Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུག་སྦྲུང་དུག་གི་རྒྱལ་པོ།

Posted on 2015-08-222015-08-22 By ཁ་བརྡ་ 7 Comments on དུག་སྦྲུང་དུག་གི་རྒྱལ་པོ།

9260c_r620x349——–རྟ་དབྱངས།

 
དབྱིན་སྐད་ཀྱི་(mosquito)དུག་སྦྲང་ཟེར་བ་འདིའི་ཚིག་གི་འབྱུང་ཁུངས་ནི་སི་པན་སྐད་ཡིན་པ་དང་། དེའི་དོན་ནི། སྦྲང་བུ་ཆུང་ཆུང་ཟེར་བ་རེད། བོད་པས་དུག་སྦྲང་ཞེས་བཏགས་ཡོད་པ་རེད། དེ་ནི་མིང་དོན་མཚུངས་པའི་མིང་ཞིག་རེད་བསམས་བྱུང་། འཛམ་གླིང་སྟེང་གི་སྲོག་ཆགས་དང་འབུ་སྲིན་གང་གིས་མི་ལ་གནོད་པ་དང་འཇིགས་སྣང་ཆེ་ཤོས་སྤྲོད་ཀྱི་ཡོད་དམ་ཟེར་ན། ས་སྒང་འདིའི་སྟེང་གི་འབུ་དང་སྲོག་ཆགས་ཀྱི་ནང་ནས་མི་ལ་གནོད་པའམ་འཇིགས་སྣང་ཆེ་ཤོས་དེ་དུག་སྦྲང་གིས་བྱེད་ཀྱིན་ཡོད།

གཉན་སྲིན་ནམ་དུག་སྲིན་འདིས་མི་མང་པོ་ཞིག་འཆི་ལམ་ལ་འཁྲིད་ཀྱིན་ཡོད།(གཉན་སྲིན་ནམ་དུག་སྲིན= ནད་རིགས་ཁྱབ་གདལ་གྱི་རྐྱེན་བྱེད་པའི་ནད་འབུ་ཕྲ་མོའམ་ཡང་ན་གཞན་བརྟེན་སྲིན་འབུ་ )དུག་སྲིན་འདི་ཁྱབ་སྟངས་ཇི་ལྟར་རེད་ཟེར་ན། དུག་སྦྲང་གི་ནང་ནས་དུག་སྦྲང་(Anopheles-ཨན་ནོ་ཧྥ་ལེ་སི་ནི་དུག་སྦྲང་གི་བྱེ་བྲག་ཅིག= འདར་ཚད་སྤེལ་བའི་དུག་སྦྲང་།)ཨན་ནོ་ཧྥ་ལེ་སི་ཟེར་བ་འདི། ལ་ཌིན་གྱི་ཚིག་ཞིག་ཡིན་ལ་དེར་མཁོ་མེད་ཟེར་བའི་ནང་དོན་ཡོད།

དུག་སྦྲང་གི་དུག་ནད་སྔོག་འགོག་ལྟེ་གནས་འགས་དབྱེ་ཞིབ་ཀྱིས་བརྗོད་པ་ལྟར་ན། ཕལ་ཆེར་དུག་སྦྲང་སྣ་ཁ་མི་འདྲ་བ་སུམ་སྟོང་ལྔ་བརྒྱ་ཡོད་པ་དང་། དེ་དག་སྤྱིར་བཏང་བྱས་ན། དུག་སྦྲང་གི་ཁྱུ་ཚོགས་བཞི་བཅུ་ཞེ་གཅིག་ཙམ་གྱི་ནང་ལ་འདུ་བར་བཤད། མི་ལ་དུག་ནད་འགོ་མཁན་ནི་དུག་སྦྲང་མོ་ཨན་ནོ་ཧྥ་ལེ་སི་ཟེར་བ་དེ་རང་ཡིན་པ་དང་། འདི་ལ་རིགས་མི་འདྲ་བ་བཞི་བརྒྱ་སུམ་ཅུ་ཙམ་ཡོད། དེའི་ནང་ནས་རིགས་སུམ་ཅུ་ནས་བཞི་བཅུས་ དུག་ནད་འདི་མི་ལ་འགོ་བཞིན་ཡོད།

དུག་སྦྲང་འདི་ནི་མོ་ཡིན་པ་དང་། འདིས་མི་ལ་སོ་བརྒྱབ་རྗེས་མི་ལ་དུག་ནད་དེ་འགོ་བའམ་ཁྱབ་ཀྱིན་ཡོད། ནམ་རྒྱུན་དུག་སྦྲང་འདི་ཤ་ཟ་མཁན་ཞིག་མ་རེད། ཤིང་ཏོག་གི་ཁུ་བ་དང་སྦྲང་རྩི་མངར་མོའི་རིགས་འཐུང་རྒྱུར་དགའ་ཞིང་རྩྭ་གཟན་སེམས་ཅན་གྱི་གྲས་སུ་གཏོགས། འོན་ཀྱང་། དུག་སྦྲང་མོ་དེ་རིགས་ཀྱིས་སྒོ་ང་གཏོང་སྐབས་རྫིང་བུ་དང་འཁྱིལ་ཆུ་མི་གཡོ་བའི་ངོས་ལ་གཏོང་གི་ཡོད། དུག་སྦྲང་མོས་དུག་སྒོང་གཏོང་ཐེངས་རེར་དུག་སྒོང་བརྒྱ་ལས་མང་བ་གཏོང་གི་ཡོད། དུག་སྦྲང་མོས་ཁྲག་ག་ཚོད་འཐུང་ན་དེས་ཚོད་ཀྱིས་མོའི་ལུས་པོ་ལ་ནུས་སྟོབས་རྒྱས་པ་དང་། དུག་སྒོང་གཏོང་བར་མོའི་ལུས་ལ་ནུས་སྟོབས་དགོས་ཀྱི་ཡོད་པས་མི་ལ་སོ་རྒྱག་གི་ཡོད།

དུག་སྦྲང་འདིས་འདར་ནད་འགོས་པའི་མི་ཞིག་ལ་སོ་བརྒྱབ་རྗེས་མི་གཞན་ཞིག་ལ་སོ་བརྒྱབ་པ་ཡིན་ན། དུག་སྦྲང་གི་ཕྲ་སྲིན་འདྲེན་བྱེད་ཀྱི་ནང་དུ་དུག་སྲིན་ཕྲ་མོ་འདི་མིའི་གཟུགས་པོའི་ནང་ལོགས་ལ་འཛུལ་བ་དང་། མིའི་ལུས་གསེང་ལ་འཛུལ་ཚར་བ་དང་མིའི་མཆིན་པའི་ནང་ལ་འགྲོ་གི་ཡོད། མཆིན་པ་ནི་ཁྲག་དྭངས་སྙིགས་འབྱེད་པའི་བཙག་སྣོད་ལྟ་བུ་དང་ཁྲག་གི་རྟེན་བྱེད་ཅིང་ཟས་སྐོམ་གྱི་དྭངས་མ་རྣམས་ཕོ་བ་ནས་ལུས་ལ་འདྲེན་པར་བྱེད་ཅིང་ད་རུང་ཁྲག་དྭངས་མ་རྣམས་ཕོ་བ་ནས་ཀླད་པ་དང་སྙིང་སོགས་ལ་འདྲེན་པར་བྱེད་ཀྱིན་ཡོད།

མཆིན་པའི་ནང་ནས་ཡུད་ཙམ་ནས་ཁྲག་དམར་པོའི་ནང་ལ་གནས་སྤོར་གྱི་འདུག དེ་ནས་ནད་འབུ་ཕྲ་མོ་ཇེ་མང་ནས་ཇེ་མང་སྟོང་ཕྲག་མང་བོར་འཕེལ་ཏེ་ཁྲག་དམར་པོའི་སྦུབས་ཕྲན་ལ་འཐབ་རྒོལ་བྱེད་ཀྱིན་ཡོད་རེད་ཅེས་གྷོ་གལ་ Google དང་ཡུ་ཌོབ་ YouTube  གཞན་ཚན་རིག་པ་དང་། དུག་སྦྲང་སྐོར་ལ་ཞིབ་འཇུག་བྱེད་མཁན་མང་པོ་ཞིག་གིས་བརྟག་དཔྱད་ཞིབ་འཇུག་གིས་འགྲེལ་བརྗོད་མཐར་སྐྱེལ་བྱས་ཡོད།

འཁོར་ཡུག་ལྗན་ལྗིན་དང་འགྱིག་ཤོག་རྫོབ་པོ་སོགས་གད་སྙིགས་ཡོད་ས། འཁྱིལ་ཆུ་ཡི་ངོས་འགྲམ་དང་མོ་ཊའི་འཁོར་ལོ་རྙིང་པ། ཆུ་སྣོད་མི་གཙང་བ་དང་འདམ་ཁུ། ནགས་ཕྲན་རྫབ་རྫོབ། ཁང་པའི་འཁྲིས་སུ་ཆུ་རྙོག་འཁྱིལ་ཡོད་པ་སོགས་ཡོད་པའི་སྟེང་ལ་དུག་སྦྲང་འདི་འཁོར་གྱིན་ཡོད།

ད་རུང་དབྱིན་ཇིའི་དངོས་བྱུང་གཞི་འཛིན་གྱི་བརྙན་འཕྲིན་ལས་བརྗོད་པ་ལྟར་ན། (BBC) ཨ་ཧྥེ་རི་ཀའི་ནང་ལ་ཨེ་ཙིའི་ནད་ལས་དུག་སྦྲང་ལས་བྱུང་བའི་མ་ལ་རེ་ཡའི་ན་ཚ་འདིས་མི་འབོར་མང་པོ་ཞིག་འཆི་ལམ་ལ་བསྐྱེལ་དང་སྐྱེལ་བཞིན་ཡོད་ཟེར། (malaria – མ་ལ་རེ་ཡ) = འདར་ཚད་དུག་སྦྲང་ལས་བྱུང་བའི་ཚད་རིམས་ཤིག་དང་། བོད་ཡིག་ནང་དུ་འདར་ནད་ཅེས་བསྒྱུར་འདུག ལ་ཌིན་སྐད་ཀྱིས་(Latin)ལ་རླུང་བུ་བཙོག་པ་ཟེར་གི་འདུག ན་ཚ་འདི་འགོས་པའི་རྟགས་མཚན་ནི། ཚ་བ་ཤུགས་ཆེ་འཕར་བ། གྲང་ཟུག་རྒྱག་པ། ཕོ་བའི་ནང་ལ་ན་ཟུག་རྒྱག་པ། མགོ་ན་བ་དང་ཐང་ཆད་པ་སོགས་ཡོང་གི་ཡོད། ནད་རྟགས་འདི་འདྲ་ཡིན་པ་ངོས་ཟིན་པ་དང་སྨན་ཁང་ལ་ངེས་པར་འགྲོ་དགོས་ཟེར།

འབུ་སྲིན་ཆུང་ཆུང་དེ་འདྲ་ཞིག་གིས་མི་འབོར་འདི་འདྲ་མང་པོ་ཞིག་གསོད་མི་སྲིད་པ་ཞིག་རེད། འོན་ཀྱང་། དེ་ནི་ངོ་མ་ཡིན་པ་དང་། འདར་ནད་འདི་འགོ་ནད་གསར་པ་ཞིག་མ་ཡིན་པར་སྤྱི་ལོ་མ་བྱུང་སྔོན་གྱི་ 2700 སྔོན་ལ་ཡོད་པ་དང་། རྒྱ་ནག་གི་རྩ་སྨན(Cinchona) – སིན་ཁོ་ན།(རྒྱ་གར་སོགས་སུ་ཡོད་ཅིང་མེ་ཏོག་དཀར་པོ་དང་ཟིང་སྐྱ་ཅི་རིགས་ཤར་བའི་སྡོང་པོ་ཁུ་བས་འདར་ཚད་ལ་ཕན་པ་ཞིག) དུག་སྦྲང་གི་འགོ་ནད་དུག་སྲིན་ལ་ཕན་པའི་རྩྭ་སྨན་ཐོག་མ་སིན་ཁོ་ན་ཟེར་བ་འདི་རྒྱ་ནག་ནང་དུ་ཐོག་མ་བཟོས་ཡོད་ལ་མ་ལ་རེ་ཡའི་འགོས་ནད་འདི་ཐོག་དང་བོ་1880 ལོར་བཙལ་རྙེད་བྱུང་ཡོད།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བརྗོད་པ་ལྟར་ན། དུག་སྦྲང་གིས་མི་ལ་སོ་བརྒྱབ་ནས་ལོ་རྟག་པར་མི་ས་ཡ་གཅིག་ལས་མང་བ་ཞིག་འཆི་བཞིན་ཡོད་པ་དང་། སྲོད་དུས་དང་ནམ་ལངས་ཁར་སོ་རྒྱག་གི་ཡོད་ལ་ཤི་བ་མང་ཤོས་མངལ་སྦྲུམ་པའི་བུད་མེད་དང་བྱིས་པ་ལོ་ལྔའི་མན་རེད་ཟེར།  ནར་སོན་པའི་དུག་སྦྲང་མོ་ནི་ཟླ་གཅིག་ལ་སྡོད་ཐུབ། འོན་ཀྱང་། ཆ་སྙོམས་བྱས་ན་མང་ཆེ་བ་བདུན་ཕྲག་གཅིག་ནས་གཉིས་བར་མ་གཏོགས་གསོན་གྱི་མེད།   རོབ་རྩིས་བྱས་ན་2013 ལོར་མི་འབོར་ས་ཡ་198ལ་འདར་ནད་ཀྱི་གནད་དོན་བྱུང་བ་དང་། མི་འབུམ་ལྔ་ཤི་ཡོད་པ་མ་ཟད། དེའི་ནང་ནས་མང་ཤོས་ཨ་ཧྥི་རི་ཁའི་ནང་གི་བྱིས་པ་རེད་ཟེར། ཕལ་ཆེར་འཛམ་གླིང་གི་མི་གྲངས་ཕྱེད་ཀར་འདར་ནད་ཀྱི་ཉེན་ཁ་ཡོད་པ་དང་། གཞན་བརྒྱུད་ལམ་ (གློག་བརྙན་དང་རླུང་འཕྲིན་ཚགས་ཤོག་སོགས་ལ་གོ) ལྟེ་གནས་ནས་བརྗོད་གསལ་ལྟར་ན། རྒྱལ་ཁབ་97 དང་ས་ཁུལ་མང་པོ་ན་མུ་མཐུད་དུ་ནད་ཡམས་འདི་འགོས་དང་འགོ་བཞིན་ཡོད་ཟེར།

ལོ་རེར་ཨ་མི་རི་ཀའི་རྒྱབ་ཁབ་ནང་དུ་འདར་ནད་ཕོག་མཁན་ཆིག་སྟོང་ལྔ་བརྒྱ་ངོས་འཛིན་བྱེད་ཀྱི་ཡོད། ཨ་རིའི་ནང་གི་འདར་ནད་ཀྱི་གནད་དོན་ཕོན་ཆེན་པོ་ཞིག་གི་ཡོང་ས་མང་ཆེ་བ་ཨ་ཧྥི་རི་ཀའི་( sub-Saharan) སུབ-ས་ཧ་རན་དང་། ལྷོ་ཨེ་ཤ་ཡ་ཐེ་བའི་འདར་ནད་ཁྱབ་གདལ་འ྄བྱུང་སའི་འཛམ་གླིང་ས་ཕྱོགས་ནས་འགྲུལ་པ་དང་ཡུལ་མི་གནས་སྤོ་མཁན་ཚོ་ལས་འགོ་བཞིན་ཡོད་འདུག

དེའི་ནང་ནས་ལུང་པ་འགའ་བགྲངས་ན། ལྷོ་ནུབ་ཨ་ཧྥི་རི་ཀ། ཨ་མི་རི་ཀའི་དཀྱིལ། ལྷོ་ཤར་ཨེ་ཤ་ཡ་སོགས་རེད། དེའི་ནང་ནས་ལུང་པ་འགའ་བགྲངས་ཏེ། འདར་ནད་ཀྱི་གནད་དོན་བྱུང་བའི་གྲངས་ཀ་ལ་བལྟས་པ་ཡིན་ན། ཨ་ཧྥི་རི་ཀའི། སྒ་ན(Ghana)- 1041260 ཨ་ཕི་རི་ཀའི། ཨན་རྒོ་ལ(Angola)- 16322282 ཨིན་སྒྲོ་ནེ་ཤི་ཡ།(Indonesia)- 256592 པ་ཀི་སི་ཏན།(Pakistan)- 334589 འབྲུག་རྒྱལ་ཁབ།- 194རྒྱ་གར།- 13103667 རྒྱ་ནག 3367-བཅས་ཡིན་པར་བཤད་འདུག

འཇིགས་སུ་རུང་བའི་གྲངས་ཀ་གཞན་ཞིག་ནི། འདར་ནད་ལས་ཤི་བའི་གྲངས་ཀ དཔེར་ན། ཨ་ཧྥི་རི་ཀའི། སྒ་ན(Ghana)- 3259 ཨ་ཧྥི་རི་ཀའི། ཨན་རྒོ་ལ(Angola)- 6909 ཨིན་སྒྲོ་ནེ་ཤི་ཡ།(Indonesia)- 388 པ་ཀི་སི་ཏན།(Pakistan)- 24 འབྲུག་རྒྱལ་ཁབ།- 1 རྒྱ་གར།- 753 རྒྱ་ནག- 33 ་པ་བཅས་རེད།

རྒྱལ་ཁབ་ 97 དང་ས་ཁུལ་མང་པོ་ན་མུ་མཐུད་དུ་ནད་ཡམས་འདི་འགོས་དང་འགོ་བཞིན་ཡོད་པ་ལས་གོང་དུ་རྒྱལ་ཁབ་འགའི་ནང་ཁྱབ་པའི་གནས་སྟངས་ཞིབ་ཕྲ་ཚད་ལྡན་ཡིག་ཚགས་ཀྱི་གྲངས་འབོར་ལྟར་བྲིས་ཡོད།  འོན་ཀྱང་། བོད་ལ་དུག་སྲིན་འདི་བྱུང་མེད་པ་འདྲ། བརྒྱུད་ལམ་ལྟེ་གནས་ཀྱིས་བཏོན་པའི་རྒྱལ་ཁབ་97 ནང་ལ་བོད་འདི་ཚུད་མི་འདུག

 

གསར་འགྱུར།

Post navigation

Previous Post: ཀླུ་མཁར་བྱམས། ཆུང་ཡང་བརྟན་ཤོས་ཀྱི་ཟམ་པ།
Next Post: ཡང་སྙིང་སྲིད་སྐྱོང་དང་Maura Moynihan གཉིས་ཀྱི་འབྲེལ་ལམ་གང་འདྲ་ཞིག་ཡིན་ནམ།

Comments (7) on “དུག་སྦྲུང་དུག་གི་རྒྱལ་པོ།”

  1. འབྲོག་ཕྲུག says:
    2015-08-22 at 10:08 pm

    འདར་ཚད་ཟེར་ན་Dengue ལ་ལབ་གི་ཡོད་པས། ག་རེ་རེད།

  2. རྟ་དབྱངས། says:
    2015-08-24 at 2:56 am

    འབྲོག་ཕྲུག་ལགས།

  3. རྟ་དབྱངས། says:
    2015-08-24 at 2:58 am

    འབྲོག་ཕྲུག་ལགས། ཁྱེད་ཀྱིས་མཆན་བཏབ་པར་བཀའ་དྲིན་ཆེ།
    ཁྱེད་ཀྱིས་(འདར་ཚད་ཟེར་ན་Dengue ལ་ལབ་གི་ཡོད་པས། ག་རེ་རེད།) ཅེས་དྲི་བ་ཞིག་དྲིས་འདུག འདར་ཚད་དང་རུས་ཚད་གཉིས་ནོར་ཡོད་པ་འདྲ། Dengue- ནི་རུས་ཚད་ཟེར་གྱིན་ཡོད་པ་ལས་འདར་ཚད་མི་ཟེར། རྒྱུ་མཚན་ནི་གཤམ་ལ་གཟིགས་པར་ཞུ།

    Aedes aegypti ཟེར་བའི་དུག་སྦྲང་འདིས་dengue fever- རུས་ཚད་འཁྱབ་ནད་དུག་འབུ་འདི་མི་ཧ་ཅང་མང་པོ་ཞིག་ལ་འགོ་བཞིན་ཡོད། ནད་འདི་འགོས་པའི་རྟགས་མཚན་ནི་རུས་ཚིགས་ན་བ། རུས་གསེར་རྒྱག་པ། མིག་རྟིང་ན་བ། ཟ་འཕྲུག་ལངས་པ། སྣ་ཁྲག་འཐོན་པ་དང་སོ་ཁྲག་ཡོང་བ་སོགས་ཡོད། (measlesདང་dengue གཉིས་མི་གཅིག) དང་འདྲ་ས་དག་ཙམ་ཡོད་ཅེས་རྒྱལ་སྤྱིའི་འཕྲོད་བསྟེན་ལྟེ་གནས་འགས་བརྗོད་འདུག འགོས་ནད་འདི་ཧ་ཅང་མི་མང་པོ་དང་ལུང་པ་མང་པོར་འགོས་དང་འགོ་བཞིན་ཡོད། འོན་ཀྱང་མ་ལ་རེ་ཡ- malaria དུག་ནད་དང་སྡུར་ན་ས་དང་གནམ་གྱི་ཁྱད་པར་ཡོད། dengue འདི་ཛ་དྲག་པོ་དེ་འདྲ་ཞིག་མིན། དེ་ལས་yellow-fever- མཁྲིས་ཚད་འདི་ཛ་དྲག་ཡིན་པས། ལོ་རེར་མི་སྟོང་ཕྲག་སུམ་ཅུ་འཆི་བཞིན་ཡོད་ཟེར། མ་ཟད་dengue འགོ་ནད་རིགས་མི་འདྲ་བ་མང་པོ་ཡོད་པའི་ནང་ནས་dengue hemorrhagic འདིས་མི་འཆི་ལམ་ལ་སྐྱེལ་གྱིན་ཡོད། འདི་ཉེན་ཁ་ཆེན་པོ་ཞིག་ཡིན། དུག་སྦྲང་Aedes aegypti འདིས་དུག་ནད་འདི་འཁུར་ཡོང་གི་ཡོད་པ་དང་མ་ལ་རེ་ཡ-malaria འདར་ནད་འདི་དུག་སྦྲང་ཨན་ནོ་ཧྥ་ལེ་སི་ཡིས་འཁུར་ཡོང་གི་ཡོད། malaria-མ་ལ་རེ་ཡ་འདི་ལ་ཡང་རིགས་མི་འདྲ་བ་མང་པོ་ཞིག་གི་ནང་ནས་རིགས་ཛ་དྲག་པོ་བཞི་ཡོད་པའི་ནང་ནས་མ་ལ་རེ་ཡའི་འདར་ནད་དམ་དུག་འབུ་འདི་ཉེན་ཁ་ཧ་ཅང་ཆེ་ཤོས་དང་མི་ཧ་ཅང་མང་པོ་ཞིག་ནད་འདི་ལས་ཤི་དང་ཤི་བཞིན་ཡོད། གོང་གི་དུག་སྲིན་དེ་དག་ལས་ཁྱབ་ནད་གཞན་མང་པོ་ཞིག་དུག་སྦྲང་རིགས་མི་འདྲ་བ་སྣ་ཚོགས་ཞིག་གིས་དུག་ནད་དང་ཁྱབ་ནད་ཀྱང་རིགས་མི་འདྲ་བ་སྣ་ཚོགས་ཞིག་འཁྱེར་ཡོང་གི་ཡོད་པས། མིག་ཅར་ཅེར་དང་རྣ་ཀྲོང་ཀྲོང་བྱ་དགོས།

  4. འབྲོག་ཕྲུག says:
    2015-08-24 at 5:37 am

    བཀའ་དྲིན་ཆེ། དྲིས་ལན་གསལ་པོ་བྱུང་སོང་། ད་དུང་འདར་ཚད་དང་རུས་ཚད་ཟེར་བ་འདི་ཚོ་བོད་མིང་ཏག་ཏག་འགྲིག་ཡོད་མེད་ལ་ཞིབ་འཇུག་དགོས་པརསེམས།

  5. རྟ་དབྱངས། says:
    2015-08-24 at 4:32 pm

    རུས་ཚད་དང་འདར་ཚད་དམ་འདར་ནད་ཅེས་པ་འདི་སྨན་དང་ནད་ལ་འབྲེལ་བ་ཡོད་ཙང་སྨན་པ་ཞིག་གིས་མཐོང་བ་དང་ཤེས་ཐུབ། ཕལ་ཆེར་མི་མང་ཆེ་བས་མིང་དེ་དག་མཐོང་བ་དང་ནང་དོན་ལམ་སང་ཧ་མི་གོ་བ་ཡོང་སྲིད། རྣ་གོམས་དང་མིག་འདྲིས་མེད་ལ་དུས་རྒྱུན་འཚོ་བའི་ནང་དུ་བཀོད་སྤྱོད་ཀྱང་མེད་པས་དེ་དག་མཐོང་བ་དང་མ་བདེ་མི་ལོབ་པའི་དཀའ་ངལ་ཡོད་སྲིད།

    ཁྱེད་ཀྱིས་བཤད་པའི་”ད་དུང་འདར་ཚད་དང་རུས་ཚད་ཟེར་བ་འདི་ཚོ་བོད་མིང་ཏག་ཏག་འགྲིག་ཡོད་མེད་ལ་ཞིབ་འཇུག་དགོས་པརསེམས།” ཞེས་བཤད་འདུག ཡག་པོ་རེད། ད་རུང་dengue fever – རུས་ཚད་འདི་ལ་མིང་གཞན་རུས་བཅག་ཀྱང་ཟེར།

    ཡང་གཅིག་བཤད་ན། མིང་སྒྱུར་སྟངས་ལ་སྒྲ་སྒྱུར་དང་དོན་སྒྱུར། མིག་འདོགས་སྟངས་ལ་འདོད་རྒྱལ་དང་རྗེས་སྒྲུབ་ཡོད་པའི་ནང་ནས་རུས་བཅག་ཟེར་བའི་མིང་འདི་ཁྱེད་ཀྱིས་བསམ་ན་གང་གི་ཁོངས་སུ་གཏོགས་འདུག གྲོགས་པོ་ལགས། མིང་གན་གང་ཞིག་ན་འགྲིག་འདུག་གང་ཞིག་ན་འགྲིག་མི་འདུག སྒྱུར་སྟངས་ག་འདྲ་འདུག གལ་སྲིད་མི་འགྲིག་ན་རང་ཉིད་ཀྱིས་བརྟག་དཔྱད་ཞིབ་འཇུག་རེ་དང་རྒྱུ་མཚན་འགའ་བསྒྲང་ཐུབ་ན་དགའ་བསུ་དང་ལེགས་པོར་རེད་བསམས།

  6. བྱམས་རྡོ says:
    2017-10-09 at 8:35 pm

    ནད་དེ་བཅོས་ཐབས་ཡག་ཤོས་དང་སྨན་གང་ཟ་དགོས་རེད་་་་་བོད་སྨན་ནང་དུ་དེ་ལ་ཕན་པ་ཡོད་རེད་པས། ང་ཚོའི་མིང་སྐམ་པོ་ལ་རྩོད་རྒྱག་སྡོད་པ་ལས་དོན་དངོས་སུ་ན་ཚ་དེ་ལ་མེད་པ་བཟོ་ཐབས་ལ་བགྲོ་གླེང་གནང་ན་དགའ་བ་མིན་འགྲོ།

  7. ལྕགས་ཐར། says:
    2017-11-01 at 10:52 am

    དུམ་ཚན་གཉིས་པ་ཁ་གསལ་པོ་མི་འདུག་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme