Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབྱིག་གཉེན་ལགས་དེ་རིང་རྙོག་དྲ་བྱུང་སོང་ངམ།

Posted on 2015-03-192015-03-19 By ཁ་བརྡ 16 Comments on དབྱིག་གཉེན་ལགས་དེ་རིང་རྙོག་དྲ་བྱུང་སོང་ངམ།

ནམ་མཁའ།

unnamedགོང་གི་རྩོམ་བྱང་འདི་ཤེས་རིག་བཀའ་བློན་གྱིས་གྲོས་ཚོགས་ནང་གསལ་བཤད་བྱས་པའི་ཚིག་ཞིག་ཡིན་པ། བོད་ཀྱི་དུས་བབ་བཀླགས་ཡོད་མཁན་ཚོས་མཁྱེན་ངེས་ཡིན། དྲི་བ་འདི་འདྲི་མཁན་ནི། གཞན་ཞིག་མ་ཡིན་པར་བྱང་ཨ་རིའི་ནེའུ་ཡོག་སྐུ་ཚབ་དོན་གཅོད་རེད། དབྱིག་གཉེན་གྱིས་ཀྱང་མགོ་འཛུགས་དུས་རྙོག་དྲ་ཕྲན་བུ་བྱུང་སོང་ཞེས་ལན་འདེབས་གནང་འདུག་པས། རྙོག་དྲ་བྱུང་ཡོད་མེད་ཀྱི་དྲི་བ་འདིར་བསམ་གཞིགས་བྱས་ནས་རྩོམ་འཆལ་འདི་འབྲི་འདོད་སྐྱེས།

སྤྱིར་གསུམ་བཅུ་གང་ཡིན་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བཀོད་སྒྲིགས་བྱས་ཏེ། གསུམ་བཅུ་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་ལ། སྐབས་དེར་བཀའ་སྤྱིའི་ངོས་ནས་གསུངས་བཤད་གནང་སྲོལ་བྱུང་ནས་ལོ་ངོ་ལྔ་བཅུ་བརྒལ་སྟེ་ད་ལོ་གསུམ་བཅུ་དུས་དྲན་ཐེངས༥༦ ཕྱིན་ཡོད།

ཟླ་འདིའི་གསུམ་པའི་ཚེས་༩ ནས་བཟུང་། ངྷ་སའི་བུད་མེད་ཚོགས་པ་དང་དགུ་བཅུ་གསུམ་ཚོགས་པས་མགོ་བརྩམས་ཏེ་རྙོག་གླེང་གི་རླུང་འཚུབ་བྱུང་འདུག   དེ་ཡང་ཟླ་འདིའི་ཚེས་དགུ་ཉིན་ངྷ་སའི་གཞོན་ནུ་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ད་ལོའི་༣/༡༠ དུས་དྲན་སྲུང་བརྩི་བྱེད་ཕྱོགས་སྐོར་ལ་ཚོགས་འདུ་བསྐོངས་སྟེ། སྐད་འབོད་དང་འབོད་ཚིག་སོགས་ལ་གྲོས་མོལ་བྱས་སྐབས།ཚོགས་པ་ཁག་གི་འབོད་ཚིག་གཏན་འཁེལ་བྱེད་དགོས་མིན་དང་། ཡང་ན་མི་དམངས་ཀྱི་ལག་ཏུ་བཞག་སྟེ་འདོད་མོས་ལྟར་འབོད་ཚིག་སྒྲོགས་མིན་གྱི་བསམ་ཚུལ་མ་མཐུན་པར། བུད་མེད་ཚོགས་པ་དང་དགུ་བཅུ་གསུམ་ཚོགས་པ་གཉིས་ཀྱིས་མི་དམངས་ཀྱི་ལག་ཏུ་འཇོག་འདོད་ཀྱི་བསམ་ཚུལ་དེ་ལ་མོས་མཐུན་མ་བྱས་པར། གསུམ་བཅུ་དུས་དྲན་སྲུང་བརྩིའི་བཀོད་སྒྲིག་ཚོགས་ཆུང་ནས་ཕྱིར་འཐེན་བྱས་འདུག

གང་ལྟར་ཡང་༣/༡༠ ཉིན་ངྷ་སའི་བུད་མེད་ཚོགས་པ་དང་དགུ་བཅུ་གསུམ་ཚོགས་པའི་བསམ་ཚུལ་ལ་ནུས་པ་མ་ཐོན་པར་ངྷ་སའི་འབོད་ཚིག་མི་དམངས་ཀྱི་ལག་ཏུ་བཞག་སྟེ་གསུམ་བཅུ་དུས་དྲན་ཐེངས་༥༦ པ་སྲུང་བརྩི་བྱས་ཡོད། ཡིན་ཡང་ངྷ་སའི་མི་དམངས་ལ་ནུས་པ་མ་ཐོན་ཀྱང་། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊའི་མི་དམངས་ལ་ནུས་པ་ཅུང་ཟད་ཐོན་ཏེ་འབོད་ཚིག་གཞན་མེད་པར་ཆོས་སྐོར་ལ་འགྲོ་བ་བཞིན་༼བྱང་ཆུབ་སེམས་མཆོག་༽དབྱངས་སུ་གྱེར་ནས་༣/༡༠ ཐེངས་༥༦ པ་དུས་དྲན་སྲུང་བརྩི་བྱས་པ་ཞིག་དྲ་ཐོག་ན་འཁྱམས་ནས་འགྲོ་བཞིན་པ་དྲ་གྲོགས་མང་པོས་མཐོང་ཡོད་སྲིད།

དེ་ལས་ཀྱང་ཐབས་སྐྱོ་བ་ཞིག་ནི། འཛམ་གླིང་གི་དཔལ་འབྱོར་དང་ཤེས་ཡོན་སོགས་ཕྱོགས་གང་ཐད་ནས། འབུར་དུ་ཐོན་ཡོད་པའི་སྟོབས་ཆེན་བྱང་ཨ་རིའི་ལུང་པའི་ནེའུ་ཡོག་ཏུ་འཚོ་བཞུགས་སྐུ་ཚབ་དོན་གཅོད་དང་། བོད་རིགས་སྐོར་ཞིག་གི་བསམ་བློ་ཁབ་ཀྱི་ཨུ་ཁུང་བཞིན་གུ་དོག་དྲགས་སྟེ།  འབོད་ཚིག་ཞིག་གིས་རྙོག་དྲ་ལུང་པ་བཀང་བཟོས་ཏེ། ཆབ་སྲིད་ཀྱི་བསམ་བློ་ཆེ་མདོག་གིས་ཨ་རིའི་སྤྱི་བདེ་མི་སྣ་སྐད་བཏང་བ་སོགས་ངོ་དེབ་སོགས་སུ་གསལ་གསལ་ཐང་ཐང་རེད། ང་ཚོས་ཤེས་རིག་བཀའ་བློན་གྱིས་གསལ་བཤད་བྱས་སྐབས་ཀྱི་ཚིག་ལ་ཁ་ཕྱིར་འཁོར་ནས་དོགས་སློང་ཅུང་ཟད་བྱས་ན།

ང་རང་སྒེར་གྱི་དོགས་པ་ཡ་མཚར་ཞིག་ལ། ༼བོད་རང་བཙན་གཙང་མ་ཡིན། བོད་ནས་རྒྱ་མི་ཕར་རྒྱུགས་ཤིག༽ཅེས་པའི་འབོད་ཚིག་འདི་སྒྲོག་པ་ལ་བཀག་རྒྱ་བཟོ་མཁན་ཨ་རིའི་ནེའུ་ཡོག་དོན་གཅོད་ལ་འབྲེལ་བ་མེད་ན། ཁོས་དབྱིག་གཉེན་ལ་ཁ་པར་བཏང་སྐབས། དེ་རིང་གི་སྐད་འབོད་ལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཕྱི་རྒྱལ་མི་གང་མང་སླེབས་ཡོད་མེད་དང་། བོད་མི་ག་ཚོད་ཡོད་མེད་མ་དྲིས་པར་རྙོག་དྲ་བྱུང་ཡོད་མེད་འདྲི་དགོས་དོན་ཅི་ཡིན་ནམ། དྲི་བ་འདི་ནི། ཡ་མཚར་ཆེ་བ་ཞིག་མ་རེད་དམ།

གལ་སྲིད་ནེའུ་ཡོག་དོན་གཅོད་ཀྱིས་འགན་ཁུར་ནས་གསུམ་བཅུ་དུས་དྲན་སྲུང་བརྩི་བྱས་ཀྱང་། ༼བོད་རང་བཙན་གྱི་དར་ཆ་དང་འབོད་ཚིག་སྒྲོག་མི་ཆོག་པ་བཀའ་སྤྱིའི་བཀའ་རྒྱ་རེད་དམ། ཁྱོད་རང་ཉིད་ཀྱི་སྲིད་དབང་སྒེར་གཅོད་བྱས་པ་རེད། ༼བོད་རང་བཙན་ཡིན༽༼བོད་ནས་རྒྱ་མི་ཕར་རྒྱུགས་ཤིག༽ཅེས་པའི་འབོད་ཚིག་འདི་ནི་བཙན་བྱོལ་སྤྱི་ཚོགས་ནས་གསར་བཟོ་བྱས་པ་ཞིག་མ་ཡིན་པར། ༡༩༥༩ ལོར་ལྷ་ས་ནས་སྐད་འབོད་བྱས་སྐབས་ཀྱི་དཔའ་བོ་དཔའ་མོ་ཚོས་བསྒྲགས་པའི་སྙིང་སྟོབས་ཀྱི་འབོད་ཚིག་ཅིག་རེད།

ང་ལ་དྲི་བ་ཞིག་ཡོད་པ་ནི། རྒྱ་ནག་སྲིད་གཞུང་གིས་བོད་རང་བཙན་དང་བོད་ནས་རྒྱ་མི་ཕར་རྒྱུགས་ཤིག་ཅེས་སྐད་འབོད་མ་བྱས་ཚེ། བོད་རྒྱ་གྲོས་མོལ་བྱེད་ངེས་ཡིན་ཅེས་བཤད་ཀྱི་ཡོད་ན། ཁྱེད་ཚོས་བཀའ་རྒྱ་བཙན་པོས་བཀག་ཀྱང་འགྲིག་གི་རེད། དེ་ལྟར་ཁྱེད་ཚོར་བཤད་ཡོད་དམ།

གལ་སྲིད་ཁྱེད་རང་ཚོའི་འདོད་པ་ལྟར་ན། ལོ་རྗེས་མ་ནས་གསུམ་བཅུ་དུས་དྲན་དང་བོད་ཀྱི་རྒྱལ་དར་སོགས་མེད་པ་བཟོས་ན་འགྲིག་གི་རེད་དམ། ད་རུང་ཁྱེད་ཚོར་ཞུ་འདོད་པ་ཞིག་ལ། དངོས་གནས་ཁྱེད་ཚོས་༧གོང་ས༧མཆོག་གི་བཀའ་ཅི་བཞིན་སྒྲུབ་བཞིན་པ་ཡིན་ན། ཨ་རི་ནས་དོལ་ཚོགས་ཀྱིས་༧གོང་ས༧མཆོག་ལ་ངོ་རྒོལ་བྱེད་སྐབས། ཁྱེད་ཚོས་ཨ་རིའི་སྤྱི་བདེ་མི་སྣ་སྐད་བཏང་སྟེ་འཛིན་བཟུང་བྱེད་མ་བཅུགས་པ་ཅི་ཡིན་ནམ། དེ་ནི་ཁྱེད་ཚོས་དམངས་གཙོ་ལུང་པ་རེད་ཟེར་སྲིད་མོད། དེའི་ལན་ངས་འདེབས་མི་དགོས་བར་ཁྱེད་ཚོས་བསམ་བློ་ཅུང་གུ་ཡངས་ཀྱི་སྒོ་ནས་བཏང་ན་ཤེས་སྲིད།

འབོད་ཚིག་འདི་འགོག་མཁན་ཚོས་༧གོང་ས༧མཆོག་གི་མཚན་བོད་ཀྱི་རྒྱལ་དར་བཞིན་གང་སར་འཕྱར་བཞིན་ཡོད། གལ་ཏེ༧གོང་ས༧མཆོག་གིས་དགོངས་པ་ཡིན་ན་ཕྲན་ལྟ་བུ་བླུན་པོ་ཞིག་གིས་ཀྱང་ནེའུ་ཡོག་གི་དོན་གཅོད་དང་དབྱིག་གཉེན་གྱིས་ཆུ་སྣ་གར་ཁྲིད་ཀྱི་བོད་པ་དེ་ཚོར་རྒྱབ་སྐྱོར་བྱེད་ཆོག འོན་ཀྱང་༧གོང་ས༧མཆོག་གིས་ནམ་ཡང་འབོད་ཚིག་འདི་འདྲ་སྒྲོག་མི་ཆོག་ཅེས་འདས་པ་དང་ད་ལྟ་་གཉིས་ལ་གསུངས་མྱོང་མེད་ལ། མ་འོངས་པར་ཡང་གསུངས་མི་སྲིད།

༧གོང་ས༧མཆོག་གིས་བཀའ་སློབ་མང་པོའི་ནང་གཞོན་ནུའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ། ལོ་རྒྱུས་ཀྱི་ཐོབ་ཐང་རེད།དེ་འགྲིག་གི་ཡོད་པ་རེད། ཡིན་ཡང་བོད་ཀྱི་ཆོས་དང་རིག་གཞུང་མྱུར་དུ་སྐྱོབ་ཐབས་ལ་དབུ་མའི་ལམ་ལས་གཞན་རང་བཙན་ལྟ་བུ་ལོ་རྒྱུས་བསྒྲེངས་ནས་བསྡད་ན། བོད་མི་རིགས་འདི་འཛམ་གླིང་སྟེང་མིང་གི་ལྷག་མ་འགྱུར་ཉེན་ཆེ་ཞེས་དུས་རྒྱུན་ཏུ་གསལ་བོ་གསུངས་ཡོད།

དབུ་ལམ་དང་རང་བཙན་བར་གྱི་རྩོད་གླེང་བྱུང་སྟེ། ངྷ་སའི་གཞོན་ནུ་ལྷན་ཚོགས་འཐོར་ལ་ཉེ་སྐབས་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་ཆེད་བཅར་གྱིས་གསལ་བཤད་གསལ་བོ་བྱས་ཡོད། དེ་རིང་འདིར་ཡིག་ཚོགས་ལ་དོག་ནས་འབྲི་འདོད་བྱུང་མ་སོང་། གང་ལྟར་ངའི་བསམ་ཚུལ་ལ་ནེའུ་ཡོག་སྐུ་ཚབ་དོན་དང་དབྱིག་གཉེན་གཉིས་ཀྱིས་འདིའི་སྐོར་ཨ་རིའི་བརྙན་འཕྲིན་རླུང་འཕྲིན་བརྒྱུད་ནས་གསལ་བཤད་གསལ་བོ་བྱེད་དགོས་ཀྱི་འདུག་སྙམ། རྒྱུ་མཚན་ནི། གྲོས་ཚོགས་ནང་དུ་འདིའི་སྐོར་ཐེངས་མང་དྲི་བ་སླེབས་ཀྱི་འདུག་པས་ཡིན།

བསམ་ཚུལ།

Post navigation

Previous Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༩ ༼ཉིན་གསུམ་པ།༽
Next Post: རྒྱ་སེ་མེ་ཏོག

Comments (16) on “དབྱིག་གཉེན་ལགས་དེ་རིང་རྙོག་དྲ་བྱུང་སོང་ངམ།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2015-03-19 at 4:22 am

    རྩོམ་ཉོག་འདི་འདྲ་བྲིས་ནས་དགོས་པ་ཅི་ཡོད། སྟོན་པས་བཀའ་འཁོར་ཐོག་མཐའ་བར་གསུམ་བསྐོར་དགོས་པའི་རྒྱུ་མཚན་ནི། གདུལ་བྱ་ལ་དབང་བོ་རབ་འབྲིང་ཐ་གསུམ་ཡོད་པས་སོ། དབུ་མའི་ལམ་གྱི་སྐད་འབོད་རྒྱག་སྟངས་ལའང་ཐབས་དུ་མས་སྒོ་ནས་བྱེད་དགོས་ཀྱིན་ཡོད་པ་འདྲ། དེ་མིན་དབང་རྟུལ་ཚོའི་བློ་ཡུལ་དུ་གང་ཡང་ཤོང་གི་མེད་པ་འདྲ། བོད་མི་བརྒྱ་ཆ་དགུ་བཅུ་ནས་ལམ་དབུ་མར་རྒྱབ་སྐྱོར་བྱས་ཡོད་པ་གསལ་པོ་རེད། ད་ཅི་ཕྱིར་རང་བཙན་གྱི་སྐད་འབོད་དགོས་པ་རེད། དེ་ཙམ་བློ་ཡུལ་དུ་མ་ཤོང་ན་ཁྱོད་ཚོ་དབང་རྟུལ་ནང་ནས་དབང་རྟུལ་དེ་ཡིན་པ་ཐེ་ཚོམ་ཅི་ཞིག་ཡོད། ཁ་ནས་ལམ་དབུ་མ་ཟེར་བཞིན་ལག་ལེན་དུ་རང་བཙན་སྟར་ན་ག་ལ་འགྲིག བསམ་བློ་ཡག་པོ་ཞིག་ཐོངས་དང་ནེའུ་ཡོག་འགོ་ཁྲིད་ཚོ་ནོར་མེད་པ་གསལ་པོ་རེད། འོན་ཀྱང་སྔར་མ་བཀགས་པ་ཞིག་གསར་དུ་བཀགས་ན་དབང་རྟུལ་ཚོའི་བློ་ཡུལ་དུ་ཤོང་མེད་པའང་གསལ་པོ་རེད། དེ་མིན་ཁྱོད་ཚོས་ལམ་དབུ་མར་རྒྱབ་སྐྱོར་བྱེད་དང་བྱེད་བཞིན་དུ་རང་བཙན་སོགས་ཀྱི་སྐད་འབོད་མ་བྱེད་ཟེར་ན་སྣང་བ་མི་འགྲོ་བའི་རྒྱུ་མཚན་ཅི་ཡིན། ང་ནི་སེམས་སྐྱོ་ཀི་འདུག དེ་ཙམ་ཞིག་བློ་ལ་མི་ཤོང་བ་ཅི་ཡིན་ནམ། ངས་གསལ་པོ་ཞིག་བཤད་རྒྱུ། ཁྱོད་ཚོས་ལམ་དབུ་མར་རྒྱབ་སྐྱོར་ཡོད་ན་ནེའུ་ཡོག་འགོ་ཁྲིད་ཚོ་ནོར་མེད་པ་གསལ་པོ་རེད། ཧ་གོ་སོང་ངམ། རང་བཙན་རྩོད་མཁན་པ་འཇམ་དབྱངས་ནོར་བུ་ལྟ་བུ་ཡིན་ན་ནི་གནས་ཚུལ་ཁ་ཁ་རེད། ཁོང་ནི་ལམ་དབུ་མ་ཁས་མི་ལེན་མཁན་དེ་རེད། དངོས་གནས་མི་ཟེར་ན་འདི་འདྲ་དགོས་ཀྱི་རེད། ཁྱོད་རང་ཚོ་དེ་ལྟར་མ་ཡིན་པར་ཁ་ནས་ལམ་དབུ་མར་ཁས་ལེན་བཞིན་དུ་དོན་དུ་གང་བྱུང་ཁ་ནས་འབོད་པའི་མི་མགོ་གཉིས་མ་དེ་རེད། ཧ་གོང་སོང་ངམ། །

  2. རང་བྱུང་རིག་པའི་རྡོ་རྗེ says:
    2015-03-19 at 5:02 am

    འཇམ་དབྱངས་ནོར་བུ་ནི། ཆབ་སྲིད་ལ་མཁས་པ་རེད། བློ་སྟོབས་ཆེན་པོ་རེད། ལྟ་བ་མཁྲེགས་པོ་རེད། དཔའ་བོ་བློ་བརྟན་འགྱུར་མེད་རེད། ཁྱོད་ཚོ་ནི་མགོ་གཉིས་མ་རེད། ཅི་ཡང་མི་ཤེས་པའི་བླུན་པོ་རེད། འུ་བཙུགས་ཚ་བོ་རེད། ལྟ་རྒྱ་དང་མཐོངས་རྒྱ་དོག་མོ་རེད། ཁྱོད་ལ་ལམ་ཁ་འདི་ཞེ་མཛུབ་མོ་འཛུགས་ས་དེ་མེད་པ་རེད། གང་ཡིན་ཞེ་ན་ཕྱོགས་གཅིག་ནས་༧གོང་ས་མཆོག་བློས་མ་ཐོངས་པར་ལམ་དབུ་མར་རྒྱབ་སྐྱོར་བྱས། ཕྱོགས་གཅིག་ནས་རང་བཙན་བློས་མ་ཐོངས་པར་རང་བཙན་སྐད་འབོད་དགོས་མཁན་དེ་རེད། ཧ་ཧ་ཧ། གད་མོ་ཞིག་རང་དབང་མེད་པར་ཤོར་གྱིན་འདུག །

  3. གངས་སྤྲེལ་ཚ། says:
    2015-03-19 at 6:20 am

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོག་བཞིན་པའི་སྐབས་སྟེ། ཟླ་འདིའི་ཚེས་༡༩ ཉིན་གྱི་སྔ་དྲོའི་ལས་རིམ་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྔོན་རྩིས་སྐོར་ལ་བགྲོ་གླེང་གནང་བཞིན་པའི་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྔོན་མ་ཁྲིམས་གཏུག་བྱས་པའི་སྤྱི་རྒྱུ་སྒེར་བདག་དང་འབྲེལ་བའི་སྐོར་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་གླེང་སློང་བྱས་ཡོད་པ་རེད།

    2015_3_16སྐབས་དེར་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་གྲོས་ཚོགས་འདིའི་ནང་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་། ལྐོགས་ཟ་རུལ་སུངས་བྱེད་མཁན་ཡོད་པ་དང་། དེ་བཞིན་སྔོན་མ་གྲོས་ཚོགས་སྐབས་བཅུ་གསུམ་པའི་སྐབས། མི་གསོད་ཁྲག་སྦྱོར་གྱི་རྙོག་གླེང་དང་འབྲེལ་བའི་བཀའ་བློན་ལ་ཕེབས་མ་ཐུབ་པའི་གང་ཟག་དེ་གྲོས་ཚོགས་འདིའི་ནང་ཡོད་པ་རེད། ངས་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།

    སྐབས་དེར་གྲོས་ཚོགས་ཚོགས་གཙོ་སྤེན་པ་ཚེ་རིང་ཡར་བཞེངས་སྟེ། མི་གསོད་ལག་དམར་འདིར་ཡོད་པ་རེད་ཟེར་གྱི་ཡོད་པ་དང་། གྲོས་ཚོགས་སྐབས་བཅུ་གསུམ་པའི་ནང་བཀའ་བློན་འོས་མིར་སླེབས་པ་དེ་ཚོགས་གཙོ་ཁོང་ཡིན་སྐོར་དང་། གྲོས་ཚོགས་ནང་གི་སྐད་ཆ་ཁྲིམས་གཏུག་བྱས་ཆོག་གི་མེད་པས། ཕྱི་ལ་ཐོན་ནས་སྐད་ཆ་བཤད་ན་ཁོང་སྤེན་པ་ཚེ་རིང་གིས་ཁྲིམས་གང་ལ་གཏུག་དགོས་ནའང་གཏུག་གི་ཡིན་སྐོར་དང་། སྔོན་མ་ནས་གྲོས་ཚོགས་ཀྱི་འགྲོ་ལུགས་ལ་བརྩིས་ནས་ཁྲིམས་གཏུག་བྱས་མེད་སྐོར། དེའི་སྐབས་ཀྱང་ཕྱི་ལ་ཐོན་ནས་སྐད་ཆ་བཤད་ན་གང་ལ་གཏུག་དགོས་ཀྱང་གཏུག་གི་ཡིན་སྐོར་ལབ་ཡོད་སྐོར་སོགས་གསུངས་སྟེ། ཁོང་ཚོགས་གཙོའི་ལས་རིམ་ནས་དགོངས་པ་ཞུ་ཡི་ཡིན་ཞེས་གསུངས་སྟེ། ཕྱི་ལ་ཕེབས་ཡོད་པ་རེད།།
    གསར་འགོད་པ་ཆོས་ཉིད་འོད་ཟེར།

    བང་ཆེན་ལས།

  4. ཇུས་ཏོག says:
    2015-03-19 at 7:19 am

    ཧ་ཧ་ཧ་ངོ་མའི་བགད་མོ་ཤོར་འདའ་།

    རྒྱ་མི་གི་ང་ཚོལ་རང་བཙན་དགོས་དང་དབུ་མ་དགོས་ཟེར་བའི་བདམས་ང་
    སྤྲད་ཡོད་པ་མ་རེད་ད་།

    ང་ཚོའི་་རྒྱ་མི་ལ་རེ་མདུན་ཞུས་པ་རེད་།

    རང་བཙན་ང་ཚོའི་ཐུབ་ས་མ་རེད་།

    འཇིན་ས་མ་རེད་།

    ང་ཚོ་ཁྱེད་ཚོའི་མི་སེར་བྱེད་དུ་བཅུག་རོགས་།

    ང་ཚོའི་རེ་མདུན་དེའི་མིང་ལ་དབུ་མའི་ལམ་ཟེར་གྱི་ཡོད་།

    ས་ཡ་གཉིས་བསད་པ་ལ་ཐུགས་རྗེ་ཆེ་།

    དགོན་པ་དྲུག་སྟོང་ཤིག་པ་ལ་བཀྲིན་ཆེ་།

    རྒྒ་ཡི་དཔོན་པོ་དང་གོང་ས་མཆོོག་གི་སྐུ་པཔར་མཉམ་དུ་མགོ་ཐོག་ཏུ་བླང་།

    ཕ་བསོད་མཁན་ལ་བྱ་དགའ་སྤྲད་།

    དགྲ་འདུལ་མཁན་ལ་ཀྱག་པ་སྤྲད་།

    ཧ་ཧ་ཧ་

  5. ཇུས་ཏོག says:
    2015-03-19 at 7:30 am

    དབྱིགས་གཉེན་ཟེར་ན་སུ་རེད།།

    གསལ་བཤད་དགོས་འདུག་།

  6. ཅོ་རི་ཉི་མ། says:
    2015-03-19 at 8:33 am

    ཧ་ཧ་་་སྤེན་པ་རྒྱག་པས་ཕྱི་ལ་སྒུག་བསྡད་ཡོད་ས་རེད། ཕྱི་ལ་ཐོན་ཤོག་དང་ཐོན་ཤོག་ཟེར་ནས་དཔའ་སྐད་བསྒྲགས་ཀྱི་ཡོད་ཟོལ་འདུག་་་་ཧཧཧ སྐད་ཆ་བཤད་པ་རྣམས་དྲ་བརྙན་ཐོག་བལྟ་མི་ཐུབ་པ་བཟོས་འདུག་པས་་གཡོ་སྒྱུ་ཞིག་རྩེད་ཇུས་ཆ་གཞི་ཡིན་པར་འདྲ་་་་ཧཧཧཧཧཧ

    བསྟན་པ་ཡར་འཕེལ་གྱིས་དོན་ཚན་གསུམ་བཤད་འདུག སྤྱི་རྒྱུ་སྒེར་བདག ལྐོག་ཟ་རུལ་སུངས། མི་གསོད་ཁྲག་སྦྱར་་་གསུམ་བཤད་འདུག ཡག་པོ་རེད། སྐྱོན་ལ་མཛུབ་མོ་བཙུགས་ཐུབ་པར་ཡག་པོ་རེད། ཐུགས་རྗེ་ཆེ།

  7. ལུང་རྟོགས། says:
    2015-03-19 at 10:04 am

    ད་དེ་རིང་དཀར་ས་ནག་འདེགས་བྱེད་ནས། བཟང་པོ་ལྷ་གྲལ་དང་ངན་པ་འདྲེ་གྲལ་དུ་དེད་ཐུབ་དགོས་པ་ལས་རང་གར་བཞག་ན་མི་འགྲིག

  8. ཀརྡོ་གཉེར་ཕྱག་པ་ says:
    2015-03-19 at 10:13 am

    ་་་་་་་་་་་ ༼བོད་རང་བཙན་ཡིན༽༼བོད་ནས་རྒྱ་མི་ཕར་རྒྱུགས་ཤིག༽ཅེས་པའི་འབོད་ཚིག་འདི་ནི་བཙན་བྱོལ་སྤྱི་ཚོགས་ནས་གསར་བཟོ་བྱས་པ་ཞིག་མ་ཡིན་པར། ༡༩༥༩ ལོར་ལྷ་ས་ནས་སྐད་འབོད་བྱས་སྐབས་ཀྱི་དཔའ་བོ་དཔའ་མོ་ཚོས་བསྒྲགས་པའི་སྙིང་སྟོབས་ཀྱི་འབོད་ཚིག་ཅིག་རེད། ་་་་་་་་་་་་་་

  9. ཀརྡོ་གཉེར་ཕྱག་པ་ says:
    2015-03-19 at 10:15 am

    བོད་རང་བཙན་པ་དང་། དབུས་ལམ་པ་གཉིས་ཀྱི་ཁ་དང་ཁ་སྑུ་དབྱེ་འབྱེད་གསལ་པོ་བཟོ་ཐུབ་པ་བྱེད་རྒྱུ་དགོས་རྒྱུ་གལ་ཆེན་པོ་རེད།

  10. ཀརྡོ་གཉེར་ཕྱག་པ་ says:
    2015-03-19 at 10:23 am

    བོད་རང་བཙན་གྱི་འབོད་སྒྲ་བཀག་འགོག་བྱས་ན་ཤིན་ཏུ་ནོར་བ་ཡིནད་ཀྱང་། རང་བཙན་པའི་ཚོགས་པ་དང་། སྒེར་པ་སུས་དང་སུ་ཡིན་པ་དང་། བོད་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་བྱུས་འོག་གམ། སྲིད་སྐྱོང་སྲིད་བྱུས་་རྗེས་སུ་ཤར་་བསྐྱོད་བྱེད་མཁན་དབུས་ལམ་པ་གཉིས། རྒྱལ་སྤྱིའི་ལྡིང་ཆའི་སྟེང་ལ། ཁ་དང་ཁ་སྤུ་ཁ་ཁག་སོ་སོར་་འབྱེད་བཟོ་རྒྱུ་ནི། དེ་བས་ཀྱང་གལ་ཆེན་པོ་རེད་དོ། །

  11. ཨ་ར་དཀར་པོ says:
    2015-03-19 at 10:47 am

    ད་བཀའ་བརྒྱུད་སྤྱི་འཐུས་ཀྱིས་གྲོས་ཚོགས་ཕྱི་ལོགས་ཀྱི་གསར་འགྱུར་བརྒྱུད་ལམ་ནང་གསལ་བསྒྲགས་བྱས་ཚར་འདུག ད་ཁྲིམས་ཐོག་ལ་སོང་ནས་དཀར་ནག་གང་ཡིན་རྒྱུ་མ་ཕུ་འདེད་བཏང་ནས་སྤྱི་ཚོགས་སྟེང་གསལ་བོ་བཟོ་དགོས་རེད་མ་གཏོགས་ཡིན་ལ་མིན་ལ་དང་གསལ་ལ་མི་གསལ་བྱས་ནས་སྐྱུར་ས་ཡོད་མ་རེད། བོད་མི་མང་ལ་ངེས་པར་དུ་གསལ་བོ་གསལ་རྐྱང་བཟོ་དགོས་རེད། དེ་མ་བྱུང་ན་སྤྱི་འཐུས་ཚང་མ་གཞུང་དང་མི་མང་ལ་བསམ་བློ་མི་གཏོང་བའི་ཆོ་མེད་ཁྱུ་གཅིག་ཆགས་པ་རེད།

  12. ལུང་རྟོགས། says:
    2015-03-19 at 11:04 am

    གྲོས་ཚོགས་ནི་བོད་མི་མང་གི་སྐུ་ཚབ་ཡིན་པས་གྲོས་ཚོགས་ཀྱི་ཆེ་མཐོང་ནི་བོད་མི་ཡོངས་ཀྱི་ཆེ་མཐོང་དང་འབྲེལ་ནས་ཡོད་པ་རེད། རྒྱུ་མཚན་དེས་ན་གྲོས་ཚོགས་ཀྱི་ཚོགས་གཙོ་ལ་མི་གསད་པའི་ནག་ཉེས་བཀལ་བ་ནི་གནད་དོན་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། གནས་ཚུལ་འདི་དཀར་ས་ནག་འདེགས་ཀྱིས་བདེན་རྫུན་དབྱེ་བ་ཕྱེ་དགོས་རྒྱུ་དེ་བོད་མི་མང་གི་འགན་རེད། གལ་ཏེ་ཚོགས་གཙོས་མི་བསད་ཡོད་པའི་ཁུང་སྐྱེལ་ར་སྤྲོད་བྱུང་ན་ཚོགས་གཙོ་དགོངས་པ་ཞུ་དགོས་པ་རེད་ལ། ཁུང་སྐྱེལ་མ་ཐུབ་ན་ཉེས་འཛུག་བྱེད་མཁན་གྲོས་ཚོགས་ནས་ཕྱིར་ཕུད་གཏོང་དགོས། ཡིན་ན་ཡང་བོད་མི་མང་གིས་ངེས་པར་དུ་ཤེས་དགོས་པ་ཞིག་ཡོད་པ་ནི། གནས་ཚུལ་འདི་འདྲའི་སྐབས་སུ་སྐབས་འཚོལ་བ་ཚོས། ནང་དཀྲུག་གི་བྱ་སྤྱོད་ཅི་ཡང་སྤེལ་སྲིད་པས་མི་མང་གི་ངོས་ནས་བབ་ལྷིང་བརྟན་གསུམ་གནང་དགོས་པ་ལས། རི་བོང་ཅལ་འདྲོག་གིས་འུར་ནམ་ཡང་རྒྱག་མི་རུང་།

  13. ཨ་ར་དཀར་པོ says:
    2015-03-19 at 11:40 am

    གཞན་གང་ཡང་མ་རེད། འཐེན་འཁྱེར་ཟེར་བ་དེ་རེད། ཆོལ་ཁའི་འཐེན་འཁྱེར་སླར་ཡང་གྲོས་ཚོགས་ར་བར་སླེབས་པ་རེད། ད་སྤྱི་འཐུས་འདི་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཞིག་སྤེལ་རན་འདུག

  14. ཅོ་རི་ཉི་མ། says:
    2015-03-19 at 12:12 pm

    ལྐོག་ཟ་རུལ་སུངས་དང་མི་གསོད་ཁྲག་སྦྱར་གྱི་རྩོད་རྙོག་འདི་ཆོལ་ཁའི་རྩོད་རྙོག་ཐོག་ཏུ་སྒྱུར་ཨེ་ཐུབ་བལྟ་མ་འོངས་ཨ། ཆོལ་ཁའི་བར་གྱི་གནད་དོན་མ་རེད། གཟབ་གཟབ་བྱོས་ཨ།

  15. ཅོ་རི་ཉི་མ། says:
    2015-03-19 at 12:15 pm

    གྲོས་འཚོགས་ནང་གི་རྩོད་རྙོག་ཁྲིམས་གཏུག་བྱེད་མི་ཆོག་པའི་ཁྲིམས་ལུགས་ཤིག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གང་གི་ནང་དུ་བཀོད་ཡོད་རེད་དམ། ཤེས་མཁན་འདྲ་ཡོད་ན་སྟོན་རོགས་གནོང་།

  16. དགེ་ལེགས་བྱང་ཆུབ says:
    2015-03-19 at 2:41 pm

    ཞབས་འདྲེན་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme