Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུས་འོས་བསྡུ་ལས་ཁང་ལ་ཕུལ་བའི་སྙན་ཞུ།

Posted on 2015-10-042015-10-04 By ཁ་བརྡ 25 Comments on དབུས་འོས་བསྡུ་ལས་ཁང་ལ་ཕུལ་བའི་སྙན་ཞུ།

འཇིགས་བྲལ་བསྟན་འཛིན།

 
མཆོག་ཏུ་བཀུར་འོས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་དབུས་འགན་འཛིན་རྣམ་པ་ལྷན་རྒྱས་ཀྱི་མདུན་སར།
གུས་ཞུ།

སྤྱིར་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་བོད་མིའི་བླ་ན་མེད་པའི་མགོན་སྐྱབས་དང་མཚོན་རྟགས་ཏེ་སྤྱི་ནོར་ཡིན་པ་ལས། ནང་ཁུལ་སྲིད་དོན་ཤོག་ཁག་གི་མཚོན་རྟགས་མ་ཡིན་པས། འོས་བསྡུ་འགྲན་རྩོད་ཀྱི་སྐབས་འདིར་སྒེར་གྱིས་སྲིད་སྐྱོང་འོས་ཐོབ་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་རྩ་ཆེན་པོ་དེ་བེད་སྤྱོད་བཏང་ནས་འོས་ཐོབ་ཐབས་དང་། དེ་བཞིན་༧གོང་ས་མཆོག་གི་མཚན་རྩ་ཆེན་པོ་དེ་སྲིད་སྐྱོང་འོས་མི་གཞན་ཞིག་ལ་འོས་མི་ཐོབ་པའི་ཐབས་ཤེས་སུ་བེད་སྤྱོད་བཏང་ན་འགྲིག་མིན་དགོངས་པ་བཞེས་དགོས་པ་ཞིག་ཏུ་མཐོང་གི་ཡོད་པས། དབུས་འོས་བསྡུ་ལས་ཁུངས་ལ་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་དྲི་བ་འགའ་མང་ཚོགས་ཀྱིས་གཟིགས་ཐུབ་པའི་གསར་གནས་དྲ་ལམ་བརྒྱུད་ནས་བཀའ་འདྲི་ཞུ་རྒྱུར།

༡༽ འོས་བསྡུའི་སྐབས་འདིར་སྲིད་སྐྱོང་འོས་མི་གང་རུང་ཞིག་གིས་མང་ཚོགས་ལ་ང་ནི་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཡིན་ཟེར་ནས་འོས་ཤོག་ཐོབ་ཐབས་བྱས་ན་འོས་བསྡུའི་སྒྲིག་གཞིའི་ཐོག་ནས་འགྲིག་གི་ཡོད་དམ་མེད།

༢༽ སྲིད་སྐྱོང་འོས་མི་གང་རུང་ཞིག་གིས་མང་ཚོགས་ལ་སྲིད་སྐྱོང་འོས་མི་གཞན་ཞིག་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རེད་ཅེས་ཉེས་འཛུགས་བྱས་ན་འོས་བསྡུའི་སྒྲིག་གཞིའི་ཐོག་ནས་འགྲིག་གི་ཡོད་དམ་མེད།

༣༽ ཚོགས་པ་སྒྲིག་འཛུགས་ཀྱི་མིང་ཐོག་ནས་སྲིད་སྐྱོང་འོས་མི་རེ་ཟུང་ལ་འོས་མིར་ལངས་དོན་ཇི་ཡིན་མང་ཚོགས་ལ་གཏམ་བཤད་བྱེད་པར་གོ་སྐབས་སྤྲད། ཡང་ཚོགས་པ་སྒྲིག་འཛུགས་ཀྱི་མིང་ཐོག་ནས་སྲིད་སྐྱོང་འོས་མི་ཞིག་འོས་མིར་ལངས་དོན་ཇི་ཡིན་མང་ཚོགས་ལ་གཏམ་བཤད་བྱེད་པར་བཀག་འགོག་བྱས་པ་སྟེ། ཚོགས་པ་སྒྲིག་འཛུགས་ཀྱི་མཚན་ཐོག་ནས་སྲིད་དོན་ཤོག་ཁག་རང་བཞིན་གྱི་ལས་འགུལ་ཡོང་བཞིན་པ་འདི་འོས་བསྡུའི་སྒྲིག་གཞིའི་ཐོག་ནས་འགྲིག་གི་ཡོད་དམ་མེད།

གོང་གསལ་གནད་དོན་འདི་དག་གི་ཐད་ལ་དབུས་འོས་བསྡུ་ལས་ཁུངས་ནས་འོས་བསྡུའི་སྒྲིག་གཞི་གཞིར་བཞག་གིས་ལམ་སྟོན་ཁ་གསལ་ཐག་ཆོད་པ་ཞིག་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག དེ་མིན་དབུས་འོས་བསྡུ་ལས་ཁུངས་ནས་ས་གནས་སུ་སྤྱི་མཚུངས་མིན་པའི་གནས་ཚུལ་འདི་དག་ལྷགས་ཡོང་དུས་མ་མཐོང་བའི་ཟོལ་དུ་བཞུགས་པ་ཡིན་ན་མཐའ་མའི་འོས་བསྡུའི་གྲུབ་འབྲས་ཡང་དྲང་བདེན་ཞིག་བྱུང་ཡོད་པའི་འགྲེལ་བརྗོད་ཇི་ལྟར་གནང་ཐུབ་བམ། བཀའ་ལན་ཡང་གཤམ་གསལ་མྱུར་འཕྲིན་ཁ་བྱང་ཐོག་གནང་སྐྱོང་ཡོད་པ་མཁྱེན་མཁྱེན།

གུས་འདུད་བཅས་ནུབ་ཡོ་རོབ་སུད་སི་ནས་འཇིགས་བྲལ་བསྟན་འཛིན་གྱིས་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༡༠ ཚེས་ ༣ ལ།
མིང་རྟགས།
མྱུར་འཕྲིན། jigten1949@gmail.com

Screen Shot 2015-10-03 at 4.23.20 PM

དེ་རིང་སུད་སི་ས་གནས་ཡོ་ན་ཞེས་པ་རུ་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དངོས་སུ་ཕེབས་ནས་མང་ཚོགས་བརྒྱ་ཕྲག་ལ་ཉེ་བར་འོས་བསྡུའི་ཁྲིམས་སྒྲིག་སོགས་འགྲོ་ལུགས་སྐོར་གཏམ་བཤད་གནང་ཡོད་པ་དང་། དེ་སྐབས་བོད་མི་བརྒྱ་ཕྲག་བརྒལ་བའི་དཀྱིལ་དུ་གོང་གསལ་བཀའ་འདྲི་སྙན་ཞུ་དངོས་སུ་འོས་བསྡུ་འགན་འཛིན་གྱི་ཕྱག་ཏུ་ཕུལ་ཡོད་པ་དང་། བཀའ་ལན་ཡང་ཡིག་ཐོག་ཏུ་ཡོད་པ་ཞེས་ཞུས་ཡོད། དེ་སྐབས་འོས་བསྡུ་འགན་འཛིན་མཆོག་གིས་འོས་བསྡུ་འགན་འཛིན་རྣམ་པ་གཞན་གཉིས་བཅས་རྣམ་པ་གསུམ་གྲོས་བསྡུར་གྱིས་བཀའ་ལན་ཡིག་ལམ་ནས་གནང་གི་ཡིན་སྐོར་གསུངས་སོང་།

འཕྲིན་ཡིག

Post navigation

Previous Post: གཞོན་སྐྱེས་དང་འོས་བསྡུ།
Next Post: ཡ་མུ་ནའི་འགྲམ་ནས་གཱཾངྷཱིའི་བང་སོར་མཇལ་བ།

Comments (25) on “དབུས་འོས་བསྡུ་ལས་ཁང་ལ་ཕུལ་བའི་སྙན་ཞུ།”

  1. ཀརྨ་བློ་གསལ་ says:
    2015-10-04 at 9:23 am

    དུས་སུ་བབས་པའི་ཕྱག་ལས་ཤིག་རེད་ལ། ཐུགས་རྗེ་ཆེ་ཞུ་འདུན་བྱུང་།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-04 at 9:35 am

    དྲི་བ་ཡག་པོ་ཅིག་གཏོང་འདུག་ཀྱང་ལན་འདེབས་ལ་དྲང་པོའི་རེ་བ་མ་བྱེད། རང་གི་རྐུབ་ལྕག་དང་གསལ་བཤད་བྱ་ཡུལ་གྱི་ཕྱོགས་སྔ་ལ་བལྟས་ན་སྙིང་རྗེ་མོ་ཅིག་བཤད་ཡོང་ཀི་རེད། རྣམ་པ་ཚང་མའི་གཟིགས་ཨ་་་་་་་་

  3. རིག་ཡག། says:
    2015-10-04 at 9:48 am

    འཇིགས་བྲལ་ལགས་ཀྱིས་གནད་ལ་འཁེལ་བའི་དྲི་བ་ཞིག་བཏང་འདུག ཐུགས་རྗེ་ཆེ། མ་གཞི་དྲི་བ་འདི་དག་ནི་གཞི་རིམ་མང་ཚོགས་ནང་རྒྱུན་ཤེས་ལྟ་བུ་ཞིག་ཡིན་དགོས་མོད། ང་ཚོའི་མང་ཚོགས་རྣམས་ནི་འོས་བསྡུའི་སྒྲིག་གཞི་དང་འོས་ལངས་ཀྱི་གཞི་རྩའི་འགྲོ་སྟངས་ཙམ་ལ་ཡང་མགོ་བོ་རྨོངས་ནས་བསྡད་ཡོད། ད་ལམ་དབུས་འོས་བསྡུ་ལས་ཁུངས་ནས་ལན་ཁ་གསལ་གོ་བདེ། ལག་ལེན་ལ་འཁེལ་ཐུབ་པ་ཞིག་ཡོང་བའི་རེ་བ་ཡོད།

  4. ཁྱུང་སེ། says:
    2015-10-04 at 10:50 am

    འཇིགས་བྲལ་ལགས་ཀྱིས་འཇིགས་པ་དང་བྲལ་བའི་སྒོ་ནས་དུས་ཐོག་གི་ཆར་པ་ལྟར་དྲི་བ་གནད་ལ་འཁེལ་བ་ཞིག་བཏོན་འདུག་པར་རྗེས་སུ་ཡི་རངས་དང་མངགས་བརྗོད་ཞུ་བཞིན་ཡོད། འོན་ཀྱང་འོས་བསྡུའི་ལས་ཁུང་ནས་དྲིས་ལན་གཡོ་སྒྱུ་ཉི་མ་ཁྱོལ་ཐབས་ཞིག་ལས་དྲང་པོའི་ལན་ཞིག་གནང་བའི་རེ་བ་དེ་ཙམ་མེད། ཡིན་ནའང་ང་ཚོ་གཟུར་གནས་པ་ཚོས་ལྟས་ནས་བསྡད་ཡོད།

  5. གནམ says:
    2015-10-04 at 10:55 am

    ལན་དང་པོ།
    ཡོད་རྒྱུ་རེད། ལམ་དབུ་མ་འདི་དུས་དང་བབས་ལ་མཐུན་པའི་སྲིད་ཇུས་ཤིག་ཡིན་པ། ༧ གོང་ས་མཆོག་ཁོང་ལས་ལྷག་པ་ཞིག་གིས་སྣོན་འཕྲུ་བྱེད་མི་ཤེས་བས། ལམ་དབུ་མས་བདེན་མཐའ་དང་བདེ་སྐྱིད་རེག་པ་ལ་༧གོང་ས་མཆོག་བཀའ་གསུངས་ལམ་སྟོན་ལ་ཉན་ནི་ཞིག་དང་ལག་ལེན་བྱེད་ནི་ཞིག་དངོས་བར་ཡིན་དགོས། རྒྱལ་ལོ་དོན་འགྲུབ་མཆོག་གིས། ལམ་དབུ་མ་ཡོངས་སུ་མཁྱེན་སོང་ན་མཚན་རིགས་འདྲ་བོ་ཡོད་རེད་གསུངས་ཡོད། མཚན་རིགས་མེད་དུ་མི་རུང་བ་འདིའི་མཇུག་འབྲས་ཡོངས་སུ་སྨིན་པ་ཤེས་དགོས་ན། ༧རྒྱལ་བ་མཆོག་ང་ཚོའི་བློ་འདྲི་ལམ་སྟོན་བྱེད་སའི་ཨ་མ་དེ་ཡིན།
    ལན་གཉིས་བ།
    འགྲིག་གི་ཡོད་ཡོད་པ་རེད། ཡོད་པའི་རྒྱུ་མཚན་འདི་འདྲ་ཞིག་རེད། ༧གོང་ས་མཆོག་གིས་ད་སྔ་གནང་བཞིན་པའི་ཆོས་ཕྱོགས་དང་སྲིད་ཕྱོགས་གང་གི་ཆ་ལ་སྐོར་ན་ཡང་ནག་ཆེན་པ་ཞིག་ལ་བཞག་ནས། དབུ་མ་གཉིས་སྨན་གསུངས་དུས་རྒྱལ་བཙོང་བ་རེད། དོལ་འདྲེ་དོར་ལེན་ལམ་སྟོན་ཆོས་དབང་འཕྲོག་མཁན་ཡིན་རབས་བཤད་ནས་ཡོད་ཚད་དཀྲུག་པ་དེ་ཀླུ་བྱམས་ཀྱི་རྩོམ་ཆག་དོན་མེད་མདོ་མེད་དག་གི་ཁ་ཁུག་ན་དངོས་ཡོད་ཡིན་པས། ཁོས་བཤད་པ་དང་བྲིས་བ་གཉིས་ཁོ་རང་ལ་བདག་དབང་ཡོད་པའི་འགན་ཁུར་ཡིན་པ་དེར་ང་ཚོས་གླེང་མི་ཆོག་པ་དང་མ་གོ་མ་ཤེས་ཁུལ་ཅི་ལྟར་བྱེད་དགོས་བ་རེད། ཉེས་བ་ཡོད་ན་ཉེས་འཛུགས་བྱེད་དགོས་བ་འོས་མི་གཞན་ལ་ཡོད་པའི་འོས་འགན་རེད།
    ལན་གསུམ་པ།
    ཁ་ཚོད་མེད་ནང་ནས་ཚིག་བསྡུ་མེད་ཤོར་བ་སྔ་དྲག་ན་དེ་འདྲ་ཡོད་པ་རེད། དགྲ་ནང་ལ་བཀུག་ནས་གཏོ་ཕྱི་ལ་མི་འཕེན་པ་ནི་ལས་ཀྱི་སྣེ་མོ་བ་ཚང་མའི་ཡོལ་དུ་མེད་པའི་གོ་ཐོབ་རེད། ཚོགས་སྡེ་ཚབ་མཚོན་གྱི་མི་སྣེས་ལག་སྟེར་བྱས་ན་འགྲིག་དང་འགྲིག།

    སང་ཉིན་ཁོ་ལ་འོས་མི་ཐོབ་པ་ནི་མཐོང་ཆས་དངོས་གྲུབ་རེད། སྐབས་དེར་ཡང་། ཁོས་”ཁ་རང་བཙན་”གཡུག་ནས་རང་བཙན་བཤད་མཁན་དགྲ་ལ་འཛིན་རབས་ཟེར་ནས། ཡང་དཀྲུག་མགོ་ཞིག་སློང་གི་རེད། ལྟོས་ཨ།

  6. ཟིམ་ཟིམ། says:
    2015-10-04 at 11:40 am

    འོས་བསྡུའི་འགྲིག་གཞི་དེ་གང་ཡིན་སྔ་ས་ནས་འོས་མིར་ལངས་མཁན་རྣམས་ཀྱིས་མཁྱེན་མེད་པ་མིན། ཁྲིམས་འགལ་བྱས་ཡོད་ན་ཉེས་ཆད་གཅོད་པ་མ་གཏོགས་ལྷག་མེད།

  7. གངས་ཕྲུག། says:
    2015-10-04 at 11:44 am

    དྲི་བ་གནད་འགག་ཅན་འགའ་བཏང་འདུག། འོན་ཀྱང་ལན་གནད་ལ་ཁེབ་པ་ཡོང་རྒྱུ་ཁག་པོ་རེད། བཙན་བྱོལ་བོད་པ་ཚང་གི་འགོ་གཙོ་ཚོས་རང་ཉིད་སྲུང་སྐྱོབ་བྱེད་སྟངས་ནི་ལམ་ཁ་ཅིག་ལས་ཡོད་ནི་མ་རེད།

  8. ལྷ་མོ། says:
    2015-10-04 at 11:50 am

    བེ་རི་འཇིགས་མེད་ཀྱིས་སྤེན་ཚེ་ཡི་མི་གསོད་པར་གསལ་བོ་བཤད་འདུག ད་ནི་འོས་བསྡུ་ནས་འགན་འཁུར་དགོས་འདུག

  9. ཅོ་རི་ཉི་མ། says:
    2015-10-04 at 11:59 am

    འོས་བསྡུའི་སྒྲིག་གཞི་གསར་པ་ལས།

    ༥། འོས་གཞིར་ཞུགས་མཁན་སུ་ཐད་ནས་ཀྱང་སྐབས་དོན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཡིག་ཆའི་ཐོག་༸གོང་ས་མཆོག་གི་སྐུ་པར་དང། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། དེ་བཞིན་མཚོན་རྟགས་ཚུལ་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་བོད་ཀྱི་ས་བཀྲ་སོགས་གང་དུ་ཡང་བེད་སྤྱོད་མི་ཆོག་་་་ཅེས་བཀོད་འདུག

    འོས་བསྡུའི་རྒྱལ་ཁ་འཐོབ་ཆེད་དུ་༧གོང་ས་མཆོག་གི་སྐུ་པར་བེད་སྤྱོད་བྱེད་མི་ཆོག་ཅེས་བཀོད་ཡོད་དུས་མཚན་བེད་སྤྱོད་བཏང་ནས་འོས་འཐོབ་ཐབས་བྱས་པ་ཁྲིམས་འགལ་ཡིན་དགོས་ངེས་རེད།

  10. ཟིམ་ཟིམ། says:
    2015-10-04 at 12:09 pm

    ༧གོང་ས་མཆོག་གི་བཀའ་གསུང་བཞིན་དབུ་མའི་ལམ་གྱི་སྟེང་དུ་ཤར་སྐྱོད་བྱེད་ཀྱི་ཡིན་ཞེས་བཤད་ན། འོས་བསྡུའི་འགྲིག་གཞི་ལ་འགལ་ཡོད་དམ།

  11. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-04 at 12:39 pm

    ཧཧཧཧཧཧ་་་་གོང་ས༧མཆོག་གི་བཀའ་བཞིན་དབུ་མའི་ལམ་ཐོག་འགྲོ་ན་འོས་བསྡུ་སྒྲིག་གཞི་དང་འགལ་ལམ་ཟེར་དྲི་བ་བཀོད་དུས། འོས་བསྡུ་དང་འབྲེལ་བ་ཅི་འདུག་གམ། མགོ་ག་རེ་ན་ཀི་ཟེར་དུས། རྐུབ་ལུག་གིས་བརྡུང་བྱུང་ཟེར་འདུག་་་་ཧི་ཧི་ཧི་་་་་་་ངོ་མཚར་ཀི་ཡ།

  12. བདེན་པའི་མི། says:
    2015-10-04 at 1:15 pm

    འཇིགས་བྲལ་ལགས་ཀྱིས་གནད་ལ་འཁེལ་བའི་དྲི་བ་ཞིག་བཏང་འདུག བཀའ་དྲིན་ཆེ།

  13. ཡ་མ་ཚེ་རིང says:
    2015-10-04 at 2:21 pm

    འཇིགས་བྲལ་ལགས་ཀྱི་མིག་གཅིག་ཞ་ར་ཡིན་པ་འདྲ། དྲི་བ་དེ་ཙམ་མ་གཏོགས་མེད་ན་ལན་ཕུལ་དགོས་ཡ་མི་འདུག

  14. ཞོལ་གཡག་འབྲོང་རྒྱུད། says:
    2015-10-04 at 2:24 pm

    དྲི་བ་ནི་གནད་ལ་འཁེལ་འདུག། འོན་ཀྱང་འོས་བསྡུ་ལྷན་ཁང་ནི་རང་དབང་ཅན་གྱི་སྡེ་ཚན་དུ་མི་གནས་པར་གཞན་དབང་སྟབས་བསྟུན་འོག་ཡོད་པ་རེད། དཔེ་མཚོན་ཡག་ཤོས་དེ་མདོ་སྨད་བར་མའི་འོས་བསྡུ་ནས་གསལ་པོར་ཁ་བསྒྲགས་ཟིན་པ་རེད། ད་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཡང་མཐོང་བརྒྱུད་པའི་ཕྱག་ལེན་དེ་ལག་བསྟར་བྱེད་རྒྱུ་ནི་གཏན་འཁེལ་ཟིན་པ་རེད། དེ་ལས་འོས་བསྡུའི་ཆ་ཤས་མ་བླངས་ན་ཡག་ཤོས་རེད། རྒྱུ་མཚན་ད་བར་འོས་བསྡུའི་ཁྲིམས་སྒྲིག་ལ་བརྩི་བཀུར་མི་ཞུ་མཁན་དེ་ཚོ་རྐང་སྐྱངས་ལག་སྐྱངས་བཏང་བཅུགས་པ་དེས་གསལ་བསྟོན་བྱས་པ་རེད།

  15. འཇིགས་བྲལ་བསྟན་འཛིན། says:
    2015-10-04 at 4:15 pm

    དབུས་འོས་བསྡུ་འགན་འཛིན་མཆོག་ལ་ཕུལ་བའི་དྲི་བ་དེ་དྲ་ཐོག་ཏུ་འགོད་ཕྱིར་བཏང་བ་བཞིན་བཀོད་པར་བཀའ་དྲིན་ཆེ་ཞུ།

  16. འཇིགས་བྲལ་བསྟན་འཛིན། says:
    2015-10-04 at 4:24 pm

    ངས་ཡིག་ཐོག་ནས་བཏང་བའི་དྲི་བ་དག་ལ་དོ་ཁུར་གྱིས་མཆན་འགའ་བཏབ་འདུག་པར་བཀའ་དྲིན་ཆེ་ཞུ་བ་ཡིན།

  17. འཇིགས་བྲལ། says:
    2015-10-04 at 4:26 pm

    ངས་ཡིག་ཐོག་དབུས་འོས་བསྡུ་ལྷན་ཁང་ལ་བཏང་བའི་དྲི་བ་དག་ལ་དོ་ཁུར་གྱིས་དགོངས་ཚུལ་འགའ་གསུངས་འདུག་པར་བཀའ་དྲིན་ཆེ་ཞུ་བ་ཡིན།

  18. རྫ་ཆུ་སྔོན་མོ says:
    2015-10-04 at 10:25 pm

    འཇིགས་བྲལ་ལགས། འོས་བསྡུའི་སྒྲིག་གཞི་ཁག་ནི་སྔ་ས་ནས་དབུས་འོས་བསྡུ་ལས་ཁུངས་ཀྱིས་གཏན་ལ་ཕབ་སྟེ་བོད་རྒྱ་ཆེའི་མང་ཚོགས་ཀྱི་མིག་མདུན་ལ་བཀྲམ་ཟིན་པ་ཞིག་རེད། སོང་ཙང་། འབྱུང་འགྱུར་སྲིད་སྐྱོང་འོས་མི་ཚོའི་གཏམ་བཤད་དང་ཁྱབ་བསྒྲགས་སོགས་ཀྱིས་མཚོན་པའི་སྒེར་གྱི་འོས་བསྡུའི་ལས་རིམ་དེ་དག་སྒྲིག་གཞི་དང་འགལ་གྱི་འདུག་གམ་སོ་སོས་ལྟོས། སྐུ་ཉིད་གྲྭ་ལོག་ཡིན་པས་བོད་ཡིག་ནི་ཀློག་ཤེས། མཁས་པར་རློམ་པས་དོན་ནི་གོ་ཙམ་ཡོད། གལ་ཏེ་འགལ་འཛོལ་བྱུང་འདུག་ན། འོས་མི་དེ་ཁྲིམས་ལ་སྦྱོར་རྒྱུ་ལས་ལམ་ཀ་གཞན་ལྷག་མེད།

  19. འཇིགས་བྲལ། says:
    2015-10-05 at 2:37 am

    གོང་གི་དྲི་བ་འདི་ཚོ་དཀྱུས་གཅིག་ཏུ་འབྲེལ་ནས་ཡོད་ལ།
    དྲི་བ་འདི་ཐམས་ཅད་མི་མང་གཙོ་དང་མི་གཙོ་ཡི་གནད་དོན་ཞིག་གི་སྟེང་དུ་བབ་ཀྱི་ཡོད་པ་རེད།

  20. འཇིགས་བྲལ། says:
    2015-10-05 at 2:43 am

    #11 ཏྲེ་ཧོར་བྱམས་པ་རིན་ཆེན་གྱིས། གོང་ས༧མཆོག་གི་བཀའ་བཞིན་དབུ་མའི་ལམ་ཐོག་འགྲོ་ན་འོས་བསྡུ་སྒྲིག་གཞི་དང་འགལ་ལམ་ཟེར་དྲི་བ་བཀོད་ཟེར།
    ལན། སྔོན་གླེང་དང་དྲི་བ་དོན་ཚན་གསུམ་གང་གི་ནང་དུ་ཡང་དྲི་བ་དེ་འདྲ་ཞིག་རྩ་ནས་མེད། མ་གཞི་ང་ཚོ་དབུ་མའི་ལམ་ཐོག་འགྲོ་བ་དེ་༧གོང་ས་མཆོག་གི་བཀའ་ཡིན་ཙང་འགྲོ་བ་མ་རེད་དཱ། སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་གྲོས་ཆོད་ཡིན་ཙང་འགྲོ་བ་རེད།

    ༧གོང་ས་མཆོག་གི་སྐུ་དཔར་དང་། རྒྱལ་དར། རྒྱལ་རྟགས་སོགས་བེད་སྤྱོད་གཏོང་ཆོག་གི་མེད་ཙང་མཚན་བེད་སྤྱོད་གཏོང་ཆོག་གི་ཨེ་ཡོད་ན་བསམ་པ་རེད།

  21. འཇིགས་བྲལ། says:
    2015-10-05 at 2:45 am

    སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབས་པའི་གྲོས་ཆོད་བཞིན་དབུ་མའི་ལམ་ལ་ཤར་བསྐྱོད་ཡིན་ལབ་ན་ཁྲིམས་སྒྲིག་དང་། སྲིད་དོན་གྱི་ཐོག་ནས་ཏག་ཏག་བསྡད་ཡོད་རེད།

  22. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-05 at 3:03 am

    ཧཧཧཧ་་་་འཇིགས་བྲལ་ལགས། ངས་མཆན་འདེབས་ཆེ་གེ་མོ་ཅིག་ལ་ལན་དེ་བྲིས་ཡོད་པས་ཁྱོད་རང་གིས་མཆན་ཚང་མ་ཀློག་ཡོད་དམ། ཀློག་མེད་ན་ཡང་བསྐྱར་ཀློག་ཅིག་་་་་ཀློག་ཡོད་ན་ཁྱོད་ཀྱི་མིག་དེར་རབ་རིབ་ཀྱིས་བཀབ་ཡོད་པ་འདྲ། གོ་ཨེ་སོང་ངམ། ཡག་པོ་ལྟོས་ཨ།

  23. ཟིམ་ཟིམ། says:
    2015-10-05 at 3:34 am

    ཏྲེ་བྱམས་ཁྱོད་ཀྱིས་མཆན་འདེབས་ས་དེའི་ག་རེ་ཟེར་གྱི་ཡོད་པ་མཁྱེན་མེད་པ་འདྲ། དེས་ཀྱང་མཆན་པ་ག་གེ་མོ་ཞིག་ལ་བྲིས་འདུག ཧཧཧཧ

  24. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-05 at 5:21 am

    མཆན་འདེབས་ཚང་མ་ལ་ཞུ་དོན། རྣམ་དཔྱོད་དང་བགྲོ་གླེང་གི་སྤོབས་པ་ཡོད་ན་གནས་ལུགས་ལ་བརྡར་ཤ་ཆོད་ཅིག་མ་གཏོགས།སྨྲ་བའི་ནུས་སྟོབས་མེད་ན་གོང་ས༧མཆོག་དང་དབུས་སྒྲིག་འཛུགས་ཀྱིས་མགོ་གནོན་སྤྲོད་པ་དེ་དུས་རབས་གསར་པའི་བུ་ལ་འགྲོ་མ་རེད་དོ།།

  25. འཇིགས་བྲལ། says:
    2015-10-07 at 7:19 am

    ད་དུང་ང་ལ་དབུས་འོས་བསྡུ་ལྷན་ཁང་ནས་དྲི་ལན་འབྱོར་མ་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme