གཞུང་པ་ཚེ་དབང་བསོད་ནམས།
རྗེས་ལོ་ ༢༠༢༦ ལོར་ང་ཚོའི་སྲིད་སྐྱོང་སྐབས་བཞི་པ་དང་། སྤྱི་འཐུས་སྐབས་བཅོ་བརྒྱད་སྲིད་སྤྱི་གཉིས་ཀྱིས་འོས་བསྡུ་གནང་དགོས་པར་སོང་ད་ལྟ་ནས་གྲ་སྒྲིག་ཨང་སར་བྱ་དགོས་པ་ནི་འདས་པའི་ལོ་རྒྱུས་ལ་ང་ཚོའི་ཕྱི་མིག་བལྟས་ནས་མ་འོངས་ཀྱིས་མདུན་ལམ་ལ་གསལ་ཁ་དང་གཞི་བརྟན་བཟོ་དགོས་པ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བསྲ་བརྟན་དང་རྒྱུན་གནས་ཐུབ་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན་པ་ནས་བཙན་བྱོལ་བོད་མིའི་ཆིག་སྒྲིལ་དང་བཅའ་ཁྲིམས་ལ་འགན་འཁུར་ཐུབ་མཁན་གྱི་མི་སྣ་སྤྱི་འཐུས་ནང་སླེབས་དགོས་པ་ནི་འདས་པའི་སྤྱི་འཐུས་སྐབས་བཅུ་དྲུག་དང་། བཀའ་ཤག་སྐབས་བཅོ་ལྔ་བཀའ་སྤྱི་གཉིས་ཀྱིས་ལས་དུས་སྐབས་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བའི་འོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བའི་བརྒྱུད་རིམ་ནས་སྤྱི་འཐུས་སྐབས་བཅུ་བདུན་གྱིས་ལས་འཁུར་དམ་འབུལ་དང་འབྲེལ་བའི་༧ གོང་ས་མཆོག་ལ་མཛད་དཀའ་བཟོས་པ་དང་། ཟླ་གྲངས་མང་པོ་ཚོགས་དྲུང་དང་གཤམ་འོག་ལས་བྱེད་ཙམ་ལས་སྤྱི་འཐུས་རྒྱུན་ལས་མེད་པར་ལྷག་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་ལབ་རྒྱུ་དང་གླེང་རྒྱུ་མང་པོ་བཟོས་པ་དང་། དེ་སྔ་བཙན་བྱོལ་སྤྱི་ཚོགས་ནང་གོ་མ་མྱོང་བའི་ཉམས་པ་སླར་གསོ་ཟེར་བ་དང་། རྩ་དོན་གླིང་ཟེར་བ་དང་། གཞི་རིམ་མི་མང་གི་ལས་འགུལ་ཟེར་བ་སོགས་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ལ་ཉམས་ཆགས་དང་བོད་མི་ནང་ཁུལ་ལ་ཟུར་ཟའི་གཏམ་རྙོགས་ངོ་དེབ་དང་ཡུ་ཊུབ་སོགས་ནང་བཤོད་མཁན་ཁ་མ་ཚ་ན་ཡང་ཉན་མཁན་ཨམ་ཆོག་ཚ་དགོས་པའི་དུས་ཚོད་ཡང་ཤར་བ་དང་། སྤྱི་འཐུས་ཚོ་ཕྱོགས་ཕེབས་འཚམས་གཟིགས་སྐབས་ས་གནས་འགའ་ཤས་ནས་སྤྱི་འཐུས་ཚོར་ངོ་རྒོལ་བྱེད་མཁན་ཡང་བྱུང་བ་དང་། སྔ་ལོ་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩིའི་སྐབས་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཕེབས་པའི་ནང་འདི་ལྟར། ༼ བོད་གཞིས་ལུས་མི་མང་རྣམས་གཞན་དབང་འོག་ཏུ་ཚུད་ཡོད་ཀྱང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཆོལ་གསུམ་ཁ་བྲལ་ལ་གཏོང་ཐུབ་མེད། འོན་ཀྱང་འདི་ཕྱོགས་རང་རེ་བཙན་བྱོལ་ནང་སྤྱི་སེམས་ཀྱིས་ཕོངས་པའི་ཅོལ་ཆུང་ཁག་གཅིག་གིས་ཕྱོགས་རིས་འཐེན་འཁྱེར་གྱིས་བྱ་བ་སྤེལ་བ་དེ་ནི་ཞབས་འདྲེན་བློ་ཕམ་གྱི་གནས་ཡིན་པས་སེར་སྐྱ་འགོ་དམངས་ཚང་མས་ཅིས་ཀྱང་ཡིད་ཟབ་དགོས་གལ་བློ་འཇག་གྱིས། ་༽ ཞེས་ཕེབས་པ་ནས་༧ གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོ་སྐུ་ལས་སྐྱོན་ནས་བཙུགས་པའི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ལ་སྲུང་སྐྱོབས་གནང་ཐུབ་མཁན་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་འཁུར་ཐུབ་མཁན་དང་། ཆོལ་གསུམ་བོད་མིའི་ཆིག་སྒྲིལ་ལ་འགན་འཁུར་ཐུབ་མཁན་གྱིས་མི་སྣ་རྗེས་ལོ་སྤྱི་འཐུས་ཀྱི་མི་འགྲོའི་ནང་སླེབས་དགོས་པ་ནི་མི་རབས་གསར་པ་ཕྱི་ནང་གིས་ཤེས་ཡོན་ཅན། ལྷག་བསམ་ཅན། བོད་མི་རིགས་དང་བོད་རྒྱལ་ཁབ་ལ་སྙིང་ཞེན་ཡོད་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང། བརྩི་བཀུར། ཉམས་ལེན་ཞུ་ཐུབ་མཁན། ༧ གོང་ས་མཆོག་གིས་བཀའ་དགོངས་འོག་ཤར་བསྐྱོད་ཐུབ་མཁན་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བའི་བོད་དོན་བདེན་མཐའ་སེལ་ཐབས་ལ་དབུ་མའི་ལམ་གྱིས་སྲིད་ཇུས་ལ་འགན་འཁུར་ཐུབ་མཁན་གྱི་མི་རབས་གསར་པ་གང་མང་སྤྱི་འཐུས་སྐབས་བཅོ་བརྒྱད་ནང་ངེས་པར་སླེབས་དགོས་པ་ནས་བསམ་ཡོད་བློ་ལྡན་བོད་མི་ཚང་མས་ངེས་པར་དུ་དགོངས་པའི་མངའ་རོལ་དུ་ཆུབ་པའི་ཡིད་ཆེས་དང་བཅས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་འཁུར་ནས་གང་ཟག་སྒེར་གྱི་བསམ་ཚུལ་ཞུས་པ་འདིའི་ཀྱང་བཙན་བྱོལ་བོད་མིའི་མང་གཙོ་དེ་ཁྲིམས་ཀྱི་དབང་བསྒྱུར་འོག་ཡུན་རིང་འཚོ་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་ཏེ་རེ་ཞིག་འདིར་འཇུག་བསྔུས་པའོ
གོང་གི་དཔྱད་གཏམ་ནང་གཞུང་པ་ལགས་ནས། ༧གོང་ས་མཆོག་གིས་བཀའ་དགོངས་འོག་བསྐྱོད་ཐུམབ་མཁན་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་གསལ་བོད་དོན་བདེན་མཐའ་སེལ་ཐབས་ལ་དབུ་མའི་ལམ་གྱིས་སྲིད་ཇུས་ལ་འགན་འཁུར་ཐུབ་མཁན་གྱི་མི་རབས་གསར་པ་གང་མང་སྤྱི་འཐུས་སྐབས་བཅོ་བརྒྱད་ནང་ངེས་པར་སླེབས་དགོས་པ་ནས་བསམ་ཡོད་བློ་ལྡན་བོད་མི་ཚང་མས་ངེས་པར་དུ་དགོངས་པའི་མངལ་རོལ་དུ་ཆུབ་པའི་ཡིད་ཆེས་དང་བཅས།
སྲི་སྤྱིའི་འོས་མི་གང་ཟག་ཡག་པོ་ཞིག་འདེམས་དགོས་གནད་དེ་གསར་པ་མ་རེད་ལ་སྐབས་བཅོ་བརྒྱད་དམ་ཡོང་རྒྱུའི་འོས་བསྡུའི་སྐབས་སུ་དང་ལྷག་དོན་ཆོས་འཐུས་ད་ཡོད་ནས་གང་མང་ཞིག་སླར་འོས་ཐོབ་སྲིད། ཆོས་འཐུས་འོས་འདེམས་པའི་ཁོངས་ནས་བསྒྱུར་བཅོས་དགོས་གནད་ཀྱི་དགོངས་ཚུལ་ནི་གོ་ཐུབ་མ་སོང། གྲ་བཙུན་གཙོས་པའི་ཆོས་འཐུས་འོས་ཐོབ་ཐང་ཡོད་མཁན་ཚང་མས་རང་ཉིད་སོ་སོ་རྩིས་པའི་བོད་ནང་བསྟན་ལ་གུས་མཐོང་སྤེལ་ཐབས་སུ་དགོངས་པ་གཟབ་གཟབ་མ་བཞེས་ན་ཆོས་པས་ཆོས་སྲིད་བཟུང་འབྲེལ་གྱི་ཕན་ཡོན་དོར་ནས་མི་མཐའ་མལ་པའི་སྲིད་རྩེད་ལ་ཡིད་སྨོན་ནས་ཆོས་བྱེད་པ་སྤྱི་ལ་ལྟ་ལོག་སྐྱེས་གཞིར་འགྲོ་དང་འགྲོ་ཉེན་འདུག་པའི་འགྲོ་དྲུག་རྒྱང་ཐག་རིང་པའི་ཉེ་ཁོར་བོད་རིག་སྤུན་ཟླའི་ཐབས་སྡུག་གནས་སུ་བརྩེ་གཟིགས་དམ་དོན་འཚལ།།
ཡིག་ཆ་ ༣༩ སོགས་ཀྱི་སྐྱོན་གནད་ཕྱི་འབྱུང་མ་ཡོང་སའི་གནད་ཅིག་དེ་ཆོས་བརྒྱུད་འཐུས་མི་མི་དགོས་སམ། དེ་མིན་ཆོས་འཐུས་པའི་དབང་ངམ་བཞུགས་གནས་དེར་འགྱུར་བཅོས་དགོས་ཅེས་པའི་གནད་དེ་རེད་བསམ་མོ།།
གལ་པོ་ཆེ་ལ་ནན་གཏན་དུ་ཚུལ་དུ།།