Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབྱིན་ཇའི་བླ་མ་མ་ཆོས་ལ་ཕུལ་བའི་བདེན་དར་དཀར་པོ།

Posted on 2015-06-242015-06-24 By ཁ་བརྡ་ 2 Comments on དབྱིན་ཇའི་བླ་མ་མ་ཆོས་ལ་ཕུལ་བའི་བདེན་དར་དཀར་པོ།

ཨེ་མ་ཧོ།

 
མཁྱེན་རབ་ཐོགས་མེད་ཤེས་བྱའི་ནམ་མཁའ་འཇལ།།
བརྩེ་ཆེན་མཚུངས་མེད་བྱམས་སེམས་ཉི་མའི་གཉེན།།
ཟུང་འཇུག་བདེ་ཆེན་རབ་གསལ་ཟླ་བའི་འོད།།
སྙིང་གི་མུན་སེལ་བླ་མས་དུས་ཀུན་སྐྱོང་།།
འཇིག་རྟེན་ཆོས་བརྒྱད་ཞེན་པས་མ་འཆིང་བར།།
མཁྱེན་བརྩེ་ནུས་ལྡན་བླ་མའི་བཀའ་བཞིན་སྒྲུབ།།
སྲིད་ལས་ངེས་པར་འབྱུང་བའི་དགེ་སློང་ཆེ།།
དབྱིན་བླ་མ་ཆོས་བླ་མའི་སྐུ་ཚེ་བརྟན།།
བརྒྱུད་གསུམ་རིག་འཛིན་བླ་མའི་བཀའ་བཞིན་འཛིན།།
ཐེག་གསུམ་ཆོས་ཀྱི་དཔལ་ཡོན་ཡོངས་སུ་སྐྱོང་།།
རྒྱལ་བསྟན་བཤད་སྒྲུབ་ཕྲིན་ལས་ཕྱོགས་ཀུན་སྤེལ།།
བྱང་སེམས་མ་ཆོས་བླ་མའི་སྐུ་ཚེ་བརྟན།།
གནའ་དེང་རིག་པའི་གནས་ལུགས་མཁྱེན་རྒྱ་ཅན།།
གསང་ཆེན་སྔ་འགྱུར་སྔགས་ཀྱི་དག་སྣང་ཅན།།
བསྐྱེད་རྫོགས་རྫོགས་པ་ཆེན་པོའི་སྒོམ་པ་ཅན།།
རིག་འཛིན་མ་ཆོས་བླ་མའི་སྐུ་ཚེ་བརྟན།།
སྐུ་ཚེ་བརྟན་པ་གཡུང་དྲུང་རིན་པོ་ཆེ།།
གསུང་ཆོས་འཛམ་གླིང་ཁྱབ་གདལ་རིན་པོ་ཆེ།།
ཐུགས་རྗེ་བྱང་སེམས་བདག་ཉིད་རིན་པོ་ཆེ།།
དབྱིན་བླ་མ་ཆོས་རིན་ཆེན་ཞབས་བརྟན་ཤོག།

11223641_1040454149313101_4139148344988594009_n

ཅེས་པ་རབ་རྒྱན་ཤིང་ལུག་སྨྲོན་ཟླའི་ཡར་ངོའི་ཚེས་བཟང་ལ་ཐོ་རངས་སྟག་གི་དུས་སུ་མཁྱེན་བརྩེ་རབ་གསལ་ཟླ་བ་མཇལ་སྤྲོ་དང་།ཀློང་ཆེན་མཛོད་བདུན་ཡོངས་རྫོགས་བཀླགས་པའི་རྨི་ལམ་ཡ་མཚན་ཅན་རྨིས་པ་དང་དབྱིན་ཇིའི་བླ་མ་མ་ཆོས་སྐོར་ལ་གླེང་སློང་དང་མ་ཆོས་མཆོག་གིས་དགེ་མང་མཁན་ཆེན་དབང་ལོ་རིན་པོ་ཆེས་ཡོན་ཏན་མཛོད་ཀྱི་རྩ་འགྲེལ་གྱི་དཔེ་ཆའི་སྐོར་གྱི་བཀའ་མོལ་དྲན་པའི་མོད་ལ་གང་ཤར་དུ་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནན་ཚོགས་འཁོར་སྐབས་སུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་ཤྲྰི་ཨེ་མ་ཧོས་དེ་ཉིད་དུ་སྐུ་ཚེ་བརྟན་པའི་གསོལ་འདེབས་སུ་བགྱིས་པར་དེ་དེ་བཞིན་འགྲུབ་པར་གྱུར་ཅིག་གུ།།

སྙན་ངག

Post navigation

Previous Post: དོལ་རྒྱལ་ཚོགས་པ་དང་རྒྱ་ནག་གུང་ཁྲན་བར་གྱི་འབྲེལ་བ།
Next Post: སྲིིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་སྐོར།

Comments (2) on “དབྱིན་ཇའི་བླ་མ་མ་ཆོས་ལ་ཕུལ་བའི་བདེན་དར་དཀར་པོ།”

  1. པདྨ says:
    2015-06-25 at 10:28 am

    ངོས་ནས་ནམ་རྒྱུན་ཨེ་མ་ཧོའི་ངག་རྩལ་ལ་དད་གུས་ཡོད་ཀྱང་ཟླ་འདིར་རྒྱ་བླ་སྨད་དབྱིན་བླ་མ་བསྟོད་པ་དག་ཡག་པོ་ཚོར་མ་སོང་བས་དགོངས་དག་ཞུ།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-06-26 at 11:13 am

    རང་བཞིན་བརྗོད་ན།
    ཨིན་ཇིའི་མ་ཆོས།
    བོད་ལུགས་ཆོས་པ།
    རྙིང་མའི་གྲྭ་པ།
    ༸སྐུ་ཡི་གསུང་སྒྱུར།
    ཚན་ཆོས་མཁས་པ།
    ནོར་ན་ཆོས་ཤིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme