Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམིགས་བསལ་ཚོགས་ཆེན་ལ་ཁྲིམས་ལུགས་གྱི་ནུས་པ་ལྡན་དགོས།

Posted on 2012-07-23 By ཁ་བརྡ་ 8 Comments on དམིགས་བསལ་ཚོགས་ཆེན་ལ་ཁྲིམས་ལུགས་གྱི་ནུས་པ་ལྡན་དགོས།

ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས།

རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བོད་ནང་གི་གནས་བབ་ནི་མི་རབས་ནས་མི་བརྒྱུད་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་ཕྱི་ལོ་༢༠༠༨ གྱི་ལོ་ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་བོད་མི་རྒན་གཞོན་སེར་སྐྱ་ཕོ་མོ་དབྱེ་བ་མེད་པས་ “༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས་པ་དང་། བོད་རང་བཙན་ཡིན་པ། བོད་ལ་རང་དབང་དགོས་པ། བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་”བཅས་ཀྱི་དགོས་འདུན་དང་འབོད་སྒྲ་གཅིག་གྱུར་བསྒྲགས་ནས་རྒྱ་ནག་ལ་ཞི་བའི་ངོ་རྒོལ་གྱེན་ལངས་བྱས་ཡོད་པ་རེད། དེ་ནས་བཟུང་བོད་ནང་ཁུལ་དུ་སྔ་ན་མེད་པའི་ཆིག་སྒྲིལ་དང་ལ་རྒྱ། སྙིང་སྟོབས་བཅས་ནི་མེ་རུ་བཞིན་འབར་ཏེ་བོད་རང་དབང་སླར་གསོ་བྱ་བའི་ཆེད་དུ་རང་ལུས་མེ་རུ་སྤར་མཁན་(༤༥)ཡང་འཛམ་གླིང་ནང་མང་ཤོས་ཀྱི་གནས་ཚུལ་ཞིག་ཆགས་ཡོད། རྒྱ་དམག་གིས་བོད་མི་ཞི་རྒོལ་བ་དམར་གསོད་བཏང་བ་དང་། འཛིན་བཟུང་བཙོན་འཇུག་བྱས་པ། གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ནི་དོན་དངོས་ཐོག་སུ་གང་གིས་བསྡོམས་རྩིས་མི་ཐུབ་པའི་གནས་སུ་གྱུར་བ་རེད། གཞན་མི་སེར་ལ་གཅར་རྡུང་བྱས་པ་དང་། ཁྱིམ་ཚང་བསྔོགས་བཤེར་བྱས་པ། རྒྱུ་དངོས་རྐུ་འཕྲོག་བཅོམ་གསུམ་བྱས་པའི་གནས་ཚུལ་ཡང་རྒྱུན་ལྡན་ཞིག་ཡིན་པས་བོད་ནང་གི་བོད་མི་ཚོའི་ཉིན་རེའི་འཚོ་བའི་ནང་གདོང་ལེན་བྱེད་དཀའ་བའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། བོད་ནང་དུ་ཛ་དྲག་གི་གནས་ཚུལ་རེ་ལྷག་མ་ཐག་ཏུ་རྒྱ་གཞུང་གིས་བརྡའ་འཕྲིན་གྱི་བརྒྱུད་ལམ་ཡོངས་རྫོགས་སྒོ་རྒྱག་གི་ཡོད་ལ། འཇིགས་སྐུལ་ཁོ་ན་ལ་བརྟེན་ནས་གནས་ཚུལ་ཕྱིར་མི་གྱར་བའི་ཆེད་དུ་བོད་མིའི་ཁ་འགོག་ཐབས་ཀྱང་བྱེད་ཀྱི་ཡོད། ཡིན་ནའང་བོད་མི་ཚོས་ཐབས་བརྒྱ་ཇུས་སྟོང་གིས་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་གནས་ཚུལ་ག་ལ་གང་འཚམས་སླེབ་ཐུབ་ཀྱི་ཡོད་པ་དང་། འཛམ་གླིང་མི་མང་གི་ནང་དུ་ཡང་བོད་དོན་གནས་ཚུལ་ཐད་དོ་སྣང་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་། བོད་མིས་རང་དབང་གི་ཆེད་དུ་བློས་གཏོང་དང་འཐབ་རྩོད་ཀྱི་ཆེད་དུ་དཀའ་ལས་བརྒྱབ་པའི་གནས་ཚུལ་དང་བསྡུར་ནས་བལྟས་པ་ཡིན་ན། རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དྲང་བདེན་དང་འདྲ་མཉམ། འཚེ་བ་མེད་པ་དང་ཞི་བདེའི་ཁ་གཡེང་སྒྲོག་མཁས་པའི་སྟོབས་ཆེན་རྒྱལ་ཁག་དག་གི་ལྷག་བསམ་དྲང་བདེན་ལ་ཡང་དོགས་པ་ཞིག་རང་བཞིན་གྱིས་སྐྱེས་ཡོང་བ་ལྟ་བུར་གྱུར་ཡོད།
གང་ལྟར་བོད་ནང་གི་བོད་མི་ཚོས་བོད་དོན་འཐབ་རྩོད་ནི་བོད་མི་རང་ཉིད་ཀྱིས་བྱེད་དགོས་པ་དང་། དེ་ཡང་གཙོ་བོ་གཞིས་བྱེས་གཉིས་ཀ་ཆིག་སྒྲིལ་དང་གཅིག་གྱུར་གྱི་ཐབས་ཤེས་ཟུང་འབྲེལ་བྱེད་དགོས་པར་ཡིད་ཆེས་བྱས་ནས། བཙན་བྱོལ་བོད་མིས་འདེམས་བསྐོ་བྱས་པའི་དབུ་ཁྲིད་དག་ལ་ཡིད་ཆེས་བློ་གཏད་ཀྱིས་རྒྱབ་སྐྱོར་ཀྱི་རྣམ་པ་མངོན་སུམ་འཛེམས་མེད་ཀྱིས་སྟོན་བཞིན་ཡོད་པ་དང་། བཙན་བྱོལ་དུ་ཡང་གཞུས་བཞུགས་བོད་མི་རྣམས་ནི་བོད་ཀྱི་དོན་གྱི་བདག་པོ་ཡིན་པའི་ཆེ་མཐོང་དང་བརྩི་བཀུར་འགྱུར་བ་མེད་པའི་ཐོག་ནས་ནུས་ཤུགས་གང་ཡོད་ཀྱིས་བོད་ནང་གི་བོད་མིའི་དཀའ་ངལ་སེལ་ཐབས་དང་། རང་དབང་སླར་གསོ་བྱ་བའི་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་བཞིན་ཡོད་ལ། ལྷག་པར་དུ་སྐབས་བཅུ་བཞི་པའི་བཀའ་ཤག་གསར་བ་འདེམས་བསྐོ་བྱས་པ་ནས་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་དང་། རྒྱལ་སྤྱིའི་གནས་བབ་འོག་གི་བོད་དོན་འཐབ་རྩོད་བྱེད་ཕྱོགས། བཙན་བྱོལ་བོད་མིའི་ལས་འགུལ་སྤེལ་ཕྱོགས་བཅས་ལ་དུས་བསྟུན་དགོས་ངེས་ཀྱི་འགྱུར་བ་འགྲོ་བཞིན་པ་ཡང་གཞིས་བྱེས་བོད་མི་མང་གི་མངོན་འདོད་དང་མཐུན་པར་འགྱུར་བཞིན་ཡོད་པའི་ཡིད་ཆེས་བྱེད་ཆོག་པར་སྙམ། ཡིན་ནའང་། འབྱུང་འགྱུར་ཕྱི་ཟླ་༩ པའི་ཟླ་མཇུག་ཏུ་འཚོགས་རྒྱུའི་དམིགས་བསལ་ཚོགས་ཆེན་ནི་དོན་དངོས་ཐོག་བཙན་བྱོལ་བོད་གཞུང་གིས་གཞིས་བྱེས་བོད་མི་མང་གི་མངོན་འདོད་ལྟར་གཞུང་གི་ལངས་ཕྱོགས་ཤིག་དང་། འཐབ་རྩོད་ཅིག་བྱེད་ཀྱི་ཡོད་མེད་ལ་ཚོད་དཔག་བྱེད་སའི་སྡིངས་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་མ་ཚད། རྒྱལ་སྤྱིའི་ངོས་ནས་ཀྱང་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཕྱོགས་ཀྱི་ལམ་ཁ་ངེས་ཅན་ཞིག་འོང་མིན་སོགས་མ་འོངས་བོད་མིའི་རྩ་དོན་རྩོད་ལེན་གྱི་ཁ་ཕྱོགས་ལ་ཤུགས་རྐྱེན་ནུས་ལྡན་ཅན་ཞིག་ཏུ་འགྱུར་ཡང་སྲིད་པས། ཚོགས་ཆེན་ཐོག་བྱུང་བའི་བོད་མི་མང་ཚོགས་ཀྱི་བསམ་ཚུལ་རྣམས་ལས་བསྡོམས་སྙན་ཐོ་ཞིག་གི་ངོ་བོར་མི་འཇོག་པར། ཁྲིམས་དོན་གྱི་ནུས་པ་ཡོད་པ་དང་། དོན་དངོས་ཀྱི་ལག་ལེན་ཡོད་པ་ཞིག་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་དུ་རྒྱུ་ཡོད་པར་འདོད།
དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འཚོགས་གཏན་ཁེལ་བའི་གནས་ཚུལ་ཕྱིར་བསྒྲགས་བྱུང་བ་ནས་རྩོམ་པ་པོ་དང་ཤེས་ཡོན་པ་དག་གིས་གཙོས་པའི་དོ་སྣང་ཅན་གྱི་མི་མང་གིས་བསམ་ཚུལ་སྣ་ཚོགས་བཤད་ཀྱི་ཡོད་པ་དང་། དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་འབྲས་ལ་ཕྱིར་ལྟ་དང་། ཉམས་མྱོང་ལ་དབྱེ་ཞིབ་བྱས་པའི་དཔྱད་བརྗོད་ཀྱང་གང་མང་ཞིག་བརྒྱུད་ལམ་འདྲ་མིན་ཐོག་ཐོན་བཞིན་ཡོད་པ་དག་ལ་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་བཀོད་སྒྲིག་པ་དག་གིས་ཉན་འཇོག་བྱེད་འོས་པར་མཐོང་ལ། ད་དུང་བོད་ནང་གི་ཛ་དྲག་གནས་ཚུལ་བྱུང་རྐྱེན་དང་། བོད་རྒྱའི་འབྲེལ་མོལ་གནས་བབ། དབུ་མའི་ལམ་གྱི་གནས་བབ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གནས་བབ། རང་ལུས་མེར་བསྲེག་གཏོང་མཁན་དག་གི་འབོད་སྒྲ་དང་ཁ་ཆེམས། བོད་རྒྱ་ཆེའི་མི་མང་གི་བསམ་པའི་མངོན་འདོད་བཅས་ལའང་ཡང་རྒྱུ་འབྲས་དཔང་བཞག་གི་ཞིབ་མཇུག་མཐིལ་ཕྱིན་བྱེད་དགོས་པ་དང་། དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་རྒྱབ་གཉེར་སྙན་ཐོའི་ཆབ་སྲིད་དང་འབྲེལ་བའི་དོན་ཚན་དག་ལ་ཡང་བསྐྱར་ཞིབ་དང་བདག་སྤྲོད་བྱ་དགོས་པའི་དུས་ལ་བབ་ཡོད་པར་འདོད།
༢༠༡༢ ཟླ་ ༧ ཚེས་ ༡༡ ཉིན།

སྣ་ཚོགས།

Post navigation

Previous Post: འབོད་སྐུལ་ལེ་ཚན་ལྔ་ཐང་།
Next Post: བོད་ལ་བན་བོན་གཉིས་པོ་མཐུན་ཞིང་བགྲོ་གླེང་ཚོགས་ཤིང་འདུག་པས་ང་ཚོ་ཡང་ཁོང་རྣམས་པ་ཚོ་ནང་བཞིན་མཐུན་ཞིང་ཕན་ཚུན་བགྲོ་གླེང་བྱེད་པ་ལས་གཅིག་གིས་གཅིག་ལ་སྡང་མི་རིགས།

Comments (8) on “དམིགས་བསལ་ཚོགས་ཆེན་ལ་ཁྲིམས་ལུགས་གྱི་ནུས་པ་ལྡན་དགོས།”

  1. རང་དབང་ཨ་རྡུ་མན་ says:
    2012-07-23 at 11:44 am

    གལ་གནད་ཆེས་ཤོས་ནི་་་་བོད་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་ནི་ངེས་པར་དུ་དགོས། དེ་མེད་དུ་གྱུར་ན་དོན་ག་རེ་སྒྲུབ་ནའང་དཀའ་ལས་ཁག་པོ་རེད། བོད་མི་སྤྱི་བོ་གནམ་སྟེགས་མཆིས་སོ་ཅོག་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་དོར་ནས་མཐུན་ལམ་གྱི་རང་སྒྲ་ཞིག་སྒྲོགས་དགོས། དེ་ནི་ངེད་བོད་པ་ཚང་ལ་དགོས་པའི་་་་ཆ་རྐྱེན་གྱི་དང་པོ་དེ་ཡིན།།

  2. གཉིས་མེད་སེངྒེ says:
    2012-07-23 at 12:30 pm

    ལ་ལས་མུན་ནག་བཙོན་གྱི་མནར་གཅོད་མྱངས། །
    རེ་འགས་རང་དབང་ལུང་པར་སྐོར་བྲོ་འཁྲབ། །
    ལ་ལས་རང་ལུས་སྤྱི་བའི་དོན་དུ་བསྲེགས། །
    རེ་འགས་རང་དོན་ཇ་ཞིག་ཁོལ་བར་རེ། །

  3. འཇམ་གཅེས་ says:
    2012-07-23 at 11:10 pm

    ནགས་ཕྲན་ལགས། བོད་ནས་རང་བཙན་དགོས་ཟེར་ནས་མེ་མཆོད་ཕུལ་མཁན་སུ་ཡིན་ནམ། ཁོས་ཚོས་འབོབད་སྒྲ་དེ་དག ཁྱོད་ཀྱིས་འདོད་མོས་སུ་སྨ་བ་ནི་ཆེས་མི་འོས་པའི་བྱ་སྤྱོད་ཞིག་ཡིན་པར་མི་ཤེས་ན།
    སྨ་བ་ཉུང་ཙམ་གནང་ཤིག དེང་སང་རང་རློམས་ཅན་ཁག་གཅིག་གིས་གཞིས་བཞུགས་དཔའ་བོ་ཕོ་མོ་ཚོས་མཛད་རྗེས་ལ་གང་བྱུང་མཆོག་བཤད་བཟོ་བཞིན་པར་དག་སྣང་དགོས་འདུག

  4. amdo baglab says:
    2012-07-24 at 5:22 am

    གཙོ་ཆེ་ཤོས་གཞེས་བྱེས་གཉིས་རྡོག་རྩ་ཆིག་སྒྲིལ་དང་། དེ་ལས་ཀྱང་བཙལ་བྱོལ་ནང་རྡོག་རྩ་ཆིག་སྒྲིལ་དེ་ཤིན་ཏུ་གལ་ཆེ། གཞིས་བཞུགས་རྣམས་ཀྱིས་བཙན་བྱོལ་གཞུང་དམངས་གཉིས་ལ་ལྷ་ལྟར་དུ་བཀུར་ནས་རང་ལུས་ཡན་ཆད་སྤྱི་པའི་བདེ་ཐབས་ལ་འབུལ་བ་ནི། ཤིན་ཏུ་ཡིད་ཆེས་དྲག་པས་བཙན་བྱོལ་གཞུང་གི་རྒྱབ་སྐྱོར་དུ་ལངས་པ་ལོས་ཡིན། རེ་ཟུང་ནས་བཙན་བྱོལ་ནང་དུ་ཤུགས་རྒྱག་གི་མི་འདུག་བོད་ལ་མེར་བསྲེགས་མང་པོ་བཏང་ཀྱང་འདི་ནས་རྣ་བ་བྲག་ལས་སྲ་བ་འདུག་ཟེར་ཀྱང་དོན་དངོས་ལ་བསམ་ལ། སྤྱིར་ལས་ཀ་གང་ཐད་ནས་ཤུགས་རྒྱགས་དགོས་པ་བདེན་ཀྱང་། དངོས་སུ་དཀའ་ངལ་ཕྲད་ས་བོད་གཞིས་བཞུགས་རྣམས་ཡིན་སྟབས་ངོ་རྒོལ་ཤུགས་ཆེ་ས་བོད་ནས་གནང་ན་ཕན་ཐོག་དང་། ཕྱི་རྒྱལ་ཚོས་བལྟས་ཀྱང་དཀའ་ངལ་ཡོད་པ་དངོས་བདེན་ཡིན་པ་རྟོགས་ཐུབ་ངེས་རེད།

  5. བསོད་ནམས་གྲགས་པ། says:
    2012-07-24 at 7:34 am

    དམིགས་བསལ་ཚོགས་ཆེན་ད་བར་ཏུ་ཚོགས་རེད། གྲུབ་འབྲས་གང་ཡང་མེད་པ་ཤེས་གསལ་བཞིན་རེད། དེ་ནི་འགོ་ཁྲིད་ཚོས་རང་ཉིད་ལོ་རྒྱུས་ནང་ནག་ཉེས་མེད་པའི་ཆེད་རེད།

  6. བརྩོན་ལེན says:
    2012-07-24 at 10:48 am

    ཆོལ་ཁ་གསུམ་མཐུན་སྒྲིལ་ཡོང་བར་བྱེད་པ་གཙོ་བོ་རེད།

  7. བསོད་ནམས་གྲགས་པ། says:
    2012-07-24 at 11:59 am

    བོད་ཀྱི་སྤྱི་ཚོགས་ནང་གླེང་མི་དགོས་པ་མཐུན་སྒྲིལ་རེད། དེ་བཤད་མཁན་ཚོ་ཤེ་མེད་ཚོ་རེད།

  8. ལྷ་མོ་ཆོས་སྒྲོན། says:
    2012-07-25 at 4:14 am

    བོད་སྤྱི་པར་ཕན་སེམས་ཀྱིས་སྣེ་འཁྲིད་བྱས་མི་འདུག་གོ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme