Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་ཁྲི་འདོན།

Posted on 2009-04-072009-04-07 By tenzin 21 Comments on དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་ཁྲི་འདོན།

བོད་ཀྱི་དུས་བབ་དྲ་རྒྱ་ནས་བླངས། ༼འདོན་སྤེལ། ༢༠༠༩/༠༤/༠༦༽

སྐྱེས་བུ་དམ་པ་རྣམས་ནི་འཁྲུངས་པ་བསྟན་འགྲོའི་དོན་དང་འཚོ་བའང་བསྟན་འགྲོའི་དོན། གཤེགས་པའང་བསྟན་འགྲོའི་དོན་ཡིན་པ་ལྟར། ༧གོང་ས་མཆོག་གིས་དམ་པ་གང་གི་ཡང་སྲིད་ཐད། དམིགས་བསལ་དགོངས་བཞེས་ཀྱིས་བཀའ་སློབ་ལམ་སྟོན་བསྩལ་དོན་བཞིན། དམ་པ་གང་གི་ཡང་སྲིད་འཁྲུལ་བྲལ་རྙེད་དེ།བོད་གངས་ཅན་བསྟན་འགྲོ་རིག་གཞུང་དང་བཅས་པའི་དོན་བྱ་བར་སྐུ་གོང་མ་བཞིན། འགྲན་ཟླ་མེད་པའི་སྐྱེས་བུ་དམ་པ་ཞིག་ཡོང་བའི་སྨོན་ལམ་ཡོད་ཟེར།

ཕྱི་ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ངྷ་ས་རིག་ལམ་སློབ་གཉེར་ཁང་གི་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་མཆོག་ཁྲི་འདོན་རྟེན་འབྲེལ་གྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང༌། ཁྲི་འདོན་མཛད་སྒོ་དེར་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་གཞུང་ཞབས་ལས་བྱེད་ཆེ་ཕྲ་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། རིག་ལམ་སློབ་གཉེར་ཁང་དང་ས་རཱ་མཐོ་སློབ་ཀྱི་དགེ་སློབ་ཡོངས། དེ་བཞིན་ངྷ་ས་ས་གནས་མི་མང་བཅས་འདུ་འཛོམས་བྱུང་ཡོད།ཆུང་སྲིད་དེ་ཉིད་ ༢༠༠༦ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༡ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་གནས་བཞུགས་ཡབ་ཚེ་རིང་རྒྱལ་མཚན་དང༌། ཡུམ་སྐལ་བཟང་དབྱངས་སྐྱིད་རྣམ་གཉིས་ཀྱི་རིགས་སྲས་བསྟན་འཛིན་ཚེ་བརྟན་ཁོང༌། དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གྱི་བཀའ་ཡིག་བསྩལ་ཡོད་པ་ཞིག་ཡིན་འདུག

སྐབས་དེར་རིག་ལམ་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་ཞིང་གཤེགས་དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ངོ་མཚར་མཛད་བཟང་གི་རྣམ་ཐར་སྒྲོག་སྦྱོང་གནང་དོན། དབུ་དགེ་དམ་པ་བློ་བཟང་རྒྱ་མཚོ་མཆོག་ནི། བོད་རྒྱལ་ཁབ་ཆེན་པོའི་ཤར་ཕྱོགས་མདོ་སྟོད་ཀོང་ཇོ་ཆུ་སྐྱུར་ཞེས་པའི་གྲོང་གསེབ་དུ་སྐུ་འཁྲུངས་ཤིང༌། ཡུལ་དེའི་གཞིས་དགོན་གྲགས་ཅན་དོན་གྲུབ་གླིང་དུ་རབ་ཏུ་བྱུང༌། ཆོས་སྤྱོད་ཀྱི་རྣམ་བཞག་ཐུགས་ལ་ལོན་པར་བྱས་རྗེས་དཔལ་ལྡན་འབྲས་སྤུངས་དགོན་དུ་ཕེབས་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་ཆོས་ཞུགས་གནང་བ་མ་ཟད། འཁོར་ལོ་གསུམ་གྱི་ལམ་སྟོན་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ཏེ། གཞུང་ཆེན་ཁག་ལ་གསན་བསམ་གནང༌།

བཙན་བྱོལ་དུ་ཕེབས་རྗེས་བར་སྐབས་རིང་བྱ་བྲལ་རི་ཁྲོད་འགྲིམས་ཏེ། སྒྲུབ་པ་ཉམས་ལེན་བྱེད་པའི་ཐུགས་འདུན་བྱུང་ཡང༌། བོད་པའི་བསྟན་སྲིད་མི་རིགས་དང་བཅས་པའི་ཉག་ཕྲའི་གནས་སྟངས་ལ་གཟིགས་ཚོར་རྣོན་པོ་བྱུང་སྟེ། ཞིང་ལ་མ་ཕེབས་པར་རང་རེའི་སྤྱི་ཚོགས་ནང་ཞབས་འདེགས་བསྒྲུབས་ཏེ་སྐུལ་ངལ་ཚད་མེད་སྐྱོན། ཁོང་གི་རང་རྣམ་དུའང༌། ༧གོང་ས་མཆོག་གི་ཕྱག་ལས་གནང་སྟངས་དང་བོད་གཞུང༌། བོད་མི་རིགས་རྣམས་ཡིད་ལ་འཁོར་ཚེ། རང་གི་འཇོན་ཚོད་ནུས་ཚོད་ཀྱིས་ཤེས་ཡོན་དང་དཔལ་འབྱོར་གྱི་ཞབས་ཞུ་གང་ནུས་ཞུ་རྒྱུ་ལས།རང་མགོ་གང་ཐོན་བྱས་ནས་མི་འགྲིག སློབ་གྲྭ་རྣམས་སུ་དེང་དུས་ཀྱི་ཤེས་ཡོན་དང་འབྲེལ་བའི་སློབ་སྦྱོང་སྤྲོད་རྒྱུ་དང༌། འཚོ་ཐབས་ཞན་པའི་བོད་རིགས་རྣམས་ཀྱི་ཆེད་དཔལ་འབྱོར་གྱི་མཐུན་རྐྱེན་འཚོལ་སྒྲུབ་སོགས་༧རྒྱལ་བ་རིན་པོ་ཆེར་དཔུང་འདེགས་དང་བོད་མི་རིགས་ལ་ཕན་ཐོགས་ན། མི་ཚེའི་ནང་ལས་དོན་དེ་ཀ་རང་བསྒྲུབ་རྒྱུ་ཐག་བཅད་པ་ཡིན། ཞེས་དམ་བཅའ་མཛད་པ་བཞིན་ཤེར་སྙིང་རྒྱ་སྐད་དུ་སྒྱུར་བཞིན་པའི་སྐབས། དོལ་རྒྱལ་རྗེས་འབྲངས་བ་མིའི་གཟུགས་ལ་སྲིན་པོའི་སེམས་ཁམས་ཅན་སྐོར་ཞིག་གིས་ཁོང་གི་སྐུ་སྲོག་བཀྲོངས།

སྐྱེས་བུ་དམ་པ་རྣམས་ནི་འཁྲུངས་པ་བསྟན་འགྲོའི་དོན་ཡིན་ལ། འཚོ་བའང་བསྟན་འགྲོའི་དོན་ཡིན་ཞིང༌། གཤེགས་པའང་བསྟན་འགྲོའི་དོན་ཡིན་པ་ལྟར།༧གོང་ས་མཆོག་གིས་དམ་པ་གང་གི་ཡང་སྲིད་ཐད། དམིགས་བསལ་དགོངས་བཞེས་ཀྱིས་བཀའ་སློབ་ལམ་སྟོན་བསྩལ་དོན་བཞིན། དམ་པ་གང་གི་ཡང་སྲིད་འཁྲུལ་བྲལ་རྙེད་དེ། བོད་གངས་ཅན་བསྟན་འགྲོ་རིག་གཞུང་དང་བཅས་པའི་དོན་བྱ བར་སྐུ་གོང་མ་བཞིན། འགྲན་ཟླ་མེད་པའི་སྐྱེས་བུ་དམ་པ་ཞིག་ཡོང་བའི་སྨོན་ལམ་ཡོད། ཞེས་གསུངས་བྱུང༌།

གསར་འགྱུར།

Post navigation

Previous Post: ཁེར་རྐྱང་གི་གོམ་བགྲོད་རིང་མོ།
Next Post: དགེ་ལྡན་པའི་སྤྲུལ་སྐུ་གླེང་བ།

Comments (21) on “དམ་པ་བློ་བཟང་རྒྱ་མཚོ་མཆོག་གི་ཡང་སྲིད་ཁྲི་འདོན།”

  1. འདོད་ལྷའི་བུ་ says:
    2009-04-07 at 1:47 pm

    སྤྲུལ་སྐུ་ལ་དགག་པ་རྒྱག་གིན་རྒྱག་གིན་ཡང་སྤྲུལ་སྐུ་གསར་བ་མང་པོ་བཟོ་གི་འདུག ད་མི་གོ་རྒྱུ་ཅང་མི་འདུག སྤྱི་ཚོགས་ནང་ལ་ཡོང་མི་ཆོག་རྒྱུའི་སྤྲུལ་སྐུ་དེ་རྒྱབ་རྩ་མེད་པའི་སྤྲུལ་སྐུ་གཉོམ་ཆུང་ཚོ་རེད་འདུག གཉོམ་ཆུང་བདག་མེད་ཡིན་ན་འདིའི་སྐྱེ་བ་ཞིག་མི་ལེན་གི་སྨོན་ལམ།

  2. མགོན་པོ་ཕྱག་གཉིས་པ། says:
    2009-04-07 at 2:50 pm

    ་་འཁྲུངས་པ་བསྟན་འགྲོའི་དོན་དུ་ཡིན་་ རྒྱུ་རེད་མ་གཏོགས་དགྲ་ཤ་ལེན་རྒྱུའི་ཆེད་ཨེ་ཡིན། དེ་ཡིན་ན་དངོས་གནས་སྤྲུལ་སྐུའི་མཚན་ཉིད་མ་ཚང་བ་རེད་སྙམ།

  3. ཟུར་གནས། says:
    2009-04-07 at 4:55 pm

    ཨ་ཙི་མགོན་པོ་ལགས། ཁྱེད་འདི་འདྲའི་བསམ་བློ་གཙང་བ་ལགས། ཡིད་སྨོན་ཡོད། གུང་ཁྲན་གྱིས་ཀྱང་བོད་ལ་བཅིངས་དཀྲོལ་གཏོང་བར་ཡོང་བ་ཡིན་ཟེར་གྱི་ཡོད་རེད་ད། དོན་དངོས་བཙན་འཛུལ་རེད་པ། དེ་བཞིན་སྤྲུལ་སྐུ་ཚོ་ཡང་གདུལ་བྱའི་དོན་དུ་ཡིན་ཟེར། དོན་དངོས་དབང་དང་། རྒྱུ་དང་། བུད་མེད་དང་། མཁར་རྫོང་དང་། ད་དུང་བརྫུན་དང་སྲོག་གཅོད་སོགས་མང་པོ་ཞིག་སྤྲུལ་སྐུ་དང་དེའི་འབྲེལ་ཡོད་ཀྱི་ཁོར་ཡུག་གིས་འཁྱེར་ཡོང་གི་ཡོད།

    གཟིགས་དང་། ཀརྨ་པ་གཉིས་འཁྲུངས་སོང་། དང་པོ་ཆོས་ཀྱི་ཐོག་ནས་བརྩོད་གླེང་ཕྲན་བུ་བྱས་སོང་། ད་ལྟ་ཁ་ཡོད་ལག་ཡོད་ཀྱི་གནད་དོན་ངོ་མ་སྟེ། དཔལ་འབྱོར་གྱི་ཐོག་འགྲོ་བཞིན་འདུག རུམ་སྟེགས་དང་དེ་བཞིན་ཀརྨ་པ་སྐུ་གོང་མའི་སྒེར་གྱི་ཆོས་གཞིས་རྣམས་སྟར་ཀ་ལྟ་བུ་བར་གཤགས་བཏང་ནས་ཕྱེད་བགོས་བྱས་ན་གནས་ཚུལ་གཞན་པ་ཐག་གཅོད་ཡོང་རྒྱུར་དཀའ་ངལ་མེད་ཟེར་གྱི་འདུག

    དེ་བཞིན། སྙིང་མའི་བདུད་འཇོམས་རིན་པོ་ཆེར་ཡང་སྤྲུལ་སྐུ་གཉིས་ངོས་འཛིན་བྱས་འདུག གཅིག་བྱ་བྲལ་རིན་པོ་ཆེས་ངོས་འཛིན་ནས། ཁོང་གི་འཁྲིས་ལ་ཉར་ནས་འདུག གཅིག་ཤོས་དེ་འབྲུག་ཡུལ་ནས་ངོས་འཛིན་བྱས་ནས་དེ་གར་གསོ་སྐྱོང་བྱེད་བཞིན་འདུག གཉིས་ཀར་ད་ལྟ་སྐུ་གོང་མའི་རྒྱུ་ནོར་ཐོག་བརྩོད་གླེང་ཆེན་པོ་ཞིག་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག བལ་ཡུལ་ཁྲིམས་ལ། ཕྲུ་གུ་ན་གསོ་ལོན་ན་མ་གཏོགས་རྒྱུ་ནོར་སོགས་ཀྱི་ཐོབ་ཐང་མེད་སྟབས། ད་ལྟ་ན་གསོ་ལོན་རྒྱུར་སྒུག་ནས་འདུག

    དེ་བཞིན་དགེ་ལུགས་པའི་བླ་མ་གཞན་འདྲིང་དུ་འཇོག་མི་ཐུབ་པའི་ཡང་སྲིད་དེ་ཚོ་ཡང་། བུད་མེད་དགོས་སྟབས། འཐོན་ཐལ་ལེ་ཐང་། དཔེར་ན། དགེ་ལུགས་པས་ཆེས་བསྟོད་ར་བྱེད་པའི་གསེར་ཀོང་རིན་པོ་ཆེའི་ཡང་སྲིད་དེ་ཡང་གྲྭ་པ་ལོག་སོང་། དེ་བཞིན་ལྷ་བཙུན་རིན་པོ་ཆེ་ཟེར་བ་དེ་ཡང་ཨ་ནི་ཞིག་མཉམ་དུ་ཕེབས་སོང་། ད་དུང་མིང་འབོད་མ་ནུས་པ་ཁ་ཤས་ཡོད། སྤྲུལ་སྐུ་ལ་བུ་མོ་དགོས་ཀྱི་འདུག་གམ་མིན་འདུག

    སྤྲུལ་སྐུ་ཚོར་གྲྭ་པ་ཕལ་པ་དང་། སྐྱ་བོ་ཕལ་པ་ལས་ཆེ་བའི་མཁར་རྫོང་དང་ཁྱིམ་གཞིས་དགོས་ཀྱི་འདུག བལྟོས་དང་། ས་དགེ་བཀའ་སྙིང་གི་དགོན་པ་ཚང་མའི་ཐོག་རྩེ་གཉིས་པ་འདི་ཇི་འདྲའི་རྫིག་པོ་དང་གོང་ཆེན་རེད། དགེ་ལུགས་པའི་བླ་བྲང་དེ་ཚོར་གཅིག་གཟིགས་དང་། རྙིང་མའི་སྒེར་གྱི་དགོན་ཆེན་དེ་ཚོར་གཅིག་གཟིགས་དང་། བཀའ་རྒྱུད་ཀྱི་དགོན་པ་དང་ཆོས་ཚོགས་དེ་ཚོར་གཅིག་གཟིགས་དང་། རྒྱུ་དན་འབྲེལ་བ་འདུག་ག སེམས་ཅན་གྱི་དོན་རེད་པས།

    སྨྲས་པ།

    ཁ་ནས་འགྲོ་དོན་སྐྱོར་ནས།
    ལག་གིས་སྒྲོ་ལར་སྒྲུབ་མཁན།
    སྐུ་སྟོད་གླེགས་བམ་གཏུགས་ནས།
    སྐུ་སྨད་སྟུ་ལ་ཐུག་མཁན།

    ནང་ལ་གསེར་དངུལ་འཁེངས་ནས།
    ཕྱི་ལ་སྤོང་བ་འདོན་མཁན།
    གསོག་རྒྱུ་ནོར་ལས་མེད་པ།
    གསུངས་རྒྱུ་མི་རྟག་ཁོ་ན།

    བདག་གི་འདི་ཕྱིའི་སྐྱབས་གནས།
    སྤྲུལ་སྐུ་མཆོག་ལ་བཅོལ་བས།
    ནོར་དང་བུད་མེད་ཁང་པ།
    བདག་ལ་གནང་རོགས་ཞུ་འོ།

  4. མགོན་པོ་ཕྱག་གཉིས་པ། says:
    2009-04-07 at 6:01 pm

    འདོད་པའི་ཁམས་འདི་འདོད་ཆགས་ས་པ་སྟེ།།
    འདོད་པ་དོན་དུ་གཉེར་བ་ཉེས་པ་མིན།།
    རང་གི་ཆེད་དུ་མཁར་ཁྱིམ་བཞེངས་ཀྱང་ཆོག།
    འདོད་ལྡན་བུ་མོའི་འདོམས་ལ་བལྡག་ཀྱང་རུང་།།
    ཊོ་ལོར་སྔོན་པོ་ཆར་བཞིན་བབ་ཅིང་འགྲིགས།།
    དེ་ལ་ངན་ཁེག་འགེལ་དགོས་ངས་མ་མཐོང་།།
    ཡོང་ན་སྡོམ་ཁྲིམས་ཚུལ་བཞིན་སྲུང་ན་རེད།།
    མ་ཡོང་སྲུང་སྡོམ་མཛེས་མས་ཁྱེར་ཡང་བླ།།
    དེ་ནི་ཁྲིམས་འགལ་བྱ་བ་ཅང་མ་ཡིན།།
    འདོད་པ་དོན་དུ་གཉེར་བ་དོན་དང་ལྡན།།

  5. བོད། ལྷ་ཀླུ་གཉན་གསུམ། says:
    2009-04-07 at 6:15 pm

    མི་ཡིས་འདོད་པ་བཤད་ན་རྫོགས་མེད་ཀྱང་།།
    འདོད་པ་ཚད་ཅིག་འཛིན་རྒྱུ་ཡོད་ངེས་དུས།།
    རང་རང་སེམས་ཀྱི་འདོད་པའི་རྟ་རྒོད་དེ།།
    ཚད་ཅིག་ཟིན་ན་ད་གཟོད་ཀུན་ལ་བདེ།།
    དེ་བཞིན་དྲ་ཐོག་འདི་ཡིས་ཁ་རྒྱག་ཚོ།།
    གཞན་གྱིས་སྐྱོན་ལ་འཛུབ་མོ་འཛུགས་པ་ལས།།
    རང་གི་སྐྱོན་ལ་ཉིན་རེ་བརྟག་དཔྱད་བྱོས།།
    ཕྱིས་སུ་འདི་རུ་ཡོང་ནས་ཉམ་མྱོང་ཤོད།།
    དེ་ནས་ང་ཚོས་དེ་ལ་བགྲོ་གླེང་བྱེད།།
    དེ་མིན་ཁ་ནས་ཅི་ཐོན་ལག་ནས་བྲིས།།
    བོད་པའི་བོད་སེམས་འཁྲུགས་ནས་མཐུན་སྒྲིལ་གཏོར།།
    དེ་འདྲ་རྒྱ་ནག་སྲིད་ཀྱིས་མི་འཇོན་པ།།
    ང་ཚོས་རང་གི་སྐེ་ལ་གྲི་བཞག་ནས།།
    རང་སྲོག་གཅོད་དང་མཚུངས་པའི་ཉོག་གཏམ་རིགས།།
    ད་ནས་སྤང་བྱར་འཛེམས་རོགས་བོད་རིགས་ཚོ།།
    ང་ཡི་སྙིང་གི་གཏམ་འདི་བྲིས་པ་ལ།།
    དྲ་གྲོགས་རེ་ཟུང་ཁོང་དགོད་ཤོར་ཡང་སྲིད།།
    དྲ་གྲོགས་རེ་གཉིས་སེམས་ངལ་སངས་ཡང་སྲིད།།
    གང་ལྟར་མཐའ་མའི་ཐག་གཅོད་རང་སེམས་ལ།།
    བརྟག་ནས་ལུང་དོར་བྱེད་རོགས་སྤུན་ཟླ་ཚོ།།

  6. འདོད་ལྷའི་བུ་ says:
    2009-04-07 at 7:13 pm

    ཚེ་ཏན་ཞབས་དྲུང་གིས། སྤྱིར་སྔོན་རབས་ནས་བརྒྱུད་པའི་གོམས་སྲོལ་རྙིང་པ་རང་གཞན་ལ་ཕན་པ་མེད་པ་ཞིག་ཡིན་ན་ལུགས་དང་མཐུན་པའི་སྒོ་ནས་བཅོས་ཤིང་བསྒྱུར་ན་དེ་ལ་བཟང་ཆ་ཡོད་པ་མ་གཏོགས་ངན་ཆ་ཞིག་ཡོད་དོན་མེད། ཚུལ་འདི་ནི་ཆོས་དང་འཇིག་རྟེན་གང་ལ་ཡང་གནའ་སྔ་མོ་ནས་ཡོད་མྱོང་བ་ཞིག་ཡིན།

  7. རིགས་པ། says:
    2009-04-08 at 12:29 pm

    སྤྲུལ་སྐུ་ཟེར་བ་དེ་ཚན་རིག་ཐོག་ནས་བདེན་དཔང་གཅོད་ཐུབ་ཀྱི་མིན་འདུག རིགས་པའི་ཐོག་ནས་ཡང་ཞིབ་མོར་གཅོད་ཐུབ་ཀྱི་མེད་ཚོད། རིགས་པའི་རྒྱལ་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་སྟོང་ཉིད་རིགས་པས་བསྒྲུབས་འདུག སྤྲུལ་སྐུའི་སྐོར་ལ་རིགས་པས་བསྒྲུབས་མིན་འདུག 

    ད་དུང་། སྤྲུལ་སྐུའི་ཤེས་པ་དེ་ཡང་མི་ཕལ་པ་ལྟ་བུར། མགོ་ནས་ཚང་མ་སློབ་དགོས་པ་ལས། སྐྱེ་བ་ྔོན་མའི་བགས་ཆགས་ཡིན་ཞེས། མ་སྦྱངས་བར་ཤེས་མཁན་གྱི་སྤྲུལ་སྐུ་གཅིག་མཐོང་ཡས་མིན་འདུག ཁོང་ཚོའི་ཁ་ལག་དེ་ཡང་ལག་པས་ཁ་ལ་སྐྱལ་དགོས་ཀྱི་འདུག སྐྱག་པ་དེ་ཡང་རྐུབ་ནང་ནས་གཏོང་དགོས་ཀྱི་འདུག ད་དམིགས་བསམ་གང་འདུག

  8. བོད། ལྷ་ཀླུ་གཉན་གསུམ། says:
    2009-04-08 at 2:47 pm

    དྲ་གྲོགས་རིགས་པའི་མིང་ཅན་ལགས། གནས་ལུགས་ནི་རྒྱུ་མཚན་ཞིབ་དུ་ཤེས་མཁན་ཟེར་བ་ཞིག་གིས་བཤད་བཞིན་ཡོད་པར་མི་ཚང་མས་འདོད་ཀྱི་ཡོད་པ་ཁ་གཅིག་གྲགས་ཡིན་ན་ནི། ཁྱེད་ཀྱིས་རང་ཉིད་ཀྱི་གསུང་མ་ཐག་པའི་སྐད་ཆ་འདི་ལ་ཞིབ་དུ་བསམ་བློ་ཞིག་བཏང་ནས་སྐད་ཆ་འདི་ནི་སྤྲུལ་སྐུའི་མིང་ཡོད་ཚད་ལ་ཟེར་བཞིན་ཡོད་དམ། ཡང་ན། བོད་པ་ཚང་ལ་སྤྲུལ་སྐུ་ཟེར་བ་ཞིག་དགོས་ཀྱི་མི་འདུག་ཟེར་ནས་བཤད་བཞིན་ཡོད། ངས་ཉེ་སྔོན་དྲ་ཐོག་ནས་སྤྲུལ་སྐུའི་བསྐོར་འགོ་བཙུགས་མ་ཐག དེ་ནི་བོད་མི་མང་གི་སེམས་ཁམས་དང་དད་སེམས་ལ་བརྟེན་ནས་འགྱུར་བ་འགྲོ་ངེས་པ་ཞིག་ལས། དྲ་ཐོག་གི་ང་ཚོས་གང་བཤད་པ་དེ་དག་བོད་རྒྱ་ཆེ་མི་མང་གི་ཤེས་མི་ཐུབ་པ་མ་ཟད། དེ་ཤེས་མཁན་དང་དེ་འདོད་མཁན་ཡང་འགྲན་སེམས་ལས་རྒྱུ་མཚན་ལ་བསམ་བློ་མི་གཏོང་མཁན་རེ་ཟུང་གི་བསམ་བློ་ཡིན་སྲིད་པ་ལས། ཁོ་རང་ལ་ཡང་སྤྲུལ་སྐུ་ངོ་ཤེས་ཤིག་ཡོད་པས་དབང་དུ་བཏང་བ་ཡིན་ན་ནི། མི་དེའི་ཁོས་གྲོགས་པོ་སྤྲུལ་སྐུ་དེའི་གདོང་ལ་བལྟས་དེ་སྤྲུལ་སྐུ་ཟེར་བ་འདི་ཚོ་བོད་ལ་དགོས་པ་ཞིག་མ་རེད་ཟེར་ནས་གླེང་མི་ཐུབ་པ་ཐག་བཅད་ནས་བཤད་ཆོག ད་ནས་བཟུང་དྲ་གྲོགས་ཚོ། ང་ཚོ་བོད་པ་ཚང་གི་ད་ལྟའི་འཆར་གླེང་དགོས་པ་དང་སྒྲུབ་དགོས་པ་དེ་དག་ནི་སྤྲུལ་སྐུའི་ལམ་ལུགས་མ་ཡིན་པར་བོད་མི་མང་གི་ཤི་གསོན་རང་དབང་འཐབ་རྩོད་ཀྱི་བསྐོར་ཡིན་པ་ཚང་མས་ཐུགས་ལ་བཞག་ནས་ཧུར་བརྩོན་གནོང་རོགས་ཞུ་རྒྱུ་ཡིན།

  9. སྒྲོན་ལྷ། says:
    2009-04-09 at 1:57 am

    སྤྲུལ་སྐུ་་་་་ལོ་ལོ་་་་

  10. ཉི་འོད says:
    2009-04-09 at 6:59 pm

    སྤྲུལ་སྐུའི་ལམ་ལུགས་ལ་ཡིད་ཆེས་བྱེད་པ་ནི་བོད་རིགས་གཙོས་ཉུང་ཤས་ལས་མེད། ཉུང་ཤས་འདི་ཡང་རྒྱ་ཆའི་མདའ་རྟགས་ཐུར་དུ་ཕྱོགས་པ་ལས་གྱེན་ལ་འགྲོ་བ་ཤིན་ཏུ་དཀའ། གང་ལྟར་ཡང་འདི་ནི་དུས་ངན་སྙིགས་མའི་རང་རྟགས་སམ་དུས་རབས་གསར་པའི་དགེ་མཚན་ཅི་བརྗོད་ཀྱང་འཐད།

  11. yarlung lusar says:
    2009-04-10 at 4:25 am

    GREETINGS TO ALL OF MY FELLOW TIBETANS.

  12. བློས་ཐུབ། says:
    2009-04-13 at 5:48 am

    མི་རིགས་ཡར་རྒྱས་ཀྱི་ཆ་ནས་གླེང་ན། སྤྲུལ་སྐུ་འདི་དུག་གི་སྡོང་བོ་དང་འདྲ་བོ་འདུག དེ་བས་མཚན་ཉིད་གྲ་ཚང་ནས་སྤྲུལ་སྐུ་གསར་བ་བཙལ་བ་དེ་བོད་ལ་དུག་སྡོང་གཅིག་གིས་མང་དུ་བུད་སོང་བ་དེ་རེད། དུག་གི་སྡོང་བོ་འདི་གཅིག་པུ་ལ་བརྟེན་ནས་དུག་གི་ཡལ་ག་དང་ལོ་མ་མང་དུ་འཕེལ་ནས་བོད་མི་རིགས་འདིར་ཡར་ལངས་རྒྱུར་དཀའ་ལས་ཁག་རྒྱུ་རེད།
    བློ་བཟང་རྒྱ་མཚོ་ཟེར་དེ་ལ་སྤྲུལ་སྐུ་ཞིག་ཡོད་ན་མེད་ན། གཅིག་ནས་བློ་བཟང་རྒྱ་མཚོ་ཟེར་བ་མཁས་བ་མ་རེད་ལ། གཉིས་ནས་བློ་བཟང་རྒྱ་མཚོ་ཟེར་བ་ཆོས་བ་ཡང་དག་ཅིག་ཀྱང་མ་རེད། ཡིན་ནའང༌། དེ་རིང་མི་འདི་ཡི་སྤྲུལ་སྐུ་ཡིན་ཟེར་ནས་ལ་དྭགས་སྤྲང་ཐང་གི་ཕྲུ་གུ་ཞིག་སེར་བོ་གསེར་གྱི་ཁྲི་ལ་བཀོད་སོང༌། འདི་ད་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དང་མི་མཐུན་པའི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དངོས་དེ་རེད། དེ་རིང་གནས་ལུགས་ཡོངས་སུ་ངོ་འཕྲོད་སོང༌།

  13. མདོ་ལའི་འཁྱམས་པོ། says:
    2009-04-13 at 8:52 am

    སྤྲུལ་སྐུ་མི་དགོས་ལ། ནང་དཀྲུགས་ནི་དེ་ལས་ཀྱང་ག་ལ་དགོས། སྤྲུལ་སྐུའི་ལམ་ལུགས་ནི་བོད་ཀྱི་ལུགས་སྲོལ་ཞིག་ཡིན་པས། དེ་མེད་པ་ཆགས་ཚེ་ནང་བསྟན་ཆོས་ལུགས་ནུབ་པ་ག་ལ་ཡིན།

  14. ཉི་འོད says:
    2009-04-14 at 1:42 pm

    བློས་ཐུབ་ཁྱོད་ཀྱིས་འདི་ད་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དང་མི་མཐུན་པའི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དངོས་དེ་རེད། དེ་རིང་གནས་ལུགས་ཡོངས་སུ་ངོ་འཕྲོད་སོང༌།ཟེར་ཁྱོད་ཀྱིས་སངས་རྒྱས་བཅོམ་འདས་ཀྱི་ཆོས་དང་མི་མཐུན་པའི་རྒྱུ་མཚན་དང་འོ་ན་སྤྲུལ་སྐུའི་ལམ་ལུགས་འདི་ཆོས་གང་གི་ལུགས་སུ་བྱུང་བ་ཡིན་གསལ་བཤད་ཡང་དག་ཅིག་གནང་རོགས་ཞུ།

  15. ཉི་འོད says:
    2009-04-14 at 2:21 pm

    བློས་ཐུབ་ཁྱོད་ཀྱིས་འདིར་སྤྲུལ་སྐུ་ནི་དུག་སྡོང་དང་འདྲ་བ་ཡིན་ཚུལ་དང༌། ཡང་ཁྱོད་ཀྱི་མཆན་གཞན་ཞིག་ཏུ་
    ༼མནོ་བསམ་ཡག་པོ་ཞིག་ཐོངས་དང༌། ང་ཚོར་སྤྲུལ་སྐུའི་ལམ་ལུགས་མི་དགོས་ཟེར་བ་ནི་ཆབ་སྲིད་ལ་འཛིན་སྐྱོང་དཔོན་མི་དགོས་ཟེར་དང་གཅིག་མཚུངས་རེད། དེང་སང་འཛམ་གླིང་སྟེང་ཆོས་ལུགས་ཀྱིས་ཤུགས་རྐྱེན་ག་ཚད་ཅིག་བཞག་དང་འཇོག་བཞིན་པར་ཉམས་ཞིབ་ཐེངས་གཅིག་བྱས་ན་དགའ།༽
    ཞེས་བཀོད་འདུག་པས་སྐད་ཆ་འདི་གཉིས་ཀྱི་གོ་དོན་ག་འདྲ་ཞིག་ཡིན་ནམ།

  16. ཟླ་བ says:
    2009-04-14 at 3:28 pm

    སྤྲུལ་སྐུ་ཡིན་ན་འདི་ཉུང་ཉུང་སྤུས་དག་ཅིག་ལས་མེད་ན་བཟང་མོད། འོན་ཀྱང་དེང་སང་སྤུས་མ་དག་པ་མང་པོ་ཞིག་ཐོན་བཞིན་པ་འདིར་ང་ཚོས་གཟབ་གཟབ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་འདོད་ཀི ཡང་གཅིག་བཤད་ན་སྤྲུལ་སྐུ་ང་ཚོར་མི་དགོས་རུང་དེང་སང་ཨ་ཞང་གུང་བྲན་ལ་དགོས་ཀིན་འདུག་ག མ་ཟད་རྒྱལ་ནོར་ལ་པཎ་ཆེན་ཆོས་ཀྱི་རྒྱལ་བོ་ཡིན་ན་ཅིག་ཟེར་ནས་འབུ་འོ་མས་གསོ་གསོ་བྱེད་ཀིན་འདུག་ག འདིས་ང་ཚོར་ཉེན་བརྡ་ཞིག་དང་ཡང་ན་དོན་དག་ཅིག་གསལ་བཤད་བྱེད་ཀིན་མི་འདུག་གམ། ང་ཚོ་སྲིད་དོན་གྱི་དཀའ་ངལ་འོག་མྱངས་སྡོད་མཁན་མི་རིགས་ཤིག་ཡིན་པས་འདིའི་སྐོར་ལ་ཚོར་ཤུགས་རྣོ་དགོས་རྒྱུ་གལ་ཆེན་པོ་རེད་འདོད་ཀི རྨ་ལ་ཕན་ན་ཁྱི་ཆི༹ལ་གྱི་དཔེ་བཞིན། གནས་སྐབས་དགོས་དབང་གིས་ལམ་ལུགས་འདི་གཡུག་མི་ཉན་ཁོ་ཐག་ཡིན་ལ། གལ་ཏེ་གཡུགས་བཏང་ན་ང་ཚོ་ཕམ་རྒྱུ་ཡིན་པ་ངས་ཁས་ལེན་བྱེད་ཐུབ། གང་ཡིན་ཟེར་ན་ང་ཚོ་རེ་གཉིས་ཀྱིས་མ་འདོད་རུང་བོད་མི་བརྒྱ་ཆའི་དགུ་བཅུ་ཆོས་དང་སྤྲུལ་སྐུ་ལ་དད་པ་བཟློག་མེད་ཡོད་པ་མིན་ནམ། ཁ་དྲོ།

  17. དཀོན་མཆོག་སྐྱབས་ says:
    2009-04-14 at 7:33 pm

    ཉི་འོད་ལགས།    འོག་གི་ལུང་འདྲེན་ཐུང་ཐུང་གཉིས་ཀ་ཀློག་ལ་དེ་ནས་གོང་གི་བློས་ཐུབ་ཀྱི་མཆན་༡༢པ་དེ་དང་ཞིབ་བསྡུར་ཞིག་བྱེད་རོགས་ཞུ།

    “དེང་སང་སྟག་སྨྱོན་དང་གདོང་དམར་རིག་རྒྱུ་མེད་པ་དང་། དེ་རིང་བློས་ཐུབ་ཟེར་བ་ཞིག་གློ་བུར་ཏུ་ཐོན་ནས་མཆན་བུ་འདེབས་ས་ཡོད་ཚད་ལ་མཆན་བུ་རེ་རེ་བཏབ་འདུག་པར་མ་ཟད། མཆན་བུ་འདེབས་རྒྱུའི་མགོ་བཟུང་བ་ནས་ཡང་ཁྱི་སྨྱོན་སླེབས་པ་བཞིན་བཙན་བྱོལ་བོད་གཞུང་དང་། ཧོར་གཙང་འཇིགས་མེད། རྟེན་བཞེངས་ཆེན་མོ། ཚེར་མ། དུས་བབ་ཚང་གི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས། བང་ཆེན་ཚང་གི་གསར་འགོད་པ་གངས་ལྷ་མོ། མདོ་སྨད་ཀྱི་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་། ཟིན་བྲིས་པ་ལྷ་ཆབ་སྦྱིན་པ། སྤོབས་པ་མཐའ་ཡས་སོགས་རིག་ཚད་ཐུག་ཚད་ལ་སོ་རེ་རེ་བརྒྱབ་འདུག་པར་བལྟས་ན་སྟག་སྨྱོན་ནམ་གདོང་དམར་ཟེར་བའི་ཁྱི་རྒན་དེས་ཡང་མིང་གསར་བ་ཞིག་བརྗེས་ནས་ཐོན་བཏང་ནི་མིན་ན། ངས་ཁྱི་རྒན་དེ་ལ་ཞིབ་འཇུག་བྱེད་བཞིན་ཡོད་པར་མ་དྲ་ཐོག་ཏུ་བསྒུགས་བསྡད་ཡོད། ཁྱོས་སྐད་ཆ་བཤད་སྟངས་དང་བསམ་བློ་ཁྱེར་སྟངས་ཁྱི་རྒན་དེ་དང་གཅིག་པ་གཅིག་རྐྱང་རེད། མ་གཞི་ཁྱོད་དྲ་ཐོག་སླེབས་མ་ཐག་ནས་བོད་གཞུང་དང་། སྒེར་བ་འདི་འདྲ་མང་པོ་ཞིག་ལ་དུས་གཅིག་ལ་སོ་རྒྱག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། མཆན་འདེབས་མཁན་ཚང་མ་སྟག་སྨྱོན་ནམ་གདོང་དམར་ཟེར་བ་དེ་དང་ཁྱོད་འདྲ་བ་རྐྱང་རྐྱང་ཡིན་ན་དྲ་ཁང་ཐམས་ཅད་གཡུལ་ས་ཞིག་མ་གཏོགས་ལྷག་གི་མ་རེད།”

    “བློས་ཐུབ་ཟེར་བ་དེ་ད་ནངས་ཐོན་ནི་ཡིན་རུང་། ཐོན་པ་དང་མཉམ་དུ་རྫས་དུག་མ་རུང་བ་ཞིག་དང་འདྲ་བར་སྐད་ཅིག་གཅིག་ལ་བོད་གཞུང་དང་སྒེར་བ་མི་ཉི་ཤུ་ནང་ཞིག་ནག་པོ་བཟོས་འདུག་པས་ང་ངོ་མ་ཧ་ལས་སོང་། ཨེ། འདི་རྡ་ཡང་སྟག་སྨྱོན་ནམ་གདོང་དམར་ཟེར་བ་དེ་རེད་ཀོ་བསམ་བྱུང་། ངས་ད་རུང་བརྟག་དཔྱད་བྱེད་ཀྱི་ཡིན།”

  18. ཉི་འོད says:
    2009-04-14 at 8:32 pm

    བློས་ཐུབ་ལགས་ཁོང་ཨ་ཞང་རྒྱལ་བོའི་དུས་པོ་ཆེའི་གསོལ་སྟོན་ལ་གདན་ཞུ་བྱས་སོང་བ་ཡིན་ནམ། ངས་ད་ནང་ཁོང་གི་སྒོ་འགྲམ་ནས་ལན་འགའ་བོས་ཀྱང༌། ཞལ་ཨ་ལན་ཙམ་ཡང་གནང་མཁན་མི་འདུག དྲ་གྲོགས་ལྷན་རྒྱས་ད་ང་ཚོས་མ་ཎི་འདྲ་འདོན་ན་མི་བཟང་ངམ།

    གྲོགས་པོ་དཀོན་སྐྱབས་ཁྱོད་ཀྱིས་གསུངས་པ་དག་བདེན་ཤས་ཆེ། འོན་ཀྱང་ངས་མ་ཎི་གང་མང་མང་འདོན་གྱི་ཡིན།

  19. བློས་ཐུབ་ནས། says:
    2009-04-15 at 5:36 am

    ཁོ་རེ་ཚོ། འུར་མ་རྒྱག གནས་ལུགས་ཤོད་དང༌། ངས་ཁྱོད་རང་ཚོར་བལྟས་བསྡད་ཡོད། ཧ་ཅང་ཐག་ཉེ་ས་ན།

  20. ཉི་འོད says:
    2009-04-16 at 1:52 am

    ཁོ་རེ་བློས་ཐུབ། གནས་ལུགས་གསལ་བཤད་ཀྱིས་ལན་འདེབས་བྱོས། བལྟས་བསྡད་ན་ཕན་པ་གང་ཡང་མེད། གོ་སོང་བས།

  21. དམ་ཆོས་རྒྱ་མཚོ། says:
    2011-05-02 at 7:03 pm

    གྲོགས་པོ་ལགས། མཐའ་གཅིག་ཏུ་སྤྲུལ་སྐུའི་རིགས་ལ་དམའ་འབེབས་བཏང་ན་ཐལ་ཆེ་ཡོང་།
    སྤྲུལ་སྐུའི་ལམ་ལུགས་གཏན་ནས་མེད་ན། ༧ ད་ལྟའི་གོངས་ས་མཆོག་ཡང་བོད་མིའི་ལུགས་གཉིས་ཀྱིས་དབུ་ཁྲིད་ཆགས་མི་སྲིད་ལ། མ་ཆགས་ན་ད་སྐབས་གནའ་དེང་གིའི་རིགས་གཞུང་ཕར་ཞོག། བོད་ཞེས་པའི་མིང་གཅིག་པུ་འདི་གནས་པའང་ཁག་པོ་རེད། དེར་བརྟེན་བློ་གཟུ་བོར་གནས་ནས་བཀའ་མོལ་གསུང་ན། ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དེ་ཕྱོགས་ཀུན་ནས་བལྟས་ཞིད་དཔྱད་ན་མངོན་སུམས་རྟོག་པའི་་གནས་ལུགས་དེ་མཁྱེན་སྲིད། གང་ཟག་བྱེ་བྲག་པ་ཁ་ཤས་ཀྱིས་ཞབས་འདྲེན་ཞུས་པ་ལ་སྤྲུལ་སྐུ་ཡོང་རྫོགས་ཉེས་ཅན་དུ་བརྩིས་ན། རང་ཉིད་ཀྱིས་མཁྱེན་རྒྱ་དེ་སྤྲུལ་སྐུའི་གནས་ཚད་གཏན་འབེབས་བྱེད་པ་ལ་འགྱངས་ཐག་ཧ་ཅང་རིང་པོ་ཡོད་པ་མཚོན་ཐུབ། དེ་ལས་སྔོན་བྱོན་དམ་པ་མང་པོའི་མཛད་བཟང་ལ་རྗེས་དྲན་དང་། ད་ལྟའི་བཅུ་ཕྲག་བོད་ཀྱི་རིགས་གཞུང་འཛིན་སྐྱོང་གཙོ་བོ་སུས་གནང་གི་ཡོད་མེད་ལ་དཔྱད་ཞིབས་སོགས་བགྱིས་པ་ཡིན་ན། མི་རིགས་རང་ཉིད་ཀྱིས་ཞབས་འདྲེན་མི་ཞུ་བས་ཕན་ཐོག་ཅུང་ཡོད། དེ་མིན་སོ་སོས་ཤེས་ཚད་ཀྱིས་གནས་སྟངས་དང་མཐོང་རྒྱ་ཞན་པ་ཧ་མ་གོ་ནས། འཁང་ར་ཡོངས་རྫོགས་བོད་ཀྱིས་བླ་སྤྲུལ་ལ་བྱས་ན། མགོ་རུལ་བ་སྣ་ཡིས་མ་ཚོར་ཞེས་པའི་དཔེ་ལྟར་ཡོང་ཉེན་ཡོད་པའི་གཟབས་འཚལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme