Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབྱངས་གསལ་བར་གྱི་སྒྲུང་ཐུང་།

Posted on 2025-10-232025-10-23 By ཁ་བརྡ་ No Comments on དབྱངས་གསལ་བར་གྱི་སྒྲུང་ཐུང་།

ཆབ་མདོ་ངག་ཕུན།

སྔོན་གྱི་དུས་སུ་ལུང་པ་ཞིག་ཏུ་མི་སྣ་སུམ་ཅུ་ཡོད། ག་དུས་ཡིན་ན་ཁོ་ཚོ་སུམ་ཅུ་མཉམ་འགྲོ་མཉམ་འདུག་བྱེད་ཀྱི་ཡོད། ཉིན་གཅིག་ཁོ་ཚོ་ཕྱི་ལོགས་སུ་འཆམ་འཆམ་འགྲོ་རྒྱུ་བྱས། ཡིན་ནའང་ཀ་ལ་ན་ཚ་ཞིག་འཕོག་ནས་ཀ་པས་“དེ་རིང་ཁྱོད་ཚོ་ཕྱིན་ན་མ་གཏོགས་ང་ནི་འགྲོ་ཐུབ་ས་མ་རེད་”ཟེར། ཁ་པས་“ཀ་འགྲོ་མ་ཐུབ་ན་ང་ཚོ་ག་འདྲ་བྱས་ནས་འགྲོ་དགོས་རེད་“ཟེར། ག་པས་“བརྗོད་ནས་ཀ་འགྲོ་མ་ཐུབ་ན་ང་ཚོ་འགྲོ་ན་སྐྱིད་པོ་ཡོང་གི་མ་རེད་”ཟེར། ང་པས་“དེ་ག་རང་རེད། ང་འགྲོ་ནས་སྨན་པ་སྐད་གཏོང་ཡོང་”ཟེར་ནས་སྒོ་ནས་ཐོན་སྟེ་ཕྱིན། ཅ་པས་ལམ་སེང་སྡོད་གནས་ནས་ལངས་ཏེ་ཐབ་ཏུ་མེ་ཁ་ཕྱེས། ཆ་པ་ཡང་སྡོད་གནས་ནས་དར་གྱིས་་ལངས་ཏེ་ཆུ་ལེན་ཁར་འགྲོ་རོགས་བྱས། ཇ་པ་ཡང་སྡོད་གནས་ནས་ལངས་ཏེ་སྒོ་ཕྱིི་ནང་གད་སྙིགས་ཚང་མ་གཙང་མ་འཕྱག།།ཏ་པ་ཡང་ཁ་རོགས་བསྡད་ན་ཡག་པོ་མི་འདུག་བསམ་སྟེ་ལམ་སེང་ལངས་ཏེ་ནོར་ལུག་རྣམས་ལྷས་རྡང་ནས་བཏང་སྟེ་རི་ལ་དེད་ནས་ཕྱིན། རོགས་པ་ཐ་པ་ཡང་མཉམ་དུ་ཡོང་། དེ་ཉིན་རི་བོ་སྟོད་སྨད་ཚང་མ་སྔོན་ལྗང་ལྡན་པར་འགྱུར་ཞིང་། རྫི་རོགས་ཚོས་ཀྱང་ནོར་ལུག་དེད་ནས་ཡོང་བཞིན་ཡོད། ཁོ་ཚོའི་མཉམ་དུ་ཅི་འཕྲོས་མི་འཕྲོས་འདྲ་བཤད་ནས་དུས་རིང་བསྡད།

ཏ་པས་“ཕྱི་པོ་ཆགས་སོང་”ཟེར་ནས་ཏ་པ་དང་ཐ་པ་གཉིས་ནང་དུ་ལོགས། ནང་དུ་སླེབས་པ་དང་། ད་པ་དང་ན་པ་གཉིས་ཀྱིས་ཁ་ལག་གཡོ་བཞིན་འདུག་པ་དང་། པ་པས་ལམ་སེང་སྡོད་གནས་ནས་ལངས་ཏེ་བམ་ཁྲི་སྟེང་ནས་རྩམ་སྒམ་ཕབ། ཕ་པས་དལ་གྱིས་ལངས་ཏེ་ཡར་ཐབ་ནས་ཁོག་ཏིག་ཕབ་སྟེ་སར་བཞག་པ་དང་། བ་པ་ཡང་དལ་གྱིས་སྡོད་གནས་ལངས་ཏེ་ཕོར་པ་དང་། ཐུར་མ་བཅས་ལྕོག་ཙེའི་ཐོག་ཏུ་བསྒྲིགས་ནས་བཞག །མ་པས་འོ་མ་དཀྲོག་བཞིན་འདུག་པ་དང་། མ་པ་དཀའ་ལས་ཁག་ནས་ངོ་གདོང་ནས་རྔུལ་ཆུ་ཐོན་བཞིན་མཆིས། དེ་དག་ཙ་པས་མཐོང་ནས་ལམ་སེང་སྡོད་གནས་ལངས་ཏེ་མ་པར་རོགས་པ་བྱས། ཚ་པས་མཆོད་ཁང་དུ་ཕྱིན་ནས་སངས་རྒྱས་ཀྱི་སྐུ་པར་བྱི་དོར་དང་། གད་ཕྱིས་གཙང་མ་ཞིག་བྱས། དེ་ནས་ཏིང་ཕྱིས་གཙང་མ་བརྒྱབས་ཏེ་ཐོག་མར་ཏིང་གཅིག་ནས་གཅིག་ནང་ཆུ་ཐིགས་ཙམ་རེ་ཞུ། ཏིང་རྣམས་བར་ཁྱད་དང་ཆུ་ཁ་མཐོ་དམའ་ནས་འབྲུ་ཙམ་རེ་བཞག་སྟེ་ཆུ་ཏིང་རྣམས་ཐད་ཀར་སྒྲིག །རྐང་པ་གཉིས་མཉམ་བསྒྲིགས་གུས་ཞབས་ཆེན་པོའི་ཐོག་ནས་རྩ་ཆེའི་བླ་མ་རྣམས་ལ་གསོལ་དཔོན་གསར་པས་གསོལ་ཇ་ཞུ་བ་ལྟར་ཕུལ། ཐོག་མ་ཆུ་དེ་ཕྲ་བ་དང་། བར་དུ་སྦོམ་པ། མཇུག་ཏུ་ཕྲ་བ་བཅས་ནས་འབྲུའི་གཟུགས་དབྱིབས་ལྟ་བུར་ཡོན་ཆབ་ཕུལ།

དེ་བཞིན་སྤོས་ལ་མེ་སྤར། ཛ་པས་ལྷས་ར་ནང་དུ་ཕྱིན་ནས་དུད་འགྲོའི་ལྕི་བ་རྣམས་སླེ་པོ་ནང་དུ་བླུགས་ནས་རི་ངོས་སུ་ལེབ་ལེབ་བཟོས་ཏེ་སྐམ། ཝ་པས་རྒྱབ་ཏུ་སླེ་པོ་ཞིག་འཁྱེར། ལྷས་རྡང་ནས་བེའུ་རྣམས་བཏང་སྟེ་རི་ངོས་བརྒྱབས། སྤང་སྟེང་ནས་ལྕི་ཤིང་བསྒྲུབས་ཏེ་སླེ་པོ་གང་བ་དང་ནང་དུ་འཁྱེར་ནས་ཡོང་། ཞ་པས་ཐབ་ཏུ་མེ་བཏང་སྟེ་འོ་མ་བསྐོལ། ཟ་པས་ར་ལུག་རྣམས་ལྷས་ར་ནས་བཏང་སྟེ་རི་ལ་བརྒྱབ་སྟེ་ནང་དུ་ཡོང་། འ་པས་རྩིད་མོ་ས་ཆར་གཏིང་སྟེ་ཕྱུ་ར་ཉི་མར་བསྐམ། ཡ་པས་ཐབ་ནས་ཆུ་ཚ་པོ་བླངས་ཏེ་ཁྱི་སྣོད་ནང་དུ་བླུགས། དེར་རྩམ་པ་བརྒྱབ་སྟེ་དཀྲུག་དཀྲུག་བཏང་སྟེ་འདོགས་ཁྱི་ལ་ཁ་ལག་སྟེར། ར་པས་“ནང་མི་ཚང་མ་ཤོག་དང་ཁ་ལག་གྲང་མོ་ཆགས་ཀྱི་འདུག་”ཟེར་ནས་སྐད་བརྒྱབ།

དེ་ནས་རིམ་གྱིས་དབྱངས་དང་གསལ་ཚང་མ་སྡོད་གྲལ་ལ་འཁོད་ནས་བཅུད་ལྡན་ཟས་རིགས་སྣ་ལྔར་ཞོགས་ཟས་ལ་རོལ། དེ་དག་ཚར་རྗེས་ལ་པ་སྡོད་གནས་དལ་གྱིས་ལངས་ཏེ་ཕོར་པ་རྣམས་རྒྱུག་ཆུ་འགྲམ་དུ་འཁྱེར་ནས་གཙང་མ་འཁྲུས། ཤ་པས་སྣོད་ཆས་རྣམས་བང་ཁྲི་ཐོག་ཏུ་བཞག་པ་དང་། ས་པས་ཕྱགས་མ་འཁྱེར་ནས་ཚང་མ་གད་ཕྱིས་བྱས། ཨ་དང་ཧ་གཉིས་དལ་གྱིས་ལངས་ཏེ་ཕྱི་ལོགས་ཀྱི་བར་ཁྱམས་སུ་ཉི་མ་སྲོས་ནས་བསྡད་པ་དང་། ཨ་པས་སྣ་ཐག་སེར་མ་གང་བརྡབ་ནས་སུད་སྒྲ་དང་བཅས་ཏེ་འཐེན། ཧ་པས་མཁའ་དབྱིངས་ལ་ལྟ་ཙམ་ཞིག་བྱས་ཏེ་དེ་རིང་གནམ་གཤིས་ཧ་ཅང་བཟང་བ་ལ་ཟེར་བཞིན་ཉི་མ་སྲོས་ནས་བསྡད།

དེ་ནས་དབྱངས་ཨི་པ་སྡོད་གནས་ནས་དལ་གྱིས་ལངས་ཏེ་ནང་དུ་ཕྱིན་ནས་སྒྲུང་དེབ་“མེ་གླིང་གཡུལ་འཁྲུག་”ཁྱེར་ནས་ཡོང་སྟེ། དེ་རིང་གླིང་སྒྲུང་ཞིག་ཀློག་འདོད་སྐྱེས་བྱུང་ཟེར་ནས་ངག་རྟ་སྙན་པོ་ཞིག་དང་འབྲེལ་འདོན་ཀློག་གནང་བ་དང་། དེ་ཡང་“གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །རིགས་དྲུག་ཆོས་ལ་འཁོད་པར་ཤོག །ཟངས་མདོག་དཔལ་གྱི་ཕོ་བྲང་ནས། །སྤྲུལ་སྐུ་པདྨ་འབྱུང་གནས་ མཁྱེན། །ཡི་དམ་གུ་རུ་དྲག་པོ་མཁྱེན། །ས་འདི་ས་ངོ་མ་ཤེས་ན། །འདུ་རྭ་སྟག་ཐང་གོང་མ་རེད། །རྒྱལ་བློན་འཛོམས་པའི་གཞི་དཀྱིལ་རེད། །ང་འདྲ་ང་ངོ་མ་ཤེས་ན། །དགྲ་ཕར་འདུལ་དམག་གི་དཔོན་པོ་ལ། །སེང་ཆེན་གེ་སར་རྒྱལ་པོ་ཟེར།” ཞེས་སོགས་ཀློག་འདོན་གནང་། དེ་ནས་ཨུ་པ་ཡང་དལ་གྱིས་ལངས་ཏེ་འཕྲོས་དེ་ངས་ཀློག་དགོས་ཟེར་ནས་ཨུ་པས་སྨྲ་ར་དེ་ཕྱེ་ཙམ་ཞིག་བྱས་ཏེ་ངག་སྟབས་སྙན་མོ་ལ་དྲངས་ཏེ་གླུ་འདི་ལྟར་བླངས་སོ། །“མ་གཅིག་ནེ་ནེའི་ལུང་བསྟན་ལ། །བྱང་མེ་གླིང་ཡུལ་གྱི་ས་ཆ་ན། །གནམ་རུ་རྒྱལ་པོའི་སྲས་པོ་ལ། །ལྷ་བདུད་གཉིས་དེ་མཉམ་དུ་འཁྲུངས། །སངས་རྒྱས་བསྟན་པ་སྣུབ་ལ་ཉེ། །ལས་དབང་རྫོགས་པས་གླིང་རུས་འདུལ། །སྲས་ཆུང་ཟླ་དགའ་ཉི་མ་དེ། །ལྟ་བ་མ་ལོག་གླིང་ལ་སླེབས། །དབུ་འདྲེན་བྱམས་སྐྱོང་བྱེད་དགོས་པས། །རུ་བཞིའི་དཔོན་འགོ་སོ་སོ་ནས། །ཆ་དང་བང་ཆེན་ལྷོད་མེད་གྱིས། །ཟླ་གཅིག་གོང་ལ་འཛོམས་ངེས་དགོས། །གོ་ཡིག་ཁྲ་མོའི་ནང་འཁོད་ལྟར། ། རྫོང་ཁག་རེ་རེའི་ཁ་འོག་ནས། །འབུམ་དམག་གསུམ་རེ་སྒྲིག་ངེས་དགོས། །སྐུ་དངོས་དམག་དཔོན་མ་གཏོགས་པ། །སྐུ་ཚབ་གསུང་ཚབ་ཆོག་ལེ་མིན།” །ཞེས་གླུ་དབྱངས་བླངས་སོ། །ཨེ་པ་དེ་དག་ཐོས་ནས་“ཚ་བོ་གཉིས་ལ་དེ་འདྲའི་ངག་སྙན་པོ་ཡོད་རེད་བསམ་མྱོང་མེད་”ཟེར་ནས་དགའ་སྤོབས་སྐྱེས། ཨོ་པས་ཀྱང་“ཚ་བོ་གཉིས་ཀྱི་ངག་སྟབས་ནི་འགྲན་ཟླ་མེད་པ་ཞིག་རེད་”ཟེར་ནས་ཡིད་སྨོན་བྱེད་བཞིན་གནས།

གསལ་བྱེད་སུམ་ཅུས། ཨི་ཨུ་གཉིས་ལ་དེ་འདྲའི་ངག་དབྱངས་སྙན་པོ་ཡོད་རེད་བསམ་པ་མ་བྱུང་ཟེར་བཞིན་གསལ་བྱེད་སུམ་ཅུ་ཐམ་པ་ཡིད་དབང་ཡོངས་སུ་འཕྲོག་ཅིང་། དུས་དེ་ནས་བཟུང་སྟེ་དབྱངས་དང་གསལ་བྱེད་གཉིས་ཁ་བྲལ་ཐབས་མེད་པའི་ཁྱིམ་གཞི་ཆེན་པོ་ཞིག་ཏུ་འགྱུར་བ་དང་བསྟུན། གངས་ཅན་པ་ཡོངས་ཀྱི་དབྱངས་དང་གསལ་བྱེད་གཉིས་ལ་བརྟེན་ནས་མ་རིག་པའི་མུན་པ་ཡོངས་སུ་གསལ་ཞིང་། ཤེས་རབ་ཀྱི་སྒྲོན་མེ་སྤར་བ་མ་ཟད། འཇིག་རྟེན་གྱི་ཁམས་འདིར་བསྲེས་ལྷད་མེད་པར་གནས་རྒྱུར་དམ་བཅའ་བརྟན་པོ་བཞག་པ་རེད་དོ།། །།

 

བསམ་ཚུལ།, ལྷུག་རྩོམ།

Post navigation

Previous Post: བྷོ་སོ་ཊོན་ལྷག་དཀར་བོད་དོན་དྲན་སྐུལ། Boston Tibetan Lhagkar Vigil
Next Post: སྲིད་སྤྱིའི་འོས་བསྡུ་དང་སྐབས་ཚོལ་ཚོའི་རྨི་ལམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme