Tenlay Norbu says:
    2014-05-06 at 7:39 pm

    འོ་ཡ།་ད་ཡིན་ན་སེར་ཤུལ་ངོ་མ་ངར་གིྲཡག་ཐལ།

  2. སེར་ཤུལ་རིན་ཆེན་དོན་གྲུབ། says:
    2014-05-07 at 3:21 am

    རྩོམ་འདི་དྲ་གྲོགས་འཕྲིན་ལས་ནོར་བུ་ལགས་ཀྱི་རེ་སྐུལ་བཞིན་བདག་གི་དེབ་དང་པོ་༼གངས་ལྷའི་ཞབས་རྗེས་སྙེག་པའི་བརྩེ་སེམས་༽ལས་ཟུར་འདོན་བྱས་པ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme