Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབྱིན་ཡིག་འདི་རྒྱུན་སྤྱོད་ཀྱི་ནུས་པ་ཆེ། བོད་ཡིག་དེ་ཆོས་སྐད་གཅིག་པོ་རེད་ཟེར།། དེ་བདེན་པ་རེད་དམ།

Posted on 2010-06-11 By tenzin 21 Comments on དབྱིན་ཡིག་འདི་རྒྱུན་སྤྱོད་ཀྱི་ནུས་པ་ཆེ། བོད་ཡིག་དེ་ཆོས་སྐད་གཅིག་པོ་རེད་ཟེར།། དེ་བདེན་པ་རེད་དམ།

གྲོགས་པོ་ལགས།

ཁ་སང་བོད་པའི་ན་གཞོན་ཞིག་གིས་དབྱིན་ཡིག་དང་བོད་ཡིག་གཉིས་བསྡུར་ན། དབྱིན་ཡིག་དེ་གཏིང་ཟབ་པ་དང་གོ་ཆོད་པ། བོད་ཡིག་ནི་ཆོས་སྐད་ལས་རྒྱུན་སྤྱོད་ཀྱི་བྱ་བར་ཕན་མི་ཐོག་ཟེར། ཁོས་དཔེ་ཞིག་བཞག་སོང་། ངས་ཁོས་ཟེར་བ་འདི་མ་རེད་ལབ་ཐུབ་མ་སོང་།

ཁོས་ཁྱེད་རང་ཚོས་བོད་ཡིག་དེ་ཡག་རབས་མ་ཤོད། གཤམ་གྱི་དུམ་བུ་འདི་གོ་བདེ་པོ་ཞིག་གི་ཐོག་སྒྱུར་དང་ཟེར།

“A woman will fake orgasm for relationship. A man will fake relationship for orgasm.”

ཁྱེད་ཀྱིས་གཟིགས་ན། གོང་གི་ཚིག་དུམ་དེ་བོད་སྐད་ལ་སྒྱུར་ཐབས་འདུག་གམ།

གསར་འགྱུར།

Post navigation

Previous Post: 2010འཛམ་གླིང་རྐང་སྤོལ་གསེར་བུམ་འགྲན་རྩོད་རེའུ་མིག
Next Post: ང་ཚོ་ལ་མཐོང་ཆུང་རེད།

Comments (21) on “དབྱིན་ཡིག་འདི་རྒྱུན་སྤྱོད་ཀྱི་ནུས་པ་ཆེ། བོད་ཡིག་དེ་ཆོས་སྐད་གཅིག་པོ་རེད་ཟེར།། དེ་བདེན་པ་རེད་དམ།”

  1. འདྲེ་རིག་ལྡན། says:
    2010-06-11 at 3:33 pm

    “Women might be able to fake orgasms. But men can fake whole relationships.”
    བུད་མེད་ཚོས་(ལུས་སྦྱོར་བྱེད་དུས) འདོད་པ་ཚིམས་མདོག་བྱེད་ཅིག་བྱེད་ཐུབ་སྲིད་ལ། བུ་རྣམས་ཀྱིས་རང་གི་འབྲེལ་བ་ཧྲིལ་བོ་ཟོལ་གྱིས་བཅོས་ཐུབ།

    woman will fake ཟེར་ན་དོན་སྐྱོན་རེད།
    གང་ལྟར། ཁྱེད་རང་གི་གྲོགས་པོ་དེའི་སྐད་ཆར་གནས་ལུགས་མི་འདུག་གཏན་ནས་ཟེར་ཐུབ་པ་མི་འདུག མཚམས་ལན་རེར་བོད་ཡིག་ནི་་་ རྒད་པོ་ཞེ་གྱོང་་་མགོ་མཁྲེགས་ཤིག་དང་འདྲ་བར་་་་ ལྡེམ་མྱུར་གང་ཡང་མེད་པ་ཞིག་རེད་འདུག འདི་ལྟར་བཤད་དོན་ནི་་་་་ བོད་ཡིག་གི་ཐོག་ནས་ཚད་བཀག་ཅན་གྱི་བོད་རང་གི་འཚོ་བ་དང་། ཚད་བཀག་ཅན་གྱི་ཁོར་ཡུག་དེའི་སྣང་ཚུལ་ཙམ་གཞི་ལ་བཞག་པའི་ཐོག་ནས་རྩོམ་ཡིག་རེ་བྲིས་ན་ཡང་་་་ སྐབས་ལ་རེར་ད་དུང་མི་འདང་བའི་ཆ་ཐོན་ཡོང་གིན་འདུག གང་ལྟར། ཡིག་སྒྱུར་ལ་མྱོང་འདྲེས་ཏོག་ཙམ་ཡོད་མཁན་ཞིག་ཡིན་ན། འདིའི་གནས་ལུགས་རྟོགས་ཐུབ་རྒྱུ་རེད།

  2. ཁང་གསར་རྡོ་རྗེ། says:
    2010-06-12 at 12:27 am

    “A woman will fake orgasm for relationship. A man will fake relationship for orgasm.”
    བུད་མེད་ཀྱིས་འབྲེལ་ལམ་གྱི་ཆེད་དུ་འཁྲིག་པའི་བདེ་ཆེན་ཚོར་ཁུལ་བྱེད་ཅིང་། སྐྱེས་པས་འཁྲིག་པའི་བདེ་ཆེན་གྱི་དོན་དུ་འབྲེལ་ལམ་བཅོས་མ་འཛིན་གྱི་རེད། འདུག་སེ་བསྒྱུར་ན་གང་འདྲ་འདུག སྤྱིར་བཏང་སྐད་དང་འཚོ་བའི་ཁོར་ཡུག་དབང་གིས། དབྱིན་སྐད་དུ་འབྲི་བརྗོད་བདེ་བ་འགའ་ཞིག་བོད་སྐད་དུ་མི་བདེ་ཞིང་། བོད་སྐད་དུ་བདེ་བ་འགའ་ཞིག་དབྱིན་སྐད་དུ་མི་བདེ། དཔེར་ན། བོད་སྐད་ཀྱི་རྩིད་པ་དང་ཁུ་ལུ་ཟེར་བ་དེ་་ཚོ་དབྱིན་སྐད་དུ་བཤད་མི་བདེ་བ་ལྟ་བུ་རེད།

  3. ཀརྡོ་རབ་འབྱམས་པ་ says:
    2010-06-12 at 5:27 am

    “A woman will fake orgasm for relationship. A man will fake relationship for orgasm.”
    བུད་མེད་ཚོས་འབྲེལ་མཐུན་གྱི་ཆེད་དུ་འཁྲིག་ཚོར་མཐར་ཐུག་ཚོར་ཁུལ་བྱ་བགྱི་རེད།། སྐྱེས་པ་ཚོས་འཁྲིག་ཚོར་མཐར་ཐུག་གི་ཆེད་དུ་འབྲེལ་ལམ་རྫུན་བཟོ་བྱ་བགྱི་རེད།

  4. གཡུ་འབྲུག says:
    2010-06-12 at 6:10 am

    བུད་མེད་ཀྱིས་མཐུན་འབྲེལ་གྱི་ཆེད་དུ་གཡོ་ཟོལ་གྱི་འཁྲིག་བདེ་བསྟེན་ཞིང་། སྐྱེས་པས་འཁྲིག་བདེའི་ཆེད་དུ་གཡོ་ཟོལ་གྱི་མཐུན་འབྲེལ་བསྟེན་པར་བྱེད།

  5. ཀརྡོ་རབ་འབྱམས་པ་ says:
    2010-06-12 at 6:42 am

    “Women might དང་ A woman བསྲེས་ནོར་གྱིས་མང་ཚིག་ཐོལ་འདུག དགོངས་དག གཞན་ནོར་བཅོས་མེད།

  6. གཡུ་འབྲུག says:
    2010-06-12 at 6:52 am

    ཡང་ན།
    བུད་མེད་ཀྱིས་མཐུན་འབྲེལ་ཡོང་ཆེད་དུ་འཁྲིག་བདེ་ཚིམས་ཁུལ་བྱེད་ཅིང་། སྐྱེས་པས་འཁྲིག་བདེ་ཚིམས་ཆེད་དུ་མཐུན་འབྲེལ་ཡོད་ཁུལ་བྱེད།

  7. ཀརྡོ་རབ་འབྱམས་པ་ says:
    2010-06-12 at 7:00 am

    ཚིག་རྗེན་པ་དགོས་ན།
    མོ་ཡིས་འབྲེལ་བའི་ཆེད་དུ་རྒྱོ་ཚིམས་ཁུལ་བྱེད། ཕོ་ཡིས་རྒྱོ་ཡི་ཆེད་དུ་འབྲེལ་བ་བཟོ་ཁུལ་བྱེད།

  8. གཡུ་འབྲུག says:
    2010-06-12 at 8:18 am

    ད་ཡག་པོ་བྱུང་བཞག ག་ཚོད་རྗེན་པ་ཡིན་ན་དེ་ཚོད་གོ་བདེ་བའི་ཁྱད་པར་འདུག

  9. ཁང་གསར་རྡོ་རྗེ། says:
    2010-06-12 at 10:58 am

    ངས་བལྟས་ན་ནི་ང་རང་གིས་བསྒྱུར་པ་དེ་ག་ཡག་ཤོས་བྱུང་ཤག orgasm ནི་འཁྲིག་བདེ་་ལ་བདེ་བ་དང་མཆོག་ཏུ་བདེ་བ། བདེ་བ་ཆེན་པོ་བཅས་སུ་དབྱེ་བའི་ཐ་མ་དེ་རེད། གོང་གི་དབྱིན་ཡིག་ནང་དཀའ་ངལ་ཆེ་ཤོས་orgasm ཟེར་བ་དེ་རེད། དེ་བསྒྱུར་ཐུབ་ན་གཞན་དཀའ་ངལ་ཅི་ཡང་མི་འདུག

  10. གཡུ་འབྲུག says:
    2010-06-12 at 12:24 pm

    འཁྲིག་པ་སྤྱོད་ཚད་ལ་མཆོག་གི་བདེ་བ་ཐོབ་པའི་ངེས་པའང་མེད་པས། ཚིག་གྲུབ་འདི་འདྲ་ཞིག་ཏུ་འཁྲིག་བདེའི་ཆེ་ཆུང་གི་ཞིབ་ཆ་ཐོན་དགོས་པ་ཨེ་ཡོད་བསམ།

  11. ཀརྡོ་རབ་འབྱམས་པ་ says:
    2010-06-12 at 6:20 pm

    ད་བོད་ཡིག་དེ་རྒྱུན་སྤྱོད་ཀྱི་ནུས་པ་འདུག་གམ་མི་འདུག

  12. མེ་ཏོག་དཀར་པོ། says:
    2010-06-13 at 7:29 am

    གོང་གི་གྲོགས་པོ་དེ་ལ་འདི་ཤོད།

    དབྱིན་ཇི་ནི་ནམ་རྒྱུན་གྱི་ཟ་སྐད་འཐུང་སྐད་མ་གཏོགས་ནང་ཆོས་ཀྱི་གོ་དོན་གཏིང་ཟབ་ལེན་པ་ལ་ཕན་ཐོགས་ཡོད་མ་རེད།
    ཡོད་ན་གཤམ་གྱི་འདི་བསྒྱུར་དང།
    དེ་ནས་དཔལ་ལྡན་རྡོ་རྗེ་འཆང། །
    འདུལ་དཀའ་འདུལ་་བ་རྣམས་ཀྱི་མཆོག །
    དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །
    རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །འདི་འདྲ་ཞིག་ལོབ། དེ་ནས་ཁོས་ཅི་ཟེར་བལྟ།
    རྩེད་མོ་ཡིན་ད།
    བསམ་ཚུལ་འདི་འདྲ་འཛིན་མཁན་བཙན་བྱོལ་བོད་མི་ཉུང་ཉུང་ཞིག་གཏན་ནས་མིན། ད་དུང་ཁོང་ཚོས། བོད་ཡིག་ཤེས་ཁག་པོ་འདུག བཀྲ་ཤིས་བདེ་ལེགས་ཀྱི་བཀྲ་བ་བཀྲ་རེད་འདུག མགོ་ཡི་སྐྲ་ས་ཀ་ར་ཅན་གྱི་སྐྲ་རེད་འདུག་སོགས་མདོར་ན་སྒྲ་གདངས་གཅིག་ལ་དག་ཆ་མི་འདྲ་བ་འདི་མགོ་རྙོགས་ཤིག་ཏུ་བརྩི། དེ་བཞིན་བསྒྲུབ་སྒྲུབ་བསྒྲུབས་སྒྲུབས་ལྟ་བུ་ཡང་དེ་འདྲ་རེད། ༼བཀྲ་དང་བཀྲ་ལ་སྒྲ་གདངས་ཁྱད་ཡོད་མེད་འདིའི་བརྗོད་གཞི་དངོས་མིན་༽ ཡིན་ནའང་དབྱིན་ཇིའི་ནང་་་
    to, too, two, ལྟ་བུ་སྒྲ་གདངས་གཅིག་ལ་དོན་སོ་སོ་དང། dear ལྟ་བུ་འདི་དོན་མི་འདྲ་བ་སོ་སོ་ལ་འཇུག་ཚུལ་སོགས་ནི་མགོ་རྙོགས་ཀྱི་གྲས་སུ་འཇོག་གི་མིན་འདུག་པ་དེ་ནི་དབྱིན་ཇིའི་སྐད་ཡིག་ལ་དུངས་ཞིང་དེར་གོམས་འདྲིས་ཆེ་བས་མ་རེད་དམ།

    དེ་འདྲ་ཡིན་ནའང་བདེན་པ་ཁས་ལེན་དགོས་པ་ཞིག་ནི། མཚན་རིག་དང་འབྲེལ་བའི་དངོས་རྫས་ཀྱི་རིགས་སོགས་ལ་ནི་དབྱིན་ཇིའི་སྐད་འདི་ཕྱུག་པོ་ཡོད་པ་དཔེར་ན་ཆུ་ཚོད་ཀྱི་ནང་འཁྲོལ་ནང་ཡོད་པའི་ཆ་ཤས་རེ་རེ་ནས་མིང་འབོད་དུ་ཡོད་པ་དང། བོད་ཡིག་ལ་བསམ་ན་ནང་ཆོས་ཀྱི་གོ་དོན་གཏིང་ཟབ་དེ་ཚོ་ཚིག་རེ་རེནས་གོ་བ་མི་འདྲ་བ་མྱོང་ཐུབ་པ་དེ་འདྲའི་ཁྱད་ཆོས་ཡོད་རེད། དེ་ཚོ་ནི་ཡི་གེ་དེ་དང་དེའི་སྐྱོན་ཞིག་ག་ལ་ཡིན་ཏེ་སྐད་ཡིག་དེ་བེད་སྤྱོད་བྱེད་མཁན་དེས་སྐད་ཡིག་དེ་ཁོར་ཡུག་གང་དུ་བཀོལ་དང་དང་མ་བཀོལ་ལ་རགས་ལས་པས་སོ། ། དེ་ཡིན་དགོས་ཏེ་ཡོངས་གྲགས་སུ་ཐོན་མིས་བོད་ཡིག་འདི་གསར་བཟོ་གནང་བ་ནས་བཟུང་བོད་ཡིག་འདི་ནང་ཆོས་ཁོ་ན་ལ་བཀོལ་བ་མ་ཡིན་ནམ།

  13. ཨ་ནུ་ཐང་བསོད་ནམས། says:
    2010-06-14 at 7:53 am

    མོ་ཡིས་འཁིག་བདེ་འབྲེལ་བའི་ཆེད་དུ་སྟོན།།
    ཕོ་ཡིས་འབྲེལ་བ་འཁྲིག་བདེ་ཆེད་དུ་འཛུགས།།
    དེ་ནི་བོད་སྐད་དང་མཐུན་པའི་ནང་ངོས་གཙོ་གཟུང་གིས་བསྒྱུར་བ་ཡིན་ལ། སྐད་ཡིག་གང་ཞིག་ཡིན་ཡང་ཚིག་སྒྱུར་དང་དོན་བསྒྱུར་གཉིས་སུ་ཡོད་ལ་ལོ་ཙྭ་རྣམས་ཀྱིས་དོན་བསྒྱུར་གཙོ་གཟུངས་བྱེད་པ་ལས་ཚིག་སྒྱུར་བྱེད་སློལ་དཀོན། རྒྱུ་མཚན་ནི་སྐད་གང་ཞིག་ཡིན་ཡང་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པས་ཚིག་གི་ལམ་ནས་ཡོད་ཚེ་བསྒྱུར་དཀའ་བས་ཡིན། དབྱིན་ཡིག་ལ་དམིགས་བསལ་གྱི་རྒྱུན་སྤྱོད་ཀྱི་ཁྱད་ཆོས་ཡོད་པས་འཛམ་གླིང་གི་སྤྱི་སྐད་དུ་གྱུར་བ་མིན་ལ། དབྱིན་གྱིས་མི་སེར་སྤེལ་བའི་ལམ་ལུགས་འོག་ནས་ད་ལྟ་འཛམ་གླིང་གི་སྤྱི་སྐད་དུ་

  14. ཨ་ནུ་ཐང་བསོད་ནམས། says:
    2010-06-14 at 5:54 pm

    མོ་ཡིས་འཁྲིག་བདེ་འབྲེལ་བའི་ཆེད་དུ་སྟོན།།
    ཕོ་ཡིས་འབྲེལ་བ་འཁྲིག་བདེ་ཆེད་དུ་འཛུགས།།
    ཞེས་དང་། དེའི་སྟེང་ཁོ་གསར་གནོ་བྱེད་རྒྱུ།།
    མོ་ཡིས་འཁྲིག་པ་རང་ཉིད་དགའ་ས་སྤྱོད།།
    ཕོ་ཡིས་འཁྲིག་ཆེད་དབུ་མེད་ཀུན་དང་ཉལ།།
    ཞེས་བ་འདི་ནི་བོད་སྐད་དང་མཐུན་པའི་ནང་དོན་གཙོ་གཟུང་གིས་བསྒྱུར་བ་ཡིན་ལ། སྐད་ཡིག་གང་ཞིག་ཡིན་ཡང་ཚིག་སྒྱུར་དང་དོན་བསྒྱུར་གཉིས་སུ་ཡོད་ལ་ལོ་ཙྭ་པ་རྣམས་ཀྱིས་དོན་བསྒྱུར་གཙོ་གཟུང་བྱེད་པ་ལས་ཚིག་སྒྱུར་གཙོ་གཟུང་བྱེད་པ་དཀོན། རྒྱུ་མཚན་ནི་སྐད་ཡིག་གང་ཞིག་ཡིན་ཡང་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པས་ཚིག་གི་ལམ་ནས་ཡོད་ཚེ་བསྒྱུར་དཀའ་བས་ཡིན། དབྱིན་ཡིག་ལ་དམིགས་བསལ་གྱི་རྒྱུན་སྤྱོད་ཀྱི་ཁྱད་ཆོས་ཡོད་པས་འཛམ་གླིང་གི་སྤྱི་སྐད་དུ་གྱུར་བ་མིན་ལ། དབྱིན་ཇིས་ཀྱི་མི་སེར་སྤེལ་བའི་ལམ་ལུགས་འོག་ནས་ད་ལྟ་འཛམ་གླིང་གི་སྤྱི་སྐད་དུ་ཆགས་པ་ཡིན། བོད་ལ་དབྱིན་སྐད་ལྟ་བའི་རྒྱུན་སྤྱོད་ཀྱི་ནུས་བ་ཡོད་མེད་བོད་མི་རྣམས་ཀྱི་བློ་གྲོས་དང་སྟོབས་ཤུགས། རང་སྐད་ལ་གོམས་འདྲིས་ཡོད་མེད་ལ་རག་པ་ལས་ཤིང་། སྐད་ཡིག་དུས་ནམ་ཡང་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་སྟུན་ནས་ཡར་རྒྱས་བཏང་ཆོག་ཅིང་མི་འདང་སར་ཐ་རྙད་གསར་བཟོ་བྱས་ན་ཆོག་ལ། འཛམ་གླིང་གི་རྒྱལ་ཁབ་ཀུན་གྱིས་དེ་ལྟར་བྱེད་ཀྱིན་ཡོད། གལ་སྲིད་སྐད་ཡིག་ཡར་རྒྱས་་མ་བཏང་ན་འཛམ་གླིང་ཐོག་ལོ་རེ་བཞིན་ཐོན་དངོས་གསར་མང་པོ་མིང་མེད་དུ་འགྱུར་བས། རྒྱལ་ཁབ་ཀུན་གྱིས་དེ་མཐུན་གྱི་བརྡ་ཆེད་བཟོས་ཤིང་གཞན་སྐད་ནང་འདྲེན་བྱེད་ཀྱིན་ཡོད་ལ་དེ་ནི་འོས་བ་ཞིག་ཀྱང་རེད། དབྱིན་སྐད་ཀྱིས་གཞན་སྐད་མང་པོ་ནང་འདྲེན་བྱས་ཡོད་ལ། སྐད་ཡིག་གཞན་པས་དབྱིན་སྐད་ལས་ནང་འདྲེན་བྱས་ཡོད། ཡིན་ཡང་ད་ལྟ་དབྱིན་ཡིག་རྒྱལ་སྤྱིའི་སྐད་ཡིག་ཏུ་གྱུར་བའི་སྟབས་དང་སྟུན་ནས་དངོས་གསར་མང་པོ་དབྱིན་སྐད་ལུང་པ་ནས་ཐོན་པས་ཨ་མའི་ཚིག་ཀྱང་དབྱིན་སྐད་ཡིན་པས། ཡར་རྒྱས་ཆེ་བའི་སྐད་ཡིག་ཕྷ་རན་སི་དང་འཇར་མན་སོགས་རྒྱལ་ཁབ་ཀུན་གྱིས་དབྱིན་སྐད་ལས་ཐད་ཀར་ནང་འདྲེན་བྱས་ནས་རང་སྐད་ཀྱི་སྒྲ་སྡངས་ཀྱིས་འདོན་བྱེད་པ་མཐོང་ཆོས་སུ་གྱུར་འདུག དེ་ནི་གནའ་བོ་ལེགས་སྤྱར་གྱི་སྐད་ཡིག་ལྟ་བའི་ཡིན་ལ། ནང་ཆོས་བོད་དུ་འགྱུར་ཡང་ཐ་རྙད་མང་པོ་ལེགས་སྦྱར་དུ་རང་སོ་བཞག་པ་ལྟ་བུ་རེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་བོད་མིས་ཚིག་གསར་བཟོ་མ་ཐུབ་ན་དབྱིན་སྐད་དམ་གཞན་སྐད་ལས་བོད་སྐད་དུ་བླངས་ན་མི་འོས་ཅི་ཡང་མ་མཐོང་། ཤེས་དགོས་པ་ཞིག་ཏུ་བོད་སྐད་ཀྱི་ནུས་པ་ཉམས་ན་བོད་མའི་ནུས་པ་ཉམས་པ་ཡིན་ལ། བོད་སྐད་ཀྱི་རིན་ཐང་དར་ན་བོད་མའི་རིན་ཐང་ཉམས་པ་ཡིན།
    དབྱིན་ཇིས་ཀྱི་ཞན་ཆ་ཆེ་ཤོས་ནི་བྲིས་བ་བཞིན་ཀློག་མི་ཐུབ་ཅིང་། དག་ཆ་ཀློག་འདོན་གྱི་བར་ཆ་ཆེ་བས་དབྱིན་སྐད་སྦྱངས་མཁན་གྱི་ཕྱི་གླིང་ཚོར་དབྱིན་མིས་ལུང་ཁྲིད་མ་ཐོབ་པར་དབྱིན་སྐད་ངེས་ཅན་ཞིག་ཤེས་ཀྱང་། བྲིས་བ་ཡོད་ཚེ་ཀློག་ཏུ་མི་ཐུབ་པས་དབྱིན་ཡིག་གི་མིང་གསར་ཀློག་པའི་ནུས་བ་དཀོན། དཔེར་ན rumor ཡིན་ན་ཀློག་ཚེ་རོའི་མོར་ལྟ་བུ་ཡིན་དགོས་ཀྱང་སྒྲ་སྡངས་དངོས་ནི་རོའི་མའ་ཡིན། semiotics འདི་ལྟ་བ་ཡིན་ཚེ་བསེ་མིའི་འོ་ཁྲེའི་འོ་ཁུ་སུ་ཡིན་ཡང་སྒྲ་དངོས་ནི་བསེ་མེའི་ཡོ་ཁྲེ་ཁུ་སི་ཡིན། persuasion ཡིན་ན་ཕུར་སི་ཨའ་ཤོན་ལྟ་བུ་ཀློག་དགོས་ཀྱང་སྒྲ་དངོས་ཕུར་སི་ཝའ་ཤོན་ཟེར་ནས་ཀློག་དགོས་པས་མི་མང་པོ་ཞིག་གིས་སྨྱོན་པའི་ཡི་གེ་ཟེར་ནས་སྡུག་སྨྲས་འདོན་མཁན་མང་ཡང་། དབྱིན་ཇིས་བཀོད་སྤྱོད་བཏང་མཁན་གྱི་རྒྱལ་ཁབ་ཚོས་དགའ་གུས་ཀྱི་སྤོབས་པ་སྐྱེས་བ་ལས། ཞན་ཆ་འདོད་མཁན་མེད་ལ་སུ་ཞིག་གིས་དབྱིན་ཇིས་ལ་སྐྱོན་བརྗོད་བྱས་ན་མི་མོས་བའི་འདོད་ཚུལ་འཛིན། རྒྱུ་མཚན་ནི་སྐད་ཡིག་སུ་དང་སུ་ཡིན་ཡང་དེ་རྒྱལ་ཁབ་དེ་དང་མི་རིགས་དེའི་ཚེ་སྲོག་ཡིན་ལ་དེའི་མི་རིགས་དེའི་འདུ་ཤེས་འཛིན་སྟངས་ཀུན་ཉར་བས། སྐད་ཡིག་གང་ཞིག་ལ་དམའ་འབེབས་བྱས་ན་མི་རིགས་དེ་ལ་དམའ་འབེབས་བྱས་བ་ལས་ཀྱང་ཉེན་ཚབས་ཆེ་བས་ཡིན། བཙན་བྱོལ་དུ་མཚར་ལོང་བྱུང་བའི་རང་རིས་གཞོན་སྐྱེས་ཁ་ཤས་ཀྱིས་རང་ཉིད་བོད་ཡིག་ལ་དོགས་སྣང་མེད་པའི་འདུ་ཤེས་ངོས་ལེན་མེད་པར། དེ་འགོག་ཆེད་དུ་བོད་ཀྱི་སྐད་ཡིག་ལས་དབྱིན་ཡིག་སླ་ཚུལ་གླེང་ཞིང་། དབྱིན་སྐད་མི་ཤེས་མཁན་གྱི་བོད་རིགས་རྣམས་ལ་འཐོམས་སུ་བཅུག དངོས་གནས་རྒྱ་གར་དུ་གནས་བའི་བོད་ཀྱི་སློབ་གྲྭ་ཐོན་མཁན་ཚོར་དབྱིན་སྐད་ཐོག་སེམས་ནང་གི་སྐད་ཆ་ཡོད་བརྗོད་ཐུབ་མཁན་དཀོན་ལ། སྒྲ་སྡངས་ནི་རྒྱ་གར་གྱི་ཤན་ཞུགས་ཐེབས་པས་སུས་ཀྱང་དབྱིན་ཇིས་ནང་བཞིན་སྐད་ཆ་བཤད་མཁན་མེད། ཁོང་ཚོས་བོད་སྐད་ལ་དམོད་པ་ནི་མི་རིགས་ཚེ་སྲོག་གཅོད་པའི་སྟ་རེ་ཡིན་པ་མི་ཤེས་བས་རེད་ལ། དེས་ཁོ་ཚོའི་སློབ་སྦྱོང་གི་ཆུ་ཚད་ག་འདྲ་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། ཕྱོགས་གཅིག་ནས TCV སློབ་མཐར་ཕྱིན་མཁན་ནི་རྒྱ་སྤྱིའི་དམའ་འབྲིང་གི་ཆུ་ཚད་རེད་ལ། དམའ་འབྲིང་གི་ཆུ་ཚད་ལྡན་པའི་སློབ་མ་ཞིག་གིས་ཡིག་རིགས་གང་ཞིག་གི་ཐོག་ཤེས་ཚད་ངེས་ཅན་ཞིག་ཐོན་མི་ཐུབ། རྩོམ་ཡིག་ངེས་ཅན་ཞིག་འབྲི་བ་ལ་མ་མཐའ་ཡང་མཐོ་སློབ་ཀྱི་ཤེས་ཚད་དགོས་ཤིང་། ཚག་ཤོག་སོགས་རྒྱུན་སྤྱོད་གྱི་རྩོམ་ཡིག་ཀློག་པ་ལ་མ་མཐའ་ཡང་མཐོ་འབྲིང་གི་ཤེས་ཚད་དགོས་བའི་དེ་ཉིད་མ་མཁྱེན་པས་རེད། དབྱིན་ཡིག་བོད་ཡིག་ལས་སླ་བའི་འདོད་ཚུལ་འཛིན་མཁན་ཚོས་དྲང་མོ་བཤད་ན་ཆུ་ཚོད་བཏང་ནས་བོད་ཡིག་སྦྱང་བ་ཕར་བཞག་ནང་ཟླ་གཅིག་གི་ནང་རྩོམ་ཡིག་ཅིག་ཀློག་པ་དཀོན་པས། མ་སྦྱང་ན་ཅི་ཡང་ཤེས་བའི་གནས་མེད་དོ། བོད་སྐད་ཚིག་གཅིག་མི་ཤེས་བའི་ཕྱི་རྒྱལ་པ་ཚོས་ལོ་ངོ་གསུམ་བཞི་ཙམ་གྱི་རྗེས་སུ་བོད་སྐད་བཤད་ཅིང་བོད་ཡིག་ཐོག་གོ་བའང་གང་མཚམས་ལེན་ན། བོད་མི་རྣམས་ཀྱིས་ཡག་པོ་སྦྱང་ན་ལོ་བཞི་ལྔའི་ནང་བོད་ཡིག་འབྲི་ཀློག་ངེས་ཅན་ཐུབ་པ་སྨྲོས་མེད་མ་རེད་དམ། མིང་རྐྱང་དང་རྒྱན་ཚིག བྱ་བའི་རྒྱན་ཚིག་སོགས་ཡོད་ཚད་འགྱུར་ཞིང་མཐའ་ན་ང་དང་ཁོ། མོ་དང་ཁྱེད། ཁོང་ཚོ་དང་དེ་ཚོ་སོགས་ཀྱི་རྗེས་སུ་ཞུགས་པའི་ཡི་གེ་ཡོད་ཚད་སྒྱུ་འཕྲུལ་ལྟར་འགྱུར་ཞིང་། སུམ་རྟགས་ཀྱི་གཞུང་ལ་སྒྲིག་གཞི་དམ་པོ་མེད་ཅིང་། ཚིག་འཕྲད་ཕལ་ཆེར་གོམས་སྐད་ལས་བློ་འཛིན་བྱེད་པའི Czech, Poland, Rasia, Germany, Slovakia. ཆེ་ཁུ་དང་ཕོ་ལན་དྲི། ར་ཤི་ཡ་དང་འཇར་མན་སོགས་ཀྱི་ཡི་གེ་སྦྱང་བ། ཁོང་ཚོའི་མིས་དཀའ་ངལ་དུ་མི་འདོད་ཅིང་དེ་ལས་འགན་དུ་བརྩིས་ནས་རང་སྐད་ཐོག་ཐམས་ཅད་ད་ལྟ་སློབ་འབྲིང་གི་ཆུ་ཚད་ལྡན་ལ། ཤད་ལས་མང་པ་མཐོ་སློབ་ཀྱི་ལག་ཁྱེར་རེག་མཁན་རེད། ཁོང་ཚོས་རང་ཉིད་ཀྱི་སྐད་ཡིག་ལ་རིན་ཐང་སྤྲད་ཅིང་། དེར་སྐལ་བ་མ་འཇིག་བར་དུ་གནས་རྒྱུའི་འདུ་ཤེས་འཛིན་པས། ཅིས་ཕྱིར་བྱ་ཚིག་ཁོ་ན་ལས་འགྱུར་བ་མེད་ཅིང་། ཚིག་འབྲི་ཐུང་བའི་བོད་ཡིག་བོད་ཀྱི་མི་རབས་གསར་བ་རྣམས་ལ་སྦྱང་རྒྱུ་ཁག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
    དཔེར་ན་ཆེ་ཁུའི་སྐད་དུ་slyset གོ stiskenet se, གནོན slunce.ཉི་མ mesc ཟླ་བ hvezda སྐར་མ་བཅས་ཀྱི་ཚིག་འབྲི་རེ་རེ་བོད་ཡིག་གི་བརྡ་ཆེད་ཀློག་པ་བཞིན་རིང་ལ་ཚིག་འབྲི་རེ་རེ་བྱ་ཚིག་དང་། མིང་ཚིག་གི་ཁྱད་པར་མེད་པར་རྣམས་གྲངས་མི་འདྲ་བར་བདུན་དུ་འགྱུར་ཡང་། ཁོང་ཚོས་དེ་ནི་ཆེ་ཁའི་མཐུན་མིན་གྱི་ཁྱད་ཆོས་ཟེར་ནས་དགའ་བ་སྒོམ་པ་ལས། བཙན་བྱོལ་གྱི་གཞོན་སྐྱེས་ཁ་ཤས་བཞིན་ཆེ་ཁུས་རང་སྐད་ལ་དགག་པ་རྒྱག་མཁན་མེད་ལ་སྦྱང་རྒྱུ་ཁག་པའི་སྡུག་སྨྲས་འདོན་མཁན་མི་འདུག དེ་ལས་ཟློག་སྟེ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ལྡན་ལ་ཆེ་ཁུའི་མེས་པོ་ཚོ་འཇན་མན་གྱི་བཙན་གནོན་འོག༡༥༢༦ལོར་ནས་༡༩༡༨བར་བསྡད་ཅིང་། ར་ཤི་ཡའི་དམར་བོའི་འོག་ནས་ལོ་ངོ་སུམ་བཅུ་ཙམ་བསྡད་ཀྱང་སྐད་ཡིག་མ་བརླགས་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་ཁུའི་མི་མང་གིས་བློ་སྤོབས་སྐྱེས་བཞིན་ཡོད་ལ། དེ་ནི་ཆེ་ཁུས་མེས་པོ་ཚོས་སྐད་ཡིག་འདི་ཆེ་ཁུའི་བླ་སྲོག་ཡིན་པ་སྔ་མོ་ནས་ངོས་ཟིན་པས་རེད། གནས་ཚུལ་འདིས་འཛམ་གླིང་གི་མི་མང་ལ་ཆོད་སེམས་དང་བློ་སྤོབས། ཤེས་རིག་ལྡན་ན་སུ་གང་གིས་ཀྱང་སྐད་དང་ཡི་གེ་གཞོམ་དུ་མི་ཐུབ་པ་གསལ་བྱེད་བྱས་ཡོད། བློ་གྲོས་མེད་ན་དང་ཨ་ཧྥུ་རི་ཁ། མེ་སི་ཁོ་དང་བྷའ་གཟར་ལྟ་བུ་རེད། ལོ་ངོ་བརྒྱ་དང་གཉིས་བརྒྱ་ཙམ་ཞིག་གཞན་འོག་ཏུ་གནས་ན་མི་འབོར་ཅི་ལྟར་མང་ཡང་། སྐད་ཡིག་ཉམས་རྒྱུ་ལས་མེད།་འཛམ་གླིང་གི་ལོ་རྒྱུས་དེས་རང་རིགས་གཞོན་སྐྱེས་རྣམས་ལམ་ཁ་གཉིས་སྤྲད་ཅིང་གང་དུ་འགྲོ་མིན་གདམས་གསེས་ཀྱི་སློབ་སྟོན་གནང་ཡོད། བོད་ཀྱི་གཞོན་སྐྱེས་ཚོ། ཁྱེད་ཚོ་ཆེ་ཁུའི་མེས་པོ་ཚོས་ལམ་དུ་འགྲོ་འམ་ཨ་ཧྥུ་རི་ཁ་སོགས་ཀྱི་བགྲོད་ལམ་དུ་འགྲོ། ཆེ་ཁུ་ས་ཡ་བཅུ་དང་གསི་ལོ་བཱ་ཁུ་ས་ཡ་ལྔ་ཡིས་འཇར་མན་ས་ཡ་བརྒྱད་བཅུ་འོག་ནས་སྐད་ཡིག་བོར་བརླགས་སུ་མ་ཕྱིན་པ་ནི་འཛམ་གླིང་གི་སྟེང་བཙན་གནོན་མྱོང་བཞིན་བའི་མི་རིགས་ཚོར་ཆེས་ཤིན་ཏུ་དཀོན་པའི་སློབ་སྟོན་ཞིག་མ་ཡིན་ནམ།

  15. བསིལ་རླུང་ says:
    2010-06-15 at 12:04 am

    དབྱིན་སྐད་དེ་རྒྱུན་སྤྱོད་ཀྱི་ནུས་པ་ཆེ་ལ་བོད་ཡིག་དེ་ཆོས་སྐད་ཁོ་ནར་བལྟ་མཁན་དེ་ཕལ་ཆེར་ཚོད་དཔག་བྱས་ན་མགོ་སེར་རྨོ་རྨོ་ཞིག་གི་མག་པ་ཨ་སྒོར་གྱིས་བསླུས་པའི་མི་ཞིག་མིན་ནམ་སྙམ་པ་ཞིག་འོང་སོང་། དེ་ནི་ང་གཅིག་བུ་ཡིན་གྱི་མ་རེད། ཡིན་ན་ཡང་བོད་ཡིག་དེ་ཆོས་སྐད་གཅིག་པོ་མ་གཏོགས་མི་ཡོང་ཟེར་སྟངས་ལ་བལྟས་ན་ཆོས་ལ་དེ་ཙམ་གྱི་མོས་པ་མེད་མཁན་ཞིག་རང་བཞིན་གྱིས་ཤར་ཡོང་གི་འདུག གང་ལྟར་ཡང་བོད་པ་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་ཞིག་ཞུ་དགོས་ཀྱི་རེད་འདོད། གྲོགས་པོ་ཁྱེད་ཀྱིས་མ་གཞི་བོད་ཡིག་དེས་རྒྱུན་སྤྱོད་ཀྱི་ནུས་པར་ཕན་ཐོག་མེད་པར་དགོས་མེད་གཅིག་ཏུ་མཐོང་གི་ཡོད་ན་རྒྱུ་མཚན་ཡང་དག་ཅིག་བགྲང་རོགས་དེ་མེད་ན་སྤྱི་ཚོགས་ནང་དེ་འདྲ་མ་གསུང་རོགས། ད་སྐབས་བཙན་བྱོལ་གཞུང་དང་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་གིས་ཀྱང་དེ་ལྟར་མཐོང་ནས་འཇིག་ལ་ཉེ་བའི་བོད་ཡིག་གི་སྲོག་སྔ་ཆད་གྲབས་ཡོད་པ་དེ་ ང་ཚོས་དགོས་པ་དང་རྒྱུ་མཚན་མང་པོ་ཞིག་ལ་བལྟས་ཏེ་ད་དུང་སླར་གསོ་ཡོང་ཐབས་ལ་འབད་པ་བྱེད་ཀྱི་ཡོད་པ་རེད། དེ་མིན་ཁྱེད་ཉིད་སྤྱི་ཚོགས་འདི་དང་འཁོར་ཡུག་འདི་ལ་དུང་བ་མེད་ན་རང་ཉིད་རྒྱང་དུ་ཆས་ཀྱང་ང་ཚོས་ལག་བརྡ་ཙམ་ཡང་བྱེད་ཀྱི་མིན། ཡང་གཞན་ཞིག་ནས་བོད་ཡིག་ལ་དུང་བའི་དབང་གིས་ཡིན་ན་རང་ཉིད་ཀྱིས་འབད་པས་བསླབ་དགོས་པར་སྣང་ཡང་ཕན་ཐོག་མེད་པར་བལྟ་མཁན་ཞིག་གིས་དེ་འདྲ་དཔེ་མི་སྲིད། མཇུག་མཐར་ངས་སྤྱི་ཚོགས་ནང་ཕན་མ་ཐོག་ན་གནོད་མ་སྐྱེལ་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན།

  16. ཨ་ནུ་ཐང་བསོད་ནམས། says:
    2010-06-15 at 2:55 am

    ཕྲན་གྱིས་གོང་དུ་ཁོ་བོས་གསར་སྣོན་བཤད་རྒྱུ་ཞེས་བ་དག་ཆ་ཁོ་གསར་གནོ་ཟེར་བ་ནོར་བཅོས་དང་འབྲེལ་ཞུ་རྒྱུ། Orgasm ནི་དབྱིན་སྐད་མིན་ལ་ཌིན་ཡིན་པས་ཡོ་རབ་ཀྱི་རྒྱལ་ཁབ་མང་པོས་སྔ་མོ་ནས་ད་བར་ཚིག་འདི་བེད་སྤྱོད་བཏང་བཞིན་འདུག དོན་སྒྱུར་བྱས་ན་འདོད་པའི་མཐའ་ཐུག་བདེའམ་འཁྲིག་པའི་མཐའ་བདེ་རྙེད་པར་གོ བསྔགས་བླ་མེད་དུ་གསུངས་ན་བདེ་སྟོང་མཉམ་སྦྱོར་དུ་གོ་ཆོག་ཀྱང་དབྱིན་སྐད་ལ་དེ་ལྟར་སྟོང་ཉིད་དང་ཤེས་རབ་ཏུ་མཉམ་སྐྱེས་བའི་འདོད་བདེའི་ཐ་སྙད་གཏན་ཟབ་མེད་པས་མིང་ཚིག་དེ་ orgasm དུ་སྒྱུར་ན་བཙན་དྲག་འདུག

    A woman will fake orgasm for relationship. A man will fake relationship for orgasm.”

    གོང་གི་སྒྱུར་དོན་ཅུང་ཁ་གསར་བཏང་ན།

    མོས་ཡིས་མཐའ་ཐུག་འདོད་བདེ་རྙེད་ཁུལ་གྱིས།།
    འབྲེལ་བའི་ནང་ན་འབྲེལ་བའི་དངས་མ་འཚོལ།།
    ཕོ་ཡིས་མཐའ་ཐུག་འབྲེལ་བ་རྙེད་ཁུལ་གྱིས།།
    འཁྲིག་བདེ་ནང་ནས་མཐའ་ཐུག་བདེ་བ་འཚོལ།།

  17. ཨ་ནུ་ཐང་བསོད་ནམས། says:
    2010-06-15 at 2:59 am

    བསིལ་རླུང་གི་སྐད་ཆ་ལ་ཡིད་རངས་ཡོད།

  18. སྡེ་དགེ་འཇིགས་མེད། says:
    2010-06-16 at 1:44 am

    བོད་མི་རིགས་ཀྱི་ཆོས་སྲིད་རིག་གནས་དཔལ་འབྱོར་བཅས་གོང་འཕེལ་ཡོང་ཕྱིར་བོད་རིགས་ཡོངས་ལ་སྤྱི་སྐད་གོ་བདེ་ཞིག་ངེས་པར་དགོས་སོ།

    ལྷ་སའི་ཕྱོགས་ནས་གི་ལ་གིས་ཞེས་འབོད།
    བྱེད་འབྲེལ་ཐ་དད་འབྱེད་པའི་སྒྲ་གདངས་མེད།

    ནང་ཆེན་པ་ཡིས་འབྲུ་ལ་འབུ་ཞེས་འབོད།
    ར་བཏགས་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།

    མགོ་ལོག་གསེར་རྟས་ཤིང་ལ་ཤང་ཞེས་འབོད།
    གི་གུ་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།

    མངའ་རིས་ཕྱོགས་ནས་མེད་ལ་མེ་ཞེས་འབོད།
    རྗེས་འཇུག་ཡོད་མེད་འབྱེད་པའི་སྒྲ་གདངས་མེད།

    མཚོ་སྔོན་ཕྱོགས་ནས་མཆོད་ལ་མཆོལ་ཞེས་འབོད།
    རྗེས་འཇུག་ད་ཡི་སྒྲ་གདངས་ཕལ་ཆེར་མེད།

    ལྷོ་ཁའི་ཕྱོགས་ནས་སྤྲེལ་ལ་སྤེལ་ཞེས་འབོད།
    ར་བཏགས་ཡོད་པའི་སྒྲ་གདངས་ཤིན་ཏུ་དཀོན།

    རྫ་ཆུ་ཁ་དང་མི་ཉག་འབྲོག་པ་ཚོས།
    གསལ་བྱེད་༼ག༽ལ་༼ཀ་ཆུང༽་ཞེས་སུ་བཏགས།
    གསལ་བྱེད་༼ཆ་༽ལ་༼ཅ་རིལ་༽ཞེས་སུ་བཏགས
    གསལ་བྱེད་༼ད་༽་ལ་ཏ་གཟེད་ཅེས་སུ་བཏགས།

    དེ་ལྟར་ཡུལ་ལུང་སོ་སོའི་འདོན་ཚུལ་དང་།
    སྐད་གདངས་སོགས་ལ་བརྟགས་ཅིང་དཔྱད་པ་ན།
    གཞུང་དང་མཐུན་ཞིང་ཀུན་གྱིས་གོ་བདེ་བའི།
    སྡེ་དགེའི་བོད་སྐད་ཕུན་སུམ་ཚོགས་པར་མཐོང་།

    སུམ་བརྟགས་གཞུང་བཞིན་སྒྲ་གདངས་ཐོན་པ་དང་།
    བོད་ཀྱི་བཙན་པོའི་ཡིག་སྐད་མ་ཉམས་པ།
    སྨྲ་བའི་སྡེ་དགེའི་སྐད་ཀྱི་སྒྲ་གདངས་འདི།
    གངས་ཅན་སྤྱི་སྐད་འོས་པའི་སྐད་གདངས་ཡིན།

    དབུས་གཙང་ཨ་མདོ་ཁམས་དང་འབྲུག་པ་ཚོས།
    སྡེ་དགེའི་སྐད་འདི་མྱུར་དུ་གོ་ཐུབ་པས།
    བོད་ཁམས་བསྟོད་སྨད་བར་གསུམ་ཐམས་ཅད་ལས།
    སྡེ་དགེའི་སྐད་འདི་སྤྱི་སྐད་འདེམས་པར་འོས།

    དེ་ལྟར་ཡིན་མིན་ཡུལ་ལུང་སོ་སོ་ཡི།
    མི་རྣམས་མཉམ་དུ་འཛོམས་ནས་དཔྱད་ན་ཤེས།
    སོ་སོའི་ཡུལ་སྐད་རྒྱུན་འཛིན་བྱེད་བཞིན་དུ།
    བོད་པའི་སྤྱི་སྐད་དར་བའི་བཀྲ་ཤིས་ཤོག །

    བོད་རིགས་ཡོངས་ལ་སྤྱི་སྐད་གོ་བདེ་ཞིག་ངེས་པར་དགོས་སོ།

  19. མེ་ཆ་། says:
    2010-06-20 at 12:23 pm

    གོང་གི་མཆན་༡༤ བ་འདི་། བོད་པ་འཚོར་ལམ་བསྟོན་སླབ་བྱ་དགྲ་ལས་རྣམ་རྒྱལ་ ཞེས་མཚན་ཅིག་འཕུལ་བ་ཡིན་། མི་འགྲིག་ན་དགོངས་དག་ཞུ་རྒྱུ་ཡིན་། ཨ་ནུ་ཐང་བསོད་ནམས་ལགས་ཐུགས་རྗེ་ཆེ་ཆེར་ཞུ་།

  20. ཨ་ནུ་ཐང་བསོད་ནམས། says:
    2010-06-20 at 3:37 pm

    མེ་ཆ་ལགས།
    སྐུ་ཉིད་ཀྱིས་ཕྲན་གྱི་མཆན་ལ་མིང་གནང་པ་ནི་ཧ་ཅང་ལེགས་པས་ཐུགས་རྗེ་ཆེ། ངས་བསམ་ཚུལ་འདི་མགྱོགས་པོར་བྲིས་ཤིང་ཐད་ཀར་མཆན་དུ་བཀོད་རྐྱེན་ཆད་ལྷག་མི་ཉུང་པ་ཞིག་ཡོད་པས། དག་བཅོས་ཀྱིས་ཁྱེད་ཀྱིས་བཏགས་པའི་མིང་བེད་སྤྱོད་བྱེད་ངེས་ཡིན།

  21. འཁྲིག་སྤྱོད་མཁན་པོ་ says:
    2011-05-20 at 10:49 pm

    དབྱིན་ཇིའི་སྐད་དུ་orgasm བོད་སྐད་དུ་ཐ་སྙད་མེད་པ་མིན། དེ་ཡང་ཕལ་སྐད་ཀྱི་དབང་དུ་བྱེད་ན་བཞུ་བདེ་དང་ཆོས་སྐད་ཀྱི་དབང་དུ་བྱེད་ན་འཛག་བདེ་ཞེས་གསང་སྔགས་ཀྱི་གཞུང་མང་པོའི་ང་ཡོད། འདི་ལ་འབྲེལ་བ་ relationship་ཞེས་པ་སྤྱིར་བཏང་གི་འབྲེལ་བ་ཙམ་མ་ཡིན་པ་ཕོ་མོའི་འབྲེལ་བ་ཡིན་སྟབས་འབྲེལ་བའི་ཚབ་དུ་བརྩེ་བ་ཟེར་ན་སྒྲ་གོ་བདེ་བ་འདུག།
    བུད་མེད་བརྩེ་བའི་ཆེད་དུ་འཛག་བདེ་ཡོད་ཁུལ་བྱེད། འཛག་བདེའི་ཆེད་དུ་བརྩེ་བ་ཡོད་ཁུལ་ཁྱོ་ཡིས་བྱེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme