Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམིགས་ཡུལ་མེད་པའི་སྤྱི་འཐུས་ལས་དམིགས་ཡུལ་ཅན་གྱི་སྤྱི་འཐུས་ཤིག་ལེགས།

Posted on 2020-12-05 By ཁ་བརྡ 1 Comment on དམིགས་ཡུལ་མེད་པའི་སྤྱི་འཐུས་ལས་དམིགས་ཡུལ་ཅན་གྱི་སྤྱི་འཐུས་ཤིག་ལེགས།

ནམ་མཁའ།

ང་རང་ལས་ཀའི་བར་གསེང་ནས་དྲ་ཐོག་ཏུ་འགྲུལ་བཞུད་བྱས་ཏེ། སྲིད་སྐྱོང་འོས་མི་དང་སྤྱི་འཐུས་འོས་མི་ཚོར་རྒྱུས་ལོན་ཅུང་ཟད་རེ་བྱས་པ་ཡིན། སྐབས་སྔོན་མའི་སྲིད་སྐྱོང་འོས་བསྡུ་དང་བསྡུར་ནས་བཤད་ན། ཆོལ་ཁའི་འཐེན་འཁྱེར་གྱི་མཁྲིས་ནད་ཕོག་མཁན་ཉུང་རུ་ཕྱིན་པའི་ཚོར་སྣང་བྱུང་། གནས་ཚུལ་འདི་ནི་ང་རང་ཉིད་ལ་མཚོན་ནས་བཤད་ན། དགོས་འོས་བའི་གནས་ཚུལ་ཞིག་རེད་ཅེས་བཤད་ཆོག ཡིན་ན་ཡང་། ད་རུང་རེ་ཟུང་གིས་མུ་མཐུད་ནས་བཙན་བྱོལ་སྤྱི་ཚོགས་དཀྲུགས་ཨེ་ཐུབ་ལ་འབད་བརྩོན་བྱེད་ཀྱི་འདུག་མོད། འོན་ཀྱང་དེ་ཚོའི་གྲལ་ནི་ཁོ་རང་ཚོའི་ལས་ཀ་ཡིན་པའི་ངོས་འཛིན་བྱེད་ཆོག་པ་ཞིག་རེད་སྙམ།

གང་ལྟར་ཡང་། དྲ་ལམ་འགྲུལ་བཞུད་འདིའི་བརྒྱུད་རིམ་ནས་མཐོང་བའི་སྤྱི་འཐུས་འོས་མི་བཞེངས་མཁན་ནི། སྐྱ་སེར་གཉིས་ཀ་གྲོག་མ་དམར་ནག་གི་ཚང་བརྡོལ་བ་ལྟ་བུ་ཞིག་རེད་ཅེས་བཤད་ན་མི་འགྲིག་པ་ཨེ་ཡོད་སྙམ། ཡིན་ན་ཡང་། ཕྱོགས་གཅིག་ནས་བཤད་ན། དགའ་འོས་པ་ཞིག་རེད་ཅེས་བཤད་པའི་ཡུལ་དུ་གྱུར་འདུག ཡང་ཕྱོགས་ངོས་གཞན་ཞིག་ནས་བཤད་ན། དམིགས་ཡུལ་དང་འཆར་གཞི་སོགས་ཅི་ཡང་མེད་པར་བོད་སྐད་ཤེས་པ་ཙམ་གྱིས་སྤྱི་འཐུས་དང་སྲིད་སྐྱོང་དུ་ལངས་པ་ནི། མི་དམངས་ཀྱིས་སྤྲད་པའི་གོ་གནས་དེ་རིན་ཐང་ཆུང་བུར་བཏང་བ་ལྟ་བུ་ཞིག་ཏུ་གྱུར་འདུག་པས། ཕྲན་གྱིས་རྒྱུན་ཏུ་སྤྱི་འཐུས་དང་སྲིད་སྐྱོང་འོས་མི་ཚོའི་དམིགས་ཡུལ་དང་འཆར་གཞི་ག་འདྲ་ཡོད་མེད་ལ་ཐོག་མར་བལྟ་གི་ཡོད་པ་ལྟར ། ཕྲན་གྱིས་དྲ་ལམ་བརྒྱུད་རིམ་ནས་མཐོང་བའི་ཆོལ་ཁ་གསུམ་གྱི་སྤྱི་འཐུས་མི་ཚོའི་ནང་ན། དམིགས་ཡུལ་དང་འཆར་གཞི་ཡོད་མཁན་གོང་དུ་བཀོད་ཟིན་པའི་བུ་མོ་འདི་ལས་གཞན་གཅིག་ཀྱང་མཐོང་མ་སོང་། ཁོ་རང་ཚོའི་སྤྱི་འཐུས་ཀྱི་ཁྱབ་བསྒྲགས་སྟབས་བདེ་ཞིག་རེད། མིང་དང་ཕ་ཡུལ་ཤེས་ཚད་ཙམ་ཡིག་ཕྲེང་འགའི་ནང་བསྡུས་ཏེ་བྲིས་ནས་ཁྱབ་བསྒྲགས་བྱེད་ཀྱི་འདུག་པས། ང་རང་ཉིད་ཀྱི་མཐོང་སྣང་ལ་འཆར་གཞི་དང་དམིགས་ཡུལ་ཅི་ཡང་མེད་པའི་སྤྱི་འཐུས་འོས་མི་ཁོག་སྟོང་ཅན་དག་ཏུ་མཐོང་སོང་སྟབས། འདིའི་སྐོར་ནས་བསམ་ཚུལ་འགའ་བཤད་རྒྱུ་ཡིན།

ང་ཚོས་ཤེས་གསལ་ལྟར། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་བཞེངས་མཁན་ཞིག་ཡིན་ཚེ། ཁོ་རང་གིས་ས་གནས་གང་ཞིག་ལ་ཆད་སྐྱོན་དང་དཀའ་ངལ་གང་ཞིག་ཡོད་པ་རྣམས་ལ་དམིགས་ཏེ་འཆར་གཞི་དང་དམིགས་ཡུལ་བཤད་ནས་ད་གཟོད་ཁྱབ་བསྒྲགས་བྱས་ཤིང་། མི་དམངས་ཚོས་ཀྱང་ཁོ་རང་གི་དམིགས་ཡུལ་དང་འཆར་གཞི་སོགས་ལ་བལྟས་ཏེ་འོས་འཕེན་གྱི་ཡོད། ཡིན་ན་ཡང་། ང་ཚོའི་བཙན་བྱོལ་གཞུང་གི་སྤྱི་འཐུས་སུ་བཞེངས་མཁན་ཚོས། རང་གི་མིང་དང་སྡོད་གནས་ཙམ་གྱི་གནས་ཚུལ་ཡིག་ཕྲེང་གཉིས་གསུམ་ཞིག་གི་ནང་དུ་བསྡུས་པ་ལས། དམིགས་ཡུལ་དང་འཆར་གཞི་ཅི་ཡང་མེད་པར་ཁྱབ་བསྒྲགས་བྱས་ཤིང་། འོས་ཤོག་འཕེན་མཁན་གྱི་བཙན་བྱོལ་བོད་མི་ཚོས་ཀྱང་། དམིགས་ཡུལ་དང་འཆར་གཞི་སོགས་ཡོད་མེད་ལ་ཅི་ཡང་མི་བལྟ་བར། རང་གི་ལུང་ཚན་གྱི་ཞེན་ཁོག་ཁོ་ན་བྱས་ཏེ་མིག་ལོང་པ་ལྟར་ལོང་འདེམས་བྱས་ཀྱི་ཡོད།

ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱིས་སྤྱི་འཐུས་འོས་འཕེན་མཁན་ཚོས་བྱེད་སྟངས་འདི་ནི། བོད་མི་རིགས་ཀྱི་སྤྱིའི་བདེ་སྡུག་མ་བསམ་པར་ལུང་ཚན་དང་འབྲེལ་འདྲིས་ཡོད་མེད་ལ་བལྟས་ཏེ་འོས་འཕེན་གྱི་ཡོད་པས། གནས་སྟངས་འདི་འདྲ་ཞིག་གི་འོག་ནས་བོད་མི་རིགས་འཆི་གསོན་བར་ན་ཡོད་པ་ལ་སྲོག་ཤིང་སྟེར་མི་ནུས་ཞིང་། ང་ཚོ་འགྱེལ་ས་ནས་ཡར་ལངས་མི་ཐུབ་པ་གསལ་བོར་མཚོན་ཐུབ་ཀྱི་འདུག་ལ། ང་ཚོ་ཆ་ཚང་གིས་མཁྱེན་གསལ་ལྟར། གྲོས་ཚོགས་ར་བའི་ནང་དུ་ཆོལ་ཁའི་འཐེན་ཁྱེར་གྱི་ཚིག་མཚོན་འདེབས་རེ་བྱེད་པ་ལས། བོད་མི་རིགས་ཀྱི་བདེ་སྡུག་ཅི་ལྟར་སེལ་དགོས་མིན་ལ་གླེང་སློང་ཤིན་ཏུ་ཉུང་། ལྷག་པར་དུ་གདན་ས་ཁག་དང་སོ་སོའི་དགོན་སྡེ་ཁག་ནས་ནང་ཆོས་སློབ་གཉེར་གྱི་ཁུངས་མ་འཁྱོལ་ཞིང་།སློབ་གཉེར་ཕྱོགས་ནས་རང་གི་ཆོས་གྲོགས་རྣམས་ཀྱི་རྗེས་མ་ཟིན་པའི་ཆོས་བརྒྱུད་ཁག་གི་འཐུས་མི་དང་། དེ་མིན་ཆོལ་ཁའི་འཐུས་མིར་སླེབས་པའི་སེར་མོ་འདི་ཚོས། བཙན་བྱོལ་སྤྱི་ཚོགས་ཀྱི་གྲོས་ཚོགས་ར་བའི་ནང་དུ། ཁོ་རང་ཚོའི་ལུས་ལ་གྱོན་པའི་སྟོན་པའི་མནབས་བཟའ་ཡང་གཏིང་བརྗེད་དུ་གྱུར་ཏེ། ཉེ་རིང་ཆགས་སྡང་གི་མེ་ལྕེ་ཡིས་གྲོས་ཚོགས་ར་བ་དང་བཙན་བྱོལ་སྤྱི་ཚོགས་མེ་བསྲེགས་ནས། གཏི་མུག་གི་དུད་སྤྲིན་དགུང་ལ་འཕྱུར་ཏུ་འཇུག་གི་ཡོད་པས། འཐུས་མི་ཁོག་སྟོག་ཅན་གྱི་ས་འབུ་གྲོག་མ་དམར་པོ་བཞིན་ཁྱུ་དང་ཁྱུ་བཞིན་འགྲོ་མཁན་འདི་ཚོའི་གྲལ་ལ་གོ་སྐབས་མ་སྤྲད་ན་ལེགས་པར་སྙམ། གང་ལྟར་ཡང་། བཀའ་ཤག་ཁོག་སྟོང་ཅན་དང་སྤྱི་འཐུས་ཁོག་སྟོང་ཅན་འདི་ཚོའི་མཇུག་གང་མགྱོགས་རྫོགས་པར་ང་ཚོས་འབད་བརྩོན་བྱེད་རན་འདུག 5 /12/2020ལོར་ཡོ་རུབ་ནས་བྲིས།

བསམ་ཚུལ།

Post navigation

Previous Post: ནུབ་ཕྱོགས་ཨ་རིའི་རུལ་སུངས་དང་ཤར་ཕྱོགས་བོད་ཀྱི་ལས་རྒྱུ་འབྲས།
Next Post: བཀའ་ཤག་དང་། དབུས་འོས་བསྡུ་ལས་ཁང་ལ་ཡོངས་བསྒྲགས་ཀྱིས་ཕུལ་བའི་སྙན་ཞུ།

Comment (1) on “དམིགས་ཡུལ་མེད་པའི་སྤྱི་འཐུས་ལས་དམིགས་ཡུལ་ཅན་གྱི་སྤྱི་འཐུས་ཤིག་ལེགས།”

  1. ཀརྡོ་རབ་འབྱམས་པ་ says:
    2020-12-05 at 10:32 pm

    འདས་པའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྐོར་ལ།
    ་
    ་་་་་་་་་་་་་ གྲོས་ཚོགས་ར་བའི་ནང་དུ་ཆོལ་ཁའི་འཐེན་ཁྱེར་གྱི་ཚིག་མཚོན་འདེབས་རེ་བྱེད་པ་ལས། བོད་མི་རིགས་ཀྱི་བདེ་སྡུག་ཅི་ལྟར་སེལ་དགོས་མིན་ལ་གླེང་སློང་ཤིན་ཏུ་ཉུང་། ་་་་་་་་་་་་་

    ་་་་་་་་་་་་་ གང་ལྟར་ཡང་། བཀའ་ཤག་ཁོག་སྟོང་ཅན་དང་སྤྱི་འཐུས་ཁོག་སྟོང་ཅན་འདི་ཚོའི་མཇུག་གང་མགྱོགས་རྫོགས་པར་ང་ཚོས་འབད་བརྩོན་བྱེད་རན་འདུག 5 /12/2020ལོར་ཡོ་རུབ་ནས་བྲིས། ་་་་་་་་་་་་་་་
    ་
    ནམ་མཁས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme