Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམག་འཐབ་ཀྱི་སྐབས་སུའང་ཆིག་བསྒྲིལ་མེད་པའི་བོད།

Posted on 2008-08-19 By དབང་ཕྱུག་ 3 Comments on དམག་འཐབ་ཀྱི་སྐབས་སུའང་ཆིག་བསྒྲིལ་མེད་པའི་བོད།

ཨ་འབྲུག་དཀོན་མཆོག

ང་གློ་བུར་གྱི་ཆད་ཞོད་ཆེན་པོ་དེ་ལ་ཡོལ་ཆེད་ཟ་ཁང་ཞིག་དུ་འཛུལ་དུས་ངའི་ངོ་ཤེས་རྙིང་བ་ཞིག་བསྡད་འདུག་ཅིང༌། ཁོང་ནི་བོད་མི་ལྷག་བསམ་ཅན་གྱི་དཔེ་བཟང་གི་མི་སྣ་ཞིག་ཡིན་ལ། ཁོ་རང་དེང་སྐབས་བོད་མི་མང་སྤྱི་འཐུས་ལས་ཐོགས་པ་ཞིག་ཡིན། དུས་ཡུན་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་ངེད་གཉིས་ཁ་བརྡ་བྱས་པའི་བརྒྱུད་རིམ་ནང་ཁོང་གིས་ཉེ་ཆར་བོད་དོན་རྒྱབ་སྐྱོར་གྱི་ཚོགས་འདུ་ཞིག་གི་སར་བཅར་བའི་སྐོར་བཤད་བྱུང༌། དེ་ལས་ཀྱང་ཁོང་གིས་བཤད་པ་ལྟར་ན་ཚོགས་ཐོག་དེར་གནད་འགག་གི་སྐད་ཆ་གཉིས་བཤད་འདུག དེ་ཡང་བོད་ཀྱི་སྤྱི་འཐུས་ཤིག་གིས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་དག་ལ་འཆར་གཞི་མེད་པ་དང༌། ཁོང་ཚོའི་བོད་རང་བཙན་རྒྱ་ནག་ལ་ཕར་སྤྲད་པ་ལས་བོད་ལ་ཚུར་གང་ཡང་རེག་མེད་ཚུལ་བཤད་འདུག་པ་དང༌། འཇར་མན་པ་བོད་དོན་རྒྱབ་སྐྱོར་བ་ཞིག་གིས་ངས་བལྟས་ན་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མའི་དབུ་ཁྲིད་དེ་བོད་མི་ཚོ་ལ་མཚོན་ན་ནུས་མེད་ཅིག་རེད། དེང་སང་སྤྱི་མཐུན་གྱི་སྐད་ཆ་ཞིག་ཏུ་སྤྱིར་བཏང་མང་གཙོ་གལ་ཆེ་རུང་དམག་འཐབ་ཀྱི་དུས་སུ་སྟོབས་ཤུགས་ཆིག་བསྒྲིལ་ཡིན་དགོས་ཞེས་བཤད་སྲོལ་ཡོད་ཀྱང༌། ཁྱེད་རང་ཚོ་དམག་འཐབ་ཀྱི་སྐབས་སུ་ཡང་ཆིག་བསྒྲིལ་རེད་མི་འདུག་ཅེས་བཤད་ཡོད་འདུག དེ་ནི་མཐོང་སྣང་མི་འདྲ་བ་གཉིས་ཀྱི་སྣེ་མོ་ནས་ཕྱོགས་བསྡོམས་བྱས་པའི་ང་ཚོའི་གནས་སྟངས་ཤིག་རེད། ཡིན་ནའང་དོན་དངོས་ཀྱི་ཐོག་ནས་བཤད་ན་ད་ལྟའི་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་ལ་དེང་ཐོག་ནས་རང་བཙན་ཅན་གྱི་བོད་བདག་སྐྱོང་བྱེད་རྒྱུ་རེག་མེད་པས་ཁོང་དང་ཁོང་གི་གཞུང་ལ་བོད་རང་བཙན་སྤྲད་པ་དང་ཤོར་བ་གཉིས་ཀྱི་མིང་བརྡ་འདི་འཇུག་ཐབས་མེད། ང་ཚོ་ལ་ཐབས་ཤེས་དང་སྟོབས་ཤུགས་གང་ཡང་མེད་བཞིན་དུ་སེམས་ཤུགས་གཅིག་བུའི་སྐད་ཆ་བཤད་མཁན་དང་ཚོར་སྣང་གི་ཤུགས་ཀྱིས་རྣམ་དཔྱོད་ཉམས་ཞན་དུ་སོང་བའི་མི་སྣ་མང་པོ་ཞིག་གིས་༸གོང་ས་མཆོག་གི་དགོངས་པ་བཞེས་ཕྱོགས་དེ་ཡང་བོད་མིའི་ཁེ་ཕན་དང་མི་མཐུན་པ་ཞིག་ཡིན་ཚུལ་བཤད་ཀྱི་ཡོད་པ་རེད། འོན་ཀྱང་འཇར་མན་པ་དེས་བཤད་པའི་སྐད་ཆ་ནི་དངོས་བདེན་ཞིག་ཏེ། ང་ཚོ་དམག་འཐབ་ཀྱི་སྐབས་སུའང་སྟོབས་ཤུགས་གཅིག་གྱུར་མེད་པ་དང༌། གནད་འགག་གི་དུས་སུ་ཡང་འཐབ་ཕྱོགས་གཅིག་གྱུར་བྱེད་ཐུབ་ཀྱི་མེད་པས་ང་ཚོ་ནི་སྤྱི་དོན་དང་རང་ལུགས་གཉིས་ལས་རང་ལུགས་གཙོ་བོར་འཛིན་མཁན་ཞིག་དང༌། ཚོར་སྣང་དང་རྣམ་དཔྱོད་གཉིས་ལས་ཚོར་སྣང་གཙོ་བོར་འཛིན་མཁན་ཞིག གྲུབ་འབྲས་དང་ལས་དོན་གཉིས་ལས་ལས་དོན་གཙོ་བོར་འཛིན་མཁན་ཞིག དམིགས་ཡུལ་དང་ཐབས་ལམ་གཉིས་ལས་ཐབས་ལམ་གཙོ་བོར་འཛིན་མཁན་ཞིག་ཏུ་གྱུར་བས་སྤྱི་དོན་དང་རྣམ་དཔྱོད་གྲུབ་འབྲས་དང་དམིགས་དོན་བཅས་ལ་གཙོ་བོར་དམིགས་པའི་༸གོང་ས་མཆོག་གི་དགོངས་པ་དང་དེའི་དྲངས་པའི་ལམ་སྟོན་གྱི་འོག་ཏུ་འགྲོ་ཐུབ་ཀྱི་མེད། ང་ཚོའི་སྤྱི་ཚོགས་ལ་བརྡར་ཤ་གཅོད་རྒྱུའི་གནད་དོན་མང་པོ་ཞིག་འདུག་ཏེ། སྤྱི་དོན་དང་རང་ལུགས་གཉིས་ལས་གང་ཞིག་གཙོ་བོར་འཛིན་དགོས་པ་དང༌། ཚོར་སྣང་དང་རྣམ་དཔྱོད་གཉིས་ལས་གང་ཞིག་གཙོ་བོར་འཛིན་དགོས་པ། གྲུབ་འབྲས་དང་ལས་དོན་གཉིས་ལས་གང་ཞིག་གཙོ་བོར་འཛིན་པ།དམིགས་ཡུལ་དང་ཐབས་ལམ་གཉིས་ལས་གང་ཞིག་གཙོ་བོར་འཛིན་དགོས་པ་བཅས་ཀྱི་ཐད་ལ་གསལ་ཁ་དོད་པོ་དང༌།སེམས་ཐག་ཆོད་པོའི་གླེང་སློང་བྱེད་འོས་ལ། འདི་ལྟར་བྱས་ན་མ་མཐའ་བོད་ཀྱི་གནད་དོན་ཞེས་པ་དེ་གནད་དོན་གཅིག་གི་སྟེང་དུ་གཏན་འཁེལ་ཐུབ་ཅིང༌། དེ་འཐབ་རྩོད་བྱེད་པའི་དབུ་ཁྲིད་དང་ཐབས་ལམ་ཡང་གཅིག་གྱུར་གྱི་ལམ་བུ་ཞིག་ཏུ་ཕྱོགས་ཏེ་དམག་འཐབ་ཀྱི་དུས་སྐབས་སུ་མཉམ་འབྲེལ་བྱེད་ཐུབ་ངེས་རེད།ངས་འདི་ལྟར་བཤད་པ་ནི་ང་ཚོའི་སྤྱི་ཚོགས་སུ་ལྟ་བ་སྣ་གཅིག་གིས་ཆིག་ཆོད་བྱེད་འོས་པར་བཤད་པ་མ་ཡིན་རུང༌།བསམ་ཚུལ་གྱིས་ལྟ་གྲུབ་ཀྱི་ཚབ་བྱེད་མི་རུང་བ་དང་།མཐུན་ཐབས་མེད་པའི་ཐ་ཐོར་གྱི་བསམ་ཚུལ་མང་པོའི་འགལ་རྩོད་ཞུགས་ཏེ་དོན་དམ་པའི་ལྟ་གྲུབ་ཅིག་ཆགས་པའི་འགོག་རྐྱེན་རང་ཉིད་ཀྱིས་བཟོ་བཞིན་ཡོད་མེད་ལ་དཔྱོད་འཇུག་ངེས་པར་བྱེད་དགོས་ལ།དཔྱད་དོན་ངེས་པར་དུ་བསྒྲགས་ཐུབ་དགོས།མ་གཞི་ང་ཚོའི་ཆེས་མཐའ་མཇུག་གི་ཚེ་སྲོག་གི་ཆེད་དུ་ང་ཚོས་ཐབས་ཤེས་དང་ཐག་གཅོད་གང་ཞིག་བྱེད་དགོས་ཀྱང་བྱེད་དགོས་པ་མ་རེད་དམ།

སྣ་ཚོགས།

Post navigation

Previous Post: ༸གོང་ས་མཆོག་ལ་སྐྱོན་འཛུགས་དང༌། བོད་མིའི་སྤྱི་ཚོགས་ཀྱི་དོན་དངོས།
Next Post: རྒྱ་རི་བློ་གྲོས་རྒྱལ་མཚན་དང་། ཁོང་གི་སྐྲག་སྣང་།

Comments (3) on “དམག་འཐབ་ཀྱི་སྐབས་སུའང་ཆིག་བསྒྲིལ་མེད་པའི་བོད།”

  1. ÇtôzÅ-q- says:
    2008-08-20 at 9:09 am

    དཀོན་མཆོག་ལགས། བོད་ལ་རེ་བ་ཞེ་པོ་ཞིག་ཡོད་རེད་ལབ་མཁན་ཡང་ཁྱོད་རང་རེད། དམག་འཐབ་ཀྱི་སྐབས་ལ་ཆིག་སྒྲིལ་མེད་པ་རེད་ཟེར་ནས་སྐྱོན་བརྗོད་བྱེད་མཁན་ཡང་ཁྱོད་ཉིད་རེད། མ་གཞི་མི་ཁྱོད་ལྟ་བུ་མཁས་དྲགས་པས་ཡིན་ནམ་བླུན་དྲགས་པས་ཡིན། སྐད་ཆ་གོ་རྒྱུ་མེད་པ་ཞིག་ཤོད་བཞིན་འདུག ཀུ་རེ་ཡིན། རྩོམ་ཡིག་མུ་མཐུད་དུ་འགོད་རོགས། དོ་སྣང་ཆེན་པོས་༸ཐྲྤཀློག་བཞིན་ཡོད།

  2. ཨ་འབྲུག་དཀོན་མཆོག says:
    2008-08-20 at 12:45 pm

    འདི་བདེན་པ་རེད། ངས་ངས་སྐད་ཆ་ལ་ཕྱོགས་བསྡོམས་བྱས་ཤིག་བྱས་པ་དང་གོ་རྒྱུ་མེད་པ་ཞིག་ཤོད་བཞིན་འདུག་ཅེས་བཤད་པས་ཁྱེད་རང་གི་སྐད་ཆ་ལ་ཡང་གོ་རྒྱུ་བདེ་མོ་ཞིག་ཡོད་པ་མ་རེད་དམ། ཧ་ཅང་གུ་རེ་ཡིན། སྐད་ཆ་བརྒད་ཞོར་ལ་བཤད་ན་་སྣང་བ་སྐྱིད་གི་རེད། ངས་ལྟ་རེ་བ་དང་སྐྱོ་སྣང་ཟུང་གི་ལྟ་སྟངས་ཞིག་འཛིན་དགོས་དོན་དེ་ང་མཁས་དྲགས་པས་ག་ཡིན་མོད། ང་བླུན་དྲགས་པས་ཡིན་པའང་ངོས་ལེན་བྱེད་མི་ཐུབ། མ་གཞི་སྐད་ཆ་འདི་དག་རེ་བ་ཆེ་བས་བཤད་ཡིན་ལ་སྐྱོན་ཆ་ཆེ་བས་བཤད་པའང་ཡིན།

  3. སེང་གེ་རྒྱལ་བོ། says:
    2008-08-21 at 10:33 am

    གྲོགས་པོ། ཁྱོད་སུ་ཡིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme