Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམངས་གཙོ་ནི་ཅི་ཞིག་ཡིན།

Posted on 2012-11-012012-11-01 By ཁ་བརྡ་ 17 Comments on དམངས་གཙོ་ནི་ཅི་ཞིག་ཡིན།

ཅོག་རོང་གི་མྱི།

རི་མཐོན་པོའི་རྩེ་རུ་བུད་ནས།
ངས་དམངས་གཙོ་ནི་ཅི་ཞིག་ཡིན་ཞེས་ཚང་ཚིང་སྟུག་པོ་བཀོད་པའི་ནགས་ཚལ་ལ་དྲིས།
དམངས་གཙོ་ནི་འཛད་པ་མེད་བའི་ལོ་མ་ཡིན་ཟེར།
དམའ་བྱེ་འགྲམ་ཁ་ནས་ངས་མུ་མཐའ་མེད་པའི་རྒྱ་མཚོར་དྲིས།
དམངས་གཙོ་ནི་འཆིང་བུ་་ཡིན་ཟེར།
ངས་སྟོན་པ་དེ་བཞིན་གཤེགས་པར་དྲིས།
དམངས་གཙོ་ནི་སྡུག་བསྔལ་ཡིན་ཟེར།
འཇོག་པོའི་ཡུལ་དུ་ངས་འཕགས་པ་ཀླུ་སྒྲུབ་ལ་དྲིས།
རྒྱལ་བུ་བདེ་སྤྱོད་བཟང་བོའི་རྒྱབ་ཁུག་ནང་གི་རོ་དེ་ཡིན་ཟེར།
ངས་སྟག་གཟིག་དང་བྷ་རྡ་ཧོར་ལ་དྲིས།
དམངས་གཙོ་ནི་ཕོ་དག་གི་ང་རྒྱལ་དང་གཟི་བརྗིད་མཚོན་པའི་ཨག་ཚོམ་འདྲེག་པའི་རལ་གྲི་ཡིན། མོ་དག་གི་ངོ་ཚ་དང་བག་ཡོད་ཀྱི་དར་གོས་ཕུད་པའི་བསླུ་བྲིད་ཡིན་ཟེར།
ངས་སྟོབས་ལྡན་ནུབ་གླིང་ལ་དྲིས།
དམངས་གཙོ་ནི་སྔ་ན་བཟོས་མ་མྱོང་བའི་དགྲ་འདུལ་གཉེན་འདུལ་གྱི་མཚོན་ཆ་ཡིན་ཟེར།
ཐབས་ཟད་འུ་ཐུག་ནས་ངས་ཁ་རོལ་་མཱར་ཁེ་སུར་དྲིས།
དམངས་གཙོ་ནི་ཆེས་མི་གཙང་བའི་མ་རྩ་རིང་ལུགས་ཀྱི་རྣག་ཁྲག་ཡིན་ཟེར།
དེ་ནས་ང་དེང་གི་དུས་རབས་ལ་སླེབས་ནས།
ངས་རྒྱ་ནག་ལ་དྲིས།
དམངས་གཙོ་ནི་ལྷ་སྒྲུང་ཡིན་ཟེར།
ངས་ཨ་རི་ལ་དྲིས།
དམངས་གཙོ་ནི་འདེམས་ཤོག་དང་འཇལ་ཁྲལ་ཡིན་ཟེར།
ངས་རྒྱ་གར་ལ་དྲིས།
གཡོག་པོའི་བྲོ་དང་གཡོག་མོའི་གླུ་ཡིན་ཟེར།
ངས་ཞ་ར་ཁྲིམས་རྩོད་པ་ཁྲིན་ཀོང་ཁྲུན་ལ་དྲིས།
དམངས་གཙོ་ནི་ནུབ་ཕྱོགས་ནས་བཟོས་ཤིང་ཁོང་གིས་གྱོན་ཡོད་པའི་མིག་ཤེལ་ནག་པོ་དེ་ཡིན་ཟེར།
བ་སྤུའི་བུ་ག་གཡོ་བཞིན་ངས་ཡིད་བཞིན་ནོར་བུར་ཞུས།
ཁོང་སྐུ་ལྗང་གཞོན་རླུང་གིས་བརྒྱབ་པ་ལྟར་གཡོ་འགུལ་ཙམ་བྱས་ནས་ན་རེ་དམངས་གཙོ་ནི་རྟེན་འབྱུང་ཡིན་ཟེར།
ཀྱེ་མ་ཀྱེ་ཧུད།
ང་ལ་ཡང་དག་པའི་ལན་ཞིག་གསུང་རོགས།
གང་ཡིན་ཞེ་ན།
ཕ་གི་ཕ་ཡུལ་ན་ཤ་རུས་གཅིག་པའི་སྤུན་ཟླ་རྣམས་ཀྱིས་རང་སྐུ་མེ་ལ་བསྒྲོན་ནས།
དམངས་གཙོ་འཚོལ་གྱིན་གདའ།

༢༠༡༢ལོའི་ཟླ་༡༠ཚེས་༢༦ཉིན་ཤིན་ཏུ་གདུང་བའི་ངང་འདས་ཟིན་པའི་དཔའ་བོ་ཚོར་གུས་འདུད་ཀྱིས་བྲིས།
མཆན།
༡ ཁ་རོལ་་མར་ཁེ་སི། གུང་ཁྲན་རིང་ལུགས་ཀྱི་གཞུང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཡིན།
༢ ཞ་ར་ཁྲིན་ཀོང་ཁྲུན། ཞ་ར་ནི་ཨ་མདོ་སྐད་དེ་ལོང་བའི་དོན་ལ་འཇུག གཡག་ཞ་རས་རྩྭ་ཟ་བ་ལྟར་གཡས་རིག་ན་གཡོན་མི་རིག་ཅེས་པ་བཞིན། ཁྲིན་ཀོང་ཁྲུན། རྒྱ་ནག་གི་བྱེ་བྲག་གང་ཟག་གི་ཐོབ་ཐང་བརྩོན་ལེན་བྱེད་པའི་མིག་གི་དབང་བོ་ཉམས་པའི་ཁྲིམས་རྩོད་པ་ཞིག་ཡིན། མ་འོངས་བའི་དུས་ནོར་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་པར་ཁོ་བོས་ད་ནས་ལུང་བསྟན་ཏོ།།

སྣ་ཚོགས།

Post navigation

Previous Post: བོད་པ་ནི་བློ་སྟོབས་དང་སྙིང་སྟོབས་ཅན་གྱི་མི་རིགས་ཤིག་ཡིན་པ་ཧ་གོ་དགོས།
Next Post: རྗར་མེ་ནི་བོད་ཀྱི་ཁང་པའི་གསལ་བསྒྲགས།

Comments (17) on “དམངས་གཙོ་ནི་ཅི་ཞིག་ཡིན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-11-02 at 6:43 am

    མང་གཙོ་ནི། ཅི་ཞིག་རེད།
    མང་གཙོ་ནི། ཁྲིམས་ཞིག་རེད།
    མང་གཙོ་ནི། མི་མངས་ཀྱི་ཆེད་དུ་རེད།
    མང་གཙོ་ནི། མི་མངས་ཀྱི་རེད།
    མང་གཙོ་ནི། མི་མངས་ཀིུས་བཟོས་པ་རེད།

    མང་གཙོ་ནི། སུ་ཞིག་གི་མ་རེད།
    མང་གཙོ་ནི། རྒྱལ་པོའི་མ་རེད།
    མང་གཙོ་ནི། བླ་མའི་མ་རེད།
    མང་གཙོ་ནི། མི་གཅིག་གི་མ་རེད།
    མང་གཙོ་ནི། དབང་ཆེན་གཅིག་གི་མ་རེད།

  2. ཆབ་བྲག་ཕོ་ཉ says:
    2012-11-02 at 10:02 am

    ཁྱོད་ཀྱིས་འདྲི་ས་མ་ནོར་ཟིག ཁྱོད་ཀྱིས་དྲིས་ནོ་མ་འཆུག་ཟིག
    མ་འཆུག་ན་ར་མ་བཟང་ཟིག ཡང་དག་ལན་ཞིག་མ་རྙེད་ཟིག
    ང་ཡིས་ཁྱོད་ལ་འདྲི་རོགས་བྱེད།
    དམངས་གཙོ་སུས་ཤེས་དམངས་ཀྱིས་ཤེས། དམངས་གཙོ་སུར་མཁོ་དམངས་ལ་མཁོ།
    དམངས་གཙོ་དམངས་ཀྱི་རང་དབང་ཡིན། རང་དབང་མེད་ན་སྡུག་བསྔལ་ཡིན།
    སྡུག་བསྔལ་འདོད་མཁན་སུ་ཡང་མེད། དེ་ནས་ད་རུང་འདྲི་རྒྱུ་ཞིག
    རང་དབང་འཕྲོག་ནོ་སུ་ཡིན་ཤོད། རང་དབང་མེད་ནོ་སུ་ཡིན་ཤོད།
    རང་སྲོག་མཆོད་ནོ་སུ་ཡིན་ཤོད། དེ་ནས་རང་ཉིད་སུ་ཡིན་སོམས།

  3. མགོན་པོ་ཕྱག་གཉིས་པ། says:
    2012-11-02 at 11:25 am

    དམངས་གཙོ་ནི་མི་སྒེར་བ་ཞིག་གི་ཐོབ་ཐང་དང་རང་དབང་འདྲ་མཉམ་བཅས་ལ་ཟེར། ཁྱེད་རང་མི་སྒེར་བ་ཞིག་གི་ཐོབ་ཐང་ལ་གཞུང་ངམ་སྤྱི་པ་ཡང་ན་ཚོགས་པ། ཆོས་སྡེ་སོགས་གང་རུང་ཞིག་ནས་བསུན་པོ་བཟོ་མཁན་མེད་ན་དམངས་གཙོ་ཡང་དག་པ་ཡིན།
    མི་སྒེར་བ་གཅིག་གི་ཐོབ་ཐང་ལ་འགན་ལེན་ཡོད་པ་ཡིན་ན་མི་སྒེར་བ་རྐྱང་གིས་གྲུབ་ཡོང་བའི་སྤྱི་འབངས་ཡོངས་ཀྱི་ཐོབ་ཐང་ལ་འགན་ལེན་ཡོད་པ་ལྟ་བུ་རེད།
    དམངས་གཙོ་ནི་ཅི་ཞིག་ཡིན་པ་ཤེས་འདོད་ན་དེ་ནི་རང་གིས་རང་ལ་དྲི་དགོས་པ་ཞིག་རེད། ཁྲིམས་ཐོག་ཏུ་ཡོད་པའི་རང་གི་ཐོབ་དབང་དང་འགན་ཁུར་ལ་འབྲེལ་བ་ཡོད་པ་ཞིག་ལས་བཙལ་ས་གཞན་ཞིག་ནམ་ཡང་མེད་པའོ།

  4. མེ་ཏོག་དཀར་པོ། says:
    2012-11-02 at 1:06 pm

    ཨ་མདོའི་སྐད་ལའང་ལོང་བ་ལ་ཞ་ར་ཟེར་གི་ཡོད་ས། བྱས་ན་ཨ་མདོའི་སྐད་དེ་བོད་སྐད་འདྲ་པོ་ཡོད་ས་རེད།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-11-02 at 1:59 pm

    ཞ་ར་ནི། མིག་ཡ་གཅིག་ལོང་བ་དང་། ལོང་བ་ནི་མིག་གཉིས་ཀ་ལོང་བ་དང་། དམུས་ལོང་ནི། སྐྱེས་དུས་ནས་མི་མཐོང་བ་ལ་གོ་དགོས་འདུག་སྙམ་ལགས།

  6. རྔ་བ་གཉན་རྒོད་ says:
    2012-11-02 at 5:27 pm

    འོ་རེད་མེ་ཏོག་དཀར་པོ་་་ཁྱེད་ནས་མ་ཤེས་པ་རེད་ཨ་མདོའི་སྐད་བོད་འདྲ་བོ་དེས་ཟིག་ཡོད་རེད་་མ་གཞི་ཨ་མདོ་བོད་པ་མིན་དུས་ཁྱེད་རང་གི་སྐད་ཆ་དེ་ནོར་རེད་་

  7. ཡར་ཁམས་ཁྲི་རྒྱལ། says:
    2012-11-02 at 7:34 pm

    ཅོག་རོང་གི་མྱི་ལགས། ༧རྒྱལ་བ་རིན་པོ་ཆེས་དམངས་གཙོའི་ངེས་ཚིག་རྟེན་འབྱུང་ཡིན་གསུངས་ཨ་ཡོད་ན་ཞིབ་མོར་སོམས་དང་། དམར་པོའི་རིང་ལུགས་དང་རྒྱལ་པོའི་རིང་ལུགས་སོགས་ཀྱང་རྟེན་འབྱུང་མ་ཡིན་ནམ།། །།

  8. ཅོག་རོང་གི་མྱི says:
    2012-11-02 at 10:10 pm

    ཆབ་བྲག་ལགས་སུ།
    གཉེན་གྱི་སྟེང་དུ་དགྲ་སྟེ་མཐོན་པོར་འཕྱར་མཁན་ཞིག
    དགྲ་ཡི་མདུན་བལ་ལྟར་འཇམ་ཞིང་འཛུམ།
    ཀ་དག་དམངས་གཙོ་མང་ཙམ་གཙོ་བ་མིན།
    དེ་ལུགས་བྱིས་པ་དག་གིས་མཐོང་ཆོས་མིན།
    ཡར་ཁྲིམས་ཁྲི་རྒྱལ་ལགས་སུ།
    ཆོས་ཀུན་རྟེན་འབྱུང་ཡིན་པས་ན།
    དམངས་གཙོ་དེ་ཡི་ཁོངས་སུ་ཁྱབ།
    མགོན་པོ་ཕྱག་༢་ལགས་སུ།
    དཔེ་དེབ་ཐོག་གི་ཤེས་བྱ་ཙམ།
    བདག་གི་སྔུན་ལ་འཇོག་སྲོལ་མེད།
    ལག་ལེན་གསེར་གྱི་སྙིང་བོ་དེ།
    ང་ལ་ག་ལེར་ཤོད་རོགས་མཛོད།
    མུ་ནས།

  9. ཅོག་རོང་གི་མྱི says:
    2012-11-02 at 10:14 pm

    དགྲ་སྟ་རུ་བཅོས་རོགས།

  10. ཅོག་རོང་གི་མྱི says:
    2012-11-02 at 10:21 pm

    རྩོམ་གྱི་འདུན་པ་དང་སྟོབས་དང་རྟོགས་པ་སོགས་ལ་གཞིགས་དུས་ཀ་རྡོ་ཉེར་ཕྱག་འདི་བ་ཚང་ཨ་རིར་སླེབས་ནས་རྒྱ་མིའི་ཟ་ཁང་ནས་ཐ་ལད་བཀྲིས་མ་མྱོང་བ་འདྲ།

  11. མེ་ཏོག་དཀར་པོ། says:
    2012-11-02 at 11:08 pm

    “ཐ་ལད་བཀྲིས” འདི་ཡང་ཨ་མདོའི་སྐད་ཡིན་པར་ཤོག བོད་སྐད་མིན་པར་ཤོག

  12. ཁྲོ་ཐུང་ says:
    2012-11-03 at 11:09 am

    ཐ་ལད་བཀྲིས་་་་་་་ཟེར་བ་དེ་བོད་པ་ཡིན་ལབ་མཁན་་་་བོད་སྐད་མི་ཤེས་པ། ངོ་ཚ་མེད་མཁན་ཚོའི་གསུངས་རེད་དོ།།

  13. མེ་ཏོག་དཀར་པོ། says:
    2012-11-03 at 11:17 am

    ཨ་ཁུ་ཁྲོ་ཐུང་ངར་བ་རེད་་་་་་

  14. ཆབ་བྲག་ཕོ་ཉ says:
    2012-11-03 at 1:18 pm

    བསམ་ཚུལ་གླེང་ན་མི་དགའ་བར། ཚིག་གི་དགྲ་སྟ་འཕྱར་འདི་མཚར། དེས་ན་བདེན་ཁ་ཁྱོད་ལ་སྟེར། རང་དབང་སྨྲ་སྒོ་རང་གིས་གཅོད། དམངས་གཙོའི་ཡུལ་ནས་ཁ་རོག་འདུག

  15. མགོན་པོ་ཕྱག་གཉིས་པ། says:
    2012-11-03 at 1:39 pm

    ང་ཡོད་ས་འདིར་མཚོན་ན་གོང་སྨྲོས་དེ་དག་ཡིག་ཐོག་ཙམ་མིན་པར་ལག་ལེན་རེད། ཁྱེད་ཀྱི་ཐོབ་ཐང་ལ་དོ་ཕོག་ནམ་བྱུང་ལ་ཁྲིམས་གཏུག་བྱེད་ཆོག་ཆོག་རེད། ང་ངེད་ཚོའི་སྲིད་འཛིན་དང་མ་འགྲིགས་པ་ཞིག་བྱུང་ཡང་བདེན་པས་འདང་ན་ཞེད་དགོས་ས་ཞིག་ཡོད་པ་མ་རེད། དེ་ནི་ཡིག་ཐོག་ན་གཞི་འཛིན་ས་ཡོད་ཅིང་ལག་ལེན་དུ་འདེབས་བཞིན་པ་རེད།

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-11-03 at 11:23 pm

    ཞ་ར། ཞེས་པ་ངའི་ལུང་པར་ཡང་ཟེར། སྒྲ་འདི་ཞར་བ་ལས་བྱུང་། ཇར་མན་་པ། བོད་ཨིན་ཚིག་མཛོད་མཆོག་གྱུར་ན། ཞར་བ། རྐྱང་རྐྱང་འཁོད།
    ཞར་བ་ལས་ཞ་ར་འབྱུང་སྟངས་ཤེས་ན། མིང་ཚིག་མང་པོ་དེ་ལྟར་འགྱུར་བ་ཤེས་པ་ལ་བློ་གསྐྱེད་འབྱུང་ངེས། དེ་ཡང་། ཞར་བ། ཞེས་པའི་ནང་ན། གསལ་བྱེད་བ་ཡིག་མེད་པར་སོང་། སྲོག་ལ་ཨ་ཡིག་ཡོད་པ་དེ་ལུས། ཨ་ཡིག་དེ་རྗེས་འཇུག་ར་ཡིག་གི་སྲོག་ལ་ཞུགས་ཏེ། མིང་གཞི་ཞ་དང་རྗེས་འཇུག་ར་གཉིས་སོ་སོར་གཏང་བ། དཔེར་ན། རྒྱལ་ཁབ་གཉིས་འཛིངས་པ་ན། གཅིག་གིས་གཅིག་ཤོས་ཀྱི་མཐའ་མཚམས་ཀྱི་ལུང་པ་ཞིག་བླངས་པ་ན། ལུང་པ་དེ་ལ་དབངས་བསྒྱུར་ཏེ། ལུང་པ་དེ་རྒྱལ་ཁབ་གཅིག་དེ་ལས་སོ་སོར་གཏོང་ཚུལ་དང་མཚུངས་པ་ཞིག་ཏུ་མཐོང་ངོ་།།

  17. མེ་ཏོག་དཀར་པོ། says:
    2012-11-03 at 11:28 pm

    ལེགས་པར་མོལ་བར་དགའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme