Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབྲ་ཆེན་རུས་མཛོད་རྩོམ་སྒྲིག་གི་བརྡ་ཐོ།

Posted on 2016-10-082016-10-08 By ཁ་བརྡ་ 2 Comments on དབྲ་ཆེན་རུས་མཛོད་རྩོམ་སྒྲིག་གི་བརྡ་ཐོ།

གནས་ཚུལ་གཏོང་མཁན། ཨེ་མ་ཧོ།

 
བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།།
འཇམ་དཔལ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།
བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།།
དེ་ཡང་རང་ཅག་བོད་གངས་ཅན་གྱི་བོད་མི་རྣམས་ཀྱི་མཆེད་ཁུངས་ནི་ཕ་ཡབ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་ཡུམ་བྲག་སྲིན་མོ་གཉིས་སུ་འདོད་པ་ཡིན་ཕྱིར་དེ་ལས་མི་བུ་གདོང་དྲུག་བྱུང་ཚུལ་གསལ་བོ་ཤེས་དགོས། དེ་ཡང་བོད་མི་བུ་རིགས་བཞིའམ། རིགས་ལྔའམ། རིགས་དྲུག་པོ་དེ་དག་བྱུང་ཚུལ་ཡོད་པ་ལས་བཞི་ནི་བསེ་དང་། དམུ་དང་། ལྡོང་དང་། སྟོང་སྟེ་མིང་བཞི་བཏགས་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ལུང་བསྟན་པ་ལྟར་རིགས་བཟང་ངན་གཉིས་སུ་དབྱེ་བ་ཕྱེས་ཤིང་། དེ་ཡང་བསེ་ཡི་ནང་གི་བཟང་བོ་གཙོ་བོ་རྣམས་ལ་བསེ་ཁྱུང་སྦྲ། དེ་བཞིན་དུ་དམུ་ཡི་ནང་གི་རིགས་བཟང་བོ་གཙོ་བོ་རྣམས་ལ་དམུ་ཚ་སྒ། ལྡོང་གི་ནང་གི་རིགས་གཙོ་བོ་རྣམས་ལ་ཨ་སྤོ་ལྡོང་། སྟོང་གི་ནང་གི་རིགས་བཟང་བོ་རྣམས་ལ་ཨ་ཐང་འབྲུ་ཞེས་བརྗོད་པའོ།།

རིགས་རྒྱུད་ལྔའམ། རུས་ཆེན་ལྔ་ཞེས་བརྗོད་པ་རུས་ཆེན་འདི་དག་ལ་དོན་གྱི་མིང་ཡང་འདི་ལྟར་ཡོད་ལ། ལྡོང་ཆེ་གཉན་ཅན་ཞེས་རྒྱལ་ཆེན་མི་བཞི་སོགས་བྱུང་བ་ཆེས་གཉན་ཆེ་ལ། འབྲུ་བྱས་པ་ཅན་ཞེས་དགྲ་ལ་རྒོད་པ་དང་། སྒ་ཡིག་ཚང་ཅན་ཞེས་སློབ་གཉེར་ལ་མཁས་པ་དང་། སྦྲ་མིང་རྣ་ཅན་ཞེས་ཕྱུག་དཔལ་ཆེ་བ། ཞིང་བོ་སྒོ་ཞེས་པ་ལྷ་ཡི་རིགས་དང་ལྔ་ལ་རུས་ཆེན་སྡེ་ལྔ་ཟེར། རིགས་བཟང་བོ་རྣམས་འདི་ལྟར་ཡར་ཕུད་པའི་ལྷག་མ་རིགས་ངན་པ་ཐམས་ཅད་ཕྱིས་སུ་ཚན་པ་གཉིས་སུ་བཅད་དེ། དེ་གཉིས་ལ་ནི། དབའ་ཡི་ཚན་དང་། ཟླ་ཡི་ཚན་དང་། ཞེས་དམངས་སམ་ཚ་ཞིང་གི་གཉིས་སུ་གྱེས་པ་སྟེ། སྔར་གྱི་མི་རིགས་བཟང་བོ་བཞི་དང་། དེའི་ཁར་འདི་གཉིས་བརྩིས་ཏེ། བོད་མི་བུ་རུས་དྲུག་ཡིན་ཞེས་དཔེ་རྙིང་འགར་སྣང་ངོ་། གནའ་མིའི་ངག་རྒྱུན་ལ་སྣང་ཡང་འདི་རྣམས་མཐུན་པར་འདུག་གོ། གནའ་སྒྲུང་ལས་ཀྱང་། མི་བུ་རུས་དྲུག་ཞིང་བོ་སྒོ་དང་བདུན་ཞེས་པ་ཡང་འདི་དང་འགྲིགས་སོ།
བོད་ཀྱི་རུས་ཆེན་ལྔ་བོ་རེ། སྒ་ཤིང་ཁམས། སྒོ་མེ་ཁམས། ལྡོང་ས་ཁམས། སྦྲ་ལྕགས་ཁམས། འབྲི་ཆུ་ཁམས་རྣམས་སུ་བརྩི་བ་དེ་བྱུང་ལ། སྔོན་བོད་འདིར་རུས་ཆེན་ལྔ་འདི་བྱུང་བ་ནས་བཟུང་རང་རང་གི་བླ་ཟོག་དེ་ནི། ལྡོང་གི་ཤ་བ། འབྲིའི་གཡག སྦྲའི་རྐྱང་། སྒའི་ལུག སྒོ་ཡི་བླ་ཟོག་ར་ཡིན་པར་བཞེད་སྲོལ་དེ་བཞིན། རྩིས་གཞུང་དེ་འགྱུར་བ་ནས་བཟུང་སྟེ། སྒ་ནི་ཤིང་ཁམས་ལུག་ལ་བླ། སྒོ་ནི་མེ་ཁམས་ར་ལ་བླ། །ལྡོང་ནི་ས་ཁམས་ཤ་བར་བླ། །སྦྲ་ནི་ལྕགས་ཁམས་རྐྱང་ལ་བླ། །འབྲི་ནི་ཆུ་ཁམས་གཡག་ལ་བླ། །རུས་པ་གཙང་མར་མ་ཤེས་ན། །དེ་ཡང་ལྡོང་ལ་བསྡུ་ཞེས་ཟེར། ། ཞེས་པ་དེའི་རྩིས་བྱ་དེའི་རང་གི་རིགས་གང་ལ་ངོས་འཛིན་དང་བླ་ཟོག་སོགས་དག་པར་མ་ཤེས་ན། ལྡོང་ས་ཁམས་ཡིན་པས་ས་ཁམས་སུ་བརྩིས་ནས་རུས་ཁམས་ཀྱི་ལྡེའུ་དེ་ལྟར་འཇོག་དགོས་པའི་དོན་དང་། ཡང་ན། བྱི་བ་ལ་སོགས་ལོ་སྐོར་བཅུ་གཉིས། དེ་ལའང་བརྡ་མིང་འདི་ལྟ་སྟེ། ཤིང་དང་སྟག་ཡོས་སྟོང་སུམ་ཞེས། །མེ་དང་རྟ་སྦྲུལ་སེང་འ་ཞ། །ལྕགས་དང་བྱ་སྤྲེལ་སྦྲ་ཞང་ཞུང་། །ས་དང་གཤེས་བཞི་རྒྱལ་དྲང་རྗེ། །ཆུ་དང་བྱི་ཕག་ལྡོང་མི་ཉག །ཞེས་འབྱུང་ལ། ཕྱི་ནས་འགྱུར་བའི་གཏོ་ཕུག་ལས། མི་ནི་མི་ཉག་ལྡོང་། མི་ནི་སོ་སྟོང་སུམ་པ། མི་ནི་སྦྲ་རྒྱལ་ཞང་ཞུང་། མི་ནི་སེང་རྒ་འ་ཞ། མི་ནི་རྒྱལ་རྗེ་དྲང་དཀར་ཞེས་ཡུལ་དེ་དག་གི་རྒྱལ་པོའམ། ཡུལ་མི་བོད་ཡུལ་འདིར་བྱུང་བ་ལྟར་ལས་རུས་ཆེན་ལྔ་འདི་བཞེད་པ་ལྟ་བུ་དང་།

ཡང་གཏོ་ཕུག་ལས། སུམ་བྷ་འབྲི་ཡི་རྒྱལ་བོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ། ཞེས་པ་ལ་དཔག་ན། སྔར་བོད་ཀྱི་སྤུ་རྒྱལ་བཙན་པོའི་རིགས་མ་བྱོན་གོང་གི་རྒྱལ་ཕྲན་བཅུ་གཉིས་ཟེར་བ་དེ་སུམ་བྷའི་ཡུལ་ནས་བྱུང་བ་འདྲ་བ་དང་། དཔེ་རྙིང་ལས། ལྡོང་ལ་རུས་ཆེན་བཅོ་བརྒྱད་གྲོལ། སེང་རྒྱལ་འ་ཞ་བུ་དགུ་གྲོལ། ཞེས་པ་དེ་དག་རྣམས་ལ་གཞིགས་ཚེ། བོད་མི་བུ་གདོང་དྲུག་འདི་མཐའ་གཅིག་ཏུ་བྱུང་ཚུལ་དང་ངོས་འཛིན་དཀའ་ན་ཡང་གནའ་མིའི་ངག་རྒྱུན་བྲིས་པའི་དཔེ་རྙིང་ཞིག་ལས། རྒྱལ་བུ་མཐིང་གི་སྲས་ནི་ཨ་མྱེས་ཁྲི་སྡེ་ཆེན་པོ། དེའི་སྲས་ཁྲི་དམ་རྒྱལ་བོའི་སྲས། དེའི་སྲས་ཆེ་བ་ཨ་སྤོ་ལྡོང་། དེ་ནས་ཨ་ལྕགས་འབྲི། བསེ་ཁྱུང་སྦྲ། དམུ་ཚ་སྒ་སོགས་དང་། རྒོ་ལྷ་རིགས། དམངས་དབའ་ཟླ་གཉིས་དང་། བོད་མི་བུ་གདུང་དྲུག་ཡིན་ཏེ། དེ་རྣམས་ཀྱི་རིགས་མཆེད་པ་ཡིན་ཞེས་ཟེར་བ་སོགས་བཞེད་ཚུལ་མི་མཐུན་པ་མང་ཙམ་འདུག་པ་དང་། གཏོ་ཕུག་ལྟར། གནའ་བོའི་རྗེ་གཉའ་ཁྲི་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་།
དེ་བཞིན་སུམ་བྷ་ནས་འབྲི་རིགས། ཞང་ཞུང་ནས་སྦྲ། འ་ཞ་ནས་སྒ་བྱུང་སྟེ་བོད་ཀྱི་རྒྱལ་བོ་རེ་མཛད་པའི་མི་རྒྱུད་མཆེད་པ་ལྟར་འདུག་པ་སོགས་མི་མཚུངས་པ་ཆེར་སྣང་བར་འདུག་པ་དང་། ད་རུང་རུས་མཛོད་ཀྱི་དཔེ་རྙིང་ཁུངས་བཙུན་པ་དག་ལ་གཏུག་དགོས་ཀྱང་། དེ་ལྟར་བོད་མི་བུ་གདོང་དྲུག་བྱུང་ཚུལ་སྣ་ཚོགས་ཤིག་ཡོད་པ་དང་གནད་འདུས་དང་རུས་ཚན་སོ་སོར་རྒྱས་བཤད་བྱས་ན་དགེ་མཚན་ཆེ་བར་མཐོང་ནས་ངེད་དབྲ་ཆེན་རུས་མཛོད་ཚོགས་པའི་བདག་རྐྱེན་ལ་རྟེན་ནས་དབྲ་ཆེན་གྱི་རུས་མཛོད་བདེན་པ་རིན་པོ་ཆེ་ཞེས་བྱ་བ་གསར་རྙིང་དཔེ་བསྡུ་དང་ངག་རྒྱུན་ཞིག་འཇུག་བྱེད་རྒྱུ་མགོ་རྩོམ་བཞིན་པ་ཡིན།
བོད་མི་ས་ཡ་དྲུག་གི་ཆ་ཤས་གཅིག་ཡིན་པར་མོས་ཡོད་པས་ཁྱེད་ཅག་ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཡོངས་ནས་སོ་སོའི་རུས་རྒྱུད་དྲི་མ་མེད་པར་ཤེས་པའི་ཆེད་དུ་དབྲ་ཡི་རུས་མཛོད་ལ་འབྲེལ་འཇོག་གནང་རོགས། རབ་རྩོམ་འབྲེལ། ངག་འབྲེལ། ཡིག་འབྲེལ། རྒྱུ་འབྲེལ། དཀའ་འབྲེལ། ཐ་ན་ཡིག་འབྲུ་ན་ཡན་ཆོད་འབྲེལ་མཇོག་གནང་བར་མཁྱེན།།

གཅིག མི་གྲངས་ཞིབ་འཇུག་གི་གྲངས་ཀ་ཤེས་པ།

གཉིས། ཕ་མེས་ཡང་མེས་ཀྱི་གདོང་རྒྱུད་གསལ་བོ་འབྲི་བ།

གསུམ། དབྲ་ཆེན་རུས་རྒྱུད་ལས་བྱུང་བ་ཚང་མ་ཆད་ལྷག་མེད་པ།

བཞི། ཆོས་འབྱུང་དང་ལོ་རྒྱུས་ཕུག་བཅོལ་ནས་བགྲོ་གླེང་ཡང་ཡང་འཚོགས་པ།ལྔ་ཡང་དག་ཚད་དང་ལྡན་པ་ཞིག་གཏན་ལ་ཕབས་ནས་འགྲེམ་སྤེལ་བྱེད་པ།

དྲུག དབྲ་ཆེན་རུས་རྒྱུད་གཏོགས་པ་ཚང་མ་ལ་རིན་མེད་དེབ་འབྱེད་གནང་བ།

བདུན། ཚོགས་མཆོད་དང་སྨོན་ལམ་ཟབ་རྒྱས་ཀྱིས་མཇུག་བསྡུ་བ་རྣམས་སོ།།

རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་ཞུགས།།
ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ།།
མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོག།
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།

རབ་གནས་མེ་སྤྲེལ་ཁྲུམས་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པར་སྦྲ་ཆེན་ཚོགས་པས་འབོད་སྐུལ་དང་ངོས་ཤྲཱིཿཨེ་མ་ཧོའི་བསམ་ཆ་ལྟར་མདོར་བསྡུས་པ་གངས་ཅན་བོད་རིགས་དབྲ་ཆེན་ཤ་རུས་གདོང་རྒྱུད་གཅིག་པའི་སྤུན་མཆེད་ཡོངས་ལ་དབྲ་ཆེན་རུས་མཛོད་དཔེ་སྒྲིག་ཚོགས་པ་སྤྱི་མགྲིན་ནས་ཕུལ་བར་དགེའོ།། །།

ངོ་སྤྲོད།

Post navigation

Previous Post: སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་བཅར་འདྲི་ཞུས།
Next Post: རོགས་དངུལ་ཨ་སྒོར་ས་ཡ་༢༣ དང་ལས་འཆར།

Comments (2) on “དབྲ་ཆེན་རུས་མཛོད་རྩོམ་སྒྲིག་གི་བརྡ་ཐོ།”

  1. ཀརྡོ་རབ་འབྱམས་པ་ says:
    2016-10-10 at 10:35 am

    ་་་་་་་ རང་ཅག་བོད་གངས་ཅན་གྱི་བོད་མི་རྣམས་ཀྱི་མཆེད་ཁུངས་ནི་ཕ་ཡབ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་ཡུམ་བྲག་སྲིན་མོ་གཉིས་སུ་འདོད་པ་ཡིན་ཕྱིར་དེ་ལས་མི་བུ་གདོང་དྲུག་བྱུང་ཚུལ་གསལ་བོ་ཤེས་དགོས། ་་་་་་་
    ་་་་་་་་་ གཏོ་ཕུག་ལས། སུམ་བྷ་འབྲི་ཡི་རྒྱལ་བོ་ཡང་། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ། ཞེས་པ་ལ་དཔག་ན། སྔར་བོད་ཀྱི་སྤུ་རྒྱལ་བཙན་པོའི་རིགས་མ་བྱོན་གོང་གི་རྒྱལ་ཕྲན་བཅུ་གཉིས་ཟེར་བ་དེ་སུམ་བྷའི་ཡུལ་ནས་བྱུང་བ་འདྲ་་་་་་་་་
    ་་་་་་་་ བོད་མི་ས་ཡ་དྲུག་གི་ཆ་ཤས་གཅིག་ཡིན་པར་མོས་ཡོད་པས་ཁྱེད་ཅག་ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཡོངས་ནས་སོ་སོའི་རུས་རྒྱུད་དྲི་མ་མེད་པར་ཤེས་པའི་ཆེད་དུ་དབྲ་ཡི་རུས་མཛོད་ལ་འབྲེལ་འཇོག་གནང་རོགས། ་་་་་་་་

  2. དབྲ་རུ་སྨྱུག་རྒོད། says:
    2016-11-14 at 1:16 am

    གུས་པར་བསེ་ཁྱུང་དབྲ་ཡི་སྐོར་ལ་དཔྱད་རྩོམ་ཞིག་ཡོད་པར་རིང་མིན་རྩོམ་གཞན་འགའ་དང་མཉམ་དེབ་དུ་དཔར་རེྩིས་ཡོད། དབྲ་ཆེན་རུས་མཛོད་རྩོམ་སྒྲིག་པ་རྣམས་ལ་ཐུགས་ཕན་མཆིས་ན་འབུལ་ངེས་ཡིན་པས་འབྲེལ་བ་གནང་རོགས། གུས་པའི་གློག་འཕྲིན་གོང་དུ་གསལ་བ་དང་། ཁ་པར་ཨང་། ༠༠༩༡ ༩༨༨༢༦༧༡༢༢༢

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme