Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུས་འོས་བསྡུ་ལས་ཁང་གི་གསལ་བཤད་དང་འབོད་སྐུལ།

Posted on 2015-11-252015-11-25 By ཁ་བརྡ 49 Comments on དབུས་འོས་བསྡུ་ལས་ཁང་གི་གསལ་བཤད་དང་འབོད་སྐུལ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ

 
༄༅། །གདུགས་རྩ་ཚང་བསྟན་འཛིན་འོད་ཟེར་ཅན་མིང་འཁོད་མི་གྲངས་ ༥༢ གང་དེར།

ཆེད་དོན། དེ་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༦ འཁོད་པའི་དབུས་འོས་བསྡུ་ལས་ཁང་ལ་ཕུལ་བའི་ཞུ་གཏུག་སྙན་ཞུ་གནས་ཚུལ་༧ དང་། དོགས་འདྲི་༡༨ ཅན་འདི་གར་དྲ་ལམ་བརྒྱུད་ནས་ཕུལ་འབྱོར་བྱུང་དོན་བཞིན། འདི་ནས་རེ་རེ་བཞིན་ལྟ་ཞིབ་བྱས་པ་ཡིན། གནས་ཚུལ་དང་དོགས་འདྲི་དེ་དག་ནི། ཁྲིམས་ལུགས་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་སྒྲིག་ཁག་གི་གོ་བ་མ་ལོན་པའམ། ཞིབ་རྒྱས་འདི་ནས་གཟིགས། http://bod.asia/2015/11/དབུས་འོས་བསྡུ་ལས་ཁང་གི-3/

གསལ་བཤད།

Post navigation

Previous Post: རླབས་ཆེན་གྱི་བཞུད་ལམ།
Next Post: བོད་ཀྱི་མང་གཙོའི་རང་སྣང་གང་དྲན་གྱི་བྲོ་གར།      

Comments (49) on “དབུས་འོས་བསྡུ་ལས་ཁང་གི་གསལ་བཤད་དང་འབོད་སྐུལ།”

  1. བཙན་རུས་མདངས་ཅན་ says:
    2015-11-25 at 11:50 pm

    xxxxx བསམ་བཞིན་བོད་མིའི་སྤྱི་ཚོགས་ནང་ཕུང་དཀྲུགས་བཟོ་བའི་བྱེད་ལས་འདི་རིགས་ལ་ལན་ལྡོན་པ་ནི་དགོས་མེད་ཅིག་ཡིན་ཡང་། སྤྲང་པོའི་དབྱུག་པ་སྤྲང་པོའི་མགོ་གཅོག་ཆགས་སོང་བ་ལྟར། ཁོ་ཚོའི་ཁྲམ་ལས་ཀྱིས་ཁོ་ཚོར་སྨྲ་བ་མེད་པའི་གནས་སུ་བཀོད་ཡོད་པ་མ་ཟད། ཨ་མདོའི་ཀླུ་མཁར་བྱམས་ཁ་ལ་ཁྱེར་ནས་མང་གཙོའི་འོས་བསྡུར་ཤ་ཚ་མདོག་གི་རྐུབ་བརྡོལ་འདུག་པའི་སྐོར་རང་གཞུང་དབུས་འོས་བསྡུ་ལས་ཁང་ནས་གསལ་འགྲེལ་ཉི་ཤར་སྤར་མོས་མི་ཁེབས་པ་ཞིག་གནང་འདུག་པ་བཀའ་དྲིན་ཆེ། ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་མགོ་བ་ཚེ་བརྟན་ལྷ་རྒྱལ་ཟེར་བ། ལོ་རྒྱུས་ནང་སྙོག་ལས་ལྡོག་ལས་རྐྱང་རྐྱང་མ་གཏོགས། ཤེས་ཡོན་ཏིལ་ཙམ་མེད་ཁར། xxxx ཁོ་ཚོའི་ཟློས་གར་འཁྲབ་མཚམས་ཆད་པ་མ་ཟད། མི་དེ་དག་གི་ངོ་བོ་བོད་མི་ཚོས་གསལ་བོ་མཐོང་བཞིན་པ་འདི་ཧ་ཅང་ཡག་པོ་རེད་ལ། ཁོ་ཚོས་རང་བཙན་ཟེར་ན་ཟ་ཡ་དང་བཏུང་ཡ་ག་རེ་ཡིན་མིན་མི་ཤེས་ཀྱང་། ཁོ་ཚོའི་རང་བཙན་དེ་བོད་མི་མང་ལ་མི་དགོས་པ་དེའང་ཁོ་ཚོས་བཟོས་སོང་བས། ད་བེད་མེད་གད་སྙིགས་སྲེག་ན་དགའ། རྒྱུད་ངན་རིགས་རུས་ཆད་ན་དགའ། ཟེར་བའི་དཔེ་ལྟར། ཁོ་ཚོའི་ཁྲམ་ལས་ལ་བོད་མི་ཚོ་ནམ་ཡང་མགོ་མ་འཁོར་བར། རང་རང་ས་ནས་༧གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་འོག་སྲིད་སྤྱིའི་འོས་འཕེན་ནང་དྲང་པོ་དྲང་བདེན་གྱིས་ཞུགས་ཏེ། བོད་ཀྱི་རྩ་དོན་ལ་ངང་རིང་བརྟན་པོས་ཞབས་འདེགས་སྒྲུབ་དགོས་པ་གལ་ཆེར་མཐོང་།

  2. རྡོ་སེངྒེ། says:
    2015-11-26 at 6:26 am

    འོས་བསྡུ་ལས་ཁུངས་འདི་ལ་ཡིད་ཆེས་ཟེར་པ་ཞིག་རྩ་ནས་མེད།
    སྐུབ་ཕྱི་ལ་གསལ་པོར་བཏོན་ཡོད་རེད།
    ཡིན་ནའི་ད་དུང་གསལ་བཤད་འདྲ་གནང་ནས།
    གད་མོ་རང་རེད།

    ག་རེ་བྱས་ནས་ཡི་གེ་ཚིག་རྐང་ཁ་ཤས་དེ་ཚོ་ཤོག་ལེབ་གཉིས་ཀྱི་སྟེང་ལ་སྔ་རྗེས་སུ་དཔར་དགོས་པ་རེད་དམ།
    དྲི་བ་འདི་མ་གཏོགས་མེད་ལ། ཁྱེད་རང་ཚོ་ལ་ཨ་ལན་ཡང་གནང་ཡག་ཡོད་མ་རེད། ཡོད་པའི་དབང་དུ་བཏང་ཡང་རྫུན་ལབ་ཡག་མ་གཏོགས་ཡོད་མ་རེད།

  3. བསོད་ནམས། says:
    2015-11-26 at 7:07 am

    གསལ་བཤད་དེ་ཅང་མཐོང་མ་སོང་། འོས་བསྡུ་ལྷན་ཁང་ཁྲིམས་ལུགས་ལས་གང་ཟག་གིས་དབང་བསྒྱུར་ལ་ཕྱིན་པ་ཀུན་གསལ་རེད། མ་གཞི་ནས་བཙན་བྱོལ་གྱི་དབུ་ཁྲིད་སྐུ་ངོ་ཚོས་བོད་མི་དམངས་ཀྱི་བསམ་ཚུལ་དང་ངོ་འདོད་ལ་དུས་ནམ་ཡང་རྒྱུས་ལོན་དང་བརྩི་བཀུར་མེད་པར། དེ་ལས་དད་པ་ཙམ་ཞིག་ཁ་ལ་འཁྱེར་ནས་མི་དམངས་བླུན་བསྒྱུར་བྱ་རྒྱུ་དེ་ཡིན་པ་ཇེ་གསལ་རེད།

  4. བདེན་པའི་མི། says:
    2015-11-26 at 7:10 am

    དབུས་འོས་བསྡུ་ལྷན་ཁང་ཟེར་བའི་ལས་ཁུང་འདིས་བོད་ཀྱི་ཁྲིམས་ལ་གཏོང་ཞུགས་བཏང་བའི་ཉེས་པ་སུ་ཡིའི་བཤད།

  5. བདེན་པའི་མི། says:
    2015-11-26 at 7:11 am

    དབུས་འོས་བསྡུ་ལྷན་ཁང་ཟེར་བའི་ལས་ཁུང་འདིས་བོད་ཀྱི་ཁྲིམས་ལ་གཏོར་ཞུགས་བཏང་བའི་ཉེས་པ་སུ་ཡིའི་བཤད།

  6. ལྷ།བྱ་འཕུར་མ། says:
    2015-11-26 at 9:12 am

    ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཊིར་ཀེ་ཡིས་འཇིགས་སྐུལ་དྲག་སྤྱོད་པའི་ངན་སེམས་བཅངས་སྟེ། ཨུ་རུ་སུའི་དམག་ཐབས་གནམ་གྲུ་གཏོར་སྐྱོན་བཏང་བ་ལ་མཇུག་འབྲས་ངན་པ་ཞིག་ཡོང་གི་རེད།

    དེ་ན་དབུས་འོས་བསྡུ་ལས་ཁུངས་ཀྱིས་་་་་་་་་་་་

  7. ལུང་རྟོགས། says:
    2015-11-26 at 10:06 am

    བཙན་བྱོལ་གཞུང་དང་དབུ་ཁྲིད་ཚོས་མི་མང་གི་མངོན་འདོད་ལ་རྩི་བཀུར་གནང་ནས་ཕྱག་ལས་ཡག་པོ་གནང་གི་འདུག་ལ་དྲང་བདེན་ཡང་གནང་གི་འདུག མི་ཁ་ཤས་ཀྱི་བློ་ལ་མ་བབ་ན་དེ་ནི་ཁོ་རང་གི་སྐྱོན་ཡིན་པས་བྱ་ཐབས་བྲལ།

  8. ཆོས་རྗེ་ཚང་། says:
    2015-11-26 at 10:12 am

    ༼གདུགས་རྩ་ཚང་བསྟན་འཛིན་འོད་ཟེར་ཅན་མིང་འཁོད་མི་གྲངས་ ༥༢ གང་དེར།༽ ཞེས་པའི་མགོ་བརྗོད་དེ་སྔ་མོའི་སྡེ་བ་གཞུང་གི་གཞུང་ཡིག་འབྲི་སྟངས་རེད་དམ། ཚིག་ཤུགས་ནས་གང་ཟག་དེ་དག་ལ་དམའ་འབེབས་སམ་ཅུང་མཐོང་ཆུང་གི་རྣམ་པ་འདྲ་ཞིག་གོ་ཡོང་གི་འདུག། གཞུང་གིས་མི་མང་ལ་གསལ་བཤད་དང་ཁྲིམས་སྒྲིག་ངོ་སྤྲོད་གནང་དུས་ཡིན་གཅིག་ཅུང་མཐོང་ཆུང་ལྟ་བུའི་རྣམ་པ་དང་ཚིག་རིས་ཐོན་དགོས་པ་རེད་དམ།

  9. བསྟན་འཛིན། says:
    2015-11-26 at 11:01 am

    འོས་བསྡུའི་ལས་སྣེ་ཚོར་ཞུ་གཏུག་གནང་མཁན་ཚོའི་ཁ་ཞེན་གཉིས་མེད་ཀྱིས་ཞུ་འབོད་ཞིག་ཡིན་ཚེ། རྙོག་གླེང་གི་སྐད་ཆ་འདི་དག་འགོ་འཛུགས་ཟིན་པས་གནས་ཚུལ་དེ་བཞིན་ཡིན་ས་མིན་སར་གསལ་པོ་བཟོ་དགོས་རེད། བཙན་བྱོལ་གྱི་མི་དཔོན་ཚོས་མི་དམངས་ནང་ཁུལ་གྱི་བདེ་སྡུག་ལ་འགན་ཁུར་དང་བསམ་གཞིག་བྱེད་མཁན་ཤིན་ཏུ་ནི་དཀོན་ནི་རེད། འོས་བསྡུ་ལས་ཁང་གི་སྒོར་ཁར་ངོ་རྒོལ་སྐད་འབོད་སོགས་ལས་འགུལ་སྤེལ་རྒྱུ་ལས་ཞུ་སྐུལ་ཙམ་གྱིས་ཉན་འཇོག་བཟོ་ནི་མིན་པར་གསལ་པོ་རེད།

  10. ཞོལ་གཡག་འབྲོང་རྒྱུད། says:
    2015-11-26 at 2:51 pm

    འོས་བསྡུ་ལས་ཁུངས་འདི་ད་དུང་བཀས་བཀོད་རྒྱུན་འཛིན་ལམ་ལུགས་ཀྱི་རང་བཞིན་མངོན་ཡོང་གིན་འདུག། བྱས་ཙང་མགོ་བརྗོད་རང་ནས་སྔར་གྱི་སྡེ་པ་གཞུང་གི་བཀའ་རྒྱ་བསྒྲག་གི་ཡོད་པ་འདྲ་ཞིག་འདུག། བྱས་ཙང་དུས་རབས་ཉེར་གཅིག་འདི་དང་ལྷག་པར་དུ་བཙན་བྱོལ་དམངས་གཙོ་དང་རང་དབང་ལུང་པར་གཞུང་གི་ངོས་ནས་དམངས་དཀྱུས་ལ་གུས་བརྩི་དང་འདྲ་མཉམ་གྱི་གསལ་བསྒྲག་དང་འབོད་བསྐུལ་ཞུ་དགོས་པ་ལས། སྐུ་དྲག་གསར་པའི་འགྱིང་ཉམས་བསྟན་ན་སུས་དང་ལེན་བྱེད་ཀྱི་རེད།
    མ་གཞི་ནས་འོས་བསྡུ་ལྷན་ཁང་གི་ཁྲིམས་སྒྲིག་གསར་པ་ཌ་རུའི་མགོ་ཅན་འདི་མདོ་སྔགས་ཀྱི་གཞུང་ལུགས་འགྲེལ་བ་བཞིན་ཡང་འགྲེལ་སྐྱར་འགྲེལ་གྱིས་གོ་བ་ལོན་རྒྱུ་མེད་པའི་འགྲེལ་བཤད་སྣ་དགུ་བརྒྱག་རྒྱུ་ཡོད་མདོག་གིས། རྒྱབ་ལོག་ཇུས་ངན་བཤམས་པའི་གསང་བ་འགེབས་ཆེད་དྲང་བདེན་ལས་གཡོལ་གང་ཐུབ་ཀྱིས་གཡས་འཁྱོག་གཡོན་འཁྱོག་གིས་དུས་ཚོད་སྐྱེལ་ཐབས་ཁོ་ན་ལས། དྲང་བདེན་གྱི་ཐག་གཅོད་ཞིག་ཡོང་བཟོ་མི་འདུག་པས་ད་ནི་འོས་བསྡུ་ལས་ཁུངས་ཀྱི་སྒོ་འགྲམ་དུ་ངོ་རྒོལ་གྱིས་བྱེད་གཏེ་འདི་ཚོ་རྩ་དགོངས་མ་ཞུ་རང་ཞུ་བཟོ་རྒྱུ་ལས་ལྷག་ཡོད་པ་མ་རེད། བོད་མི་རིགས་འདི་ཐལ་སྤྱོད་ཀྱི་དབང་བསྒྱུར་ལ་ཡར་ལངས་ཀྱི་སྙིང་སྟོབས་ལྡན་ཡོད།

  11. ནད་མེད་ཚེ་རིང་། says:
    2015-11-26 at 3:04 pm

    གཞུང་ཞིག་ནས་མི་མང་དཀྱུས་མའི་སྙན་ཞུ་ལ་ལན་འདེབས་བྱ་སྐབས་ཆེས་བསྟོད་ཞུ་དགོས་དོན་གང་ཡང་མ་མཐོང་། དབུས་འོས་བསྡུ་ལས་ཁང་གིས་གསལ་བཤད་གནང་བ་དེ་དག་དྲང་བདེན་མིན་ན་མིན་པའི་ཁུངས་འཕེར་ར་སྤྲོད་དང་སྦྲགས་སླར་ཡང་བསྐྱར་དྲི་ཞུ་ཆོག་པ་ཡིན། དེ་མིན་ཕྱོགས་ལྷུང་དང་སྤྱི་ཚོགས་ནང་དཀྲུགས་རྐྱེན་བཟོ་ན་རང་གི་མགོ་དང་རང་རྡོ་ཞུ་བ་ཡིན་པས་བསམ་མནོ་ཡག་པོ་མཐོང་།

  12. ལྷ།བྱ་འཕུར་མ། says:
    2015-11-26 at 3:13 pm

    སྙན་ཞུ་བཀླགས་ཡིན། སྙན་ཞུའི་ལན་བཀླགས་ཡིན། བསམ་ཚུལ་བཀླགས་ཡིན། ད་ནི་ཀློག་མཁན་རང་ཡིན་ནོ།

  13. སྤྱང་ཤོག says:
    2015-11-26 at 4:14 pm

    ངོ་བཤུས།
    ༼གཉིས་པ། བཀའ་མོལ་དེ་དག་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སྟངས་སྐོར་མ་ཡིན་པར། སྤྱི་ཚོགས་ནང་བཀའ་དྲིན་བསམ་ཤེས་མེད་པར་སྐྱོན་བརྗོད་སྐད་ཆ་བཤད་མཁན་ཡོང་གི་ཡོད་པ་ཡོངས་གྲགས་རེད། དེར་བརྟེན་དེ་འདྲ་ཤོད་མཁན་འདུག་ཅེས་པའི་བཀའ་མོལ་དེ་ཚོ་དངོས་ཡོད་གནས་ཚུལ་མ་ཡིན་པའི་སྐྱོན་བརྗོད་ཅིག་ལ་ངོས་འཛིན་ཞུ་ཡི་མེད། བཅའ་ཁྲིམས་ཀྱིས་གོང་དུ་བཀུར་བའི་བླ་ན་མེད་པའི་དབུ་ཁྲིད་ལ་སྐྱོན་བརྗོད་བྱེད་མཁན་དེ་ཚོ་མང་གཙོ་དང་མཐུན་པའི་སྨྲ་བརྗོད་རང་དབང་ཞིག་ཡིན་ན། དེ་ལྟར་སྐྱོན་བརྗོད་བྱེད་མཁན་འདུག་ཅེས་བཤད་མཁན་དེ་ཚོ་དེ་བས་ཀྱང་མང་གཙོ་དང་མཐུན་པའི་སྨྲ་བརྗོད་རང་དབང་ཞིག་ཡིན་པས་ཁྲིམས་སྒྲིག་གང་གིས་སྟངས་འཛིན་བྱེད་མི་ཐུབ།༽

    བསམ་ཚུལ།
    ༼ཨ་མས་བོད་མི་དམངས་ལ། གང་ཟག་ཁོ་ལ་འོས་ཤོག་བླུག་ན་ལྐུག་པ་རེད་ཟེར་བ་འདི་ཚོ། འོས་གཞི་དང་འབྲེལ་བའི་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སོ་མ་རེད་ཟེར། འོས་སྡུ་ལས་ཁང་གི་བཤད་ཡམ་ནི། ཨ་མ་རྗེ་བཙུན་པདྨ་ལ་བཅའ་ཁྲིམས་ཀྱི་སྟངས་འཛིན་བྱེད་མི་ཐུབ་གསུང་འདུག བོད་མིའི་དམངས་གཙོའི་རྩ་ཁྲིམས་འདི་འབངས་མི་སེར་གྱི་ཁུར་པོ་ལས་མཐོ་རིམ་མིའི་སྣས་ཁུར་མི་དགོས་པ་གསལ་སྟོན་གནང་འདུག༽

  14. ཅོ་རི་ཉི་མ། says:
    2015-11-26 at 4:18 pm

    ཞུ་གཏུགས་བའི་སྙན་ཞུའི་ནང་གི་དོགས་འདྲི།

    ༡་་་་་ འོས་བསྡུའི་སྒྲིག་གཞིའི་དོན་ཚན་གང་ཞིག་ན་མི་མང་གི་འགོ་ཁྲིད་དེ་མང་མོས་ཚད་མཐོན་པོ་ཡོང་ཐབས་བྱེད་དགོས་པའི་འགན་དབང་དབུས་འོས་བསྡུ་ལས་ཁང་ལ་ཡོད་པ་གསལ་ཡོད་དམ།
    ༢་་་་་སྐབས་སྔོན་མར་བཀའ་ཁྲི་དངོས་གཞི་འོས་གཞི་ལ་འོས་ཐོབ་པ་མི་གསུམ་དངོས་གཞི་ནས་དགོངས་པ་མ་ཞུས་པར་བརྟེན་དངོས་གཞི་འོས་གཞི་གསུམ་བཏོན་པ་རེད། མི་མང་གིས་མང་མོས་བརྒྱུད་འོས་ཐོན་བྱུང་བ་རེད། ༧གོང་ས་མཆོག་གིས་སྐུ་དབང་ཡང་རྩིས་སྤྲད་གནང་རིན་ཡོད་པ་ཞིག་ཏུ་གཟིགས་པ་རེད། ད་ལན་སྐབས་སྔོན་མའི་སྒྲིག་མཐུན་འགྲོ་སྟངས་དེས་མ་ཆོག་པར། མི་གཉིས་དངོས་གཞི་འོས་གཞིར་བཏོན་ན་མང་མོས་ཚད་མཐོན་པོ་ཡོང་ཐུབ་པའི་ངེས་པ་གང་ཡོད་དམ
    ༣་་་་མི་གསུམ་དངོས་གཞི་འོས་གཞིར་བཏོན་ན་མང་མོས་ཚད་མཐོོན་པོ་ཡོང་མི་ཐུབ་པའི་ངེས་པ་གང་ཡོད་དམ།
    ༤་་་་མང་མོས་ཚད་མཐོན་པོ་ཞིག་བྱུང་ན་འགོ་ཁྲིད་ཚད་དང་ལྡན་པ་ཆགས་ཐུབ་པའི་ཁྲིམས་མཐུན་རྒྱུ་མཚན་གང་ཡོད་དམ།

    དོགས་འདྲི་བཞི་པོ་དེ་དག་གིས་བསྟན་བྱ་གཙོ་བོ་༢༠༡༡ལོར་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མི་གསུམ་བྱུང་བ་དང་། བཀའ་ཟུང་བཀྲ་ཤིས་དབང་འདུས་བཀའ་ཁྲིའི་སྔོན་འགྲོའི་འོས་ཐོབ་ཨང་བཞི་པ་ཡིན་པ་དང་། འོས་གྲངས་༢༡༠༡་ལས་མེད། ཨང་གཉིས་པ་བཀའ་ཟུར་བཀྲས་མཐོང་དང་ཨང་བཞི་པ་བཀའ་ཟུར་བཀྲ་ཤིས་དབང་འདུས་གཉིས་ཀྱི་དབར་འོས་ཐོབ་བརྒྱ་ཆ་ཉི་ཤུ་ལས་མང་བ་ཡིན་ཀྱང་བཀྲ་ཤིས་དབང་འདུས་དངོས་གཞིའི་འོས་མིའི་ནང་དུ་འགྲོ་བཅུག་ཡོད།

    ད་ལན་སྒྲིག་གཞི་གསར་པ་ཞིག་བཟོས་ནས་ཀླུ་བྱམས་དངོས་གཞིའི་འོས་མིའི་ནང་དུ་བཀག་འགོག་བྱེད་ཀྱི་ཡིན་པའི་དོགས་པ་ཡོད་པ་རེད། འོས་བསྡུའི་སྒྲིག་གཞི་གསར་པ་ཞིག་བཟོས་པ་དེ་ཆེད་མངགས་ཀླུ་བྱམས་བཀག་ཆེད་དུ་བཟོས་པ་རེད་ཟེར་གྱི་འདུག དྲང་བདེན་མི་པའི་ལས་ཀ་དེ་འདྲ་མི་དམངས་ཀྱིས་ངོས་ལེན་ཐུབ་ཐབས་ག་ལ་ཡོད། འོས་བསྡུ་ལས་ཁུངས་ཀྱི་ལན་ཡག་པོ་བརྒྱབ་ཐུབ་མི་འདུག

    ༢༠༡༡ལོའི་བཀའ་ཁྲིའི་སྔོན་འགྲོའི་འོས་གྲངས་བཤམ་གསལ།
    ཨང་དང་པོ་ཁྲིམས་ལུགས་མཁས་པ་བློ་བཟང་སེང་གེ་ལགས་སུ་འོས་གྲངས་ ༢༢༤༨༩ དང་།
    ཨང་གཉིས་པ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འོས་གྲངས་ ༡༢༣༡༩ །
    ཨང་གསུམ་པ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སུ་འོས་གྲངས་ ༢༧༣༣ །
    ཨང་བཞི་བ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་སུ་འོས་གྲངས་ ༢༡༠༡ །
    ཨང་ལྔ་བ་སྐུ་སྒེར་དྲུང་ཆེ་ཟུར་བ་བློ་བཟང་སྦྱིན་པ་ལགས་སུ་འོས་གྲངས་ ༡༥༤༥།
    ཨང་དྲུག་པ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ་འོས་གྲངས་ ༦༠༥ བཅས་རེད།

  15. ཅོ་རི་ཉི་མ། says:
    2015-11-26 at 4:25 pm

    མདོ་དོན་་་་བོད་རང་བཙན་འཐབ་རྩོད་པ་ཀླུ་བྱམས་དངོས་གཞིའི་འོས་འགྲན་ནང་དུ་བཀག་འགོག་བྱེད་ཆེད་ཁྲིམས་སྒྲིག་གསར་པ་ཞིག་སྒེར་གཅོད་པ་འོས་བསྡུ་ལས་ཁུངས་ཀྱིས་བཟོས་ཡོད་རེད། སྒེར་གཅོད་པ་ཚོས་བཟོས་པའི་ཁྲིམས་སྒྲིག་དེ་དག་བོད་རང་བཙན་འཐབ་རྩོད་པ་ཀླུ་བྱམས་རྡུང་ཆེད་དུ་བཟོས་པ་གསལ་པོ་རེད། ད་བོད་མི་རྣམས་ཀྱིས་དྲང་བདེན་མེད་པའི་འོས་བསྡུ་ལས་ཁུངས་ཀྱི་སྒོ་རྩ་རུ་ངོ་རྒོལ་ལས་འགུལ་སྤེལ་རན་འདུག་བསམས་ཀྱི་འདུག་གོ

  16. གངས་ཕྲུག། says:
    2015-11-26 at 4:59 pm

    འོས་བསྡུ་འགན་འཛིན་ཚོས་བཤད་སྟངས་ལ་ལྟོས་ན་འོས་གཞིའི་སྐབས་སུ་འོས་ཤོག་མང་ཤས་དེ་དངོས་གཞིའི་སྐབས་སུ་འོས་གྲངས་གང་མང་མངས་ཐོབ་དགོས་རྒྱུར་དམིགས་ནས་འོས་གཞི་གཉིས་ལས་མི་དགོས་པ་བྱེད་རྒྱུ་ཡིན་སྐོར་ཞིག་གསལ་ཡོང་གི་འདུག། བཤད་སྟངས་དེས་འོས་གཞིའི་འོས་གྲངས་མང་ཤས་བློ་སེང་ལ་དངོས་གཞིའི་འོས་ཤོག་གང་མང་མངས་ཡོང་དགོས་རྒྱུའི་བཀོད་ཁྱབ་རེད་དམ། ཡང་ན་ཀླུ་བྱམས་འོས་གཞི་ནས་འགོག་རྒྱུ་དེ་རེད། དེ་གཉིས་ལས་འགྲོ་ས་གཞན་ཞིག་མི་འདུག། དེས་ན་དེ་གཉིས་གང་ལ་ཡང་ཁྲིམ་མཐུན་དང་བསྒྲིག་མཐུན་མིན་པར་གསལ་པོ་རེད། དབུས་འོས་བསྡུའི་འགན་འཛིན་ཚོས་འོས་གཞིའི་གང་ཟག་བྱེ་བྲག་པ་ཅིག་ལ་འོས་ཐོབ་ཀྱིས་རྒྱབ་སྐྱོར་བཟོ་བ་དང་འོས་གཞིའི་མི་གཞན་ཞིག་འོས་གཞི་ནས་ཕྱིར་འབུད་གཏོང་རྒྱུའི་འོས་འགན་གཉིས་ཆ་གཏན་ནས་མེད། ཁོ་ཚོས་འགྲེལ་བཤད་གནང་སྟངས་ནི་དེ་གཉིས་ལས་འགྲོ་ས་མི་འདུག། ད་ལན་འོས་བསྡུའི་འགན་འཛིན་ཚོས་གནང་སྟངས་དེ་མཐར་བཀར་དགོས་རྒྱུ་གནད་འགག་རེད།

  17. ལུང་རྟོགས། says:
    2015-11-26 at 8:36 pm

    ཡ་་་ད་ཡིན་ན་ཅོ་རི་དང་ཞོལ་གཡག་གཉིས་ཀྱིས་མགོ་ཁྲིད་ནས་འོས་སྡུ་ལས་ཁུང་གི་སྒོ་རྩར་སྐད་འབོད་རྒྱག་རྒྱུ་ཡིན་ད། དེ་ནས་དྲ་རྒྱའི་ནང་འུར་རྒྱག་པ་ལྟ་བུ་ཨེ་འདུག་ལྟ། ཕ་བཟང་བུ་མ་འཆུག་ཨ།

  18. རྒོད། says:
    2015-11-27 at 12:47 am

    ད་དབུས་འོས་བསྡུ་ལས་ཁང་ལ་རེ་བ་གཏན་ནས་ཆད་སོང་། སྐྱག་པ་ལ་ཇི་ལྟར་སྣུམ་ན་ཡང་སྐྱག་དྲི་ལས་གཞན་ཅི་ཡང་ཡོད་མ་རེད། དངོས་ནས་བཤད་ན་ཀླུ་བྱམས་མེད་སོང་ན། བཙན་བྱོལ་བོད་མིའི་མང་གཙོ་ལ་སྲོག་དབུགས་མེད་སོང་བ་དང་གཅིག་པ་རེད། ཁོང་ཉིད་མེད་ན་ང་ལ་དངོས་གཞིའི་འོས་མི་སོགས་གཅིག་ཀྱང་མེད། ཕལ་ཆེར་བདེན་པ་སྐྱོང་མཁན་ཞིག་ཡིན་ན་ཁྱེད་ཚོར་ཀྱང་ཡོད་རྒྱུ་མ་རེད་བསམ་གི་་་་་་་་

  19. ཀརྡོ་གཉེར་ཕྱག་པ་ says:
    2015-11-27 at 1:54 am

    ་་་་་་་་ བཅའ་ཁྲིམས་ཀྱིས་གོང་དུ་བཀུར་བའི་བླ་ན་མེད་པའི་དབུ་ཁྲིད་ལ་སྐྱོན་བརྗོད་བྱེད་མཁན་དེ་ཚོ་མང་གཙོ་དང་མཐུན་པའི་སྨྲ་བརྗོད་རང་དབང་ཞིག་ཡིན་ན། དེ་ལྟར་སྐྱོན་བརྗོད་བྱེད་མཁན་འདུག་ཅེས་བཤད་མཁན་དེ་ཚོ་དེ་བས་ཀྱང་མང་གཙོ་དང་མཐུན་པའི་སྨྲ་བརྗོད་རང་དབང་ཞིག་ཡིན་པས་ཁྲིམས་སྒྲིག་གང་གིས་སྟངས་འཛིན་བྱེད་མི་ཐུབ། ་་་་་་་་་་་

  20. རྒྱ་གར་རྨ་བྱ། says:
    2015-11-27 at 1:55 am

    སྲིད་སྐྱོང་འོས་ཤོག་དང་པོ་བློ་བཟང་སེང་གེ་ལགས་རེད། གཉིས་པ་སྤེལ་པ་ཚེ་རིང་ལགས། གསུམ་པ་དང་བཞི་པ་གཉིས་དབར་ཁྱད་པ་ཧ་ཅང་ཆུང་ཆུང་རེད།

    གསུམ་པ་ཞིག་ལ་གོ་སྐབས་སྤྲོད་ཀྱི་ཟེར་དུས་ཀླུ་བྱམས་དངོས་གཞིའི་ནང་སླེབས་པའི་ལམ་ཀ་ཞིག་ཡོད་པ་ལས་ཀླུ་བྱམས་འོས་གཞི་ནས་ཕུད་ཐབས་རེད་ཟེར་བ་དེ་བདེན་པའི་རྒྱུ་མཚན་ཞིག་མཐོང་མ་སོང་།

    འོས་མི་ག་ཚོད་དངོས་གཞིར་བཞག་མིན་གྱི་དབང་ཚད་དབུས་འོས་ཁང་ལ་ཡོད་པས་དེ་ཡང་འགྲིགས་པ་ཞིག་རེད་བསམས།

    དཔང་ར་འཕྲོད་པའི་བདེན་པའི་རྒྱུ་མཚན་མེད་པར་ཀུན་སློང་ལ་དོགས་པ་བྱེད་པ་ནི་ཧ་ཅང་གི་ཐལ་ཆེ་ཞིག་རེད་བསམས།

    ལར་ནས་སྲིད་སྐྱོང་བློ་སེང་ཡིན་པ་བརྒྱ་ཆ་བརྒྱ་ངེས་ཟིན་པས་མང་པོ་བགྲོ་དགོས་མ་མཐོང་། ཡིན་ཡང་མང་གཙོའི་གོ་རྟོགས་དང་འཕེལ་རིམ་གྱི་ལོ་རྒྱུས་ལ་ཏོག་ཙམ་ཕན་ཐོགས་སྲིད་པས་མུ་མཐུད་ཁ་རྡུང་གཏོང་རེས་བྱོས་ལོ་་་་་་

  21. ཀརྡོ་གཉེར་ཕྱག་པ་ says:
    2015-11-27 at 1:55 am

    ་་་་་་་་་དེ་ཚོ་དེ་བས་ཀྱང་མང་གཙོ་དང་མཐུན་པའི་སྨྲ་བརྗོད་རང་དབང་ཞིག་ཡིན་པས་་་་་་་་་

  22. ཏི་སི། says:
    2015-11-27 at 2:06 am

    སྡུག་རྩ་ཚང་བསྟན་འཛིན་འོད་ཟེར་གྱིས་ངས་གོ་ཐོས་ལ་ཁོ་རང་མི་ནག་ཉེས་ཞིག་ཡིན་པ་ཐོས། ལོ་མང་སྔོན་ནས་དིལླི་ཟ་ཁང་ཤིག་ནང་སྒོར་ཁྲི་གཉིས་བརྐུས་པ་རེད་ཟེར། ད་དུང་ཡང་འདི་བཙན་བྱོལ་གཞུང་མང་བར་དཀྲུགས་དཀྲུགས་གཏོང་བ་དེ་ཐབས་སྐྱོ་བོ་རེད། དབུས་འོས་བསྡུ་ལས་ཁང་ཟུར་དཔང་ཆོལ་དང་ཆོས་རྒྱུད་ནས་ཕེཙས་ཡོད་པ་དང་། མ་ཟད་འོས་གྲངས་དང་པོ་ནས་ས་གནས་སོ་སོ་ནས་སྡོམ་ཐོ་དང་བཅས་ཏེ་འབུལ་བཞིན་ཡིན་པས། ས་གནས་ཐམས་ཅད་སྡོམ་རྩིས་མེད་ཤོག་སྒམ་བཏུམ་ཏེ། མིག་བཙུམ་ནས་རྡ་སའི་དབུས་འོས་བསྡུ་ལྷན་ཁང་ལ་ཕུལ་ཡོད་དང་ལྷན་དུ་ཟུར་ཁག་བཞུགས་ངས་ཀྱང་མིག་ལམ་དུ་བྱུང་། འདི་ལོ་ང་རང་ཡང་དབུས་གཙང་ཆོལ་ཁའི་ནང་འོས་འགྲན་ཡིན་ཙང་སྐབས་དེཏ་མིག་མཐོང་ལག་ཟིན་བྱུང་བས་དགོངས་འཇག་ཞུ།

  23. བེ་རེ་གདོང་ནག says:
    2015-11-27 at 3:48 am

    དབུས་འོས་བསྡུ་ལྷན་ཁང་ནས་གསལ་དེས་དམངས་གཙོ་དང་རང་བཙན་ཁ་ལ་ཁྱེར་བའི་སྐབས་འཚོལ་བ་ཚོར་གོ་བརྡ་འཕྲོད་དགོས་ངེས་ཡིན་པས་ད་ཁ་བཙུམ་ན་ཡག་པོ་འདུག འོས་གཞི་གསུམ་པ་བཞག་རུང་མ་བཞུག་རུང་དངོས་གཞིའི་སྐབས་འོས་གཞིའི་འོས་གྲངས་ཉུང་དུ་འགྲོ་བ་ནི་ཟུར་བལྟས་ལེབ་མཐོང་རེད།

  24. ཅོ་རི་ཉི་མ། says:
    2015-11-27 at 4:19 am

    ཧོང་ཀོང་གི་སྲིད་སྐྱོང་འོས་མི་དངོས་གཞིའི་ནང་དུ་སུ་འཇོག་མིན་དབང་ཆ་རྒྱ་གཞུང་ལ་ཡོད་ཟེར། རྒྱ་གཞུང་དང་ལྟ་སྤྱོད་མཐུན་པའི་འོས་མི་མ་གཏོགས་ལྟ་སྤྱོད་མི་མཐུན་པའི་སྲིད་སྐྱོང་འོས་མི་ཧོང་ཀོང་ནང་དུ་ཡོང་བཅུག་གི་མེད་དུས་ཧོང་ཀོང་ནང་དུ་ངོ་རྒོལ་ལས་འགུལ་རྣོ་ངར་ལྡན་སྤེལ་བཞིན་པ་རེད།

    དེ་བཞིན་དུ་རྡ་སའི་རི་སྟེང་དུའང་བཙན་བྱོལ་སྒྲིག་འཛུགས་དང་ལངས་ཕྱོགས་མི་མཐུན་པའི་བོད་རང་བཙན་འཐབ་རྩོད་པ་ཡིན་ན་དབུས་འོས་བསྡུ་ལས་ཁུངས་ཀྱིས་དངོས་གཞིའི་འོས་འགྲན་ནང་དུ་བཀག་འགོག་བྱེད་བཞིན་ཡོད། སྲིད་དབང་སྒེར་གཅོད་རིང་ལུགས་པ་གཉིས་ཀྱི་བྱེད་སྟངས་ལ་ཁྱད་པར་ཆེན་པོ་དེ་ཙམ་མེད།

    ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་གྱིས་ནུས་པ་ལ་བརྟེན་ནས་༢༠༡༧ལོའི་ཧོང་ཀོང་གི་སྲིད་སྐྱོང་འོས་བསྡུ་ཚོད་ལྡན་ཡོང་ཐུབ་པའི་རེ་བ་ཆེན་པོ་འདུག བཙན་བྱོལ་བའི་འོས་བསྡུ་དྲང་བདེན་མེད་པ་དང་། འོས་གྲངས་བཤེར་སྐབས་སུ་མ་བྷན་བཟོ་ཡི་ཡོད་པའི་གནས་ཚུལ་ཡོད་པར་སོགས་གནད་དོན་ཐབས་སྐྱོ་པོ་མང་པོ་ཡོང་བཞིན་ཡོད། ཡིན་ནའང་བོད་མི་དམངས་ཀྱིས་ཡིག་ཐོག་ནས་ཞུ་གཏུག་བྱས་པ་མ་གཏོགས་ངོ་རྒོལ་ལས་འགུལ་སྤེལ་ཐུབ་ཀྱི་མེད།

    ཐད་ཝན་ལ་མཚོན་ན་སློབ་ཕྲུག་ཚོས་སྣེ་ཁྲིད་པའི་མི་དམངས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་པའི་རྒྱུ་མཚན་གྱིས་ཐད་ཝན་གཞུང་འཛིན་གུང་མིང་ཏང་ཚོགས་པ་ལ་ཕམ་ཉེས་བཏང་ཡོད། མ་འོངས་པར་ཐད་ཝན་རང་བཙན་ཤོས་ཁག་ལ་འོས་བསྡུའི་རྒྱལ་ཁ་འཐོབ་ངེས་ཡིན་པར་འཛམ་གླིང་ཡོངས་གྲགས་ལྟ་བུ་ཆགས་ཚར། གནས་ཚུལ་དེ་ལ་བརྟེན་ནས་ཀྲུང་གོའི་སྲིད་འཛིན་ཞིང་ཅན་ཕིང་ཐད་ཝན་གུང་མིང་ཏང་ཚོགས་པའི་སྲིད་འཛིན་མ་ཡུང་ཅུང་དང་ཐུག་འཕྲད་བྱས་དགོས་ཐུག་ཡོད།

    ཐད་ཝན་རང་བཙན་གྱི་ཕྱོགས་སུ་བསྐྱོད་ཀྱི་ཡིན་པར་གཏན་ཁེལ་ཚར་བ་འདྲ་བོ་རེད། རྒྱ་ནག་གཅིག་གི་སྲིད་ཇུས་ངོས་ལེན་བྱེད་མཁན་གུང་མིང་ཏང་ཚོགས་པ་ཕམ་གཏན་ཁེལ་ཚར་བ་རེད། གནད་དོན་འདི་ཐད་ཝན་གྱི་རྒྱལ་གཅེས་ལྷག་བསམ་ཅན་གྱི་སློབ་ཕྲུག་ཚོ་དང་རྒྱལ་གཅེས་མི་དམངས་རྣམས་པའི་ཤེས་ཡོན་དང་འཇོན་སྟངས། དཔའ་ངར་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད།

    ང་ཚོའི་བཙན་བྱོལ་བོད་ལས་ཐད་ཝན་གོམ་གང་སྔོན་དུ་འགྲོ་བཞིན་འདུག བཙན་བྱོལ་བོད་ལ་ཆགས་བཞག་ན་རང་བཙན་པ་ལ་ཕམ་ཉེས་དང་དབུ་མའི་ལམ་པ་བ་ལ་རྒྱལ་ཁ་ཐོབ་ཀྱི་་ཡོད། རྒྱ་ནག་གཅིག་གི་སྲིད་ཇུས་ངོས་ལེན་བྱས་ནས་ཁ་བྲལ་གྱི་མིན་ཟེར་མཁན་གུང་མིང་ཏང་ཚོགས་པ་ལ་ཕམ་ཉེས་བཏང་བ་ལྟར་ང་ཚོས་ཀྱང་ངེས་པ་ཏུ་ཀྲུང་གོ་དང་ཁ་བྲལ་གྱི་མིན་ཀྲུང་གོའི་རྩ་ཁྲིམས་འོག་ཏུ་སྡོད་ཀྱི་ཡིན་ཟེར་མཁན་གཞུང་འཛིན་དབུ་མའི་ལམ་པ་བ་ཚོ་ལ་ཕམ་ཉེས་གཏོང་ཐུབ་པར་བྱ་དགོས། ལོ་ནས་ལོ་མཐུད་ནས་འབད་བརྩོན་བྱ་དགོས། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཤི་གསོན་གྱི་གནད་དོན་ཡིན་པས་བོད་མི་དམངས་ཀྱིས་ཤུགས་རྒྱབ་དགོས་ཅེས་ཞུ་འདོད་བྱུང་།

  25. བསོད་ནམས། says:
    2015-11-27 at 6:46 am

    དྲང་མོ་བཤད་ན་རྡ་སའི་སྒྲིག་འཛུགས་འདི་ལ་བོད་རང་བཙན་མི་དགོས་པ་དེ་རེད། དེ་མིན་ཁྲིམས་དང་སྒྲིག་གཞི་ཟེར་བ་ལག་པ་འཕྱི་ས་རེད།

  26. ལུང་རྟོགས། says:
    2015-11-27 at 9:50 am

    བོད་རང་བཙན་ལེན་ཐུབ་མཁན་ཡོད་ན་བླངས་ཤོག་དང་མི་དགོས་ཟེར་མཁན་སུ་ཡང་མེད་པ་ངས་ཁག་ཐེག

  27. སྤྱང་ཤོག says:
    2015-11-27 at 10:38 am

    ༄། ང་ཚོས་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་སྒྲུབ་ཡ་ལ་ལམ་ཁ་འདི་མ་གཏོགས་མི་འདུག
    ___ཨ་ཚོགས་ཀླུ་མཁར་བྱམས་ཀྱིས།

    དབུ་མའི་ལམ་གསུང་མཁན་ཚོས་ང་ཚོ་ལ་ཅིག་བཅའ་རྒྱུ་ཡོད་མདོག་མདོག་བྱེད་ཀྱི་འདུག་པ་དང་། ཁྱོད་ཚོས་རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་འཇོན་གི་ཡོད་མེད་སོགས་དེ་འདྲའི་སྐད་ཆ་མང་པོ་ཞིག་ཡོང་གི་ཡོད་པ་རེད། ཡིན་ནའང་། ངས་དེ་རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མི་མཐུན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་འཇོན་པ་ད་ལྟའི་སྤྱི་ཚོགས་ནང་ལ་མེད་པ་དེ་ཁ་ཡོད་ལག་ཡོད་རེད། ང་ཚོས་དེ་ལས་ལྷག་ཅིག་འཇོན་གྱི་ཡོད་ཉ་གེ་ཉོག་གེ་དེ་འདྲ་ཟེར་གྱི་ཡོད་པ་མ་རེད། སྔོན་མ་ཡང་བཤད་མྱོང་མེད་ལ་ད་ལྟའང་བཤད་ཀྱིན་མེད །
    ཡིན་ནའང་། རྒྱལ་བ་རིན་པོ་ཆེའི་དགོངས་ཚུལ་དང་མི་མཐུན་པ་དེ་འདྲ་ཡོད་རེད། རྒྱལ་བ་རིན་པོ་ཆེའི་དགོངས་པ་རླབས་ཆེན་དང་རྒྱ་ཆེན་པོ་དེ་འདྲའི་ནང་ན་ང་ཚོས་རྟོགས་མི་ཐུབ་པ་ཏན་ཏན་ཡོད་རེད། ང་ཚོས་རྒྱལ་བ་རན་པོ་ཆེའི་བཀའ་སློབ་ཇི་བཞིན་དུ་བརྩི་དགོས་ཡོད་ན་<ཐ་མ་འཐེན་རྒྱུ་ཡོད་མ་རེད། ཨ་རག་འཐུང་རྒྱུ་ཡོད་མ་རེད། མ་ཅང་རྒྱག་རྒྱུ་ཡོད་མ་རེད། དྲང་པོ་བྱེད་དགོས་པ་རེད། དེ་ནས་གཞུང་གིས་ཡ་རབ་བྱེེད་དགོས་པ་རེད། ལྐོག་ཟ་རུལ་སངས་བྱེད་རྒྱུ་ཡོད་མ་རེད། སྐུ་དྲག་གསར་པ་འཁྲབ་རྒྱུ་ཡོད་མ་རེད། དགེ་རྒན་ཚོས་སློབ་ཁྲིད་ཡག་པོ་གནང་དགོས་པ་རེད། ཅེས་དངོས་གནས་རྒྱལ་བ་རིན་པོ་ཆེས་ཕ་ལགས་ཀྱིས་ནང་གི་བུ་ཕྲུག་ལ་གསུང་པ་ནང་བཞིན་དགོན་སྡེ་ཁག་ལ་རྫིག་པོ་བྱེད་རྒྱུ་ཡོད་མ་རེད། ཞེ་བོ་ཅིག་སྐར་མ་ལྔ་བདག་ཅན་གྱི་མགྲོན་ཁང་ནང་བཞིན་ལྷ་ཁང་གསེར་ཁང་རྫིག་པོ་བཞེངས་རྒྱུ་ཡོད་མ་རེད། སོགས་ཀྱིས་མཚོན་པའི་བཀའ་སློབ་སྣ་ཚོགས་ཤིག་གནང་ཡོད་རེད། ཡིན་ནའང་། ང་ཚོས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནང་ནས་ཁ་ཐུག་སོ་སོ་ལ་དགོས་ཡ་ཁ་ཤས་ཤིག་འཁྱེར་ཡོང་ནས་འདི་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་རེེད་དྭ། ངས་བཀའ་བརྩིས་ཡོད་ད་ཟེར་མཁན་དེ་ཚོ་ཡག་པོ་མ་རེད། དེའི་རིགས་ཀྱིས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་བརྩིས་པ་མ་རེད། སྤྱི་ཚོགས་དཀྲུག་ཡ་ཞིག་མ་གཏོགས། ངས་བསམ་བློ་བཏང་པ་ཡིན་ན།
    དེ་མ་གཏོགས་ང་ཚོའི་ངོས་ནས་སོ་སོས་རང་བཙན་གྱི་གནས་སྟངས་ཤིག་བཤད་བསྡད་པ་དེས་རྒྱལ་བ་རིན་པོ་ཆེ་ལ་དོ་ཕོག་ཅིག་དང་། སྐྱབས་མགོན་རིན་པོ་ཆེའི་བཀའ་བརྩི་དང་མི་བརྩི་ལ་འབྲེལ་བ་ཞིག་ཡོད་པ་ཞིག་ལ་རང་གི་ངོས་ནས་ངོས་འཛིན་ཞུ་གི་མེད།
    སྐྱབས་མགོན་རིན་པོ་ཆེ་ནས་དབུ་མའི་ལམ་ཡོང་གི་འདུག །བོད་པ་ཚང་མ་ལོག་འགྲོ་དགོས་རེད། ཀླུ་མཁར་བྱམས་ཁྱོད་རང་ཡང་འགྲོ་དགོས་པ་རེད་གསུངས་ཏེ་ང་ལ་ཡིག་ཐོག་ནས་སྤྲད་པ་ཡིན་ན། སྐྱབས་མགོན་རིན་པོ་ཆེས་ཞལ་གསུང་པ་ཡིན་ན། རྒྱ་ནག་གཞུང་གིས་ངོ་སྤྲད་པ་ཡིན་ན། ཁྱོད་ཚོ་སྐོར་ཞིག་གིས་བཙན་བྱོལ་ནས་རང་བཙན་བཤད་བསྡད་པ་དེས་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་རླབས་ཆེན་པོ་དེ་འགྲུབ་ཀི་མེད། དབུ་མའི་ལམ་མ་ཡོང་པའང་དེ་ཡིན། ཁྱོད་ཚོས་ཁ་བཙུམ་ནས་བསྡད་ན། ཁོང་ཚོར་ཅིག་བྱེད་རྒྱུ་ཡོད་ལབ་ན་ང་ཚོས་མཚམས་འཇོག་ཆོག་གི་རེད། དེ་རྒྱ་ནག་གཞུང་གིས་ལབ་ཀྱི་མེད་ཨ། དེ་ཡིན་དུས་ང་ཚོའི་ངོས་ནས་རྒྱལ་བ་རིན་པོ་ཆེའི་དགོངས་གཞིར་དོ་ཕོག་འགྲོ་བ་ཞིག་ལ་ངོས་འཛིན་ཞུ་གི་མེད།
    ད་ང་ཚོས་བསམ་བློ་བཏང་པ་ཡིན་ན་ལམ་ཁ་འདི་མ་གཏོགས་མི་འདུག། སྡུག་ས་ནས་བཤད་ན་ང་ཚོས་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་སྒྲུབ་པ་ལ་ལམ་ཁ་འདི་མ་གཏོགས་མི་འདུག། འོ་ཡ་ཐུགས་རྗེ་ཆེ།

    ཀླུ་མཁར་བྱམས་ཀྱི་གཏམ་བཤད། ལྷོ་ཕྱོགས།
    ལས་འགུལ་ཚན་པ་ཞིག་གིས་ཡི་གེར་ཕབས།

  28. བཀྲ་ཤིས། says:
    2015-11-27 at 10:50 am

    རང་བཙན་གི་ཐབས་ཤེས་མཆོག་ཏུ་གྱུར་པ་དེ་དཔའ་བོ་ཀླུ་མཁར་བྱམས་སྲིད་སྐྱོང་ཐོབ་དགོས་རེད། ཡིན་ནའང་རེ་ཞིག་བོད་མི་དམངས་ལས་དབང་དེ་མེད་པ་འདྲ།

  29. བསོད་ནམས། says:
    2015-11-27 at 11:46 pm

    ལུང་རྟོགས་ལགས་ཁྱེད་ལ་རང་བཙན་མི་དགོས་པ་གསལ་བོ་རེེད། རང་བཙན་རྩོད་ཀི་མ་བཅུག་ན་རང་བཙན་གང་ནས་ལེན་དགོས་རེེད། བོད་གཞུང་གིས་རང་བཙན་མི་རྩོད་པར་རང་བཙན་རྩོད་པར་འགག་སྒོ་གང་ས་ནས་གནོད་ཤུགས་སྤྲད་ན་རང་བཙན་གང་ནས་ལེན་དགོས་རེད་དམ།

  30. ཀརྡོ་གཉེར་ཕྱག་པ་ says:
    2015-11-28 at 12:43 am

    རང་བཙན་པ་གསལ་་བཤད་དང་། རེ་སྐུལ།

    བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་ལ། ཟུར་ཟ་བྱེད་མཁན་གྱི་རང་བཙན་དེ་ང་ཚོ་བོད་མི་མང་ལ། མི་དགོས།

    བསྟན་འཛིན་བརྩོན་འགྲུས་ལྟ་བུའི་རང་བཙན་པའི་ལས་འགུལ་ཡང་མི་དགོས། གང་ཡིན་ཟེར་ན། རང་བཙན་སྐད་འབོད་དེས། རེ་བ་རང་བཙན་ཕར་ཞོགས། རེ་བ་ཡོད་པའི་ཆོལ་གསུམ་ཡོངས་རྫོགས་ཀྱི་རང་དབང་རག་པ་ལ། གནོད་བགྱིད་འདུག

    ང་ལ་རང་བཙན་མི་དགོས། ཁྱེད་ཚོར་རང་བཙན་ངེས་པར་དུ་དགོས་ན། ། གཉིས་སྨན་དབུས་ལམ་གྲུབ་ནས། འཇོན་ན་གཞི་ནས་རང་བཙན་ད་དུང་ལེན་བདེ་བའི་གོ་སྐབས་ཡོད་རེད་དོ།།

  31. ཀརྡོ་གཉེར་ཕྱག་པ་ says:
    2015-11-28 at 12:44 am

    རེ་བ་༼མེད་པའི་༽རང་བཙན་ཕར་ཞོགས། རེ་བ་ཡོད་པའི་ཆོལ་གསུམ་ཡོངས་རྫོགས་ཀྱི་རང་དབང་རག་པ་ལ། གནོད་བགྱིད་འདུག

  32. ཀརྡོ་གཉེར་ཕྱག་པ་ says:
    2015-11-28 at 12:44 am

    ང་ལ་རང་བཙན་མི་དགོས། ཁྱེད་ཚོར་རང་བཙན་ངེས་པར་དུ་དགོས་ན། ། གཉིས་སྨན་དབུས་ལམ་གྲུབ་ནས།

  33. ལུང་རྟོགས། says:
    2015-11-28 at 4:44 am

    བསོད་ནམས་ལགས། འཁྱོག་བཤད་རྐྱང་རྐྱང་བྱེད་མ་འདུག ངས་རང་བཙན་མི་དགོས་ཤེས་ག་དུས་ལབ་སོང་། རང་བཙན་རྩོད་མ་བཅུག་པར་སུས་ཇི་ལྟར་བཀག་སོང་། བོད་གཞུང་གིས་རང་བཙན་རྩོད་མཁན་ན་གནོན་ཤུགས་ཇི་ལྟར་སྤྲད་ཀྱི་འདུག

  34. བསོད་ནམས། says:
    2015-11-28 at 7:58 am

    ལུང་རྟོགས་ཚངའཁྱོག་བཤད་སུས་རྒྱག་མིན་ཤེས་སླ། བཙན་བྱོལ་ན་ཁྱེད་ལྟ་བུའི་མགོ་གཉིས་མ་ཚོས་ལོ་རྒྱུས་ཀྱི་བདེན་པའི་རང་བཙན་ལ་འགག་སྒོ་གང་འདྲའི་སྤྲད་མིན་ཚང་མས་ཤེས་ཡོད་རེད། རང་བཙན་རྩོད་མཁན་ཚོར་གནོད་ཤུགས་དགྲ་བོ་ལས་སྡུག་གང་འདྲ་སྤྲད་མིན་འདས་པའི
    ལས་ཤས་ནང་ཁྱེད་རང་མིག་ཞྭར་དང་རྣ་སྐྱོན་མེད་ན་ཤེས་ཡོད་།

  35. ཇུང་ཏོག་ says:
    2015-11-28 at 9:09 am

    འོས་འཕེན་མཁན་མི་མང་རེད་། འོས་ཤོར་བའི་འགན་དེ་འོས་བསྡུ་ལས་ཁང་ལ་ཡོད་པ་ཤེས་མ་སོང་། ད་མང་པོ་མ་འགྲིག་པའི་ལབ་སྙོག་བཤད་ན་དེ་སྔ་ཐོབ་པའི་འོས་གྲངས་ནས་ཉུང་དུ་འགྲོ་སྲིད་། མི་མང་ལྐུག་པ་མ་རེད་སྤྱང་པོ་རེད་། སྔོན་འགྲོ་ལ་སུ་ལ་འོས་འཕེན་པ་དེ་ལ་འོས་འཕེན་གྱི་རེད་། གལ་སྲིད་འགྱུར་བ་རེ་ཙམ་བཏང་མཁན་ཡོད་ན་ལང་ཕྱོགས་བརྟན་པོ་མེད་པའི་མགོ་གཉིས་དེ་ཚོ་རེད་།

  36. ལྷ་སའི་བུ་ says:
    2015-11-28 at 10:27 am

    རྗེས་སུ་སྙན་ཞུ་དེ་འདྲ་འབུལ་མཁན་བྱུང་ན། མིང་དང་མཉམ་དུ་རྒྱལ་དོན་བཅའ་ཁྲལ་གྱི་ལག་དེབ་ལྗང་ཁུའི་ཨང་གྲངས་འཁོད་དགོས་པའི་ཆ་རྐྱེན་ཞིག་དགོས་ངེས་རེད། བོད་མི་ཡིན་པའི་འགན་འཁུར་མ་འཁྱེར་མཁན་ཞིག་ལ་བོད་མི་སྤྱི་མཚུངས་ལྟར་སྲིད་སྤྱིའི་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་མེད་པས་སོ།

  37. ལུང་རྟོགས། says:
    2015-11-28 at 11:15 am

    བསོད་ནམས་མིང་ཅན། རྒྱུ་མཚན་བཤད་རྒྱུ་མེད་ན་གང་བྱུང་གིས་སྒྲིག་འཛུགས་དང་དབུ་ཁྲིད་ཚོར་ཁྱི་སྨྱོན་བཞིན་ཟུག་མ་འདུག དེས་རང་འཚང་སྟོན་སྐྱེད་ལས་ཕན་ཐོག་གང་ཡང་ཡོད་མ་རེད། རང་བཙན་རྩོད་མ་བཅུག་པར་ཇི་ལྟར་བཀག་ཚུལ་དང་རང་བཙན་རྩོད་མཁན་ལ་གནོན་ཤུགས་སྤྲད་སྟངས་སོགས་གནས་ལུགས་རྒྱུ་མཚན་བཤད་རྒྱུ་ཡོད་ན་ཤོད་ཤོགས་དང་། རིམ་གྱིས་བགྲོ་གླེང་བྱེད་ཆོག

  38. ཉི་མའི་བུ་རྒྱུད་ says:
    2015-11-28 at 5:42 pm

    རང་བཙན་བཀག་པའི་སྐོར་ལུང་རྟོགས་གིས་ཤེས་མི་འདུག ཁོས་གངས་སྐྱིད་ལ་སྤྲེལ་ལད་འཁྲབ་ནས་ཅི་ལྟར་རང་གི་ལྟོ་ཕོར་སྲུང་དགོས་པ་གཅིག་པུ་ཤེས་འདུག

  39. ལུང་རྟོགས། says:
    2015-11-29 at 3:26 am

    ཉི་མའི་བུ་རྒྱུད། རང་བཙན་སུས་ཇི་ལྟར་བཀག་པ་རེད། བུ་ཡིན་ན་གནས་ལུགས་ཤོད་ཤོགས། ཁྱི་རྒན་བཞིན་ཟུག་མ་འདུག

  40. ལུང་རྟོགས། says:
    2015-11-29 at 3:28 am

    ལར་ནས་ཁྱོད་ཚོས་གངས་སྐྱིད་ལ་ཁ་རྡུང་གཏོང་དགོས་པ་ལས་རྒྱ་ནག་ལ་ཁ་རྡུང་གཏོང་དགོས་པ་ཤེས་ཀྱི་མེད་པ་འདྲ། ཁྱོད་ཚོ་གང་གི་ཆེད་དུ་བཙན་བྱོལ་ལ་ཡོང་བ་ཡིན།

  41. ཉི་མའི་བུ་རྒྱུད་ says:
    2015-11-29 at 5:09 am

    གངས་སྐྱིད་ན་རྒྱ་ཁྱི་ལས་སྡིག་པ་མི་ཁྱོད་འདྲ་བོ་ཡོད་རེད། སོང་ཙང་ང་ཚོས་རྒྱ་ལ་ཁ་རྡུང་མ་བཏང་གོང་ལ་ཁྱོད་ཅན་པོ་བཟོ་ལྟ་བཟོ་དགོས་འདུག དེ་ནས་ད་རྒྱ་མི་ཡིན།

  42. ཅོ་རི་ཉི་མ། says:
    2015-11-29 at 5:34 am

    ལོང་རྟོགས་་་བོད་རང་བཙན་གྱི་འཐབ་རྩོད་ལ་བཀག་འགོག་བྱས་སྟངས་འདི་འདྲ་རེད་་་ད

    #7 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
    October 4th, 2015 at 6:43 am
    དབུ་མའི་ལམ་པ་བ་ཚོས་ངོས་ནས་བོད་རང་བཙན་བརྩད་པ་ལ་བཀག་འགོག་བྱས་མེད། ཁ་ནང་དུ་འཁོར་ནས་བརྩད་མ་འོང་། ཁ་རྒྱ་གུན་ཁྲན་ལ་འཁོར་ནས་རྩོད། རང་བཙན་འཕྲོག་མཁན་རྒྱ་གུན་ཁྲན་རེད་ཅེས་ངར་ངར་རྫིག་རྫིག་དང་ཡིན་ཡིན་བདེན་བདེན་འདྲ་བའི་གཏམ་ཞིག་བཤད་ཀྱི་འདུག ཞིབ་ཏུ་བསམས་ན་བོད་རང་བཙན་འཐབ་རྩོད་བྱེད་པ་ལ་ནང་ནས་བཀག་འགོག་བྱས་ཡོད་བདེན་པ་ཡིན།

    ༡་་་དཔལ་འབྱོར་གྱི་ཐོག་ནས་བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱེད་སྟངས།

    བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་འགྲོ་སོང་གང་མང་བཏང་ནས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་པ་དང་། ལས་འགུལ་སྤེལ་པ། དབུ་མའི་ལམ་ལ་རྒྱབ་སྐྱོར་འཚོལ་བ། རྒྱ་རིགས་མང་པོ་ལ་གསོལ་སྟོན་བཤམས་པ་སོགས་འགྲོ་སོང་མང་པོ་བཏང་གི་ཡོད། བོད་རང་བཙན་གྱི་གོ་རྟོགས་སྤེལ་ཆེད། ལས་འགུལ་སྤེལ་ཆེད། རྒྱབ་སྐྱོར་འཚོལ་ཆེད་སོགས་ཀྱི་ཐོག་ཏུ་དབུས་སྒྲིག་འཛུགས་ཀྱིས་ངོས་ནས་སྒོར་རྡོག་གཅིག་འགྲོ་སོང་བཏང་ཡོད་དམ། མེད་པ། འདི་དཔལ་འབྱོར་གྱིས་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཀྱང་བོད་རང་བཙན་ལ་རྒྱབ་སྐྱོར་མེད་པའི་གནས་དོན་གལ་ཆེན་ཞིག་དང་། བོད་རང་བཙན་འཐབ་རྩོད་ལ་དཔལ་འབྱོར་གྱི་ཐོག་ནས་བཀག་འགོག་བྱེད་སྟངས་ཤིག་ཡིན།

    ༢་་་་ལས་འགུལ་བའི་ཐོག་ནས་བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱེད་སྟངས།

    དབུས་བོད་མིའི་སྒྲིག་འཛུགས་དང་མཐོ་རིམ་དཔོན་རིགས་ཚོས་ངོས་ནས་ཁོ་རང་ཚོ་བོད་རང་བཙན་གྱི་ལས་འགུལ་ནང་དུ་མི་ཞུགས་ལ་མི་དམངས་ལ་ཞུགས་མི་ཉན་པ་རྒྱུད་སྐུལ་བྱས། གདན་ས་ཁག་གིས་གཞོན་ནུ་ལྷན་ཚོགས་སོགས་ཀྱི་ལས་འགུལ་སྤེལ་སྐབས་མཉམ་ཞུགས་མི་བྱེད་ཀྱི་གྲོས་ཆོད་བཞག འདི་ནི་བོད་རང་བཙན་གྱི་འཐབ་རྩོད་ལ་བཀག་འགོག་བྱས་སྟངས་ཤིག་དང་། ལས་འགུལ་སྤེལ་མཁན་ཉུང་རེ་བཏང་ནས་བཀག་འགོག་བྱས་ཡོད།

    ༣་་་མི་གཞི་དང་གོ་གནས་ལ་སྐྱོན་བཏང་ནས་བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱེད་སྟངས།

    བོད་རང་བཙན་འཐབ་རྩོད་པ་རྣམས་ཀྱི་མི་གཞི་ལ་དམའ་འབེབས་བྱས་པ་དང་། འཇིགས་སྐུལ་བྱས་པ། ལས་གནས་ནས་ཕྱིར་འབུད་བཏང་ཐབས་སོགས་བྱས་ཡོད། འཇམ་ནོར་དང་ལྷ་བཟང། ཀླུ་བྱམས་དང་ཀརྨ་ཆོས་འཕེལ། ལྷ་དར་དང་ཚེ་དབང་རིག་འཛིན་སོགས་གཙོ་བོ་གྱུར་པའི་གཞོན་ལྷན་གྱི་ཚོགས་མི་ཁག་ཅིག་གིས་གོང་ས་ཏྭ་ལའི་བླ་མའི་དགོངས་པ་དཀྲུགས་ནས་ལོ་ལྔ་ཚེ་ཐག་ཐུང་རེ་བཏང་སོང་ཞེས་བསྒྲགས་ཡོད། ལྷ་བཟང་ལ་གསོད་ཀྱི་ཡིན་ཟེར་ནས་འཇིགས་སྐུལལ་བྱས་བྱས་ཀྱི་མཐའ་མ་ལྷ་བཟང་གིས་ཁོང་རང་གསོད་ནས་ཕན་ཐོགས་ན་གསོད་རོགས་བྱོས་ཅེས་བསྒྲགས་ཡོད། ཀརྨ་ཆོས་འཕེལ་སྤྱི་འཐུས་ཀྱི་ནང་ནས་ཕུད་གྲབས་བྱས་ཡོད། འཇམ་ནོར་དོལ་རྒྱལ་བརྟེན་མཁན་རེད་ཅེས་ཞྭ་མོ་གོན་མྱངས་ཡོད། མདོ་ན་བོད་རང་བཙན་འཐབ་རྩོད་པ་ཚོ་སྤྱི་ཚོགས་ཀྱི་མིག་ནང་དུ་ནག་པོ་ནག་རྐྱང་བཟོ་ཐབས་སྤྱད་ནས་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱས་ཡོད། གོ་གནས་ནས་ཕྱིར་ཕུད་བཏང་ཐབས་བྱས་ནས་བཀག་འགོག་བྱས་ཡོད།

    ༤་་་བྱེད་ལས་ཀྱི་ཐོག་ནས་བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱས་སྟངས།

    རང་བཙན་མ་དངུལ་ལག་དེབ་དང་བླང་དཔྱ་ཁྲལ་ལ་བསྒྱུར། བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར། བཅའ་ཁྲིམས་ནང་དུ་བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད་དགོས་ཅེས་པ་ནག་བསུབ་བྱས། དབུས་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཁོ་ན་བཟོས། བྱེད་སྟངས་འདི་དག་གིས་ཐོག་ནས་བོད་རང་བཙན་གྱི་འཐབ་རྩོད་བཀག་འགོག་བྱས། རང་བཙན་མ་དངུལ་ཡང་དབུ་མའི་མ་དངུལ་ལ་བསྒྱུར་བ་སོགས་བསམ་ཡུལ་ལས་འདས་པའི་བཀག་འགོག་བྱས་ཡོད། འདི་ལས་ལྷག་ཞིག་བཀག་འགོག་བྱེད་ཐབས་ཅང་མེད།

    ༥་་་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་བོད་རང་བཙན་གྱི་འཐབ་རྩོད་ལ་བཀག་འགོག་བྱས་སྟངས།

    ཨ་རིའི་དང་ཡུང་རོབ་སོགས་ཀྱི་གྲོས་ཚོགས་ནང་དུ་བཙན་བྱོལ་དབུས་སྒྲིག་འཛུགས་ཀྱིས་ངོས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་པ་མ་གཏོགས་བོད་རང་བཙན་ལ་རྒྱབ་སྐྱོར་ཚིག་གཅིག་ཞུ་གི་མེད། བོད་ནང་གི་རྒྱལ་གཅེས་དཔབ་བོ་དཔའ་མོ་ཚོས་སྐུ་སྲོག་བློས་བཏང་ནས་བོད་རང་བཙན་འཐབ་རྩོད་བྱས་པ་དེ་ཡང་རྒྱལ་སྤྱིའི་ནང་དུ་བསྐུངས་གང་ཐུབ་བྱས་པ་མ་གཏོགས་ཨ་རིའི་གཙོ་བོ་གྱུར་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྒྱལ་གཅེས་དཔབ་བོ་དཔའ་མོ་ཚོའི་མངོན་འདོད་ཇི་བཞིན་ཞུ་གཏུགས་བྱས་མེད། འདི་ནི་བྱེད་ལས་ཀྱི་ཐོག་ནས་རྒྱལ་སྤྱིའི་ནང་དུ་བོད་རང་བཙན་འཐབ་རྩོད་ལ་བཀག་འགོག་བྱས་སྟངས་ཤིག་ཡིན།

    མདོ་དོན་དབུ་མའི་ལམ་པ་བ་ཚོས་ངོས་ནས་ང་ཚོ་ལ་བོད་རང་བཙན་རྩོད། སུས་ཀྱང་བཀག་མེད་ཟེར་བ་འདིར་མི་བདེན། སྐད་ཆ་བཤད་སྟངས་འདི་ནི་ཧམ་བཤད་དང་ལོག་བཤད་ཡིན། དྲང་བདེན་དང་རྒྱུ་འབྲས་མེད་པའི་སྐད་ཆ་ཡིན། གལ་སྲིད་བཙན་བྱོལ་སྒྲིག་འཛུགས་ཀྱི་མི་རྒྱུ་སྲོག་གསུམ་དབུ་མའི་ལམ་པ་བ་ཚོས་བེད་སྤྱོད་བཏང་གི་ཡོད་པ་ལྟར་བོད་རང་བཙན་འཐབ་རྩོད་པ་ཚོ་ལ་གཏོང་བཅུག་ན་འགྲིག་ས་རེད་དམ་མ་རེད། མི་རྒྱུ་སྲོག་གསུམ་ཆ་ཚང་བེད་སྤྱོད་གཏོང་དབང་རང་བཙན་པ་ལ་མེད་ནའང་ཕྱེད་ཀ་ཙམ་གཏོང་བཅུག་ན་ཡོང་ས་རེད་དམ། གཞན་མི་རྒྱུ་སྲོག་གསུམ་གྱི་ཐོག་ནས་བཀག་འགོག་བྱེད་བཞིན་དུ་རང་བཙན་འཐབ་རྩོད་ལ་བཀག་མེད་ཟེར་ན་རྒྱུ་འབྲས་ལ་འགྲོ་བའི་སྐད་ཆ་རེད་དམ། གལ་སྲིད་དབུ་མའི་ལམ་པ་བ་ཚོས་མུ་མཐུད་ནས་བྱེད་སྟངས་འདི་འདྲ་བྱེད་ཀྱི་ཡིན་ན་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡ་ང་བ་ཞིག་ཡོང་ངེས་ཡིན་པར་བརྗེད་མི་ཉན། བོད་རང་བཙན་འཐབ་རྩོད་ཀྱི་མདུན་ལམ་བཀག་འགོག་བྱེད་དགོས་ན་ལས་སླ་མོ་ཞིག་རྩ་བ་ནས་མིན། དངོས་མེད་ལྷ་འདྲེ་ཡི་བརྟེན་སྲོལ་ཞིག་བཀག་འགོག་བྱེད་དགོས་ན་དཀའ་ལས་ག་ཚོད་མི་འདུག་གམ། བསམ་བློ་ཐོངས། ད་ལྟ་གོ་སྐབས་ཡོད། གལ་སྲིད་བསམ་གཞིག་རྩ་བ་ནས་མ་བྱས་ན་བོད་མི་རིགས་ཀྱི་མདུན་ལམ་བརླག་ཡའི་ཉེན་ཁ་ཡོད་རེད་དོ།

  43. ལུང་རྟོགས། says:
    2015-11-29 at 12:04 pm

    རྒྱ་ཁྱི་ཁྱོད་ཚོས་བོད་ལས་རྒྱ་ལ་ཁ་རྡུང་མི་གཏོང་བ་ང་ཚོས་ཤེས་ཀྱི་ཡོད།

  44. ལུང་རྟོགས། says:
    2015-11-29 at 12:30 pm

    ཅོ་རི། འཁྱོག་བཤད་རྐྱང་རྐྱང་བྱས་ནས་ཕན་ཐོག་ཅི་འདུག
    ༡ བཙན་བྱོལ་སྒྲིག་འཛུགས་ཀྱི་ལང་ཕྱོགས་དབུ་མའི་ལམ་ཡིན་པས་དབུ་ལམ་གྱི་གོ་རྟོག་སྤེལ་བ་ནི་དོན་དང་མཐུན་པ་ཞིག་རེད། ལང་ཕྱོགས་དབུ་མ་ཡིན་བཞིན་དུ་རང་བཙན་གྱི་ལས་འགུལ་སྤེལ་ན་དེ་ནི་སྨྱོན་པའི་ལས་ཀ་ལྟ་བུ་ལས་བསམ་བློ་ཡོད་པའི་མིའི་ལས་སྟངས་ག་ལ་ཡིན།
    ༢ བཙན་བྱོལ་སྒྲིག་འཛུགས་དབ་ལམ་ལ་འགྲོ་ཡི་ཡོད་དུས་དཔོན་རིགས་ཚོ་རང་བཙན་ལས་འགུལ་ལ་མཉམ་ཞུགས་བྱེད་མི་ཐུབ་པ་མི་སུས་ལྟས་ཀྱང་ས་རིས་ཐང་གསལ་རེད། མི་མང་མཉམ་ཞུགས་མི་ཉན་པའི་སྐུལ་མ་བྱས་པ་ཟེར་བ་དེ་ནི་གཞི་མེད་སྐྱོན་འཛུག་རེད། གདན་ས་ཁག་གིས་ལང་ཕྱོགས་ག་རེ་འཛིན་མིན་ནི་ཁོ་རང་ཚོའི་འདོད་མོས་ཡིན་པས་དེས་བོད་མིའི་སྒྲིག་འཛུགས་ཀྱི་རང་བཙན་བཀག་འགོག་བྱས་པ་མཚོན་མི་ཐུབ།
    ༣བོད་རང་བཙན་འཐབ་རྩོད་པ་ཡིན་ཟེར་མཁན་ལ་ལས་གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུག་བྱེད་ཀྱི་ཡོད་པ་དེ་ལ་མི་དགའ་བ་བྱེད་མཁན་དང་སྐྱོན་བརྗོད་བྱེད་མཁན་མང་དག་ཡོང་གི་ཡོད། འོན་ཀྱང་བོད་རང་བཙན་རྩོད་པའི་དབང་གིས་མི་དགའ་བ་བྱས་པ་དང་ལས་གནས་ནས་ཕུད་པ་འཇིགས་སྐུལ་བྱས་པ་སོགས་བྱུང་ཡོད་ཟེར་ན་དེ་ནི་རྫུན་གཏམ་ཚབ་པོ་ཆེ་རེད།
    ༤བཙན་བྱོལ་གཞུང་ལ་དབུས་བོད་མིའི་སྒྲིག་འཛུགས་ཤེས་གནས་སྐབས་མིང་སྒྱུར་བྱས་ཡོད་ཀྱང་དེ་ནི་རྒྱ་གར་གཞུང་གིས་དཀའ་ངལ་མི་སྤྲད་པ་སོགས་དགོས་པ་མང་པོ་ལ་རྟེན་ནས་བྱས་ཡོད་པ་གསལ་པོ་རེད་ལ། ད་དུང་དེ་དག་ཐམས་ཅད་བོད་མི་མང་གིས་གདམ་པའི་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པ་ཞིག་ལས་མི་རེ་ཟུང་གིས་ཐག་བཅད་པ་ཞིག་མ་རེད།
    ༥བཙན་བྱོལ་སྒྲིག་འཛུགས་དབུ་ལམ་ལ་འགྲོ་ཡི་ཡོད་རང་བཙན་རྩོད་ཀྱི་མེད་ཅེས་ཡོངས་བསྒྲགས་གནང་བཞིན་དུ་རང་བཙན་ལ་རྒྱབ་སྐྱོར་ཞུས་ན་དེ་ནི་གླེན་པ་ལུག་ལྟ་བུའི་བྱེད་སྟངས་ལས་རྣམ་དཔྱོད་ཡོད་པའི་མིའི་བྱེད་སྟངས་ག་ལ་ཡིན། གནད་འགག་ཅི་ཡང་མི་ཤེས་པར་འུར་རྒྱག་ཁ་བྱེད་པ་ནི་ཅོ་རི་བུའི་རང་གཤིས་རེད།
    ཁྱོད་ཅོ་རི་རང་བཙན་ཁ་ལ་ཁྱེར་ནས་ནང་ཁུལ་དཀྲུག་མཁན་ཞིག་ལས་རང་བཙན་འཐབ་རྩོད་པ་ཞིག་མིན་པ་ཚང་མས་ཤེས་ཡོད། ཁྱོས་རང་བཙན་གྱི་དོན་དུ་ལས་ཀ་ཉི་མ་གཅིག་བྱེད་མ་མྱོང་བར་རྟག་པར་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཁ་རྡུང་རྐྱང་བཏང་ནས་རང་བཙན་རྩོད་མཁན་ཡིན་ཟེར་ན་གད་མོ་ཤོར་སྐྱེད་རེད། དེ་ལས་རྒྱ་ཁྱིའམ་དོལ་རྒྱལ་བ་གང་ཡིན་པ་ཁས་ལེན་ན་ཡག་གི་རེད།

  45. ཉི་མའི་བུ་རྒྱུད་ says:
    2015-11-29 at 11:58 pm

    བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ག་རེད་ཆེད་དུ་ལམ་དབུ་མར་འགྱུར་བ་བཏང་བ་རེད། ལངས་ཕྱོགས་འགྱུར་བ་ཕྱིན་པ་དེས་ཕན་ག་རེ་ཐོག་ཡོད་པ་རེད། བོད་གཞུང་གི་ལངས་ཕྱོགས་སྲུང་མཁན། ཁ་གཅིག་གྲགས་ན་ཁྱི་སྐད་རྐྱང་ཡིན་མཁན་ལུང་རྟོགས་ཟེར་བ། ཁྱེད་ཀྱི་བཤད་སྟངས་དེ་ནང་ཁུལ་མཐུན་སྒྲིལ་ལ་དངོས་གནས་ཕན་ས་རེད་བསམ་ཀྱིན་འདུག་གམ། གོང་ནས་ཅོ་རིས་བཤད་དངོས་ཡོད་གནས་ཚུལ་རེད་ལ། ལུང་རྟོགས་ཀྱིས་རང་གི་སྣང་བར་དྲན་ཚོད་ཅིག་བཤད་པ་ཙམ་རེད། རྒྱུ་མཚན་ཉི་ཚེས་བ་རེ་ཕ་གསོད་ཀྱི་ལའང་བཤད་རྒྱུ་ཡོད་རེད།

  46. ལུང་རྟོགས། says:
    2015-12-01 at 1:17 am

    བཙམ་བྱོལ་གཞུད་གིས་ག་རེ་བྱས་ནས་ལམ་དབུ་མར་འགྱུར་བ་གཏོང་བ་ཙམ་མ་ཤེས་ན་ལམ་དབུ་མར་སྐྱོན་བརྗོད་རྒྱུ་བཞག་ན་དགའ་གི་རེད། སྐྱོན་བརྗོད་ན་ཕར་ཕྱོགས་དེ་ལ་རྒྱུས་ལོན་ཡག་པོ་བྱས་ནས་ཤེས་པའི་ཐོག་ནས་སྐྱོན་བརྗོད་ན་ལན་པོ་ཡོད་པ་རེད། ནང་ཁུལ་མཐུན་སྒྲིལ་ལ་མི་ཕན་པའི་དཀྲུག་ཤིང་རྒྱག་མཁན་རྟག་པར་རང་བཙན་རྒྱ་ལ་མི་རྩོད་པར་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཁ་གཏོང་མཁན་ཁྱོད་ཚོ་རེད། ཅོ་རི་ངེད་གཉིས་སུ་ལ་རྒྱུ་མཁན་ཡོད་མེད་དྲ་ཐོག་འདིར་ཡོང་བའི་མི་ཚང་མས་ལྟས་སྡད་ཡོད་རེད། ཁྱོད་རང་གི་རྒྱུ་མཚན་མི་འདུག་ཟེར་བའ་མེད་པ་ཆགས་ཀྱི་མ་རེད་ལ་འདུག་ཟེར་ཡང་ཡོད་པ་ཆགས་ཀྱི་མ་རེད།

  47. ཉི་མའི་བུ་རྒྱུད་ says:
    2015-12-01 at 10:51 am

    ང་ཚོས་རང་བཙན་རྒྱ་ལ་རྩོད་ཆོག་གི་རེད། ཡིན་ཡང་དང་པོ་དབུ་མ་ཁྱོད་ཅན་པོར་མ་བརྩད་ན། ང་ཚོས་རང་བཙན་བླངས་ཡོང་དུས་ཁྱེད་ལྟ་བུ་རེ་གཉིས་ཀྱིས་མི་དགོས་ལབ་མདོག་ཁ་བོ་འདུག མ་གཞི་ང་ཚོས་རང་བཙན་བརྩད་པ་ཙམ་ཀྱིས་ཁྱེད་ཚོར་ཅིག་བདེ་བོ་མེད་པ་ཆགས་འགྲོ་བ་དེ་ག་རེ་ཡིན་ན། རང་བཙན་རྩོད་སྐབས་ཕྱི་དགྲ་ལས་ཀྱང་ནང་དགྲ་སྡིག་གི་རེད། ངས་འདི་ལྟར་བཤད་ན་ལུང་རྟོགས་ཁྱོད་ཀྱི་སྙིང་ན་གི་འདུག་གམ།

  48. ལུང་རྟོགས། says:
    2015-12-02 at 10:42 am

    གོ་རྒྱུ་མེད་པའི་ཁྱི་བཤད།

  49. ཉི་མའི་བུ་རྒྱུད་ says:
    2015-12-02 at 11:03 am

    རང་གིས་མི་སྐད་བཤད་མ་མྱོང་བའི་དབང་གིས་གཞན་གྱི་སྐད་ཆར་ཡང་ཁྱི་སྐད་ལ་འཕྲུལ་བ་རེད། ཁྱེད་ལ་ཁག་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme