Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམ་པ་སངས་རྒྱས་ཀྱི་ཞལ་གདམས།

Posted on 2013-01-17 By ཁ་བརྡ་ 6 Comments on དམ་པ་སངས་རྒྱས་ཀྱི་ཞལ་གདམས།
 བྱང་ཆུབ་སེམས་དཔའ་ཀུན་དགའ་ལ་གསུངས་པ་ལས་ཚན་པ་གཅིག་བཞུགས་སོ།  

དམ་པ་སངས་རྒྱས་དེ་དུས་རེ་ཞིག་ན་བཤུམ་གིན་གདའ་སྐད། ཀུན་དགས་དམ་པ་ཅི་ལ་བཤུམ་པ་ཡིན་ཞུས་པས། ཐུབ་པའི་བསྟན་པ་ནུབ་ལ་ཁད་ལ་ངུ་། ནམ་ནུབ་ལགས་ཞུས་པས། ད་ལོ་མང་པོ་ཙམ་མེད་གསུང་། རྟགས་ཅི་ཡོད་ལགས་ཞུས་པས། ནམ་ཕུག་ན་མི་བཟང་བཟང་གྲངས་ཉུང་། མི་ངན་མགོ་ལངས། ཡོན་ཏན་ཅན་ལ་སྐྱོན་འཚོལ། ངན་བྱེད་ཀྱི་ཁ་འཛིན་ཆེ། ངོ་ཕོ་ཆེ་ཆེས་ཟས་རྙེད། བྱེད་པ་ངན་ངན་རྒོད་ལ་འཆོར། བསམ་པ་བཟང་བཟང་དམའ་འབབ། ཕྱི་ཚིས་ཆེ་ཆེ་པ་གྱོང་བསྐུར། ཆེ་ཁ་ཆུང་གིས་བསྒྱུར། ཕོ་བས་མོ་ཁ་དྲག བཟང་པོ་བས་ངན་པ་དབང་ཆེ། དགོས་པ་ནི་ཕྱི་ལ་ལུས། སྙིང་གཏད་ཀྱིས་སྙིང་འབྱིན། མགོ་གཏད་ཀྱིས་མིག་འབྲུ། བཟང་ལན་དུ་ངན་བྱེད། ཉེ་ཉེས་དགྲ་བྱེད། མཛའ་མཛས་མགོ་གཡོས། ཟས་བཅས་འབུ་དང་དུག་ཏུ་བཅས། མི་བཅས་གཡོག་དང་བཅས། མ་བསླབ་པར་མཁས་པར་རློམས། མ་རན་པར་ཆེ་ས་འཛིན། ཞོ་ལམ་དར་རས་འགོགས། རྒན་རྒོན་གྱི་གོང་དུ་སྡོད། མ་བསགས་པར་ཕྱུག་འདོད། མ་བྱས་པར་གྲུབ་འདོད། བཟའ་ཉེ་བ་ལ་འཚོལ། དབང་བུད་མེད་ཀྱིས་བྱེད། གཙོ་བོ་བློན་ཁྲམ་པས་བྱེད། ཁྲིམས་ཟོལ་ཟོག་གིས་བྱེད། དགེ་བ་གཡོ་སྒྱུས་བྱེད། མིང་ཆུང་སོ་སོར་ཐར། རྫུན་གང་ཆེ་བྲིན། ཁྲམ་གང་ཆེ་བཟང་། མ་བོས་པར་འོང་། མ་བཅོལ་བར་བྱེད། མ་བསམ་པར་སྨྲ། ཟས་དགྲ་ལ་སྟེར། ནོར་འཇལ་ལ་འཆོར། ཁྲམ་པ་ལྷར་མཐོང་། དྲིན་ཆེན་དགྲར་མཐོང་། ཕ་མ་འདྲེར་མཐོང་། ཆོས་ལ་ཐན་དུ་མཐོང་། དགེ་བ་མཚང་དུ་མཐོང་། ཉེ་བ་ཟས་སུ་མཐོང་། ཕ་མགོ་བུས་གཡོགས། བུ་མགོ་ཕས་གཡོགས། མཛའ་བའི་གཞུང་མེད། རྒྱལ་པོའི་ཁྲིམས་མི་ཉན། ཁྲེལ་དང་ངོ་ཚ་མེད། ཆོས་ཀྱི་དམ་ཚིག་མི་སྲུང་། ཕུགས་ལ་མི་སེམས་འཕྲལ་ལ་ལྟ། བཟའ་བཏུང་ནང་ནས་འཆོལ། སྒུམ་བུ་འཚེར་འོག་ནས་འཐུ། སྤྱོད་པ་ཁྱི་བས་ཐུ། བསམ་པ་དུག་བས་ངན། ལས་སུ་སྡིག་པ་དགའ། དྲོ་ཟན་དང་བསྟན་སྲིད་བརྗེ། གཏམ་ངན་རིན་གྱིས་ཉོ། ངན་སེམས་དང་དུ་ལེན། དགེ་ལ་ཐབས་ཀྱིས་འབྱོལ། མཚང་དགེ་རུ་བྱེད། རང་སྐྱོན་ཡོན་ཏན་དུ་མཐོང་། བྱེད་པ་ངན་ངན་རྒྱལ། ཁྲེལ་ཆེ་ཆེ་འཕམ། བཟང་བརྒྱ་བྱས་ཀྱང་བརྗེད། ངན་གཅིག་བྱས་ཀྱང་དྲན། བཀུར་ན་ངན་བྱེད། རང་མཚང་བསྐུང་། གྲོགས་མཚང་སྒྲོག ཁ་ད་ལབ་མོར་མཐོང་། ཕན་སེམས་ཀྱི་གཞི་མེད། གཡོ་སྒྱུ་གང་ཆེ་འཁུར། མཁས་པའི་གཉའ་གཅོག བཙུན་པས་འདུལ་ཁྲིམས་མི་ཐུབ། སྔགས་པས་དམ་ཚིག་མི་ཐུབ། བུད་མེད་ཀྱིས་ལུས་མི་ཐུབ། ས་ཡིས་ཆུ་མི་ཐུབ། མཛའ་བོས་གསང་མི་ཐུབ། བཙན་པོས་ནོར་འཕྲོག ཕྱུག་པོས་ནོར་མི་ཐུབ། ཁྲམ་པས་བློན་པོ་བྱེད། དད་པས་དགེ་བ་མི་དྲན། དྲན་པས་བསྐུར་གནས་ཞིག སྒོམ་པ་ཁྱིམ་པ་ལ་སྨོན། རྒན་རྒོན་ཤི་བ་ལ་སྨོན། ཆོས་རྫུན་པ་མཁས། ཞིང་པ་ཁྲམ་པ་དག ཡོན་ཏན་གསར་པ་མཁས། རྙེད་པ་ལོག་འཚོས་འཚོལ། དྲིན་ཆེན་གྱི་ངོ་ལ་འཇུག མེད་པ་སྔགས་སུ་བགྲང་། ཡི་དྭགས་ལྷར་བསྒོམ། ཡོད་པའི་ཟས་རྐུ། མེད་པའི་ཡོན་ཏན་སྒྲོགས། ཁ་ཟས་ལ་དགའ། ལུས་ཉལ་ལ་དགའ། མ་བརྟགས་པར་མཁང་སྐྱེན། མ་བསྒྲུབས་པར་འགྲུབ་རེ། མ་བསླབས་པར་མཁས་རེ། དིང་རི་བའི་མི་དང་འདྲ། མ་འཕྲད་པར་འདྲིས། མ་འགྲོགས་པར་འགྲས། མི་རིགས་པའི་ལས་བྱེད། མི་འཐད་པའི་གཏམ་ཟློ། ཞེ་དོག་ལ་རུ་རགས། འགྲོགས་དཀའ་ལ་གཞུང་ངན། དེ་འདྲས་གང་བའི་དུས་དེའི་དུས་སུ་བསྟན་པ་ནུབ་འགྲོ་བ་ཡིན་གསུངས་སོ

ལུང་རྟོགས་ནས།

 

རྩོམ་རིག

Post navigation

Previous Post: དམིགས་བསམ་བགྲོ་གླེང་། དཀོན་རྒྱམ་གྱིས་མཁོ་སྤྲོད།
Next Post: ཨ་ཅག་ཟླ་བ་སྒྲོན་མར་ཨ་སྒོར་ཆིག་སྟོང་ཐོབ་འདུག

Comments (6) on “དམ་པ་སངས་རྒྱས་ཀྱི་ཞལ་གདམས།”

  1. ལྷག་རྒྱལ་ says:
    2013-01-17 at 2:17 pm

    ལུང་བསྟེན་འདི་སྡ་ས་ཕྱོགས་ལ་རེད་འདུག་་་་གཟབ་ཟབ་གནང་རས་གནང

  2. རེབ་སྐྱིད་མཚོ says:
    2013-01-17 at 2:33 pm

    ལུང་རྟོགས་ལགས་ཀྱིས་གདོང་རིས་མཚུངས་པའི་གདམས་དག་ཟབ་མོ་དེ་ལྟ་བུ་ཞིག་དྲན་
    ཐུབ་པ་ནི་ངོ་མ་མངོན་མཐོང་པ་རང་རེད།
    བུས་ཕ་མགོ་གཡོས་ཟེར་དེ་འདྲ་པོ་རེད། ཧཧཧཧཧ

  3. ཐུ་བ་རྒྱ་མཚོ། says:
    2013-01-17 at 2:55 pm

    སྟོན་པ་སངས་རྒྱས་དང་ཁོང་གི་རྗེས་འབྲངས་རྣམས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་སོགས་ཧ་ཅང་མང་པོ་ཞིག་གསུངས་ཡོད་ན་ཡང་དོན་མདོ་བསྡུས་ན་སྐད་ཆ་གསུམ་རེད།

    གཅིག མི་སོགས་སེམས་ཅན་རྣམས་བདེ་སྐྱིད་འབྱུང་བའི་ལས་ལ་འབད་པ་བྱེད་རྒྱུ་དང་།
    གཉིས། མི་སོགས་སེམས་ཅན་རྣམས་དཀའ་ངལ་ལམ་སྡུག་བསྔལ་མི་འབྱུང་བའི་ལས་ལ་འབད་རྒྱུ།
    གསུམ། མི་སོགས་སེམས་ཅན་རྣམས་ཕན་ཚུན་འདྲ་མཉམ་དང་མཐོ་དམན་མི་ཤོར་བའི་ལས་ལ་འབད་པ་བྱེད་རྒྱུ་དེ་གསུམ་རེད་སྙམ།

    ཡིན་ན་ཡང་ནུབ་ཕྱོགས་སྤྱི་ཚོགས་སུ་དོན་དག་དེ་གསུམ་པོ་གཞུང་གི་ཁྲིམས་གཞི་ནང་ལག་བསྟར་བྱེད་བཞིན་པ་དང་། མི་རྣམས་ཀྱིས་རང་གི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དེ་སངས་རྒྱས་ཀྱི་བཀའ་བཞིན་གུས་བཀུར་དང་སྲུང་བརྩི་བྱེད་པར་དགའ་ཞིང་སྤྲོ་བའི་ངང་ལག་བསྟར་བྱེད་བཞིན་འདུག བོད་མི་ཚོས་ཀྱང་དོན་དག་འདི་ལ་དཔེ་བལྟ་འོས་པ་རེད།

  4. གནམ says:
    2013-01-17 at 10:21 pm

    དམ་པ་སངས་རྒྱས་དེ་དུས་རེ་ཞིག་ན་བཤུམ་གིན་གདའ་སྐད། ཀུན་དགས་དམ་པ་ཅི་ལ་བཤུམ་པ་ཡིན་ཞུས་པས།

    དམ་པ་སངས་རྒྱས་དེ་དུས་རེ་ཞིག་ན་(ཤུམ)་གིན་གདའ་སྐད། ཀུན་དགས་དམ་པ་ཅི་ལ་(བཤུམས)་པ་ཡིན་ཞུས་པས། དུས་གསུམ་གྱི་ཆ་ནས་བཤད་ན་འདི་འདྲ་ཤིག་ཡིན་དགོས་བ་མ་ཡིན་ནམ།

    དུས་གསུམ་གོད་ལ་མ་ཆུད་པའི་དཀའ་ངལ་ཡོད་པས་དེ་ལྟར་ཡིན་དང་མིན་པས་གོ་ཐོས་ཞིག་རེག་མི་ཡུང་བསམ་ནས་བྲིས་བ་ཡིན།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-18 at 5:26 am

    ཕ་དམ་པ་སངས་རྒྱས་ཀྱིས་དིང་རི་ཐོག་དྲངས་བོད་ཀྱི་གདུལ་བྱར་དགོངས་ཏེ། ཆོས་གསུང་བའི་སྔོན་འགྲོར་གཤུམ་པ་ཞིག་བསྟན་པ་དེ། སྙིང་རྗེའི་སྐད་དོད། ཀ་རུ་ཎཱ་སྟེ། དམ་པ་གང་ལ་ངུ་བ་་ཡོད་པ་དེ། དམ་པའི་ཞལ་གདམས་ཀྱི་གཞུང་གཞན་དུ་ཡང་གསལ།
    ་
    དམ་པ་སངས་རྒྱས་ལ་ཞིག་ན་འབྱོན་སྐབས་སུ། རྗེ་བཙུན་མི་ལ་རས་པས་དམ་པ་ལ་མངོན་ཤེས་ཡོད་མེད་བརྟག་པའི་ཕྱིར་དུ། སྤང་འགོག་ཅིག་ཏུ་རྫུས་ནས་བཞུགས་པ་ན། དམ་པ་སྣང་མེད་ཀྱིས་ཕེབས་པ་ན། རྗེ་བཙུན་གྱི་ཐུགས་ལ་རྒྱ་གར་གྱི་རྣལ་འབྱོར་པར་མངོན་ཤེས་མེད་འདུག་ཅེས་རྣམ་རྟོག་ཤར་བ་ན། དམ་པ་སླར་ཞལ་ལོག་ནས། སྤང་འགོག་ལ་རྡོག་བརྫིས་བཏང་བའི་ལོ་རྒྱུས་སྙན་པོ་ཞིག་ཐོས། དེ་ལྟར་དམ་པའི་རྣམ་ཐར་སོགས་ན། ཡོད་དམ་མེད་ཅེས་དྲི་བ་ཞིག་མཆིས་སོ།།

  6. ལུང་རྟོགས། says:
    2013-01-18 at 5:46 am

    ཕུགས་མི་སེམས་འཕྲལ་ལ་ལྟ། དྲོ་ཟན་དང་བསྟན་སྲིད་རྗེ། མ་བསྒྲུབ་པར་འགྲུབ་རེ། འདི་དག་དམིགས་གསལ་རེབ་སྐྱིད་མཚོ་ལ་གསུང་པ་འདྲ། ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme