Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབེན་པ་ནི་མིའི་ལུས་སེམས་འཕྲོད་སྟེན་ཡིན། ཨང་དང་པོ་ཡིན།

Posted on 2013-09-112013-09-11 By ཁ་བརྡ་ 2 Comments on དབེན་པ་ནི་མིའི་ལུས་སེམས་འཕྲོད་སྟེན་ཡིན། ཨང་དང་པོ་ཡིན།

ལྷ་རྩེའི་ཁུ་བྱུག

མི་ནི་བཟོ་གྲྭ་གཅིག་ལས་ཡོང་བའི་ཐོན་རྫས་ལྟ་བུ་དེ་མ་ཡིན་ཙང་། སོ་སོའི་ཁམས་དང་མོས་པ་ཁྱོན་ནས་མི་འདྲ་བས། སོ་སོའི་དགའ་ཁ་འཁྱེར་སོགས་གཏན་ནས་མི་མཚུངས་པས། གཏམ་དཔེ་ལ། མི་སུམ་ཅུ་བསམ་བློ་སུམ་ཅུ། །བསམ་ལུགས་མི་འདྲ་ཁ་ཁ། །མཛོ་སུམ་ཅུ་རྭ་ཅོ་དྲུག་ཅུ། །སྐྱེ་ལུགས་མི་འདྲ་སོ་སོ། །ཟེར་བ་དེའང་སོ་སོས་ཉམས་མྱོང་བསགས་ནས་མཇུག་བསྡོམས་བཀོད་པ་ཡིན་འགྲོ། དེའང་ཀླད་རྩའི་ཕྲ་ཕུང་གི་བྱེད་ནུས་མི་འདྲ་བས། གཙང་སྨེའི་དགའ་ཕྱོགས་མི་འདྲ་ལ། བསམ་བློའི་ལངས་ཕྱོགས་མི་སྙོམས་པས་ཕན་ཚུན་རྩོད་པ་ནམ་རྒྱུན་བྱུང་གི་ཡོད།
ཆེ་ས་རྒྱལ་ཁབ་དང་མི་རིགས་སོགས་སྨོས་ཅི་དགོས། ཆུང་ས་ཕ་མ་བུ་རྒྱུད་དང་ཉེ་དུ་དགའ་རོགས་སུ་ཡིན་ནའང་རགས་པའི་ལྟ་སྤྱོད་མཐུན་མིན་སློབ་གསོ་དང་། སྤྱི་ཚོགས་རྙོག་སྒྲས་ཅི་རིགས་བྱུང་གི་ཡོད་མོད། དེ་ལས་འགལ་རྙོག་ནི་ཕྲ་བ་ཆོས་ཉིད་ཐོག་ནས་བྱུང་གི་ཡོད་ཙང་ནང་གི་བསམ་བློ་མཐུན་པ་མེད། དེས་དབང་གིས་ནམ་རྒྱུན་འཁོན་འཛིང་། གྱེས་བྲལ། བཟའ་འཐོར། དགྲ་གྲོགས་རེས་མོས་ཀྱི་གནས་ཚུལ་ཉུང་ཉུང་མ་རེད། ད་དུང་དཔོན་གཡོག མཐོ་དམན། དབུལ་ཕྱུག ཡག་བཙོག་སོགས་ཀྱིས་འགལ་བ་ཅི་བས་མང་།

དེ་ད་དུང་གཙོ་བོ་མ་རེད། རིགས་རུས་ལང་ཚོ། ཤེས་འཇོན། དབུལ་ཕྱུག་གི་ཧེ་བག་ཆེར་མེད་ཀྱང་ལྟ་བ་མི་མཚུངས་པས། སེམས་ཀྱི་རྙོགས་འགལ་ནི་མི་འཕྲོད་པ་ཀུན་ལས་ཐ་ཆད་དུ་བརྩི་འོས། མདོར་ན་ཚེ་སྲོག་གི་འགག་རྩ་ལ་ཐུག་ཡོད།
སྟོན་པ་མཆོག་གིས་རྒྱལ་སྲིད་ཀྱི་བདེ་འབྱོར་སྤངས་ཏེ་ཞི་བའི་ནགས་ལ་བྱོན་པའང་གནས་ཚུལ་འདིའི་སྒུལ་ཤུགས་དེ་མཁྱེན་པས་རེད། ནགས་ལ་དུས་རྒྱུན་གཅིག་པུར་འདུག་ཡུན་རིང་བས་མིང་ལའང་དྲང་སྲོང་ཞེས་འབོད་ཀྱི་ཡོད་པས་ལུས་སེམས་གཉིས་ལ་ལྟ་བ་དང་། མཛེས་དཔྱོད། དགའ་སྡུག་གི་འཐེན་འཁྱེར་མེད་པས་ལུས་དལ་སེམས་ཞི་བས་བསམ་གཏན་གྱི་མངོན་ཤེས་རྒྱུད་ལ་སྐྱེས་པའང་རྒྱུ་མཚན་ཡོད་པ་རེད། ད་དུང་ཚེ་ཡང་རིང་བར་གྲགས་ཏེ་བསམ་བློའི་འགལ་རྙོགས་ཀྱི་རྩོད་པ་དང་བྲལ་བས་ལྷོད་ཀྱིས་འཚོ་བའི་སྤྱོད་ལམ་ནི་གསོ་རིགས་དང་མཐུན་པས་ཚེ་རིང་བར་མངོན།

སྔོན་གྱི་དགྲ་བཅོམ་པ་དེ་དག་ཀྱང་ཞི་བའི་ནགས་སུ་གཅིག་པུར་བདེ་གསལ་མི་རྟོག་པའི་ཏིང་འཛིན་བསྒོམས་པའང་འཇིག་རྟེན་བདེ་བས་ཁྱོན་ནས་མཚོན་ཐུབ་ཀི་མེད། གྲོང་ལ་ང་ཤི་ཁྱོད་གསོན་གྱི་འཐབ་ར་ན་ལུས་ཤིང་། འཚོ་འཚིས་བྱ་བློ་བྱེད་བློ་མང་བའི་མི་ལ། འཇིག་རྟེན་བྲན་གཡོག་དེ་ཚོ་ལ། འཁོར་བ་པ་ཞེས་མིང་བཏགས་པ་རེད། འཕྲལ་གྱི་བདེ་བ་ཡུད་ཀྱིས་འགྱུར་ཞིང་། བདེ་བའི་གཞུག་ཏུ་སྡུག་བསྔལ་གྱིས་བཙེས་པས་ལུས་ཐོག་ན་འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱིས་རྒྱུན་མར་འཁོར་ལོ་ལྟར་བསྐོར་བས་རེ་དོག་གི་འཆིང་ལས་ནམ་ཡང་ལྷོད་ཀྱིན་མེད་པས་རི་ལ་བཞུགས་པའི་དྲང་སྲོང་དག་ཁོང་ཚོར་སྙིང་རྗེ་ཡང་འཁྲུངས་མྱོང་།

རྗེ་བཙུན་མི་ལ་རས་པ་ལ་ནོར་རྫས་ཁབ་ཙམ་ཡང་མེད་པས་སྲིང་མོའི་སྣམ་བུ་འབུས་ཟོས་པའི་ལོ་རྒྱུས་འདུག་སྟེ། ད་དུང་དུས་རྒྱུན་སྐྱིད་གླུ་འདི་འདྲ་འཐེན་གྱིན་ཡོད་དེ།
ང་གངས་ལྟོངས་འགྲིམ་པའི་རྣལ་འབྱོར་པ། །
ཁམས་བདེ་བ་དབྱིངས་ཀྱི་དཀྱིལ་འཁོར་རྒྱས། །
དུག་ལྔ་དྲེགས་པའི་ནད་སངས་པས། །
མ་བདེ་མ་མཆིས་བདེ་མོར་བྱུང་། །
སོགས་ཤིན་ཏུ་མང་ངོ་། །དེའང་ལུས་སེམས་དགེ་བའི་བར་གཅོད་རི་ལས་སྤངས་ཤིང་། ཡུལ་སྣང་སེམས་གསུམ་ཡུག་གཅིག་ཏུ་ཆོས་སྐུར་ཞི་བའི་ནགས་སུ་འདྲེས་པས་སྡུག་བསྔལ་ཟེར་བ་ནི་སྐྲ་ཤད་སངས་དྲག་ཏུ་སོང་བའི་མི་བཞིན་བཙལ་ཡང་རྙེད་ཀྱི་མེད་པས་རེད། སྐབས་རེེར་ཁོང་གིས།
སྒྲ་བསྒྱུར་མར་པའི་བཀའ་དྲིན་གྱིས། །
འཁོར་འདས་སེམས་ལ་རྫོགས་པས་ན། །
དུས་ནམ་ཡང་བདེ་བའི་རྣལ་འབྱོར་ཡིན། །
སོགས་གསུངས་པ་རེད། ད་དུང་རི་བོའི་རྩེ་ནས་ཏིང་འཛིན་རྙེད་ཅིང་། བྱ་སྐྱིབས་ཕུག་ཏུ་སངས་རྒྱས་ཐོབ་པའི་སྐྱེས་ཆེན་ཅི་བས་མང་ངོ་། །སྦྱོར་དྲུག་དང་རིམ་ལྔ། རྡོ་རྗེ་གསུམ་བསྙེན། ནཱ་རོའི་ཆོས་དྲུག་སོགས་ཉམས་དང་བློ་ཡིས་མ་ཆུན་ནའང་། ཡིད་ལ་ཚོར་བ་རགས་པ་དགྲ་མཉེན་གྱི་འཛིན་སྟངས་ཞི་བས་རིག་པ་དྭངས། དགེ་བ་ལ་བློ་རྩེ་གཏོད་པའི་རི་པ་རྣམས་ཀྱང་གྲོང་ཉུལ་མཁན་ལས་ཁྱད་པར་འཕགས་ཏེ། དབེན་པའི་ཚལ་ལ་གོམས་པ་གསུམ་བོར་ཡང་དགེ་བ་འབྱུང་ཞེས་ཡང་དག་པ་གཟིགས་པ་ཆེན་པོས་གསུངས་སོ། །ཡང་དུ་དབེན་པ་ན་མི་ནག་གི་འདུ་འཛི་སྤེལ་ན། འཁོར་ངན་ལོག་སྒྲུབ་ཀྱིས་སུན་ཐག་ཕུད་ན་མི་དགེ་བ་ཡོད་པ་གྲོང་དང་འདྲ་བས་གཅིག་པུར་འདུག་ཚུག་པ་དེ་ལ་ཡོན་ཏན་ཡོད་པ་བཞེད་དེ། རི་ལ་ཟུག་པའི་རྣལ་འབྱོར་པ་ཞེས་བསྟོད་པ་མཛད་མྱོང་ལ། རས་ཆུང་པའང་གནས་སྐབས་གྲོང་ལ་ལུས་པས་ལྷ་གཅིག་དང་ལྟ་སྤྱོད་མ་མཐུན་པས་སྐྱོ་དྲགས་ཏེ་དབེན་པ་དྲན་པའི་མགུར་འདི་འདྲ་འདུག་སྟེ།
ཡ་ཀི་སྙེ་ནམ་ཕྱོགས་སུ་ཡར་བལྟས་ཙ། །
ཕ་བླ་མ་གཅིག་ལ་རས་ཕྲུག་བརྒྱ། །
རས་པ་ཕྱེད་ཙམ་རི་ཁྲོད་གནས་སུ་སྒོམ། །
ཕྱེད་ཙམ་བླ་མའི་ཆགས་ཕྱིར་འབྲང་། །
རས་ཆུང་བསོད་ཟད་བདུད་མོའི་ལག་ཏུ་ཚུད། །
བདུད་མོ་ཁྲེལ་མེད་མའི་ལག་ཏུ་འོ་རེ་བརྒྱལ། །
ཤོ་ཨ་ཙ་མ་ན་བླ་མ་དྲན་པ་བྱུང་། ། གསུངས་སོ། །ལྷག་ཏུ་དུས་ངན་སྙིགས་མའི་ཆུ་བོ་འབྲུལ་བའི་དུས་རབས་འདི་ནི་ཐོབ་ཤོར་དང་རེ་དོགས་ཀྱི་རྙོགས་འཛིང་། ལྟ་བ་གསར་རྙིང་གི་འཐབ་རྩོད། སྤྱི་ཚོགས་ཁོར་ཡུག་གི་གནོན་ཤུགས། དཔལ་འབྱོར་འགྲན་རྩོད་ཀྱི་དཀའ་ལས། ལུས་བྲེལ་སེམས་ཟེང་གི་དུས་ངན་འདི་ལ་རབ་ཏུ་བྱུང་བ་རྣམས་ཐོས་པའི་དོན་ལ་སེམས་པ་ནི་མཆོག་ཡིན་པས་དབེན་པ་སྙོགས་པར་བྱའོ། །ལུས་དལ་སེམས་ཡངས་ནི་ཀུན་གྱིས་སྨོན་པའི་འོས་སུ་ཆེ་བས་དབེན་པ་སྙོགས་པར་བྱའོ། །ཁོར་ཡུག་འབག་རྩོག་གིས་སླད་ཅིང་། འཆི་རྐྱེན་རླུང་ལྟར་འཚུབས་པའི་དུས་ངན་ལས་བྱོལ་ཏེ། དྭངས་གཙང་གསོ་རླུང་ཡག་ཅིང་། སྨན་སྣའི་དྲི་བསུང་ལྡང་ས། རི་དྭགས་དང་བྱ་རིགས་གཡུང་བབས་པའི་དབེན་པ་ལ་ལང་ཚོ་ཡོལ་བའི་རབ་བྱུང་རྣམས་ཅི་ནས་འབྱོན་པར་བྱའོ། །འཁོར་བའི་རྙོག་འཛིང་ལ་ཤ་ཐང་ཆད་པའི་ཁྱིམ་པ་ཕོ་མོ་དག་ཀྱང་འཇིག་རྟེན་དང་ལང་ཚོས་ཡོངས་སུ་བཏང་བའི་དུས་ཏེ་ཚེ་ཞབས་ལྷག་འཕྲོ་ལ་དབེན་པ་ན་སོས་སྐྱིད་ཀྱིས་ཆོས་ལ་སེམས་ན་དེ་བས་བཟང་བས། དབེན་པ་སྙོགས་པར་བྱའོ།།

2013/09/04 ཉིན་རི་སུལ་ནས་བྲིས།

རྩོམ་རིག

Post navigation

Previous Post: ཁྲོའོ་ཁུག་ཡོབ་ཀྱི་སྐྱི་ལྤགས་དང་རུས་པ།
Next Post: ༧སྐྱབས་མགོན་ལགས། སྐྱབས་སུ་མཆི།

Comments (2) on “དབེན་པ་ནི་མིའི་ལུས་སེམས་འཕྲོད་སྟེན་ཡིན། ཨང་དང་པོ་ཡིན།”

  1. རྟ་བདུན་དབང་བོ says:
    2013-09-11 at 12:02 pm

    ལྷ་རྩེའི་ཁུ་བྱུག་འདི་སྒོམ་ཆེན་པ་ཞིག་མིན་ཀྱང་། སྒོམ་ཆེན་པར་མོས་པ་ཡོད་མཁན་ཞིག་ཡིན་ཐག་ཆོད་རེད། དངོས་གནས་ཡག་པོ་བྲིས་གནངས་འདུག་པས། རྗེས་སུ་ཡི་རང་ཡོད། མུ་མཐུད་ནས་འདི་འདྲའི་གཏམ་སྙན་མོ་འབྲི་རོགས་ཞུ། །

  2. གནམ་ says:
    2013-09-12 at 1:02 am

    (མི་སུམ་ཅུ་བསམ་བློ་སུམ་ཅུ། །མཛོ་སུམ་ཅུ་རྭ་ཅོ་དྲུག་ཅུ)། འདི་ལ་ཡིན་གཅིག་མིན་གཉིས། ཡིན་མིན་གྱི་རྩོད་པ་མེད་པར། ལ་དོན་གྱི་ཕྲད་དགོས་བ་རེད།
    རུ་བསྡུས་བའི་ར་ཕྲད་མེད་ན། སྔ་མོའི་གཏམ་དཔེ་དང་གོ་བ་བར་ཐག་རིང་པ་ཡོད་པས། མི་སུམ་ཅུར་བསམ་བློ་སུམ་ཅུ། །མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ལྟ་བུ་རེད། མིང་དོན་ལ་སྐུང་སྦེད་ཐུབ་ན་ཡང་། བརྡ་སྤྲོད་ཀྱི་ཚིག་ཕྲད་ཐོབ་ཐང་ལ་ནམ་ཡང་སྐུང་སྦེད་བྱེད་ཚུལ་མེད་པ་དེ་ཤེས་གལ་ཆེན་ཡིན་པ་རེད། གོ་སོང་ངམ། བྱ་ཁུ་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme