Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དིང་རི། ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་སྤུན་ཟླ། 

Posted on 2025-01-142025-01-14 By ཁ་བརྡ་ No Comments on དིང་རི། ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་སྤུན་ཟླ། 

 –རྔ་བ་ཀུན་བཟང་།

 ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་སྤུན་ཟླ་ཚོ། མི་ལོ་ཉི་ཤུའོ་གོང་ལ་ངའི་ཕ་ཡུལ་དང་སྤུན་ཟླ་རྣམས་རྒྱབ་ལ་གཡུགས་ནས་ཡུལ་འཁྱམ་པའི་འཚོ་བ་རོལ། སྐབས་དེ་བྱིས་བློ་བསམ་མེད་ཅིག་གི་སྣང་བ་དེ་སྐྱིད་པས། ཕ་ཡུལ་དང་སྤུན་ཟླ་ཞེས་པ་ཐ་སྙད་ཙམ་ལས་ག་ལ་ཤེས། དེ་རིང་འདི་ལྟར་ངའི་སྤུན་ཟླ་རྣམས་བདག་མེད་ངང་འབྱུང་འཇིག་གིས་མནན་དུས། ང་ནི་བཟོད་མེད་ཀྱི་ན་ཟུག་ལྕི་མོ་ཞིག་དང་ལྷན་དུ་རབ་རིབ་དང་ཟང་ཟིང་དུ་གྱུར་ཏེ། ཁྱེད་ཚོ་ནི་སྲིད་པ་བོད་ཀྱི་མིའུ་གདུང་དྲུག་གི་ཁྲག་རྒྱུད་དང་འབྲེལ་བས། གོ་ལ་ཟླུམ་པོའི་ཡངས་ཐོག་གི་གངས་རི་དཀར་པོའི་ཕ་ཁྱིམ་ཐོག་མ་དེ་ཡིན་ལ། བོད་གངས་ཅན་པའི་རིག་མཛོད་གཏེར་བདག་གི་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གནང་མཁན་ཡང་ཁྱོད་ཚོ་ལས་མ་འདས། ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་སྤུན་ཟླ་ཚོ། དེ་རིང་རང་བྱུང་གནམ་སའི་གོད་ཆག་དེ་བྱུང་བས། ཡུལ་འཁྱམ་ཚང་མས་ཐུན་མོང་གིས་ཁྱོད་ཚོ་གླེང་བཞིན་འདུག ཀུན་གྱིས་མྱ་ངན་ཞུ་བཞིན་འདུག སྐྱབས་གསུམ་ལ་གསོལ་བ་འདེབས་བཞིན་འདུག འགན་འཁྲི་མིན་རུང་འགན་འཁྲིའི་ཀློང་ན་ཟས་གོས་སྐྱེལ་བཞིན་་འདུག སྤུན་ཟླ་ཚོ། ཁྱེད་ཚོས་མཐོང་བྱུང་ངམ། གསན་བྱུང་ངམ། འདི་ནི་ཁྱོད་ཚོ་བོད་གངས་ཅན་པའི་གདུང་རྒྱུད་ཀྱི་རྩ་བ་ཡིན་པའི་རིན་ཐང་ཡིན་ལ། འདི་ནི་ཁྱོད་ཚོས་མི་ཡུལ་ལ་བཞག་པའི་བྱ་གཞག་དེའི་ཟིལ་ཤུགས་དང་སྙིང་སྟོབས་རེད། འདི་ནི་ཁྲག་རྒྱུད་གཅིག་གི་ཕྱི་གསལ་ནང་གསལ་གྱི་བརྩེ་བ་དང་ཡིད་ཆེས་མཚོན་སྟངས་ཅི་ལ་མིན། ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་སྤུན་ཟླ་ཚོ། དྲང་མོ་བཤད་ན། ཁ་སང་དེ་རིང་། ཁྱིམ་གཞི་ཡོད་ཚད་རླུང་ནག་འཚུབ་མ་ཞིག་གི་འུར་སྒྲའི་ཁྲོད་ན་ལྷག་ཡོད། རི་ལུང་ནགས་ཆུ་ཐལ་མདོག་ཏུ་གྱུར་ཞིང་། ནང་མི་བུ་ཕྲུག་ཁ་འཐོར་དུ་བཏང་། ཚེ་སྲོག་དུ་མ་རྡོ་འོག་ལ་ཤོར་དུས། ཞེ་སྡང་གི་སྡེར་མོ་བསྐུམ་ཞིང་། བྱང་སེམས་ཀྱི་གཤོག་རུ་བསྐྱང་མཁན་མང་བས། ཡུལ་ཕུ་ནུའི་ཡན་གྱི་དྲིན་ཆེན་དང་ནང་ཕ་མའི་ཡན་ན་འདང་ཆེན་སུ་ཡོད་དམ། ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་སྤུན་ཟླ་ཚོ། ཉི་མ་འདི་ཚོ། དགུན་རླུང་གྲང་མོའི་དཀྱིལ་ནས་ངའི་མིག་ཆུ་ལ་འགོག་ཐབས་མ་བྱུང་། ང་ཡུལ་འཁྱམ་ལ་སོང་སོང་བའི་མཐའ་མ། དཀའ་ལས་བརྒྱབ་བརྒྱབ་པའི་མཐའ་མ། རྨི་ལམ་བཏང་བཏང་བའི་མཐའ་མ། ས་མཐའ་བསྡད་བསྡད་པའི་མཐའ་མ། ད་ཁྱེད་ཚོ་དང་གཏན་ནས་ཁ་བྲལ་སོང་། ལེ་དབར་ཁྲི་སྟོང་གི་ཕ་རོལ་ནས། ངས་ནམ་ཡང་གངས་ཅན་པའི་ཡིད་སེམས་དྲང་མོ་མདའ་དང་། བསམ་པ་དཀར་པོ་དུང་། སྦྲང་དཀར་རྩམ་པའི་བྲོ་བ། དཀར་པོ་ཆོས་ཀྱི་དད་སེམས་སོགས་མི་བརྗེད་ལ། རྒྱུ་མི་རྟག་རྩྭ་འགོའི་བསིལ་བ་དང་སྐྱིད་མི་རྟག་ཕ་ཕྱུག་བུ་མོ་ཞེས་པའི་གཏམ་དཔེ་དག་དྲན་པའི་ངོས་ནས་རྙེད་བྱུང་། ནམ་ཞིག་གི་ཚེ། ང་ཡང་ཁྱོད་ཅག་གི་རྐང་རྗེས་སྙེགས་ནས་ཕྱིར་ཕ་ཡུལ་ལ་ལོག་ཡོང་། དེ་དུས་ང་ཡང་རང་བྱུང་ཁམས་ཀྱི་གོད་ཆག་ཁྲོད་ནས་ས་རྡོའི་འོག་ལ་འཐིམ་ནས་ཕ་ཁྱིམ་ནས་ངོ་མི་ཤེས་པའི་སྤུན་ཟླ་མང་པོ་ཞིག་གི་ཐུགས་སྨོན་ཀློང་ནས་བཞུད་འདོད། ཁྱེད་ཅག་དང་མཉམ་དུ་མི་རབས་དུ་མའི་གཏམ་རྒྱུད་དག་མཇུག་སྐྱོང་དགོས་ཡོད།

 

ཕྱི་ལོ་༢༠༢༥ལོའི་ཟླ་༡་པའི་ཚེས་༡༣ཉིན་དིང་རིའི་སྤུན་ཟླ་རྣམས་ལ་བྲིས་སོ།

བསམ་ཚུལ།, ལྷུག་རྩོམ།

Post navigation

Previous Post: བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
Next Post: སྐལ་བཟང་ཟླ་བ་མཐོ་རིས་བོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme