Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུས་འོས་བསྡུ་ལས་ཁང་གི་གསལ་བཤད།

Posted on 2016-01-072016-01-07 By ཁ་བརྡ 10 Comments on དབུས་འོས་བསྡུ་ལས་ཁང་གི་གསལ་བཤད།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

 
༄༅། །མཚུངས་མེད་གདུགས་རྩ་ཚང་བསྟན་འཛིན་འོད་ཟེར་ཅན་ཁྱོན་མི་གྲངས་ ༢༠༧ ཡོད་ཞུ་བ་ཐུན་མོང་ལ།

ཆེད་དོན། དེ་ནས་ ༢༠༡༥ ཟླ་ ༡༡ ཚེས་ ༡༦ འཁོད་བའི་ཞུ་གཏུགས་སྙན་ཞུ་གནས་ཚུལ་ ༧ དང་། དོགས་འདྲི་ ༡༨ ཅན་དྲ་ལམ་བརྒྱུད་ཕུལ་འབྱོར་བྱུང་དོན་བཞིན། འདི་ནས་ ༢༠༡༥ ཟླ་ ༡༡ ཚེས་ ༢༥ ཉིན་འཁོད་པའི་ལན་འདེབས་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང། འོས་སྒྲིག་གི་དོན་ཚན་ཁག་གི་ནང་གསལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་། འགན་འཛིན་ལས་འཕར་གཉིས་བཅས་གསུམ་ལ་འོས་བསྡུ་ཆེན་མོའི་ལས་རིམ་གྱི་ལས་དོན་ཁག་སྒྲུབ་རྒྱུར་འགན་དབང་བསྐུར་བ་གཞིར་བཟུང་ཁྲིམས་སྒྲིག་གདན་ལ་བྱས་ཏེ་ཕྱོགས་ལྷུང་སྤང་པའི་ཐོག་ནས་ལས་དོན་ཐག་གཅོད་བྱས་ལུགས་བྱེད་སྟངས་ཞིབ་འགྲེལ་དོན་ཚན་གསུམ་དུ་བསྒྲིལ་ཏེ་གསལ་བཤད་ཞུས་ཡོད་པས། ད་རེས་སླར་ཡང་ཕྱི་ལོ ༢༠༡༥ ཟླ་ ༡༢ ཚེས་ ༢༡ འཁོད་པའི་བཀའ་འདྲི་གནང་དགོས་དོན་དང་དེ་ལ་ལན་འདེབས་བྱ་འོས་མ་མཐོང་ཡང་། དངོས་བདེན་སྒྲིག་གཞིའི་གོ་དོན་མ་རྙེད་པ་ཞིག་ཡིན་ན་གསལ་བཟོ་དགོས་པ་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་གསལ་བཤད་བྱ་རྒྱུ་ཡིན་ན་ཁྱེད་རྣམ་པའི་མ་རྟོག་ལོག་རྟོག་གསལ་པོ་ཆགས་པའི་རེ་བ་ཡོད།

དོན་ཚན་དང་པོའི་ཐད། བཅའ་ཁྲིམས་ལེའུ་ ༨ པ་དོན་ཚན་ ༩༣(༣) པ་འདིས་དབུས་འོས་བསྡུའི་འགན་འཛིན་རྣམ་པར་འོས་བསྡུའི་ལས་དོན་མཐའ་དག་མང་མོས་སམ་སྤྱི་མོས་ཀྱི་ཐག་གཅོད་བྱེད་པའི་འགན་དབང་ཡོད་པ་ཞིག་སྟོན་གྱི་ཡོད། འགན་དབང་དེའི་འོག་ནས་འོས་བསྡུའི་སྒྲིག་གཞི་གཏན་འབེབས་ཡོད་པ་ཁག་སྨྲོས་ཅི་དགོས། སྒྲིག་གཞིར་གསལ་ཡང་དངོས་སུ་ལག་བསྟར་བྱེད་སྐབས་གསལ་ཁ་མེད་རིགས་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༦ (༢ ག) དགོངས་དོན་ཐག་གཅོད་གཏན་འབེབས་བྱེད་རྒྱུའི་འགན་དབང་བསྐུར་ཡོད་པ་ལྟར་ལག་བསྟར་ཞུས་པ་ཞིག་ཡིན།

དོན་ཚན་གཉིས་པའི་ཐད། རྒྱ་གཞུང་གི་རྒྱུགས་ཁྱི་དོལ་རྒྱལ་བ་རེ་འགའ་མ་གཏོགས་༸རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེན་པོ་མ་རེད་ཅེས་བཤད་མཁན་སུ་འདུག། ལྷག་པར་སྲིད་སྤྱི་གཉིས་ཀྱི་འོས་མིར་ལངས་པ་སུས་བཤད་འདུག ཅེས་པའི་དོགས་འདྲི་འདིའི་ཐད་ཉེ་ལམ་ཕྱི་ལོ ༢༠༡༥ ཟླ ༡༡ ཚེས ༢༣ ལྷ་བབ་དུས་ཆེན་བརྟན་བཞུགས་སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་། ཕྱི་ལོ ༢༠༡༥ ཟླ་ ༡༢ ཚེས ༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་མཛད་སྒོའི་ཉིན་དང་། ཡང་ཕྱི་ཟླ་ ༡༢ ཚེས ༡༩ ཉིན་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་ལེགས་གྲུབ་དབུ་འབྱེད་མཛད་སྒོའི་སྐབས་བཅས་སུ་བཀའ་སྤྱི་གཉིས་ཀྱི་གསུང་བཤད་ཁག་ལ་དེ་ནས་དོ་སྣང་བྱུང་ཡོད་ཤག་ཡིན་ལ། དེ་མིན་གསར་ལམ་ཁག་ཏུ་རྒྱ་གཞུང་གི་རྒྱུགས་ཁྱི་དོལ་རྒྱལ་རྗེས་འབྲངས་མ་ཡིན་པའི་བོད་མི་རེ་ཟུང་གིས་༸གོང་ས་མཆོག་ལ་མཚན་སྨད་སྐྱོན་བརྗོད་ཇི་སྤེལ་ལོ་ཟླ་ཚེས་གྲངས་དང་བཅས་པ་ཡོད་པས་དེ་དག་ལ་བལྟ་ཞིབ་གནང་ན་བཀའ་དྲིན་བསམ་ཤེས་མེད་པར་གཞི་མེད་སྙོན་འཛུགས་འདྲ་མིན་གང་ཟག་སུ་དང་སུས་བཤད་པ་ཤེས་ཐུབ། གཞན་ཡང་དེ་ནས། བོད་སྤྱི་པའི་རྩ་དོན་གྱི་ཆེད་དུ་གནད་དོན་གང་ཞིག་ལ། རང་གིས་སྐྱོན་དུ་མཐོང་བ་དེ་བརྗོད་མི་ཆོག་པ་བཅའ་སྒྲིག་གི་དོན་ཚན་གང་གི་དགོངས་དོན་ཡིན་ནམ། ཞེས་པར་ལས་དོན་གང་ཡིན་ལ་སྐྱོན་དུ་མཐོང་ཙམ་དང་སྐྱོན་བརྗོད་ཙམ་མི་ཆོག་པ་ག་ལ་ཡིན། དེ་ཙམ་བཅའ་སྒྲིག་གིས་ཀྱང་བཀག་པ་མེད། འོན་ཀྱང་དེ་ནས་སྐྱོན་དུ་མཐོང་བ་དང་བརྗོད་པ་རྣམས་གཞི་མེད་སྙོན་འཛུགས་ཤིག་རྒྱབ་ལྗོངས་ལ་བཞག་པའི་སྐྱོན་བརྗོད་ཡིན་པར་བརྟེན་བཅའ་ཁྲིམས་ཀྱི་དགོངས་དོན་དང་འོས་སྒྲིག དེ་འབྲེལ་འདི་གའི་ལམ་སྟོན་ཁག་གཞིར་བཟུང་ནས་གསལ་བཤད་སྔར་ཞུས་དེ་ལྟར་ཡིན།

དོན་ཚན་གསུམ་པའི་ཐད། འདི་ནས་དེ་སྔ་གནས་ཚུལ་དྲུག་པ་དང་བདུན་པའི་འོག་དོགས་འདྲི་གཉིས་ཞུས་པའི་ལན་འདེབས་གཉིས་པར་སྒྲིག་འགལ་གང་ཡང་ཆགས་མེད་པའི་གསལ་བཤད་དང་དེ་འབྲེལ་ཁྲིམས་སྒྲིག་ཁག་ལུང་འདྲེན་ཞུས་ཡོད་པ་དེ་ལས་ལྷག་པའི་ལན་འདེབས་ཐད་ཀར་གནང་རྒྱུ་གང་ཡང་མེད། མདོ་དོན་སྙིང་པོ་བོད་ཀྱི་རྒྱལ་དར་ཆུང་ངུ་དེ་རྒྱུན་ལྡན་ཚོགས་འདུའི་ངོ་བོ་ལྟར་རྒྱ་ལྕོགས་སྟེང་ཡོད་པ་ཙམ་ལས་འོས་གཞིའི་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དྲིལ་བསྒྲགས་ཀྱི་མཚོན་རྟགས་ཚུལ་དུ་བེད་སྤྱོད་གནང་མེད་པར་བརྟེན་དེ་ནས་ཟུར་འདོན་བྱས་དོན་ལྟར་ཉེས་པ་ཕོག་པའི་གཞི་རུ་གྱུར་མེད།

མཐའ་དོན་དེ་གའི་ཞུ་བབས་རྣམས་ལ་འདི་གར་འགན་དབང་ཡོད་པའི་ཐོག་ནས་ཁྲིམས་སྒྲིག་དགོངས་དོན་ལྟར་གསལ་བཤད་ཞུས་ཡོད་པས་དེ་ནས་རང་གི་གོ་བ་ལེན་སྟངས་ཙམ་དང་འདོད་པ་མཐུན་མིན་ཙམ་རྒྱུ་མཚན་དུ་མ་བཟུང་བར་སྤྱི་སྨིན་ལ་བསམ་ཞིབ་ཀྱིས་མཚན་འགོད་པ་ཡོངས་ལ་དེ་འབྲེལ་ལམ་སྟོན་ཡོང་བའི་རེ་བ་དང་བཅས།

དབུས་འོས་བསྡུ་ལས་ཁང་ནས་ ༢༠༡༦ ཟླ་ ༡ ཚེས་ ༦ ལ།།

གསལ་བཤད།

Post navigation

Previous Post: རང་གཤིས་མདུང་བཙུགས་མ།
Next Post: དབུས་བོད་མིའི་སྒྲིག་འཛུགས་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ཚོར་དྲི་བ།

Comments (10) on “དབུས་འོས་བསྡུ་ལས་ཁང་གི་གསལ་བཤད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-01-07 at 3:03 pm

    ་་་་་་་་་ རྒྱ་གཞུང་གི་རྒྱུགས་ཁྱི་དོལ་རྒྱལ་བ་རེ་འགའ་མ་གཏོགས་༸རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེན་པོ་མ་རེད་ཅེས་བཤད་མཁན་སུ་འདུག། ་་་་་་་་་་་་

  2. དོན་དགའ། says:
    2016-01-07 at 5:47 pm

    ཚིག་གི་ཟུར་ཙམ་ལས་མཐོང་མི་དགོས་པར་ཕྱོཊ་ལྷུང་དང་། སྒེར་བཅོད། འཁྲེགས་བཟུང་གི་རྣམ་པ་མངོན་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2016-01-07 at 11:31 pm

    ་་་་་་་་་་་་ དེ་མིན་གསར་ལམ་ཁག་ཏུ་རྒྱ་གཞུང་གི་རྒྱུགས་ཁྱི་དོལ་རྒྱལ་རྗེས་འབྲངས་མ་ཡིན་པའི་བོད་མི་རེ་ཟུང་གིས་༸གོང་ས་མཆོག་ལ་མཚན་སྨད་སྐྱོན་བརྗོད་ཇི་སྤེལ་ལོ་ཟླ་ཚེས་གྲངས་དང་བཅས་པ་ཡོད་པས་དེ་དག་ལ་བལྟ་ཞིབ་གནང་ན་་་་་་་་་་་

  4. ཚེ་རིང་ནས། says:
    2016-01-07 at 11:46 pm

    ད་སྐུ་མཁྱེན་འོས་བསྡུ་ལས་མི་རྣམ་པ་ལགས། མི་མང་ཁྱད་བསད་བྱས་ཏེ་ཡིག་ཉོག་མང་པོ་སྤེལ་མ་ཡོང་རོགས། ད་ནི་རྫུན་སྒྲིག་ཅན་ཕྱིན་ཆད་མཐོང་ན་མི་འདོད་དོ།། བཙོན་བྱོལ་སྒྲིག་འཛུགས་དམངས་གཙོ་གཏན་ནས་མ་རེད། སྒེར་བདག་གི་སྒྲིག་འཛུགས་རེད། འདས་ཟིན་པའི་དབང་ཆེན་རྣམས་ཀྱི་ཕྱག་ལས་དང་། ད་ལྟ་བྱ་བ་ལ་གཟིགས་ན་ཤེས་ངེས། ད་དུང་མི་མང་མགོ་སྐོར་བཏང་སྟེ་འདི་འདྲའི་སྒེར་བདག་བྱེད་ན་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱི་འོག་ཏུ་སྡད་ན་ལེགས།

  5. ཉི་མའི་བུ་རྒྱུད་ says:
    2016-01-08 at 2:19 am

    འོས་བསྡུ་ལས་ཁང་འདི་ཆབ་སྲིད་ཚོགས་པ་ཞིག་འེ་རེད། ཁ་ཚོས་འགྲེལ་དགོས་པའི་ཁྲིམས་སྒྲིག་ལ་ལོག་འགྲེལ་བྱེད་ཞོར། འོས་མི་ག་གས་མོ་ཞིག་ལ་ཁ་གཏད་ཕྱོགས་ཁག་གིས་བསྙོན་བཞིན་པ་ལྟར། ཁོ་ཚོས་ཀྱང་མ་རྟོགས་ལོག་རྟོགས་ལ་སོགས་པའི་ཚིག་ངན་རྐྱང་སྤྱོད་བཞིན་པ་འདི་ཅི་རེད། ང་ཚོར་ཆབ་སྲིད་ལངས་ཕྱོགས་ནང་མ་ཚུད་པའི་འོས་བསྡུ་ལས་ཁང་ཞིག་མེད་པ་འདི་སྐྱོ་བ་ལ། ད་བཙན་བྱོལ་ནང་གི་མང་གཙོ་ཤི་ཚར་སོང་་་

  6. གླིང་གཅེར་བུ། says:
    2016-01-08 at 4:41 am

    སྐྱག་པ་ཡི་གསལ་བཤད། བཙན་བྱོལ་སྒྲིག་འཛུགས་ཟེར་བ་དེ་དང་འོས་བསྡུ་ལས་ཁང་ལ་རྦད་དེ་ཁོ་ཐག་ཆད་ཡོད་ད། ད་དུང་གསལ་བཤད་ཅན་པོ། སྐྱག་པ་ལ་ག་ཚད་སྣུམ་ན་སྐྱག་དྲི་ལས་མེད་པ་ཤེས་ཡོད་ད།

  7. སྤྱང་ཤོག says:
    2016-01-08 at 10:50 am

    དབུས་འོས་སྡུས་ལྷན་ཁང་ནང་ལ། ཀླུ་འབུམ་ཚང་གི་ཉུག་རུམ་པ་བསྟན་པ་བཀྲ་ཤིས་འདིས་གང་གནང་གི་ཡོད་པ་རེད། ཉུག་རུམ་པ་འདི་ཚོ་ནི་ཆོས་ལུགས་སྒེར་སྤྱོད་པའི་ནད་ངན་གྱི་ཟིན་ཚར་དུས་དྲང་པོ་ནམ་ཡང་ཡོང་མི་སྲིད་པ་རེད།

  8. གངས་ཕྲུག། says:
    2016-01-08 at 8:11 pm

    ད་མང་པོ་བཤད་བསྡོད་ན་ཅི་ཡང་ཕན་ནི་མ་རེད། སྒེར་གཅོད་པའི་བཙན་བྱོལ་གྱི་སྤྱི་ཚོགས་འདིར་ཡིད་གཏན་བྱེད་ས་ཞིག་མ་རེད། སྒེར་གཅོད་པ་འདི་ཚོ་ཤི་སྒུག་བྱེད་རྒྱུ་ལས་ལམ་ཁ་གཞན་ཁག་པོ་རེད། དུས་ཚོད་མགྱོགས་པོ་རེད། དེའི་བར་དུ་རང་ཚུབ་མ་ཤོར་པར་རང་རང་གི་མདུན་ལམ་འཚོལ་དགོས། དེ་མིན་ན་ཁྲིམ་སར་སྐྱེལ་དགོས། ཡིག་ངག་གིས་རེ་བཀུལ་ཙམ་ལ་ཉན་འཇོག་བཟོ་ནི་མ་རེད། དེ་ནི་སྒེར་སྤྱོད་པའི་བྱ་སྤྱོད་རེད།

  9. ལུང་རྟོགས། says:
    2016-01-12 at 6:05 am

    དགེ་ལུགས་གཅིག་པུ་ཅང་མ་རེད། ས་སྐྱ་དང་བཀའ་རྒྱུད་པས་བོད་ཀྱི་སྲིད་དབང་འཛིན་པའི་དུས་སུ་ཡང་རྒྱ་མགོ་མཐོ་ན་རྒྱ་དང་སོག་མགོ་མཐོ་ན་སོག་བྱས་ནས་བོད་ནང་ཁུལ་ལ་རྙོག་འདྲ་ཁོ་ན་སླངས་ནས་སྡད་པ་རེད། ལྷག་པར་དུ་བཀའ་རྒྱུད་པས་དགེ་ལུགས་པ་ལ་བཙན་གནོན་ཚབ་ཆེན་བྱས་པའི་རྐྱེན་གྱིས་དགེ་ལུགས་པས་སོག་པོ་ལ་སྐྱབས་ཞུས་ནས་བཀའ་རྒྱུད་པའི་སྲིད་དབང་མགོ་གཏིང་སློག་པ་རེད། རྙིང་མ་པ་ལ་སྲིད་དབང་འཛིན་ཐུབ་པའི་ནུས་ལྡན་གྱི་མི་ཞིག་མ་བྱུང་བས་ཉམ་ཆུང་ངང་མ་སྡད་རང་སྡད་ཆགས་སོང་བ་རེད། དེ་བཞིན་ས་སྐྱ་པ་ཅུང་དྲག་ཡོད་པ་ལས་གཞན་སུ་ཞིག་སྲིད་དབང་སྟེང་སླེབས་ན་ཡང་ཆོས་རྒྱུད་གཞན་དག་བསྒྱུར་ཐབས་བྱས་ཡོད་པ་གཅིག་མཚུངས་རེད། དཔེར་ན་བཀའ་རྒྱུད་པས་ཀྱང་དགེ་ལུགས་པའི་དགོན་སྡེ་མང་པོ་བཀའ་རྒྱུད་ལ་བསྒྱུར་ཡོད་པ་རེད། རྙིང་མས་ཆོས་རྒྱུད་གཞན་དག་རང་ལུགས་ལ་བསྒྱུར་བ་མེད་ཀྱང་དེ་ཡང་སྲིད་དབང་སྟེང་ལ་མ་སླེབས་པས་དེའི་ནུས་པ་མེད་སོང་བ་རེད། གཞན་ཡང་གོང་ས་སྐུ་འཕྲེང་བཅུ་བཞི་པས་ཆོས་ལུགས་གཅིག་གྱུར་བཟོ་རྩིས་བྱས་པ་རེད་ཟེར་བ་ཡང་ཁུང་ལུང་མེད་པའི་ཉོག་བཤད་ཙམ་ཡིན་པ་ཤེས་སླ། ཆུ་སྒང་གི་རྙོག་འདྲ་དེ་ཡང་འབའ་པ་ཡེ་ཤེས་ཀྱིས་སྤཡི་དངུལ་ཟས་ནས་བལ་ཡུལ་ལ་སྐྱབས་གཅོལ་ཞུས་པ་དང་། ལི་ཐང་ཨ་ཐར་གྱིས་དོལ་རྒྱལ་དོན་དུ་བོད་གཞུང་དང་གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུག་བྱས་པ། དེ་བཞིན་བོད་སོག་ལས་ཁུང་གི་ཕོག་ཟས་ནས་ཆིང་ཡིག་བཞག་པ་སོགས་ཀྱི་ངན་འབྲས་རེད། དོལ་རྒྱལ་ནི་བཀའ་རྙིང་གཉིས་ལ་མཚོན་ན་སྔ་མོ་ནས་རྒྱལ་འགོང་གདུག་པ་ཅན་ལ་རྩིས་ནས་མིང་ཙམ་འབོད་མི་ཕོད་པའི་ཚད་ལ་ཡོད་ཅིང་། ས་དགེ་གཉིས་ཀྱིས་སྔ་མོ་སྟེན་གསོལ་བྱེད་ཀྱི་ཡོད་ཀྱང་། ཁང་གསར་མཁན་ཆེན་དང་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་ས་སྐྱ་དང་། ཁྲི་ཆེན་ངག་དབང་མཆོག་ལྡན་དང་ཡོང་འཛིན་ཡེ་ཤེས་རྒྱ་མཚོ་གོང་ས་ལྔ་པ་དང་བཅུ་གསུམ་པ་སོགས་དགེ་ལུགས་པའི་བླ་མ་ཚད་ལྡན་དུ་མས་དམ་བསྒྲགས་དང་སྟེན་མི་རུང་བའི་བཀའ་ནན་གནང་ཡོད་པས་ཆོས་རྒྱུད་སྤྱི་ཡི་དགྲ་བོ་ལྟ་བུ་ཆགས་ཡོད་ལ། ལྷག་པར་ཝ་བོང་ཁ་པས་དོལ་རྒྱལ་སྟེན་གསོལ་བྱས་པ་ནས་བཟུང་ཆོས་རྒྱུད་བར་ལ་དམ་སེལ་ཆེན་པོ་བྱུང་ནས། རྙིང་མས་དགེ་ལུགས་པའི་ཆོས་ཞུ་བར་དོག་ཟོན་བྱེད་དགོས་པ་དང་། དགེ་ལུགས་པས་རྙིང་མའི་དཔེ་ཆ་ཙམ་ཡང་ནང་ལ་ཉར་མི་ཕོད་པའི་ཚད་ལ་བསྐྱལ་ཡོད་ཅིང་། ཕ་ཝོང་ཁ་པའི་སློབ་རྒྱུད་ལ་ལས་ཁམས་ཀྱི་ས་ཁུལ་ཁ་ཤས་ལ་གུ་རུ་རིན་པོ་ཆེའི་སྐུ་གཏོར་བ་དང་པདྨ་བཀའ་ཐང་མེ་ལ་སྲེག་པ་སོགས་བྱེད་མྱོང་ཡོད། འོན་ཀྱང་གོང་ས་སྐུ་འཕྲེང་བཅུ་བཞི་པས་ཆོས་རྒྱུད་ཁག་ཐུགས་མཐུན་དམ་གཙང་དང་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་སླད་དགེ་ལུགས་ནང་ཁུལ་གྱི་དཀའ་ངལ་དང་། སྐ་སྒེར་གྱི་ཉེན་ཁ་སོགས་གང་ལ་ཡང་མ་འཛེམ་པར་དོལ་རྒྱལ་དམ་བསྒྲགས་གནང་བ་ནི་བསམ་ཤེས་པའི་མི་བུ་སུ་ཞིག་ཡིན་ཡང་བཀའ་དྲིན་གཞལ་ཐབས་མེད་པ་ཞིག་རེད།

  10. ལུང་རྟོགས། says:
    2016-01-12 at 6:16 am

    གངས་ཕྲུག བཙན་བྱོལ་སྤྱི་ཚོགས་ཁོ་རང་སྒེར་གཅོད་པ་ཆགས་སོང་དུས་སྒེར་གཅོད་པའི་སྤྱི་ཚོགས་ནང་ལ་མུག་ཤི་བགྲང་ནས་སྡད་ན་དགོས་པ་མེད། སྒེར་གཅོད་པ་ཤི་སྒུག་བྱེད་རྒྱུ་ཡིན་ཟེར་ན་སྒེར་གཅོད་པ་མ་ཤི་སྔོན་ལ་ཁྱོད་རང་ཤི་འགྲོ་ན་ཐང་། དེ་ལས་པད་ཤག་གི་ཆར་པ་ཕབས་མཁན་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་ལ་ལོག་སོང་ན་ཡག་ཤོས་མ་རེད་དམ། ཁྱོད་ཚོ་རང་རང་གི་མདུན་ལམ་འཚོལ་བ་ལས་སྤྱི་དོན་ལ་གང་ཡང་བྱེད་ཀྱི་མེད་པ་ཚང་མས་ཤེས་གསལ་ཡིན་དུས་གསལ་ཁ་བཟོ་དགོས་དོན་གང་ཡང་མི་འདུག ཁྲིམས་སར་སྐྱེལ་ཐུབ་སོང་ན་ཨ་མའི་བུ་ཡིན་དེ་དུས་ངས་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་བྱེད་ངེས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme