Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

Posted on 2025-01-162025-01-16 By ཁ་བརྡ་ 1 Comment on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

ལ་སྟོད་འབྲོང་བུ།

ནམ་ཟླ་དུས་བཞིའི་ནང་ནས་དགུན་གྱི་གྲང་ངར་ནི་ཆེས་བཟོད་དཀའ་ཤོས་ཀྱི་ནམ་ཟླ་དང་འཛམ་གླིང་ཤར་ནུབ་ཀྱི་མི་རྣམས་གྲང་ངར་གཡོལ་ནས་མཐོ་ས་ནས་དམའ་སར་བབས་དམའ་ས་ནས་དྲོ་སར་བབས་པའི་དུས་སྐབས་ཞིག་ཡིན། འོན་ཀྱང་ཆེས་སྟབས་ཉེས་པའི་རང་རེའི་ཕ་ཡུལ་བོད་གངས་ཅན་ལྗོངས་ལ་སྟོད་ལྷོའི་ཕྱོགས་སྟོད་དིང་རིའི་གཙོས་པའི་རི་བོ་ཇོ་མོ་གླང་མ་དང་ཁད་ཉེ་བའི་ས་གནས་ཁག་ལ་མུ་གེ་ཐོག་གི་ཟླ་ལྷག་ལྟར་གནམ་གཤིས་གྲང་ངར་གྱིས་མནར་བའི་ཐོག་ས་ཡོམ་རིམ་པ་ ༧ ཅན་ཞིག་བརྒྱབ་ནས་མི་རྒྱུ་ཟོག་གསུམ་ལ་ལྟ་བ་མི་ནུས་པའི་གོད་ཆག་ཆེན་པོ་ཞིག་བྱུང་སོང་། སེམས་བསམ་པའི་ཡུལ་ནས་སྡུག་བསྔལ་དང་ཤ་ཚ་བར་ཚད་ཅིག་མི་འདུག་ཀྱང་རང་བྱུང་གི་གནོད་པར་སུ་ལ་འཁང་ར་བྱས།

བོད་གངས་ཅན་ལྗོངས་སུ་སྤྲུལ་པའིི་ལོ་པཎ་རྒྱལ་བློན་རྣམ་པའི་ཉམས་པ་མེད་པའི་ཐུགས་བསྐྱེད་དང་ཟད་པ་མེད་པའི་རྨི་ལམ་གྱི་མཐུ་ལ་བརྟེན་ནས་བོད་མདོ་དབུས་ཁམས་གསུམ་གང་དུ་དཀའ་ངལ་ཞིག་འཕྲད་ན། དེ་ལ་ཆོལ་གསུམ་ཕུ་ནུ་མིང་སྲིང་གི་ལག་རྡང་མཉམ་དུ་སྒྲིལ་ནས་དམ་ཚིག་དར་གྱི་མདུད་པ་ནམ་ཡང་མ་ལྷོད་པ་ཡོད་ཡོད་རེད། དེ་མཚུངས་ད་ལན་ལ་སྟོད་དིང་རིའི་གནས་ཚུལ་ཕྱིར་གྲགས་མ་ཐག་མདོ་སྟོད་སྨད་གཉིས་ཀྱིས་གཙོར་འཛིན་པའི་བོད་ཡུལ་སྟོད་སྨད་བར་གསུམ་ནས་ཟས་གོས་གནས་མལ་གཙོས་པའི་འབུད་ཤིང་ཚུན་ཆད་འཁུར་ནས་སྣུམ་འཁོར་བརྒྱ་ཕྲག་མང་པོའི་བསྟར་སྒྲིག་ནས་ལ་སྟོད་དིང་རི་སྤུན་ཟླ་ཚོའི་ཕྱོགས་སུ་ཐོན་པ་དང་། དངུལ་དམར་གྱི་གཏོང་ཕོད་དང་ཤ་ཁྲག་གཅིག་པའི་ལ་རྒྱ། ཕུ་ནུ་མིང་སྲིང་གི་བརྩེ་སེམས་སོགས་མཇལ་དུས་ང་ཚོ་རི་བོ་ཧི་མ་ལ་ཡ་ཕྱི་ལོག་ལ་ཡོད་པའི་བཙན་བྱོལ་བོད་མིའི་གདོང་ལ་ཁྲག་དང་ཁོག་ལ་སེམས་ཡོད་ན་ངོ་ཚ་སོང་།

ཐབས་དེ་ལས་སྡུག་པ་ཞིག་ལ་བླ་མ་སྤྱན་རས་གཟིགས་བཞུགས་སའི་ཉེ་འགྲམ་ལ་སྡོད་མཁན་དིང་རི་བའི་མཚན་འཁུར་མཁན་ཁག་ཅིག་གིས་བཙན་བྱོལ་ནང་ཆོལ་གསུམ་གཏོར་བཤིག་གི་ལས་འགུལ་རྩོམ་བཞིན་པའི་དུས་སྐབས་དང་ཡང་ཏག་ཏག་འཁེལ་སོང་།༸རྒྱལ་བ་བསྟན་འཛིན་རྒྱ་མཚོས་སྔ་ཕྱི་རིམ་པ་མང་པོར་ཆོལ་ཁ་གསུམ་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཡིན་ཞེས་བཀའ་ཡང་ཡང་ཕེབས་ཡོད་ནའང་། ལག་བསྟར་ངོ་མ་དེ་གཞིས་བཞུགས་སྤུན་ཟླ་ཚོས་གནང་བཞིན་ཡོད་པ་ད་ལན་གྱི་གནས་ཚུལ་འདིའི་ཐོག་ནས་ར་གསལ་པོ་སྤྲད་སོང་། བཙན་བྱོལ་ནང་གི་བོད་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་ག་ཕེབས་སར་རྒྱུགས་ནས་བཀའ་དབང་དང་གསུང་ཆོས་ཞུ་མཁན་མང་ཤོས་དེ་ཆགས་ཡོད་ནའང་། ཐུགས་དགོངས་དང་མཐུན་པའི་ལས་འགུལ་སྤེལ་མཁན་ཉུང་ཤོས་དེ་བཙན་བྱོལ་བ་སྤར་མོ་གང་དེ་ཆགས་ཡོད་པ་མ་ཟད་དེའི་ནང་ནས་དིང་རིའི་མཚན་འཁུར་མཁན་ཁག་གཅིག་གཏེ་པོ་གྱུར་ཡོད།

ངས་རྩོམ་ཡིག་འདི་འབྲི་བཞིན་པའི་སྐབས་ལ་བོད་ནང་སྤུན་ཟླ་ཚོའི་བརྩེ་སེམས་དང་ལ་རྒྱ་བསམ་ནས་མིག་ཆུ་དབང་མེད་དུ་ཤོར་སོང་། ལས་ངན་བཙན་བྱོལ་བ་ང་ཚོ་མི་ལོ་དྲུག་ཅུ་ལྷག་བཙན་བྱོལ་དུ་གྱར་ནས་འཐབ་རྩོད་ཆེད་གོམ་གང་མདུན་སྤོ་མ་ཐུབ་པ། དེ་ལས་ལྡོག་ནས་བོད་ཡུལ་ན་མ་གྲགས་པའི་ཆོལ་ཁ་ཕྱོགས་རེས་ཀྱི་ལས་འགུལ་དམར་དམར་རྗེན་རྗེན་དུ་སྤེལ་ནས་ནང་འཛིང་རྐྱང་རྐྱང་ལ་མགོ་འཁོར་ནས། ༸གོང་ས་བཅུ་བཞི་པ་ཆེན་པོ་སྐུའི་དགུང་གྲངས་བརྒྱ་ལ་ཟིན་ཉེ་ཡང་ད་དུང་ཁོང་ལ་རྒྱབ་གཏད་ནས། ང་ཚོ་འཚར་ལོངས་གཏན་ནས་མ་ཐུབ་པ་སུའི་ལན་ཡིན་ནམ། རྒྱ་གར་རྒྱལ་ཁབ་ཆེན་མོ་ཕྱི་ལོ་ ༡༩༤༧ ལ་རང་བཙན་ཐོབ་ཡོད་པ་དང་། རྒྱ་དམར་གྱིས་སྲིད་གཞུང་༡༩༤༩ ལོར་འགོ་འཛུགས་ཡོད་པའི་རྒྱལ་ཁབ་འདི་གཉིས་རང་བཙན་དང་སྲིད་གཞུང་འཛུགས་པ་ང་ཚོ་ལས་ལོ་བཅུ་གྲངས་ཤིག་ལས་ཆེ་བ་མེད་ཀྱང་ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་འཛམ་གླིང་ཁ་ལོ་སྒྱུར་མཁན་གྱི་རྒྱལ་ཁབ་ཆེ་ཤོས་གཉིས་དེ་གྱུར་ཡོད།

ང་ཚོ་བཙན་བྱོལ་བོད་གཞུང་ཕྱི་ལོ་ ༡༩༥༩ ལོར་བཞུགས་སྒར་མ་སུ་རིར་དབུ་བརྙེས་ནས་གཙོ་ཆེ་༸རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་རྗེ་དང་འཕྲིན་ལས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར། གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར་སོགས་ལ་དཔགས་ན་ལྟོས་ས་ལྟོས་འཇོག་གི་ཡར་རྒྱས་དང་གྲུབ་འབྲས་ཤིག་ཐོན་དགོས་རྒྱུ་ལས་ལྡོག་ནས་ནང་འཛིང་ཁོ་ནར་དགའ་བའི་སྤྱི་ཚོགས་ཤིག་འགྱུར་སོང་བ་མ་ཟད། བོད་པ་ཚང་ལོ་བཅུ་གྲངས་རྗེས་འཛམ་གླིང་འདིའི་ཐོག་མགོ་ལུས་མཚུངས་པ་ཞིག་གནས་མིན་དང་། གལ་སྲིད་གནས་ཡོད་པའི་དབང་དུ་གཏང་ནའང་། བོད་དིང་རི་ཁུལ་སྤུན་ཟླ་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་ཏེ་ངུ་ངག་དང་མིག་ཆུ་སྐམ་ལོང་མེད་པར་ནེའུ་ཡོག་སྤྱི་ཁང་ཕུན་ཚོགས་སྡེ་བཞི་ནང་ཤོག་ཁག་སྡེ་ལང་གིས་ནང་འཛིང་བགོ་བཞིན་པ་འདི་ལྟ་བུ་ཞིག་ལས་ཡོང་རྒྱུ་མེད་པ་གསལ་པོ་རེད།

ད་དུང་བློ་ཚབ་ཆེ་ཤོས་ཤིག་ལ་༸རྒྱལ་བ་རིན་པོ་ཆེ་མཆོག་སྐུའི་དགུང་གྲངས་བརྒྱ་ཕྲག་ལྷག་བཞུགས་རྒྱུ་ཞལ་བཞེས་ཡོད་པ་ནས་བཅུ་གྲངས་ཤིག་བཞུགས་རྒྱུའི་ཞལ་བཞེས་བར་སླེབས་ཟིན་པའི་དུས་སྐབས་འདིར། ཉིན་རེ་བཞིན་དངངས་སྐྲག་ཇེ་ཆེའི་གནས་རེད། ད་ནི་ང་ཚོས་བོད་ནང་གནས་ཚུལ་ལ་མཆོད་འབུལ་དང་གསལ་བསྒྲགས་ཙམ་གྱི་ཆོག་ཤེས་པ་མ་ཡིན་པར་གཞིས་བཞུགས་སྤུན་ཟླ་ཚོའི་བློས་གཏོང་དང་། སྙིང་སྟོབས་ལ་དཔེར་བླངས་ནས་ལ་སྟོད་དིང་རིར་ས་འགུལ་རྒྱུག་ནས་བཙན་བྱོལ་བོད་པ་རྣམས་སེམས་འགུལ་ཐེབས་པ་ཞིག་གནང་དགོས།

བསམ་ཚུལ།

Post navigation

Previous Post: ས་ཡོམ་ཁྲོད་ཀྱི་གཞིས་བྱེས་བོད་མིའི་ལྷག་བསམ་དང་སྙིང་སྟོབས་ཆིག་སྒྲིལ་ལ་དཔྱད་པའི་གཏམ།
Next Post: བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་མང་གཙོའི་ཀ་བ་འཛིན་སྐྱོང་སྡེ་ཚན་དང་། ཁྲིམས་བཟོ་སྡེ་ཚན་གཉིས་སུ་ལ་ཡོད་མི་མང་ལ་གསལ་བཤད་ཕེབས་དགོས་པ།

Comments (1) on “དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།”

  1. ཚེ་བརྟན་འགྱུར་མེད། says:
    2025-01-22 at 11:47 am

    ༈ དིང་རིར་ས་འགུལ་རྒྱུག་ནས་རྡ་ས་སེམས་འགུལ་ཐེབས། ཞེས་པ་དང་ཐོག་མཇལ་དུས་ཡིག་ཚིག་སྙན་པའི་ཀློག་འདོད་ཅིག་བྱུང་ཀྱང་དེ་མཚམས་ནས་སོ་སོར་ནི་མིང་དོན་མ་མཚུངས་པ་ལྟ་བུའི་མཉམ་གཏོར་མ་ནུབ་གཡུག་འདྲ་སེ་བསམས་སོང་། དོན་ལ་ཞིབ་ན་དེ་སྔ་ང་རང་ལ་གོ་མྱོང་མ་བྱུང་པའི་ད་རེས་དིང་རི་ས་འགུལ་སྐབས་བོད་ཀྱི་ཕྱོགས་གང་སའམ་བོད་ཆོལ་གསུམ་མི་དམངས་ནས་རོགས་བསྐྱོར་ཧ་ལས་པ་གནང་སྐོར་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་དགའ་གུས་ཡིད་སྨོན་ཡོད། ཡིན་ཀྱང་། ལ་སྟོད་འབྲང་བུ་ལགས་ནས། བཙན་བྱོལ་བོད་མིའི་གདོང་ལ་ཁྲག་དང་ཁོག་ལ་སེམས་ཡོད་ན་ངོ་ཚ་སོང་ཅེས། ག་རེས་ངོ་ཚ་དགོས། ཡུལ་བྱོལ་བ་ང་ཚོས་གཞིས་ལུས་བོད་མིའི་སྙིང་སྟོབས་ལ་སྤོ་པ་སྐྱེ་དགོས། འགྲན་མེད་ལས་བཙན་བྱོལ་བས་དགའ་མགུའི་ངང་དཔལ་འབྱོར་རོགས་ཞུ་རྒྱུའི་ཡིད་ཆེ་ཆ་ཚང་ཡོད་ནའང་། རྒྱ་དམར་པོའི་ལས་བྱུས་གོ་རྟོགས་ལས་གདུང་སེམས་མཉམ་བསྐྱེད་མཉམ་ནང་པའི་ལྟ་སྤྱོད་ངང་འདི་ཕྱི་གཉིས་སྨན་སྨོན་ལམ་མཆོད་འབུལ་ཞུས་དང་ཞུ་ལམ་དུ་འདུག་པ་གཞིས་ལུས་བོད་མིའི་དགོངས་མངའ་རེད་ལ།།

    གཞིས་ལུས་བོད་མིས་བོད་གདོང་དམར་བའི་ལ་རྒྱ་སོགས་ལས་དིང་རི་གཙོས་པའི་ས་འགུལ་སྡུག་ངལ་བར་རོགས་རམ་གྱི་མཐུན་འགྱུར་ཧ་ལས་པ་ཞིག་ཞུས་ཡོད་ཀྱང་། རྒྱ་དམར་པོས་ས་འགུལ་རོགས་བསྐྱོར་དག་ཕན་སྨིན་དུ་མི་འཇུག་པའི་ངན་བྱུས་ལག་བསྟར་ལ་ངོ་རྒོལ་སྤུ་ཙམ་མེད་པར་དགོས་མེད་དམ་དུས་དང་མ་མཐུན་བཞུགས་སྒར་ཉེ་འགྲམ་བཙན་བྱོལ་དིང་རི་བ་འགས་ཆོལ་གསུམ་གཏོར་བཤིག་གིས་ལས་འགུལ་དང་། ནིའུ་ཡོག་རྙོག་ཁྲ་སོགས་རྩོམ་གནས་ནི་གཏོར་མ་ནུབ་གཡུག་ལྟ་བུ་མིན་ནམ། གནས་དོན་དེ་དག་སྐོར་ལ་སྟོད་འབྲོང་བུ་ལགས་ནས་ཞིབ་ཁྲ་ཞིག་རྗེས་སུ་གནས་སྤེལ་གནང་ན་ཡིད་ངེས་ཆེ་བ་དང་རན་པ། བདེ་བ་གཞུང་གིས་ཡིད་སྨོན་ཡོད་པའི་དིང་རི་དམག་སྒར་དམག་མི་རྣམས་ས་འགུལ་རྒྱབ་ཡུལ་དིང་རི་དེ་རང་ནས་མིན་པར་གཡས་གཡོན་གྲོང་ལུང་མང་པོ་ཞིག་ནས་ཕེབས་ཡོད་ཀྱང་དིང་རི་དམག་མི་ཟེར་རམ།

    མིང་དོན་མ་མཚུངས་པ་ལྟ་བུ་ཞུ་དགོས་དོན་ནི། སེམས་འགུལ་ཐེབས་ཞུ་དུས་སེམས་ལ་དགེ་བའམ་ལེགས་ཕྱོགས་སུ་མངོན་བསྟོད་པའི་བྱ་བཞག་ཅིག་ལ་ཞུ་དགོས་བསམ་ལགས་ཀྱང་གནས་རྩོམ་ནང་རྡ་ས་དང་བཙན་བྱོལ་ཕྱོགས་སུ་མངོན་བསྟོད་དགོས་པའི་དགོངས་ཚུལ་ཞིག་མཇལ་མ་སོང་ངོ་།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme