Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམག་ལྭ་མ་གྱོན་ན་ས་ཡོམ་རོཊ་སྐྱོབ་བྱེད་མི་ཆོག

Posted on 2017-08-112017-08-11 By ཁ་བརྡ་ 10 Comments on དམག་ལྭ་མ་གྱོན་ན་ས་ཡོམ་རོཊ་སྐྱོབ་བྱེད་མི་ཆོག

ཡོང་ཁུངས། བོད་ཀྱི་དུས་བབ།

 
ཁ་སང་ནས་བཟུང་རྒྱ་ནག་གཞུང་གིས་གཟི་ཚ་སྡེ་དགུའི་ས་ཡོམ་སྐོར་གྱི་གནས་ཚུལ་ཚང་མ་གཞུང་འབྲེལ་གསར་ལམ་ལ་གཞི་བཅོལ་དགོས་པའི་བཀའ་རྒྱ་བསྒྲགས་འདུག

རྒྱ་ནག་གཞུང་ཕྱོགས་ནས་ཟླ་འདིའི་ཕྱི་ཚེས་ ༨ ཉིན་བྱུང་བའི་གཟི་ཚ་སྡེ་དགུའི་ས་ཡོམ་གོད་ཆག་ལ་སྲིད་འཛིན་ཞི་ཅིན་ཕིན་སོགས་ཀྱི་བཀའ་མངགས་ལྟར། གནོད་ཐེབས་ས་ཁུལ་དུ་ཛ་དྲག་མྱུར་སྐྱོབ་ཚོགས་པ་ཨང་དང་པོ་ཞེས་པ་དེ་བཏང་ནས་མྱུར་སྐྱོབ་གཙིག་འཛིན་ཆེན་པོ་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད་ཀྱང་། དེ་རིང་འདི་གའི་གསར་འགོད་པས་སྤྱི་ཚོགས་དྲ་ལམ་བརྒྱུད་ཡུལ་དངོས་སུ་ཡོད་པའི་རོགས་སྐྱོབ་མི་སྣ་ཞིག་ལ་སྐད་ཆ་འདྲི་སྐབས་ཁོང་གིས། ཆུ་གློག་ཉེན་སྐྱོབ་མི་སྣ་སྡེ་ཚན་སྡེ་ཚན་བྱས་ཏེ་མང་པོ་ཞིག་བཏང་འདུག་ཀྱང་། རྫོང་གཞན་ནས་ཡོང་བ་དང་ཡུལ་མི་གནོད་ཐེབས་རོགས་སྐྱོབ་པ་ཚོར་དམག་ལྭ་གྱོན་དུ་འཇུག་བཞིན་ཡོད་པ་དང་། དམག་ཆས་མ་གྱོན་ན་གནོད་ཐེབས་ས་ཁུལ་དུ་ཡོང་བཅུག་གི་མི་འདུག ཅེས་བརྗོད་བྱུང་།

ཁ་སང་རྒྱ་ནག་གཞུང་ཕྱོགས་ནས་ས་ཡོམ་སྐོར་ལ་གསར་འགོད་གསལ་བསྒྲགས་ཐེངས་གཉིས་པ་སྤེལ་ཏེ། ས་ཡོམ་ཁྲོད་མི་ ༢༠ རྐྱེན་འདས་དང་མི་ ༤༩༣ ལྷག་ལ་རྨས་སྐྱོན་ཕོག་ཡོད་སྐོར་བསྒྲགས་ཡོད་ནའང་། ཕྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ས་ཡོམ་གྱི་གོད་ཆག་ཁྲོད་ཉུང་མཐའ་ཡང་མི་༡༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག་པས། འདི་གའི་གསར་འགོད་པས་དེའི་སྐོར་སྐད་ཆ་དྲིས་པར་ཁོང་གིས། ད་ལྟའི་ཆར་ས་ཡོམ་ཤུགས་ཆེར་བྱུང་སའི་རི་སྒང་དུ་ཡོད་པའི་ཁྱིམ་ཚང་ཡོངས་རྫོགས་རི་འདབས་སུ་གནས་སྤར་ཏེ་གུར་ཕུབ་ནས་བསྡད་ཡོད་པ་དང་། ཁང་པ་དང་རྒྱུ་དངོས་ལ་གནོན་སྐྱོན་ཚབས་ཆེན་ཐེབས་ཡོད་པར་བལྟས་ན། ཤི་རྨས་ཀྱི་གྲངས་འབོར་དེ་ཙམ་ཞིག་གིས་མི་ཚད་པར་མཐོང་ཡང། ཡུལ་དངོས་སུ་འགྲོ་མི་བཅུག་པས་གསལ་བོ་ཞིག་གཏན་ནས་ཤེས་ཀྱི་མི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས་བརྗོད་ན། ད་ལྟའི་ཆར་ས་ཕྱོགས་གང་ས་ནས་རོགས་སྐྱོབ་ཚོགས་པ་མང་པོ་ཞིག་སླེབས་འདུག་ན་ཡང་། རྒྱ་ནག་གཞུང་གིས་རོགས་སྐྱོར་ཚོགས་པ་མང་པོ་ཞིག་ཡུལ་དངོས་སུ་འགྲོ་བཅུག་གི་མེད་སྟབས། ཐག་རིང་ནས་གཞུང་གི་རོགས་སྐྱོབ་ཆོག་མཆན་ཐོབ་པའི་རོགས་སྐྱོབ་པ་ཚོར་ཆུ་དང་ཟ་མ་སོགས་བསྐྱལ་ནས་བསྡད་ཡོད་འདུག

གཞན་ཡང་། ཐེངས་འདིའི་ས་ཡོམ་གྱི་རྐྱེན་གྱིས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཀླུ་གཉན་གསེར་མཚོ་དང་ནོར་གླིང་རྦབ་ཆུ་སོགས་ལ་གནོན་སྐྱོན་ཆེན་པོ་ཐེབས་ཡོད་འདུག་ལ། ཁ་སང་དགོང་མོར་རྒྱ་ནག་གཞུང་འབྲེལ་དབུས་བརྙན་འཕྲིན་ཁང་གི་གོ་ལའི་བརྙན་འཕྲིན་དྲ་བས་མཛེས་ལྗོངས་དེའི་ཀླུ་གཉན་གསེར་མཚོ་དང་ནོར་གླིང་རྦབ་ཆུ་གཉིས་མི་རིང་བར་སྐམ་འགྲོ་རྒྱུ་ཡིན་སྐོར་བསྒྲགས་སོང་།

ཕྱི་ལོ་ ༡༩༨༦ ལོར་རྒྱ་ནག་གི་གློག་བརྙན་གྲགས་ཅན་ཐིང་སིན་བླ་མའི་རྣམ་ཐར་(ནུབ་ཕྱོགས་སུ་སྐྱོད་པ)ཞེས་པའི་མུ་འབྲེལ་གློག་བརྙན་དེ་ཕབ་བསྐྲུན་བྱེད་སྐབས། ཐིང་སིན་བླ་མ་འཁོར་གཡོག་དང་བཅས་པ་རྦབ་ཆུ་དེའི་སྒང་ནས་ཕེབས་ཡོད་པས་འཛམ་གླིང་ནང་སྐད་གྲགས་ཆེན་པོ་ཆགས་ཡོད་པ་རེད།

སྤྱིར་བཏང་གཟི་ཚ་སྡེ་དགུར་མུ་ཏིག་རྦབ་ཆུ་དང་། ཤུག་གཅོད་རྦབ་ཆུ། བྱི་ལ་རྦབ་ཆུ། ནོར་གླིང་རྦབ་ཆུ་སོགས་རྦབ་ཆུ་ཆེ་ཆུང་མི་འདྲ་བ་ ༡༧ ཡོད་ཅིང་། མི་རིང་བར་སྐམ་ཉེན་དུ་གྱུར་བའི་ནོར་གླིང་རྦབ་ཆུའི་ཞེང་ལ་སྨི་ ༢༧༠ དང་། མཐོ་ཚད་ལ་སྨི་༢༤.༥ ཡོད་ཅིང་། རྒྱ་ནག་གི་ཞེང་ཆེ་ཤོས་ཀྱི་རྦབ་ཆུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

གསར་འགྱུར།

Post navigation

Previous Post: མདུད་ལོག་གཅིག
Next Post: རིག་གནས་སྲུང་སྐྱོབ་བམ།

Comments (10) on “དམག་ལྭ་མ་གྱོན་ན་ས་ཡོམ་རོཊ་སྐྱོབ་བྱེད་མི་ཆོག”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-08-11 at 10:48 am

    ས་ཡོམ་ཕོག་ས་དེ་བོད་མི་གནས་ས་རེད་དམ་རྒྱ་མི་སྡོད་ས་རེད་གསལ་པོ་བཤོད་རྒྱུ་ཨ་ཡོད་ཁ་དྲོ་ཚེ་རིང་།

  2. བན་དེ་བ། says:
    2017-08-11 at 11:06 am

    ས་ཡོམ་ཕོག་ཡུལ་གྱི་ཡུལ་མི་ཚང་མ་བོད་རིགས་ཡིན་པར་མ་ཟད་བོན་པོ་ཁམ་གཙང་རེད། འོན་ཀྱང་ཡུལ་དངོས་ཀྱི་སྐད་ཆ་གོ་བར་ཡུལ་མི་གཉིས་ལ་སྲོག་སྐྱོན་བྱུང་བ་ལས་དེ་མིན་གཞན་བཅུ་བདུན་ཚང་མ་རྒྱ་རིགས་རེད་ཟེར། ཡུལ་དེར་རྒྱལ་ནང་དང་ཕྱི་རྒྱལ་བཅས་ཀྱི་ཡུལ་སྐོར་སྤྲོ་ཁྱམས་ལ་ཡོང་མཁན་ཉིན་རེར་ཁྲི་ཁ་ཤས་ཡོང་གི་ཡོད་པ་དང་ཡུལ་མི་རྣམས་ཀྱང་དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་མེད་རབས་བཤད་པར་གོ། དེར་ཕྱོགས་སུ་བོན་དགོན་དགུ་ཙམ་ཡོད་འདུག དགོན་པ་དག་ཀྱང་ཕྱུག་པོ་རེད་ཟེར།

  3. BONPO says:
    2017-08-11 at 11:55 am

    གཟི་རྩ་སྡེ་དགུ་དང་གཟི་ཚ་སྡེ་དགུ་ཞེས་འབྲི་སྟངས་མི་འདྲ་བ་གཉིས་ཙམ་འདུག་མོད་། ཧ་ལས་པའི་རང་འབྱུང་ཁམས་ཀྱི་མཛེས་སྡུག་མངོན་པར་བཀྲ་བའི་ཡུལ་ལུང་ཞིག་ཡིན་པ་རེད། སྔོན་དུས་སུ་བོན་གྱི་བླ་མ་རྣལ་འབྱོར་བ་མངས་པོས་ཚེ་གཅིག་ལ་སྒྲུབ་པ་དང་ཉམས་ལེན་སྐྱོང་སའི་ཧ་ཅང་ཁུ་སིམ་ལ་ཉམས་དགའ་བའི་དབེན་གནས་ངོ་མཚར་གྱིས་ཕྱུག་པ་ཞིག་ནི་ཏན་ཏན་ཡིན་པར་སྣང་། འདིར་ཡུལ་སྡེ་ཆེ་ཆུང་དགུ་ཡོད་པས་ད་བར་ཆོས་ལུགས་གཞན་གྱིས་འཕྲོག་བཅོམ་མ་ཐེབས་ནས་ཆ་ཚང་བོད་རང་གི་འདོད་མའི་བོན་ཉམས་ལེན་གནང་མཁན་ཤ་སྟག་ཡིན་པ་རེད། ཡུལ་མི་ཆ་ཚང་བོད་རིགས་རེད། ཡུལ་ལུང་རྩོད་མེད་ཀྱི་བོད་ས་དངོས་གནས་རེད། ཁྱེད་ཚང་གི་འབྲི་ཆུ་ཡར་ལྟག་མར་ལྟག་ཟེར་མཁན་འདྲ་པོ་ཡིན་ས་མ་རེད་དོ། ད་ལམ་ཡུལ་ལུང་འདིར་མི་རྒྱུ་གཉིས་ལ་ས་འགུལ་གྱིས་གོད་ཆག་ཚབས་ཆེན་ཕོགས་པར་སྙིང་ཁོངས་རུས་པའི་གཏིང་ནས་གདུང་སེམས་མཉམ་སྐྱེད་དང་མྱུར་བར་ཉིད་དུ་ཡ་ང་བའི་སྡུག་བསྔལ་གྱི་ངལ་རྩུབ་ལས་ཐར་བའི་སྨོན་འདུན་ཞུ་བ་ཡིན། །
    https://www.youtube.com/watch?v=0RvtvYf6SI8

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-08-11 at 12:11 pm

    ཨ་ཁ་བོད་རིགས་ས་ཁུལ་ལ་འབྱུང་བའི་གནོད་འཚེ་ཕོག་པ་ལ་གདུང་སེམས་མཉམ་སྐྱེད་ཡོད་ལ་ཚེ་འདས་ཆེད་མ་ཎི་གྲངས་བསོག་དང་རྨས་སྐྱོན་ཕོག་པ་ཚོར་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད་།
    ཨོམ་མ་ཎི་པདྨེ་ཧུང་ཧྲི་་་་་་་་་་་་་་་་་་་་་་་་་་་་་་

  5. BONPO says:
    2017-08-11 at 1:29 pm

    འདི་ལྟའི་ངེས་པ་མེད་པའི་འབྱུང་བའི་འཇིགས་པས་འགྲོ་བ་མི་དང་བཅས་པ་ལ་ཤི་རྨས་ཀྱི་གོད་ཆག་ཚབས་ཆེན་འདི་འདྲ་ཕོག་དུས། ཡུལ་དེར་གནས་པའི་བོད་རིགས་དང་རྒྱ་རིགས་ལ་ཁྱད་པར་མེད། མི་ཡི་ཚོར་བ་སྐྱེན་པོ་ཡོད་པ་འདྲ་མཉམ་རེད། སྡུག་བསྡལ་གྱིས་གཟིར་བའི་ཉམ་ཐག་ཆོར་ཉེ་རིང་མེད་པའི་སྙིང་རྗེ་བསྐྱེད་དགོས། ཚང་མ་སྡུག་བསྡལ་མི་འདོད་པ་གཅིག་མཚུངས་ཡིན་པས། སེམས་ཚོར་དང་ལྟ་རྟོག་འདྲ་མཉམ་དགོས་པའི་རེ་བསྐུལ་ཞུ་བ་ཡིན་ནོ། །

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-08-11 at 9:52 pm

    བོད་རིགས་དང་རྒྱ་རིགས་ལ་དབྱེ་བ་མེད་ན་ང་ཚོའི་འདས་པའི་མི་ལོ་ལྔ་བཅུ་ལྷག་ཙམ་རིང་བོད་ཀྱི་བདག་པོ་བོད་མི་ཡིན་རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་ཟེར་བའི་སྐད་འབོད་ལས་འགུལ་དེ་ནོར་བ་ཡིན་ནམ་?

  7. ཨ་འབར་འཇིགས་དབང་། says:
    2017-08-11 at 10:29 pm

    ༄༅། བོད་དུ་ས་ཡོམ་ཕོགས་ནས་རང་རེ་ཚེ་འདས་རྣམས་གདུང་སེམས་མཉམ་སྐྱེད་ཞུ་གི་ཡོད།
    འཇིག་རྟེན་འདི་མ་རྗོགས་ཀྱི་བར་དུ་སྐྱིད་དང་སྡུག་གི་གནས་སྟངས་རྗོགས་མཐའ་ཅི་ཡོད།
    ཨ་རྩི་ཡུལ་ལྷ་གཞི་བདག་ལྷ་སྲུང་རྣམས་ནས་སྐྱོབ་ཐབས་གཏན་ནས་མེད་པ་ཡིན་ནམ།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-08-12 at 4:49 am

    ལུས་ཅན་རྣམས་ཀྱི་ལས་རྣམས་ནི་།
    སྐལ་བ་རྒྱར་ཡང་ཆུད་མི་ཟ་།
    ཚོགས་ཤིང་དུས་ལ་བབས་བསྒྱུར་ན་།
    འབྲས་བུ་སྨིན་པ་ཉིད་དུ་བསྒྱུར་།

  9. ཨ་འབར་འཇིགས་དབང། says:
    2017-10-07 at 5:18 pm

    ༄༅། ཁྱེད་ཚོ་ལ་མོའི་ཕར་རྒྱབ།
    ང་ཚོ་ལ་མོའི་ཚུར་རྒྱབ།
    ལྟ་རེའི་མཐོང་རེའི་མེད་ཀྱང།
    མཇལ་བའི་དུས་ཤིག་ཤར་ཡོང།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-08 at 5:20 am

    འབྱུང་བའི་གནོད་འཚེ་མི་གི་བྱེད་ལས་འོག་།
    འབྱུང་བཞི་འཁྲུགས་པ་ས་བཅུད་ཉམས་པའི་རྟགས་།
    འབྱུང་བ་བཞི་ཡིའི་ལྷ་མོའི་གསོལ་མཆོད་དང་།
    འབྱུང་བ་བཞི་ཡིའི་ས་བདག་ལྷ་ཀླུ་ཙན་།
    ཕོག་ཐུག་འཁྲོས་པ་བཟོད་གསོལ་གྱིས་ན་བཟང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme