Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དར་སི་ཚོང་ལམ

Posted on 2009-02-022009-02-02 By དགེ་རབ་ 6 Comments on དར་སི་ཚོང་ལམ

རི་སྤྱང་ཁེར་འགྲོ་
—————

རྒྱ་ནག་གི་ནུབ་བྱང་གི་རྒྱུད་དུ་འཚོ་སྡོད་བྱེད་པའི་དཔའ་རྩལ་གཉིས་འཛོམས་ཀྱི་འབྲོག་པའི་ཚོ་ཁག་ཞུང་ནུའུ་ཟེར་བས་རྒྱ་ནག་ལ་ཡང་ཡང་རྒོལ་བར་བརྟེན་རྒྱ་ནག་མི་རིགས་ཆིག་སྒྲིལ་བྱེད་མཁན་གོང་མ་ཆིན་ཧྲི་ཧོང་(ཡི་ཤུའི་འཁྲུངས་ལོ་སྔོན་བགྲང་བྱ 259 – 210)་ འུ་ཐུག་ནས་ལྕགས་རི་རིང་བོ་བསྐོར་དགོས་བྱུང་ཡོད། ཧན་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་དྲུག་པ་གོང་མ་ཝུའུ་ཏིའི་(ཡི་ཤུའི་སྔོན་བགྲང་བྱ་140-87)་སྐབས་སུ་སྐབས་དེར་འཛིན་བཟུང་བྱས་བའི་ཞུང་ནུའུ་བ་ལ་འདྲི་རྩད་བྱེད་དུས་ཁོང་ཚོས་ཐན་ཧྲན་རི་རྒྱུད་ན་འཚོ་སྡོད་བྱེད་པའི་ཡོ་ཀྲི་་ཟེར་བའི་འབྲོག་པའི་ཚོ་ཁག་ཅིག་ཕམ་པར་བརྒྱབ་ནས་ཕྲ་ལག་མ་ཁན་བྱེ་ཐང་གི་ནུབ་རྒྱུད་ལ་མཐའ་སྤྲོད་བཏང་བ་མ་ཟད་ཡོ་ཀྲི་ཚོ་བའི་དཔོན་པོ་བསད་ནས་ཀ་ལི་ནང་ཆང་རག་བཏུང་བ་ཡིན་ལ་ད་ལམ་ཡོ་ཀྲི་ཡིས་ཞུང་ནུའུ་ལ་འཇབ་རྒོལ་བྱེད་རྒྱུར་ སྒུག་ཡོད་ཞེས་ལབ་པར་གོང་མ་ཝུའུ་ཏིས་ཡིད་ལ་ཡོ་ཀྲི་མི་རིགས་ལ་དམག་གི་མནའ་འབྲེལ་བཙུགས་ནས་ཤར་ནས་རྒྱའི་དམག་དྲངས ནུབ་ནས་ཡོ་ཀྲིའི་དམག་དྲངས་ཏེ་ རྒྱ་ནག་མི་རིགས་ཀྱི་མི་རབས་མང་པོའི་རིང་གི་དགྲ་ཡི་ལྟེ་བ་ཞུང་ནུའུ་’དམུ་རྒོད་ཀླ་ཀློ་ཚོ’་རྩ་མེད་དུ་གཏོང་དགོས་བསམ་ནས་སྐབས་དེར་ཁོའི་ཕོ་བྲང་གི་སྐུ་སྲུང་དམག་དཔོན་མིང་ལ་ཀྲང་ཆན་ཟེར་བ་རོགས་པ་99དང་ལྷན་སྐབས་དེར་རྒྱ་ནག་མི་རིགས་ལ་ཆ་རྒྱུས་གང་ཡང་མེད་པའི་ནུབ་ཕྱོགས་ཡུལ་དུ་ཡོ་ཀྲི་མི་རིགས་ལ་འབྲེལ་གཏུགས་བྱེད་དུ་མངགས་འདུག

ཡི་ཤུའི་སྔོན་གྱི་བགྲང་བྱ་138་ལོར་སྐུ་སྲུང་དམག་དཔོན་ཀྲང་ཆན་སྐབས་དེའི་ཧན་རྒྱལ་ཁབ་ཀྱི་རྒྱལ་ས་ཁྲང་ཨན་ནས་ཐོན་ཏེ་ཀན་སུའུ་བརྒྱུད་ནས་འགྲོ་དུས་ཞུང་ནུའུ་ཡི་ལག་ཏུ་ཤོར་ནས་ལོ་ངོ་10་རིང་བཀག་ཉར་བྱས་འདུག བཀག་ཉར་འོག་སྡོད་སྐབས་ཀྲང་ཆན་ལ་ཞུང་ནུའུ་བུད་མེད་ཞིག་ཆུང་མར་སྦྱར་ནས་སྣེ་ལེན་ཡག་པོ་བྱས་འདུག་ནའང་རང་གི་རྒྱལ་བོའི་མངགས་བྱ་ཡིད་ནས་བརྗེད་པ་མེད་པར་སྒུག་སྒུག་པའི་མཐར་ལོ་ངོ་བཅུའི་རྗེས་ཁོང་ལ་འགྲོ་འདུག་ཅུང་གུ་ཡངས་ཐོབ་པའི་སྐབས་དང་བསྟུན་ཁོང་དང་ཁོའི་འཁོར་བཅས་ཞུང་ནུའུ་ཡི་བཙོན་འོག་ནས་བྲོས་ཏེ་མུ་མཐུད་ནུབ་ཕྱོགས་ལ་འགྲུལ་བཞུད་ཀྱིས་ཡོ་ཀྲི་ མི་རིགས་འཚོལ་དུ་ཕྱིན་འདུག ཁོང་བཟང་བཙོན་དུ་བསྡད་རིང་གོང་མས་ཡོ་ཀྲི་མི་རིགས་ལ་འཚམས་སྐྱེས་སུ་བསྐུར་བའི་གཡག་རྔ་ཞིག་ཡོད་པ་བོར་བརླག་བྱས་མི་འདུག་པར་མཉམ་འཁྱེར་བྱས་འདུག

ཀྲང་ཆན་དང་ཁོའི་ཞབས་འབྲིང་རྣམས་ལོབ་ནོར་དང་ཕྲག་ལ་མ་ཁན་བྱེ་ཐང་གི་བྱང་དང་ཐེན་ཧྲན་རི་བོའི་ལྷོ་བརྒྱུད་དེ་ཕ་མིར་གངས་རིིའི་ཕ་རོལ་དུ་ཕྱིན་ནས་ཡོ་ཀྲི་མི་རིགས་རྙེད་འདུག་མོེད་དམག་གི་རྒྱབ་སྐྱོར་རག་མི་འདུག ཡོ་ཀྲི་མི་རིགས་ཞུང་ནུའུ་ལག་ནས་ཕམ་ཉེས་བྱུང་རྗེས་གནས་འདིར་སླེབས་ནས་ཁྱིམ་གཞི་བརྟན་པོ་ཆགས་ཞིང་འཚོ་བའི་མཐུན་རྐྱེན་དར་ནས ཞུང་ནོའུ་ལ་དགྲ་ཤ་གཏིང་བརྗེད་དུ་སོང་ཞིང་དགྲ་ལན་སློག་འདོེད་མེད་པར་གྱུར་ཡོད་འདུག ཁོང་ཡོ་ཀྲི་མི་རིགས་ཀྱི་སར་ལོ་གཅིག་བསྡད་ནས་ཡོ་ཀྲི་མི་རིགས་དང་ཉེ་འཁོར་གྱི་རྒྱལ་ཁབ་ཆེ་ཕྲན་ཁག་གི་གནས་ཚུལ་རྒྱུས་ལོན་འཚོལ་བསྡུ་་བྱས་རྗེས་ཕྱིར་ཕྲག་ལ མ་ཁན་བྱེ་ཐང་གི་ལྷོ་ཕྱོགས་བརྒྱུད་ནས་རྒྱལ་ས་ཁྲང་ཨན་དུ་ལོག་པའི་ལམ་ཁར་ཡང་བསྐྱར་ཞུང་ནུའུ་ཡིས་འཛིན་བཟུང་བྱས་འདུག ལོ་གཅིག་གི་རྗེས་ཏེ་ཕྱི་ལོ་སྔོན་གྱི་ལོ་125་ཙམ་ལ་ཞུང་ནུའུ་ཚོ་ཁག་ལ་སྡེ་གཟར་བྱུང་ནས་ཁོང་ཡང་བསྐྱར་བཙོན་ལས་བྲོས་ཐར་བྱུང་ཏེ་གོང་མའི་ཕོ་བྲང་དུ་འབྱོར་ཐུབ་འདུག ཀྲང་ཆན་གྱིས་་སྐབས་དེར་གོང་མའི་རྒྱལ་འབངས་ལ་ལྐོག་ཏུ་གྱུར་བའི་རྒྱ་ནག་གི་ནུབ་ཕྱོགས་ཡུལ་གྲུ་རྒྱལ་ཁབ་དག་གི་ལོ་རྒྱུས་དང་གོམས་སྲོལ། དཔའ་འབྱོར་དང་ཚོང་རྫས། ཆབ་སྲིད་དང་དམག་དོན་སོགས་ཀྱི་ཐད་སྔར་བྱུང་མ་མྱོང་བའི་ཤེས་རྟོགས་གསར་བ་བྱུང་བ་དེར་གོང་མ་ཝུའུ་ཏིི་ཤིན་ཏུ་དགའ་ནས་ཁོང་ལ་གསོལ་རས་གནང་བ་མ་ཟད་གོ་གནས་ཀྱང་སྤར་ནས་མཐོང་ཆེན་བྱས་འདུག ། གོང་མ་ཝུའུ་ཏི་ནི་ཚོང་ལས་དང་མངའ་ཁོངས་རྒྱ་བསྐྱེད་དོན་ཆེན་གཉིས་ཀྱི་སྟེང་བློ་རྩེ་གཅིག་སྒྲིམ་བྱེད་མཁན་ཞིག་ཡིན་པས་སྐབས་དེར་ཀྲང་ཆིན་གྱིས་རྒྱུས་ལོན་བྱུང་བའི་དབུས་ཨེ་ཤི་ཡ་ས་ཁུལ་གྱི་་རྒྱལ་ཁབ་ཆེ་ཕྲ་་རྣམས་དང་ལི་ཡུལ་དང་རྒྱ་གར་ནུབ་བྱང་གི་ཡུལ། སྟག་གཟིག རོམ་སོགས་ལ་ཚོང་འབྲེལ་བྱེད་རྒྱུའི་སྤོབས་པ་སྐྱེས་འདུག། ད་དུང་ཕ་གྰ་རྡའི་ཡུལ་གྱི་གཟུགས་སྟོབས་ཆེ་ཞིང་རྨིག་རྩལ་འགྲན་ཟླ་བྲལ་བ ལུས་ནས་ཁྲག་གི་རྔུལ་ཆུ་འབྱུང་བའི་ཆིབས་རྟའི་རིགས་ཤིག་ཏེ་མིང་ལ་ལྷའི་རྟ་མཆོག་འཕུར་ཤེས་ཞེས་རྟའི་རིགས་རྒྱུད་ཕུལ་དུ་བྱུང་བ་ཞིག་ཡོད་པ་དེ་ཞུང་ནུའུ་ལ་འཐབ་་དུས་དམག་རྟར་ཤིན་ཏུ་རུང་བར་མཐོངནས། མཐར་དམག་དྲངས་ཏེ་བཙན་ཤེད་ཀྱིས་ལྷའི་རྟ་མཆོག་འཕུར་ཤེས་རྒྱ་ནག་ཏུ་ནང་འདྲེན་བྱས་ཏེ་རིགས་རྒྱུད་སྤེལ་འདུག་མོད ཕྱིས་སུ་གྱི་ལིང་འཕུར་ཤེས་ཀྱི་རྒྱུད་དེ་སྟོང་འདུག

ཕྱིས་སུའང་ཕྱི་ལོ་སྔོན་གྱི་བགྲང་བྱ་115་ལོར་ཡང་གོང་མའི་ཐུགས་དགོངས་ལྟར་ཀྲང་ཆན་་ཞུང་ནུའུ་ཚོ་ཁག་གི་ནུབ་རྒྱུད་ན་འཚོ་སྡོད་བྱེད་པའི་ཝུའུ་སུན་མི་རིགས་སར་ཕྱིན་ནས་ཞུང་ནུའུ་མི་རིགས་ཐོག་ཕར་རྒོལ་དམག་དཔུང་རྒྱབ་རྟེན་རེ་ཞུ་ཞུས་མོད། ཝུའུ་སུན་འབྲོག་མི་ཚོ་ཞུང་ནུའུ་ལ་ཞེད་ཐག་ཆོད་ནས་དམག་རོགས་ཁས་ལེན་བྱས་མི་འདུག དེ་ནས་ཁོང་ཕྱིར་རྒྱལ་ས་ཁྲང་ཨན་དུ་ལོག་རྗེས་ཅང་མ་འགོར་བར་སྐུ་གྲོངས་འདུག གང་ལྟར་ཀྲང་ཆན་གསོན་པའི་རིང་གོང་མ་ཝུའུ་ཏིས་ཐུགས་འདང་ཆེན་པོས་རྒྱལ་ཁམས་པ་ཆེན་པོ་ཞེས་མཚན་གསོལ་འདུག་ལ་ཁོང་ཤི་བའི་རྗེས་སུའང་རྒྱ་ནག་པ་ཚོས་ཁོང་ལ་གུས་བརྩི་ཆེན་པོ་དང་རྒྱ་ནག་མི་རིགས་ཀྱི་གཟི་བརྗིད་ཅིག་ཏུ་བགྲང་གི་ཡོད་འདུག།

ཀྲང་ཆན་ནུབ་ཕྱོགས་ལ་རྒྱང་བསྐྱོད་བྱས་པ་འདིས་རྒྱ་ནག་དང་ཕིར་ཞི་ཡ་བར་དར་སི་་གཙོ་བའི་ཚོང་སྒོ་ཕྱེ་བར་མ་ཟད་གནའ་བོའི་རྒྱལ་ས་ཆེན་པོ་གཉིས་ཏེ་ནུབ་ཀྱི་རྒྱལ་ས་རོམ་དང་ཤར་གྱི་རྒྱལ་ས་ཀྲང་ཨན་གཉིས་བར་རིང་ཚད་ལ་མེལ་5000་ཙམ་ཡོད་པའི་ཚོང་ལམ་རིང་མོའི་སྒོ་ཕྱེ་ཏེ་ཕྱིས་སུ་དར་སི་ཚོང་ལམ(SILK ROAD)་ཞེས་གྲགས་འདུག

དར་ལམ་འདི་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་ནས་འགོ་བཙུགས་ཏེ་ནུབ་བྱང་གི་ཕྱོགས་སུ ཀན་སུའུ་ཡི་ཏུན་ཧོང་དང་གཡུ་སྒོ་འགག་ནས་བྱང་ལམ་དང་ལྷོ་ལམ་གཉིས་སུ་གྱེས་ཏེ། ནུབ་ལམ་དེ་གོ་པེ་བྱེ་ཐང་བརྒྱུད་ཕྲག་ལ་མ་ཁན་བྱེ་གླིང་གི་བྱང་རྒྱུད་ན་ཡོད་པའི་ཐུར་ཕན་དང་ཁ་ར་ཞིར། ཁོ་ཆ། ཨ་ཀི་སོ། ཊམ་ཆོག། ཀ་ཞི་སྒར་ནས་ནུབ་ཏུ་འཐེན་ཡོད་ལ། དེ་བཞིན་ལྷོ་ལམ་ཡང་ཏུན་ཧོང་ནས་བོེད་ཀྱི་བྱང་རྒྱུད་དང་ཕྲག་ལ་མ་ཁན་བྱེ་ཐང་གི་ལྷོ་ན་ཡོད་པའི་མ་རེན དང་ ནེ་ཡ། ཁི་རི་ཡ། ཁོ་ཏན། ཡར་ཁན་ཊི དེ་ནས་ཕྲ་ལ་མ་ཁན་ནུབ་མཐའ་ནས་བྱང་དུ་དཀྱོགས་ཏེ་ཀ་ཞི་སྒར་ནས་སླར་ཡང་བྱང་ལམ་དང་འདྲེས་ཡོད།

ཀ་ཞི་སྒར་ནས་དར་ལམ་མུ་མཐུད་དེ་ནུབ་ཕྱོགས་ལ་འཐེན་དེ་ཕ་མིར་ལ་ཆེན་བརྒལ་རྗེས་བྱང་རྒྱུད་སྙེག་ཏེ་ཀོ་ཁན་སྒྲི་དང་ས་མ་ཁན་སྒྲི། བོ་ཁ་ར། མིར་བུ། དེ་ནས་ཕིར་ཞི་ཡ། ཨི་རག ཨི་རྗེབ། མི་ཏིར་ཁྲི་རིན་ནིམ་མཚོ་འགག་དང་དེ་ནས་མཚོ་ལམ་བརྒྱུད་རོམ་ལ་སླེབས་འདུག ཡོ་རོབ་ཏུ་འཐེན་པའི་དར་ལམ་ལྷོ་མ་དེ་ཡར་ཁན་སྒྲི་ནས་ཨ་ཧྥུ་རྒན་སི་ཐན་གྱི་སྦ་ལི་ཁི་་བརྒྱུད་ནས་མཐར་མིར་བུ་ནས་སླར་ཡང་ཡོ་རོབ་བྱང་ལམ་དང་འབྲེལ་ཡོད། རྒྱ་གར་ལ་བསྲིངས་བའི་དར་སི་ཚོང་ལམ་གྱི་ཡལ་ག་དེ་ཕྲག་ལ་མ་ཁན་བྱེ་ཐང་གི་ནུབ་ཀྱི་ཡར་ཁན་སྒྲི་ནས་ལྷོ་ལ་བབས་ཏེ་ཁི་ར་ཁོ་རམ་ལ་ཆེན་ནས་་བླ་དགས་གླས་དང་ཀ་ཤི་མིར་ཡི་ཤི་རེ་ན་གཱ་བརྒྱུད་ནས་འབོམ་བྷེ་ལའང་སླེབས་ཡོད་འདུག

དར་སི་ཚོང་ལམ་འདི་རྒྱའི་རྒྱལ་ས་ཁྲང་ཨན་ནས་འགོ་བཙུགས་ཏེ་ལམ་བར་ནས་ཡལ་ག་མང་པོར་གྱེས་ཏེ་ཡོ་རོབ་ཀྱི་རོམ་དང་ལྷོ་ཨ་ཧྥི་རི་ཁའི་སོ་མ་ལི་ཡའི་རྒྱ་མཚོ་ཁ། རྒྱ་གར་བོམ་བྷེ དང་ཤི་རི་ལན་ཁ་ནས་འབར་མ་སོགས་ལའང་སྦྲེལ་ཡོད་འདུག

དར་སི་ཚོང་ལམ་རིང་མོ་འདི་ཤར་གྱི་ཚོང་ཟོག་ལྷོ་ནུབ་དང་ལྷོ་ནུབ་ཀྱི་ཚོང་ཟོག་ཤར་ལ་སྐྱེལ་འདྲེན་བྱེད་མཁན་ཚོང་བ་དང་དོ་བོ་འཁུར་མཁན་གཡག་དང་རྔ་མོང་རྟ་དྲེལ་སོགས་བགྲོད་སའི་ལམ་ཁ་གཅིག་པུ་མ་ཡིན་པར་གྲ་བཙུན་དང་སློབ་གཉེར་བ །མཁས་དབང་དང་དཔའ་རྒོད་། གནས་མཇལ་བ་དང་གསང་ཉུལ་བ བཙན་ཡོལ་བ་དང་ཡི་ཤུའི་ཆོས་སྤེལ་མཁན། རྐང་ཐང་བ་དང་ཆིབས་བཞོན་པ་སོགས་ལས་རིགས་འདྲ་མིན་གཉེར་མཁན་དང་ཕྱི་ནང་གི་མི་རིགས་འདྲ་མིན་སྣ་ཚོགས་ཚོང་ལམ་འདི་བརྒྱུད་ནས་ཕྱོགས་ཀུན་ཏུ་རང་རང་གི་དམིགས་སར་འགྲུལ་བཞུད་དང་། སྐབས་དེར་དར་སི་ཚོང་ལམ་དུ་འཁེལ་བའི་གྲོང་ཁྱེར་དང་ཁྲོམ་ར། དགོན་པ་དང་གྲ་ཤག རྒྱལ་བོའི་ཕོ་བྲང་དང་འབངས་ཀྱི་ཁྱིམ་སོགས་ནི་ ཚོང་རྫས་བརྗེ་རེས་མ་ཟད་ཤར་ལྷོ་ནུབ་བྱང་ཡུལ་གྲུ་ཁག་གི་ཤེས་རིག སྒྱུ་རྩལ། སྐད་ཡིག་དང་གོམས་གཤིས །ཆས་གོས་དང་གནས་ཚུལ་གསར་བ། ལྟ་ཚུལ་འདྲ་མིན་སོགས་སྤེལ་རེས་བྱེད་ས་ལྟེ་གནས་ཀྱང་ཆགས་ཡོད་འདུག

དུས་རབས་༤་བའི་་ནང་ཅིན་ཤར་མའི་རྒྱའི་བཙུན་པ་ཧྥ་ཞན་དང་ཐང་རྒྱལ་རབས་སྐབས་སུ་ཐང་སིན་བླ་མ་སོགས་རྒྱ་གར་དུ་ཆོས་ཞུ་རུ་ཕེབས་སྐབས་ཀྱང་དར་སི་ཚོང་ལམ་འདི་བརྒྱུད་ནས་ཕེབས་འདུག་ལ། ཁོང་རྣམ་གཉིས་ཀྱི་ལམ་ཡིག་ཏུའང་དར་སི་ལམ་ཁར་འཁེལ་བའི་རྒྱལ་ཁབ་ཁོ་ཏན་དང་ཁོ་ཆ་སོགས་ཀྱི་ནང་བའི་དགོན་པ་དང་གྲ་བཙུན་དང་ཆོས་ཀྱི་བྱེད་སྒོ་སོགས་བཀོད་འདུག སྐབས་དེར་བཙུན་པ་ཧྥ་ཞན་ཁོ་ཏན་ཏུ་ཟླ་བ་གསུམ་ཙམ་བཞུགས་འདུག་ལ་ཕྱིས་སུ་ཁོས་ཁོ་ཏན་ནི་འབྱོར་བས་ཕྱུག་ཅིང་རྒྱལ་འབངས་ཀུན་་དམ་པ་ཆོས་ཀྱི་དཔལ་ལ་རོགའདུག་ཅེས་དང་། ཁོ་ཏན་ན་དགོན་ཆུང་རྣམས་ཕུད་དགོན་ཆེན་༡༤ཙམ་དང་གྲ་བཙུན་སྟོང་ཕྲག་མང་པོ། སྒོ་རེིའི་མདུན་ན་མཆོད་རྟེན་རེ་དང་དགོན་པ་དང་ལྷ་ཁང་གི་རྟེན་ཚང་མ་རིན་ཆེན་སྣ་བདུན་གྱིས་བརྒྱན་འདུག་ཅེས་དང་། སྐབས་དེིའི་དགོན་གསར་ཞིག་ཁོང་གིས་འགྲེལ་བརྗོད་བྱས་དོན་ལ་ རྒྱལ་བོའི་དགོན་གསར་འདི་མི་ལོ་༨༠ དང་རྒྱལ་ཐོག་གསུམ་རིང་བཞེངས་འདུག་ལ་མཐོ་ཚད་ལ་ཕི་ཀྲི་༢༥༠་འདུག་ཞེས་ཀྱང་གསུངས་འདུག

ཕྱིས་སུ་་དུས་རབས་19 བའི་མཇུག་དང་དུས་རབས་20་བའི་སྟོད་དུ་ཕྱི་གླིང་བ་གནའ་རྫས་ཞིབ་དཔྱོད་མཁན་ལྔ་སྟེ་ སི་ཝའི་ཊན་རྒྱལ་ཁབ་ཀྱི་སི་ཝན་ ཧད་རྡིན(Sven Hedin)། དབྱིན་ཇིའི་རྒྱལ་ཁོངས་ཡིན་པ་ ཨའོ་རས་ སི་ཁྲེན(Aurel Stein)། ཧྥ་རན་སིའི་ ཕོའོ་ ཕི་ལིའེ་ཀྲི(Paul Pelliot)། འཇར་མན་བ་ ཨ་པིར་ཁྲི པོན ལེ་ཁོ་ཁི(Albert Von Le Coq)། ཨ་རི་བ་ལང་སྒྲིན ཝར་ནིར(Langdon Warner)། ཉི་ཧོང་བ ་ཁོན་ཁྲི་ འོ་ཁྲ་ནེ(Count Otani)་ཟེར་བའི་ལག་མི་བཅས་ཀྱིས་ཧྥ་ཞན་དང་ཐང་སིན་བླ་མ། མར་ཁོ་ཕོ་ལོ་སོགས་ཀྱི་ལམ་ཡིག་དང་ས་གནས་ཡུལ་མིའི་སྣེ་ཤན་ལམ་སྟོན་ཟུང་སྦྲེལ་ཐོག དེང་གི་ཤར་ཏུར་ཀི་སུ་ཐན་གྱི་ཁོངས་ན་ཡོད་པའི་ཁོ་ཏན་དང་ཁོ་ཆ་སོགས་སུ་སྔོན་དུས་དར་སི་ཚོང་ལམ་གྱི་ལྷོ་བྱང་གི་རྒྱུད་དུ་འཁེལ་ཞིང་། ཕྱིས་སུ་གངས་ཆུ་འགྲིབ་པ་དང་ལྷན་དུ་ཕྲག་ལ་མན་ཁན་བྱེ་ཀློང་ལ་འགྱེལ་ཟིན་པའི་་གདོད་མའི་ནང་བའི་རྒྱལ་ཁབ་དེ་ཚོའི་ཤུལ་ལུས་དགོན་པ་དང་ལྷ་ཁང་། དཔེ་མཛོད་ཁང་དང་མཆོད་རྟེན། མཆོད་ཁང་དང་དུར་ས་ཡན་ཆད་འདྲེ་སློག་གདོན་སློག་བྱས་ཏེ་སངས་རྒྱས་ཀྱི་སྐུ་དང་ལྡེབས་རིས དཔེ་ཆ་རྙིང་བ་དང་སྐུའི་གཟུངས་འཇུག བྱང་བུའི་ཡིག་ཚགས་སོགས་སྒྱུ་རྩལ་གྱི་རིན་ཐང་ཡོད་ཡོད་ཚང་མ་བསྔོག་འདོན་བྱས་ཏེ་ཤེས་རིག་གནའ་རྫས་དོ་བོ་བརྒྱ་ཕྲག་མང་བོ་ དབྱིན་ཡུལ་དང་འཇར་མན། ཧྥ་རན་སི། སི་ཝའི་ཊན། ཉི་ཧོང་། ཨ་རི་སོགས་ལ་སྐྱེལ་འདྲེན་བྱས་འདུག དེ་མུར་ རྒྱའི་མཁན་པོ་ཝང་ཟེར་བར་མགོ་སྐོར་བཏང་ཏེ་ཏུན་ཧོང་གི་སངས་རྒྱས་སྟོང་སྐུའི་བྲག་ཕུག་ནས་སྐུ་དང་ལྡེབས་རིས། དཔེ་རྙིང་སོགས་ཁྱད་ནོར་སྟོང་ཕྲག་མང་པོ་ལྐོག་བླུས་བྱས་ནས་ཕྱི་རྒྱལ་ལ་སྐྱེལ་འདུག ཏུན་ཧོང་དང་ཤར་ཏུར་ཀི་སི་ཐན་ནས་ལྐོག་འཁྱེར་བྱས་བའི་ཤེས་རིག་གནའ་རྫས་ཁྲོད་བོད་ཡིག་གི་རྒྱུ་ཆའང་མི་ཉུང་བ་ཡོད་འདུག་ལ་དེང་སང་ཏུན་ཧོང་དང་ཞིན་ཅང་ནས་འཁྱེར་བའི་ཤེས་རིག་གནའ་རྫས་དེ་ཚོ་རྒྱལ་ཁབ་13 ཙམ་ནང་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་། ཤེས་རིག་བསྟི་གནས་ཁང་30་ལྷག་ཙམ་ལ་ཁྱབ་ཡོད་འདུག

དཔྱད་རྩོམ།

Post navigation

Previous Post: བོད་ལ་ཆེད་ལས་པ་མེད་དོན་ཅི།
Next Post: བོད་པ་རྣམས་བོད་པར་སྡང་དོན་ཅི།

Comments (6) on “དར་སི་ཚོང་ལམ”

  1. དགེ་འདུན་རབ་གསལ་ says:
    2009-02-02 at 8:01 pm

    ཉིད་ཀྱིས་བྲིས་པའི་རྩོམ་འདིའི་ཡོང་ཁུངས་དབྱིན་ཡིག་རེད་དམ་རྒྱ་ཡིག་རེད། ས་ཆ་དང་མིའི་མིང་དག་ལ་གསལ་ཁ་ཡོང་ཆེད་སྐད་ཨ་མའི་ནང་འབྲི་ཐུབ་བམ།

  2. རི་སྤྱང་ཁེར་འགྲོ says:
    2009-02-02 at 10:29 pm

    དར་སི་ཚོང་ལམ

    རྒྱ་ནག་གི་ནུབ་བྱང་གི་རྒྱུད་དུ་འཚོ་སྡོད་བྱེད་པའི་དཔའ་རྩལ་གཉིས་འཛོམས་ཀྱི་འབྲོག་པའི་ཚོ་ཁག་ཞུང་ནུའུ匈奴་ཟེར་བས་རྒྱ་ནག་ལ་ཡང་ཡང་རྒོལ་བར་བརྟེན་རྒྱ་ནག་མི་རིགས་ཆིག་སྒྲིལ་བྱེད་མཁན་གོང་མ་ཆིན་ཧྲི་ཧོང་(ཡི་ཤུའི་འཁྲུངས་ལོ་སྔོན་བགྲང་བྱ 259 – 210)་ འུ་ཐུག་ནས་ལྕགས་རི་རིང་བོ་བསྐོར་དགོས་བྱུང་ཡོད། ཧན་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་དྲུག་པ་གོང་མ་ཝུའུ་ཏིའི་(ཡི་ཤུའི་སྔོན་བགྲང་བྱ་140-87)་སྐབས་སུ་སྐབས་དེར་འཛིན་བཟུང་བྱས་བའི་ཞུང་ནུའུ་བ་ལ་འདྲི་རྩད་བྱེད་དུས་ཁོང་ཚོས་ཐན་ཧྲན་རི་རྒྱུད་ན་འཚོ་སྡོད་བྱེད་པའི་ཡོ་ཀྲི་་ཟེར་བའི་འབྲོག་པའི་ཚོ་ཁག་ཅིག་ཕམ་པར་བརྒྱབ་ནས་ཕྲ་ལག་མ་ཁན་བྱེ་ཐང་གི་ནུབ་རྒྱུད་ལ་མཐའ་སྤྲོད་བཏང་བ་མ་ཟད་ཡོ་ཀྲི་ཚོ་བའི་དཔོན་པོ་བསད་ནས་ཀ་ལི་ནང་ཆང་རག་བཏུང་བ་ཡིན་ལ་ད་ལམ་ཡོ་ཀྲི་ཡིས་ཞུང་ནུའུ་ལ་འཇབ་རྒོལ་བྱེད་རྒྱུར་སྒུག་ཡོད་ཞེས་ལབ་པར་གོང་མ་ཝུའུ་ཏིས་ཡིད་ལ་ཡོ་ཀྲི月支, 月氏་མི་རིགས་ལ་དམག་གི་མནའ་འབྲེལ་བཙུགས་ནས་ཤར་ནས་རྒྱའི་དམག་དྲངས ནུབ་ནས་ཡོ་ཀྲིའི་དམག་དྲངས་ཏེ་ རྒྱ་ནག་མི་རིགས་ཀྱི་མི་རབས་མང་པོའི་རིང་གི་དགྲ་ཡི་ལྟེ་བ་ཞུང་ནུའུ་’དམུ་རྒོད་ཀླ་ཀློ་ཚོ’་རྩ་མེད་དུ་གཏོང་དགོས་བསམ་ནས་སྐབས་དེར་ཁོའི་ཕོ་བྲང་གི་སྐུ་སྲུང་དམག་དཔོན་མིང་ལ་ཀྲང་ཆན张骞་ཟེར་བ་རོགས་པ་99དང་ལྷན་སྐབས་དེར་རྒྱ་ནག་མི་རིགས་ལ་ཆ་རྒྱུས་གང་ཡང་མེད་པའི་ནུབ་ཕྱོགས་ཡུལ་དུ་ཡོ་ཀྲི་མི་རིགས་ལ་འབྲེལ་གཏུགས་བྱེད་དུ་མངགས་འདུག
    ཡི་ཤུའི་སྔོན་གྱི་བགྲང་བྱ་138་ལོར་སྐུ་སྲུང་དམག་དཔོན་ཀྲང་ཆན་སྐབས་དེའི་ཧན་རྒྱལ་ཁབ་ཀྱི་རྒྱལ་ས་ཁྲང་ཨན长安་ནས་ཐོན་ཏེ་ཀན་སུའུ་བརྒྱུད་ནས་འགྲོ་དུས་ཞུང་ནུའུ་ཡི་ལག་ཏུ་ཤོར་ནས་ལོ་ངོ་10་རིང་བཀག་ཉར་བྱས་འདུག བཀག་ཉར་འོག་སྡོད་སྐབས་ཀྲང་ཆན་ལ་ཞུང་ནུའུ་བུད་མེད་ཞིག་ཆུང་མར་སྦྱར་ནས་སྣེ་ལེན་ཡག་པོ་བྱས་འདུག་ནའང་རང་གི་རྒྱལ་བོའི་མངགས་བྱ་ཡིད་ནས་བརྗེད་པ་མེད་པར་སྒུག་སྒུག་པའི་མཐར་ལོ་ངོ་བཅུའི་རྗེས་ཁོང་ལ་འགྲོ་འདུག་ཅུང་གུ་ཡངས་ཐོབ་པའི་སྐབས་དང་བསྟུན་ཁོང་དང་ཁོའི་འཁོར་བཅས་ཞུང་ནུའུ་ཡི་བཙོན་འོག་ནས་བྲོས་ཏེ་མུ་མཐུད་ནུབ་ཕྱོགས་ལ་འགྲུལ་བཞུད་ཀྱིས་ཡོ་ཀྲི་མི་རིགས་འཚོལ་དུ་ཕྱིན་འདུག ཁོང་བཟང་བཙོན་དུ་བསྡད་རིང་གོང་མས་ཡོ་ཀྲི་མི་རིགས་ལ་འཚམས་སྐྱེས་སུ་བསྐུར་བའི་གཡག་རྔ་ཞིག་ཡོད་པ་བོར་བརླག་བྱས་མི་འདུག་པར་མཉམ་འཁྱེར་བྱས་འདུག
    ཀྲང་ཆན་དང་ཁོའི་ཞབས་འབྲིང་རྣམས་ལོབ་ནོLop Nor་དང་ཕྲག་ལ་མ་ཁན་བྱེ་ཐངTakla Makan Desert ་གི་བྱང་དང་ཐེན་ཧྲན་རི་བོའི天山་ལྷོ་བརྒྱུད་དེ་ཕ་མིར་Pamirགངས་རིའི་ཕ་རོལ་དུ་ཕྱིན་ནས་ཡོ་ཀྲི་མི་རིགས་རྙེད་འདུག་མོད་དམག་གི་རྒྱབ་སྐྱོར་རག་མི་འདུག ཡོ་ཀྲི་མི་རིགས་ཞུང་ནུའུ་ལག་ནས་ཕམ་ཉེས་བྱུང་རྗེས་གནས་འདིར་སླེབས་ནས་ཁྱིམ་གཞི་བརྟན་པོ་ཆགས་ཞིང་འཚོ་བའི་མཐུན་རྐྱེན་དར་ནས ཞུང་ནོའུ་ལ་དགྲ་ཤ་གཏིང་བརྗེད་དུ་སོང་ཞིང་དགྲ་ལན་སློག་འདོེད་མེད་པར་གྱུར་ཡོད་འདུག ཁོང་ཡོ་ཀྲི་མི་རིགས་ཀྱི་སར་ལོ་གཅིག་བསྡད་ནས་ཡོ་ཀྲི་མི་རིགས་དང་ཉེ་འཁོར་གྱི་རྒྱལ་ཁབ་ཆེ་ཕྲན་ཁག་གི་གནས་ཚུལ་རྒྱུས་ལོན་འཚོལ་བསྡུ་་བྱས་རྗེས་ཕྱིར་ཕྲག་ལ མ་ཁན་བྱེ་ཐང་གི་ལྷོ་ཕྱོགས་བརྒྱུད་ནས་རྒྱལ་ས་ཁྲང་ཨན་དུ་ལོག་པའི་ལམ་ཁར་ཡང་བསྐྱར་ཞུང་ནུའུ་ཡིས་འཛིན་བཟུང་བྱས་འདུག ལོ་གཅིག་གི་རྗེས་ཏེ་ཕྱི་ལོ་སྔོན་གྱི་ལོ་125་ཙམ་ལ་ཞུང་ནུའུ་ཚོ་ཁག་ལ་སྡེ་གཟར་བྱུང་ནས་ཁོང་ཡང་བསྐྱར་བཙོན་ལས་བྲོས་ཐར་བྱུང་ཏེ་གོང་མའི་ཕོ་བྲང་དུ་འབྱོར་ཐུབ་འདུག ཀྲང་ཆན་གྱིས་་སྐབས་དེར་གོང་མའི་རྒྱལ་འབངས་ལ་ལྐོག་ཏུ་གྱུར་བའི་རྒྱ་ནག་གི་ནུབ་ཕྱོགས་ཡུལ་གྲུ་རྒྱལ་ཁབ་དག་གི་ལོ་རྒྱུས་དང་གོམས་སྲོལ། དཔའ་འབྱོར་དང་ཚོང་རྫས། ཆབ་སྲིད་དང་དམག་དོན་སོགས་ཀྱི་ཐད་སྔར་བྱུང་མ་མྱོང་བའི་ཤེས་རྟོགས་གསར་བ་བྱུང་བ་དེར་གོང་མ་ཝུའུ་ཏིི་ཤིན་ཏུ་དགའ་ནས་ཁོང་ལ་གསོལ་རས་གནང་བ་མ་ཟད་གོ་གནས་ཀྱང་སྤར་ནས་མཐོང་ཆེན་བྱས་འདུག ། གོང་མ་ཝུའུ་ཏི་ནི་ཚོང་ལས་དང་མངའ་ཁོངས་རྒྱ་བསྐྱེད་དོན་ཆེན་གཉིས་ཀྱི་སྟེང་བློ་རྩེ་གཅིག་སྒྲིམ་བྱེད་མཁན་ཞིག་ཡིན་པས་སྐབས་དེར་ཀྲང་ཆིན་གྱིས་རྒྱུས་ལོན་བྱུང་བའི་དབུས་ཨེ་ཤི་ཡCentral Asia་ས་ཁུལ་གྱི་་རྒྱལ་ཁབ་ཆེ་ཕྲ་་རྣམས་དང་ལི་ཡུལ་དང་རྒྱ་གར་ནུབ་བྱང་གི་ཡུལ། སྟག་གཟིག རོམ་སོགས་ལ་ཚོང་འབྲེལ་བྱེད་རྒྱུའི་སྤོབས་པ་སྐྱེས་འདུག། ད་དུང་ཕ་གྰ་ནཱ་farghanaཡུལ་གྱི་གཟུགས་སྟོབས་ཆེ་ཞིང་རྨིག་རྩལ་འགྲན་ཟླ་བྲལ་བ ལུས་ནས་ཁྲག་གི་རྔུལ་ཆུ་འབྱུང་བའི་ཆིབས་རྟའི་རིགས་ཤིག་ཏེ་མིང་ལ་ལྷའི་རྟ་མཆོག་འཕུར་ཤེས་ཞེས་རྟའི་རིགས་རྒྱུད་ཕུལ་དུ་བྱུང་བ་ཞིག་ཡོད་པ་དེ་ཞུང་ནུའུ་ལ་འཐབ་་དུས་དམག་རྟར་ཤིན་ཏུ་རུང་བར་མཐོངནས། མཐར་དམག་དྲངས་ཏེ་བཙན་ཤེད་ཀྱིས་ལྷའི་རྟ་མཆོག་འཕུར་ཤེས་རྒྱ་ནག་ཏུ་ནང་འདྲེན་བྱས་ཏེ་རིགས་རྒྱུད་སྤེལ་འདུག་མོད ཕྱིས་སུ་གྱི་ལིང་འཕུར་ཤེས་ཀྱི་རྒྱུད་དེ་སྟོང་འདུག

    ཕྱིས་སུའང་ཕྱི་ལོ་སྔོན་གྱི་བགྲང་བྱ་115་ལོར་ཡང་གོང་མའི་ཐུགས་དགོངས་ལྟར་ཀྲང་ཆན་་ཞུང་ནུའུ་ཚོ་ཁག་གི་ནུབ་རྒྱུད་ན་འཚོ་སྡོད་བྱེད་པའི་ཝུའུ་སུན乌孙་མི་རིགས་སར་ཕྱིན་ནས་ཞུང་ནུའུ་མི་རིགས་ཐོག་ཕར་རྒོལ་དམག་དཔུང་རྒྱབ་རྟེན་རེ་ཞུ་ཞུས་མོད། ཝུའུ་སུན་འབྲོག་མི་ཚོ་ཞུང་ནུའུ་ལ་ཞེད་ཐག་ཆོད་ནས་དམག་རོགས་ཁས་ལེན་བྱས་མི་འདུག དེ་ནས་ཁོང་ཕྱིར་རྒྱལ་ས་ཁྲང་ཨན་དུ་ལོག་རྗེས་ཅང་མ་འགོར་བར་སྐུ་གྲོངས་འདུག གང་ལྟར་ཀྲང་ཆན་གསོན་པའི་རིང་གོང་མ་ཝུའུ་ཏིས་ཐུགས་འདང་ཆེན་པོས་རྒྱལ་ཁམས་པ་ཆེན་པོ་ཞེས་མཚན་གསོལ་འདུག་ལ་ཁོང་ཤི་བའི་རྗེས་སུའང་རྒྱ་ནག་པ་ཚོས་ཁོང་ལ་གུས་བརྩི་ཆེན་པོ་དང་རྒྱ་ནག་མི་རིགས་ཀྱི་གཟི་བརྗིད་ཅིག་ཏུ་བགྲང་གི་ཡོད་འདུག།
    ཀྲང་ཆན་ནུབ་ཕྱོགས་ལ་རྒྱང་བསྐྱོད་བྱས་པ་འདིས་རྒྱ་ནག་དང་ཕིར་ཞི་ཡPersia་བར་དར་སི་་གཙོ་བའི་ཚོང་སྒོ་ཕྱེ་བར་མ་ཟད་གནའ་བོའི་རྒྱལ་ས་ཆེན་པོ་གཉིས་ཏེ་ནུབ་ཀྱི་རྒྱལ་ས་རོམ་དང་ཤར་གྱི་རྒྱལ་ས་ཁྲང་ཨན་གཉིས་བར་རིང་ཚད་ལ་མེལ་5000་ཙམ་ཡོད་པའི་ཚོང་ལམ་རིང་མོའི་སྒོ་ཕྱེ་ཏེ་ཕྱིས་སུ་དར་སི་ཚོང་ལམ(SILK ROAD)་ཞེས་གྲགས་འདུག
    དར་ལམ་འདི་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་ནས་འགོ་བཙུགས་ཏེ་ནུབ་བྱང་གི་ཕྱོགས་སུ ཀན་སུའུ་ཡི་ཏུན་ཧོང་དང་གཡུ་སྒོ་འགག玉门关་ནས་བྱང་ལམ་དང་ལྷོ་ལམ་གཉིས་སུ་གྱེས་ཏེ། ནུབ་ལམ་དེ་གོ་པེGobi་བྱེ་ཐང་བརྒྱུད་ཕྲག་ལ་མ་ཁན་བྱེ་གླིང་གི་བྱང་རྒྱུད་ན་ཡོད་པའི་ཐུར་ཕནTurfan་དང་ཁ་ར་ཞིརKarashahr། ཁོ་ཆKucha། ཨ་ཀི་སོAksu། ཊམ་ཆོགTumchuq། ཀ་ཞི་སྒརKashgar་ནས་ནུབ་ཏུ་འཐེན་ཡོད་ལ། དེ་བཞིན་ལྷོ་ལམ་ཡང་ཏུན་ཧོང་ནས་བོེད་ཀྱི་བྱང་རྒྱུད་དང་ཕྲག་ལ་མ་ཁན་བྱེ་ཐང་གི་ལྷོ་ན་ཡོད་པའི་མ་རེནMiran དང་ ནེ་ཡ Niya། ཁི་རི་ཡKeriya། ཁོ་ཏནKhotan། ཡར་ཁན་ཊིYarkand དེ་ནས་ཕྲ་ལ་མ་ཁན་ནུབ་མཐའ་ནས་བྱང་དུ་དཀྱོགས་ཏེ་ཀ་ཞི་སྒར་ནས་སླར་ཡང་བྱང་ལམ་དང་འདྲེས་ཡོད།
    ཀ་ཞི་སྒར་ནས་དར་ལམ་མུ་མཐུད་དེ་ནུབ་ཕྱོགས་ལ་འཐེན་དེ་ཕ་མིརPamir་ལ་ཆེན་བརྒལ་རྗེས་བྱང་རྒྱུད་སྙེག་ཏེ་ཀོ་ཁན་སྒྲིKhokand་དང་ས་མ་ཁན་སྒྲིSamarkand། བོ་ཁ་རBokhara། མིར་བུMerv། དེ་ནས་ཕིར་ཞི་ཡPersia། ཨི་རགIraq ཨི་རྗེབEgypt། མི་ཏིར་ཁྲི་རིན་ནིམMediterranean་མཚོ་འགག་དང་དེ་ནས་མཚོ་ལམ་བརྒྱུད་རོམRome་ལ་སླེབས་འདུག ཡོ་རོབ་ཏུ་འཐེན་པའི་དར་ལམ་ལྷོ་མ་དེ་ཡར་ཁན་སྒྲིYarkand་ནས་ཨ་ཧྥུ་རྒན་སི་ཐན་གྱི་སྦ་ལི་ཁི་Balkh་བརྒྱུད་ནས་མཐར་མིར་བུMerv་ནས་སླར་ཡང་ཡོ་རོབ་བྱང་ལམ་དང་འབྲེལ་ཡོད། རྒྱ་གར་ལ་བསྲིངས་བའི་དར་སི་ཚོང་ལམ་གྱི་ཡལ་ག་དེ་ཕྲག་ལ་མ་ཁན་བྱེ་ཐང་གི་ནུབ་ཀྱི་ཡར་ཁན་སྒྲིYarkand་ནས་ལྷོ་ལ་བབས་ཏེ་ཁི་ར་ཁོ་རམ་ལ་ཆེནKarakoram Pass་ནས་་བླ་དགས་གླསLeh་དང་ཀ་ཤི་མིར་ཡི་ཤི་རེ་ན་གཱSrinagar་བརྒྱུད་ནས་འབོམ་བྷེ་Bombayལའང་སླེབས་ཡོད་འདུག
    དར་སི་ཚོང་ལམ་འདི་རྒྱའི་རྒྱལ་ས་ཁྲང་ཨན་ནས་འགོ་བཙུགས་ཏེ་ལམ་བར་ནས་ཡལ་ག་མང་པོར་གྱེས་ཏེ་ཡོ་རོབ་ཀྱི་རོམ་དང་ལྷོ་ཨ་ཧྥི་རི་ཁའི་སོ་མ་ལི་ཡའི་རྒྱ་མཚོ་ཁ། རྒྱ་གར་བོམ་བྷེ དང་ཤི་རི་ལན་ཁ་ནས་འབར་མ་སོགས་ལའང་སྦྲེལ་ཡོད་འདུག
    དར་སི་ཚོང་ལམ་རིང་མོ་འདི་ཤར་གྱི་ཚོང་ཟོག་ལྷོ་ནུབ་དང་ལྷོ་ནུབ་ཀྱི་ཚོང་ཟོག་ཤར་ལ་སྐྱེལ་འདྲེན་བྱེད་མཁན་ཚོང་བ་དང་དོ་བོ་འཁུར་མཁན་གཡག་དང་རྔ་མོང་རྟ་དྲེལ་སོགས་བགྲོད་སའི་ལམ་ཁ་གཅིག་པུ་མ་ཡིན་པར་གྲ་བཙུན་དང་སློབ་གཉེར་བ །མཁས་དབང་དང་དཔའ་རྒོད་། གནས་མཇལ་བ་དང་གསང་ཉུལ་བ བཙན་ཡོལ་བ་དང་ཡི་ཤུའི་ཆོས་སྤེལ་མཁན། རྐང་ཐང་བ་དང་ཆིབས་བཞོན་པ་སོགས་ལས་རིགས་འདྲ་མིན་གཉེར་མཁན་དང་ཕྱི་ནང་གི་མི་རིགས་འདྲ་མིན་སྣ་ཚོགས་ཚོང་ལམ་འདི་བརྒྱུད་ནས་ཕྱོགས་ཀུན་ཏུ་རང་རང་གི་དམིགས་སར་འགྲུལ་བཞུད་དང་། སྐབས་དེར་དར་སི་ཚོང་ལམ་དུ་འཁེལ་བའི་གྲོང་ཁྱེར་དང་ཁྲོམ་ར། དགོན་པ་དང་གྲ་ཤག རྒྱལ་བོའི་ཕོ་བྲང་དང་འབངས་ཀྱི་ཁྱིམ་སོགས་ནི་ ཚོང་རྫས་བརྗེ་རེས་མ་ཟད་ཤར་ལྷོ་ནུབ་བྱང་ཡུལ་གྲུ་ཁག་གི་ཤེས་རིག སྒྱུ་རྩལ། སྐད་ཡིག་དང་གོམས་གཤིས །ཆས་གོས་དང་གནས་ཚུལ་གསར་བ། ལྟ་ཚུལ་འདྲ་མིན་སོགས་སྤེལ་རེས་བྱེད་ས་ལྟེ་གནས་ཀྱང་ཆགས་ཡོད་འདུག
    དུས་རབས་༤་བའི་་ནང་ཅིན་ཤར་མའི་རྒྱའི་བཙུན་པ་ཧྥ་ཞན法显་དང་ཐང་རྒྱལ་རབས་སྐབས་སུ་ཐང་སིན་བླ་མ་སོགས་རྒྱ་གར་དུ་ཆོས་ཞུ་རུ་ཕེབས་སྐབས་ཀྱང་དར་སི་ཚོང་ལམ་འདི་བརྒྱུད་ནས་ཕེབས་འདུག་ལ། ཁོང་རྣམ་གཉིས་ཀྱི་ལམ་ཡིག་ཏུའང་དར་སི་ལམ་ཁར་འཁེལ་བའི་རྒྱལ་ཁབ་ཁོ་ཏན་དང་ཁོ་ཆ་སོགས་ཀྱི་ནང་བའི་དགོན་པ་དང་གྲ་བཙུན་དང་ཆོས་ཀྱི་བྱེད་སྒོ་སོགས་བཀོད་འདུག སྐབས་དེར་བཙུན་པ་ཧྥ་ཞན་ཁོ་ཏནKhotan་ཏུ་ཟླ་བ་གསུམ་ཙམ་བཞུགས་འདུག་ལ་ཕྱིས་སུ་ཁོས་ཁོ་ཏན་ནི་འབྱོར་བས་ཕྱུག་ཅིང་རྒྱལ་འབངས་ཀུན་་དམ་པ་ཆོས་ཀྱི་དཔལ་ལ་རོགའདུག་ཅེས་དང་། ཁོ་ཏན་ན་དགོན་ཆུང་རྣམས་ཕུད་དགོན་ཆེན་༡༤ཙམ་དང་གྲ་བཙུན་སྟོང་ཕྲག་མང་པོ། སྒོ་རེིའི་མདུན་ན་མཆོད་རྟེན་རེ་དང་དགོན་པ་དང་ལྷ་ཁང་གི་རྟེན་ཚང་མ་རིན་ཆེན་སྣ་བདུན་གྱིས་བརྒྱན་འདུག་ཅེས་དང་། སྐབས་དེིའི་དགོན་གསར་ཞིག་ཁོང་གིས་འགྲེལ་བརྗོད་བྱས་དོན་ལ་ རྒྱལ་བོའི་དགོན་གསར་འདི་མི་ལོ་༨༠ དང་རྒྱལ་ཐོག་གསུམ་རིང་བཞེངས་འདུག་ལ་མཐོ་ཚད་ལ་ཕི་ཀྲི་༢༥༠་འདུག་ཞེས་ཀྱང་གསུངས་འདུག
    ཕྱིས་སུ་་དུས་རབས་19 བའི་མཇུག་དང་དུས་རབས་20་བའི་སྟོད་དུ་ཕྱི་གླིང་བ་གནའ་རྫས་ཞིབ་དཔྱོད་མཁན་ལྔ་སྟེ་ སི་ཝའི་ཊན་རྒྱལ་ཁབ་ཀྱི་སི་ཝན་ ཧད་རྡིན(Sven Hedin)། དབྱིན་ཇིའི་རྒྱལ་ཁོངས་ཡིན་པ་ ཨའོ་རས་ སི་ཁྲེན(Aurel Stein)། ཧྥ་རན་སིའི་ ཕོའོ་ ཕི་ལིའེ་ཀྲི(Paul Pelliot)། འཇར་མན་བ་ ཨ་པིར་ཁྲི པོན ལེ་ཁོ་ཁི(Albert Von Le Coq)། ཨ་རི་བ་ལང་སྒྲིན ཝར་ནིར(Langdon Warner)། ཉི་ཧོང་བ ་ཁོན་ཁྲི་ འོ་ཁྲ་ནེ(Count Otani)་ཟེར་བའི་ལག་མི་བཅས་ཀྱིས་ཧྥ་ཞན་དང་ཐང་སིན་བླ་མ། མར་ཁོ་ཕོ་ལོ་སོགས་ཀྱི་ལམ་ཡིག་དང་ས་གནས་ཡུལ་མིའི་སྣེ་ཤན་ལམ་སྟོན་ཟུང་སྦྲེལ་ཐོག དེང་གི་ཤར་ཏུར་ཀི་སུ་ཐན་གྱི་ཁོངས་ན་ཡོད་པའི་ཁོ་ཏན་དང་ཁོ་ཆ་སོགས་སུ་སྔོན་དུས་དར་སི་ཚོང་ལམ་གྱི་ལྷོ་བྱང་གི་རྒྱུད་དུ་འཁེལ་ཞིང་། ཕྱིས་སུ་གངས་ཆུ་འགྲིབ་པ་དང་ལྷན་དུ་ཕྲག་ལ་མན་ཁན་བྱེ་ཀློང་ལ་འགྱེལ་ཟིན་པའི་་གདོད་མའི་ནང་བའི་རྒྱལ་ཁབ་དེ་ཚོའི་ཤུལ་ལུས་དགོན་པ་དང་ལྷ་ཁང་། དཔེ་མཛོད་ཁང་དང་མཆོད་རྟེན། མཆོད་ཁང་དང་དུར་ས་ཡན་ཆད་འདྲེ་སློག་གདོན་སློག་བྱས་ཏེ་སངས་རྒྱས་ཀྱི་སྐུ་དང་ལྡེབས་རིས དཔེ་ཆ་རྙིང་བ་དང་སྐུའི་གཟུངས་འཇུག བྱང་བུའི་ཡིག་ཚགས་སོགས་སྒྱུ་རྩལ་གྱི་རིན་ཐང་ཡོད་ཡོད་ཚང་མ་བསྔོག་འདོན་བྱས་ཏེ་ཤེས་རིག་གནའ་རྫས་དོ་བོ་བརྒྱ་ཕྲག་མང་བོ་ དབྱིན་ཡུལ་དང་འཇར་མན། ཧྥ་རན་སི། སི་ཝའི་ཊན། ཉི་ཧོང་། ཨ་རི་སོགས་ལ་སྐྱེལ་འདྲེན་བྱས་འདུག དེ་མུར་ རྒྱའི་མཁན་པོ་ཝང་ཟེར་བར་མགོ་སྐོར་བཏང་ཏེ་ཏུན་ཧོང་གི་སངས་རྒྱས་སྟོང་སྐུའི་བྲག་ཕུག་ནས་སྐུ་དང་ལྡེབས་རིས། དཔེ་རྙིང་སོགས་ཁྱད་ནོར་སྟོང་ཕྲག་མང་པོ་ལྐོག་བླུས་བྱས་ནས་ཕྱི་རྒྱལ་ལ་སྐྱེལ་འདུག ཏུན་ཧོང་དང་ཤར་ཏུར་ཀི་སི་ཐན་ནས་ལྐོག་འཁྱེར་བྱས་བའི་ཤེས་རིག་གནའ་རྫས་ཁྲོད་བོད་ཡིག་གི་རྒྱུ་ཆའང་མི་ཉུང་བ་ཡོད་འདུག་ལ་དེང་སང་ཏུན་ཧོང་དང་ཞིན་ཅང་ནས་འཁྱེར་བའི་ཤེས་རིག་གནའ་རྫས་དེ་ཚོ་རྒྱལ་ཁབ་13 ཙམ་ནང་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་། ཤེས་རིག་བསྟི་གནས་ཁང་30་ལྷག་ཙམ་ལ་ཁྱབ་ཡོད་འདུག

  3. རི་སྤྱང་ཁེར་འགྲོ says:
    2009-02-02 at 11:29 pm

    ཐང་སིན་བླ་མ་ལ་ 玄奘 ཞོའོན་ཙང་ཞེས་འབོད་གི་ཡོད་ཀྱང་བོད་སྐད་ནང་ཡོངས་གྲགས་ལྟར་ ཐང་སིན་བླ་མ་ལ་ ཞེས་བཀོད་པ་ཡིན
    ཞུང་ནུའུ་ཡོ་རོབ་ཀྱི་ལོ་རྒྱུས་ཡིག་ཚགས་ནང་གི་Huns་ཞེས་བ་དང་སྦྱར་བ་མང་པོ་འདུག
    གཞན་ལི་ཡུལ་ལུང་བསྟན་པ་ཞེས་བ་མཇལ་མྱོང་མཁན་དང་མཁྱེན་མཁན་ཡོད་ན་ངོ་སྤྲོད་ཅིག་གནང་རོགས།

  4. ÇtôzÅ-q- says:
    2009-02-03 at 7:34 am

    གྲོགས་པོ། ལི་ཡུལ་ལུང་བསྟན་ཞེས་པ་དེ་མཇལ་མ་མྱོང་ཡང་གཟུངས་འདུས་ནང་དུ་གླང་རི་ལུང་བསྟན་ཞེས་པ་ཞིག་བཞུགས་པ་དེ་ཡང་ལི་ཡུལ་ལུང་དུ་བསྟན་པའི་སྐོར་ཞིག་རེད་འདུག ལི་ཡུལ་ལུང་བསྟན་ཞེས་པ་དེ་དགྲ་བཅོམ་པ་དགེ་འདུན་འཕེལ་ཟེར་བ་ཞིག་གིས་མཛད་པ་རེད་ཟེར་བ་འདྲ། གླང་རི་ལུང་བསྟན་ལ་གཟིགས་འདོད་ན་གཟུངས་འདུས་ཀྱི་ནང་དུ་ཡོད། དེའི་བརྗོད་བྱ་ནི་སངས་རྒྱས་ཀྱིས་ལི་ཡུལ་ལ་མ་འོངས་པར་ཉམ་ཆག་དང་འཕེལ་རྒྱས་གང་བྱུང་ལུང་དུ་བསྟན་པ་ཞིག་རེད།

  5. རི་སྤྱང་ཁེར་འགྲོ says:
    2009-02-03 at 10:17 am

    ཨ་ཤུ་རེ་ཁོ སྔོན་ཆད་བྱེའུ་ཕྲུག་དམར་རྗེན་ཡིན་དུས་བརྒྱ་སྟོང་གཟུངས་འདུས་གསེར་འོད་གསུམ་ནེ་ཙོའི་མ་ནི་བགྲང་བགྲང་་བྱེད་པའི་སྐལ་བ་དེ་ཡང་བསྐྱར་ཅིག་ཡོད་རྒྱུན་ཨང་།

  6. མགོན་པོ་ཕྱག་གཉིས་པ། says:
    2009-03-09 at 9:27 pm

    ངས་དར་སི་ཚོང་ལམ་ཟེར་བ་འདིར་བལྟས་ཁོ་རང་མི་འདུག ཁྱེད་རང་གིས་བོད་ཀྱི་ཁ་ངག་ཏུ་གནས་སྔ་མོ་ནས་འཇགས་ཡོད་པའི་ ་་རྒྱ་མོའི་དར་ལམ་་ ཤོད་ཀྱི་འདུག་ག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme