Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུས་བོད་མིའི་སྒྲིག་འཛུགས་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ཚོར་དྲི་བ།

Posted on 2016-01-072016-01-10 By འཚོ་བྱེད་བུ 8 Comments on དབུས་བོད་མིའི་སྒྲིག་འཛུགས་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ཚོར་དྲི་བ།

གཤམ་འཁོད་རྣམས་ནི་དབུས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་རྒས་ཡོལ་ལས་བྱེད་ཅིག་གིས་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ཚོར་བཏོན་པའི་དྲི་བ་ཁག་ཅིག་ཡིན་པས། འགྲེམས་སྤེལ་རྒྱ་ཆེར་གནང་རོགས།
147903551 འགོ་བརྗོད།

དེ་རིང་ནས་ཕྱི་ཟླ་༣ ཚེས་༢༠ ཉིན་གྱི་སྲིད་སྐྱོང་དང་སྤྱི་འཐུས་འོས་འདེམས་བྱེད་པའི་བར་དུ། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་བོད་དང་འབྲེལ་བའི་གནད་དོན་སྣ་མང་གི་བགྲོ་གླེང་ལ་བཅར་ཞུགས་ཉན་ཞིབ་བྱེད་ཀྱི་ཡིན་པ་རེད། ང་ཚོས་འོས་བསྡུ་འདི་དང་རྗེས་འབྱུང་ལོ་ལྔའི་དུས་ཚོད་གཉིས་བོད་དོན་ལས་འགུལ་ལ་འཕྲད་བཞིན་པའི་གནད་དོན་དང་ལྷག་པར་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མདུན་ལམ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཡོད་པ་ཞིག་བྱ་རྒྱུ་དེ་རེད།

༧སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འདས་པའི་མི་ལོ་ ༥༦ རིང་བོད་མིའི་བདེ་སྡུག་ལ་ལྟ་སྐྱོང་བྱས་ཤིང་། དབུས་བོད་མིའི་སྒྲིག་འཛུགས་སྟོབས་ཤུགས་ཅན་ཞིག་མེད་ཚེ། བོད་དོན་ཐག་གཅོད་ལ་རེ་བ་ཡོད་པ་ལྟ་ཞོག། དབུ་མའི་ལམ་དང་རང་བཙན་གྱི་རྩོད་གཞི་ནི་དེ་བས་ཀྱང་བཤད་ས་མེད་པ་ཞིག་ཏུ་འགྱུར་ཉེན་ཆེ། རྒྱལ་སྤྱི་དང་རྒྱ་ནག་གཉིས་ལ་འདས་པའི་དུས་རབས་ཕྱེད་ཀའི་ནང་འགྱུར་བ་ཆེན་པོ་ཞིག་སོང་ཡོད་པ་དང་། བོད་ཀྱིས་ད་ལྟའི་བློ་ཡུལ་ལས་འདས་པའི་རྒྱལ་སྤྱིའི་གནད་དོན་མང་པོ་ཞིག་གི་ཟིང་གྲགས་དང་འགྲན་བསྡུར་བྱེད་དགོས་པ་ཞིག་ཆགས་ཡོད། རྒྱ་ནག་གི་ཇེ་ཆེར་འགྲོ་བཞིན་པའི་རྒྱལ་སྤྱིའི་སྟེང་གི་ཤུགས་རྐྱེན་དང་བོད་དོན་རྒྱབ་སྐྱོར་ཀྱི་རྣམ་པ་ཐམས་ཅད་ཡ་ང་སྙིང་རྗེ་མེད་པར་འབུར་འཇོམས་བྱེད་བཞིན་པའི་གནས་སྟངས་འོག དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཁོར་ཡུག་གསར་པ་འདི་འདྲ་ཞིག་གི་ནང་དུ་ཕན་ནུས་ཆེ་ཞིང་ཡུལ་དུས་དང་མཐུན་པའི་ལས་དོན་བྱེད་ཕྱོགས་ཤིག་ཁ་ཚ་དགོས་གཏུགས་ཀྱིས་ལག་བསྟར་བྱེད་དགོས་ཀྱི་འདུག

ཡུལ་དུས་དང་མཐུན་པའི་ལས་དོན་བྱེད་ཕྱོགས་ཀྱི་རིམ་པ་དང་པོ་ནི། ད་ཡོད་སྒྲིག་འཛུགས་ལ་བསྐྱར་ཞིབ་ནན་པོ་བྱེད་དགོས་པ་ངོས་འཛིན་བྱེད་ཐུབ་པའི་ཐུན་མོང་གི་རྣམ་དཔྱོད་ཡོད་དགོས་པས་མ་ཚད། ཕན་ཁེ་ཡོད་རིགས་སོར་འཇོག་དང་མེད་པ་གཡུག་འདོར་བསྒྱུར་བཅོས་བྱ་རྒྱུ། རིམ་པ་གཉིས་པ་ནི། དགོས་གལ་ལྟར་བསྒྱུར་བཅོས་བྱ་རྒྱུ། འདི་ལྟར་བྱ་རྒྱུ་ལས་སླ་བོ་ཞིག་མིན་ལ། སྲིད་སྐྱོང་དང་། བཀའ་ཤག གྲོས་ཚོགས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། བོད་མི་དམངས་ཀྱི་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དང་འགན་འཁྲི་བསམ་བློ་བཅས་གཅིག་ཏུ་སྤུངས་པའི་ནུས་པར་བརྟེན་ནས་བསྒྲུབ་དགོས་པ་ཞིག་ཆགས་ཡོད། ང་ཚོའི་བསོད་ནམས་ཤིག་ནི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་གཉིས་ཀར་ཚེགས་ཆེ་བའི་ལས་གཞི་འདི་འདྲ་བསྒྲུབ་རྒྱུའི་ཤེས་རབ་དང་ནུས་པ་ཡོད། ཡིན་ནའང་ཁོང་གཉིས་ཀྱིས་དེ་གལ་གནད་དང་པོའམ་གནད་འགག་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་མེད་ཆ་མ་འཚལ། ང་ཚོས་སྐབས་རྗེས་མའི་བཀའ་ཤག་དང་གྲོས་ཚོགས་སྟེང་ལ་རིག་པ་སྒྲིམ་པ་དང་ཆབས་ཅིག  ང་ཚོ་བོད་མི་གནམ་བསྟན་ཡོང་ས་ཀྱིས་ཁོང་རྣམ་པ་གཉིས་དང་རེ་བས་ཁེངས་པའི་སྤྱི་འཐུས་ལྷན་རྒྱས། དབུས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ཀྱི་ལས་བྱེད་རྣམས་ལ་གནད་དོན་འདིའི་སྟེང་སྔར་ལས་ཀྱང་རྡོག་རྩ་ཆིག་སྒྲིལ་བྱས་ཏེ་མགྲིན་དབྱངས་གཅིག་གྱུར་གྱི་བརྡ་ལན་ཞིག་སྤྲོད་ཆོག་པ་ཞུ། རྗེས་འབྱུང་ལོ་ལྔའི་དུས་ཡུན་ནས་མགོ་བཙུགས་ཏེ་དབུས་བོད་མིའི་སྒྲིག་འཛུགས་དེ་བཞིན་སྔར་ལས་ཀྱང་སྟོབས་ཤུགས་ཆེ་ཞིང་ནུས་པ་ལྡན་པ། སྤྱང་གྲུང་འཛོམས་པ་ཞིག་ཏུ་གཏོང་རྒྱུ་དང་། དེ་ལྟར་དབུས་བོད་མིའི་སྒྲིག་འཛུགས་རྒྱ་ནག་གི་བརྩི་འཇོག་བྱེད་དགོས་པའི་སྟོབས་ཤུགས་ཤིག་ཆགས་ཐུབ་པ་ཡིན། ང་ཚོའི་མདུན་དུ་གཞིས་བཞུགས་བོད་མི་ཚོའི་ཆེད་དུ་བསྒྲུབ་རྒྱུ་མང་པོ་ཞིག་ལྷག་བསྡད་ཡོད་སྟབས། གཤམ་གསལ་དྲི་བ་རྣམས་ལ་ལན་ཞིག་ངེས་པར་འདེབས་དགོས་སྙམ།

དབུས་བོད་མིའི་སྒྲིག་འཛུགས་ལམ་ལུགས།

དྲི་བ་ ༡། དབུས་བོད་མིའི་སྒྲིག་འཛུགས་ནི་རྒྱ་གར་སྤྱི་དམངས་སྲི་ཞུའི་ལམ་ལུགས་ Indian civil service (དབྱིན་ཇིའི་ལམ་ལུགས)

ལ་གཞིར་བཞག་ནས་གྲུབ་ཡོད། ལམ་ལུགས་འདི་ལ་དགེ་སྐྱོན་ཅི་ཞིག་ཡོད་དམ།

དྲི་བ་ ༢། སྐྱོན་ཡོད་ཚེ། དེ་དག་ཇི་ལྟར་སེལ་ཐུབ་བམ།

དྲི་བ་ ༣། བོད་དོན་ལས་འགུལ་ནི་གཞིས་བཞུགས་བོད་མིའི་གནས་དོན་ཐག་གཅོད་བྱེད་པའི་རང་དབང་གི་འཐབ་རྩོད་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན།དབུས་བོད་མིའི་སྒྲིག་འཛུགས་ལམ་ལུགས་ཀྱིས་ང་ཚོར་གནད་དོན་གཙོ་བོ་འདི་ལ་གདོང་ལེན་ཕུན་སུམ་ཚོགས་པོ་ཞིག་བྱེད་དུ་འཇུག་གི་ཡོད་དམ། མེད་ཚེ།ཅི་ཞིག་བསྒྲུབ་ཐུབ་པ་དང་ང་ཚོས་བྱེད་ཆོག་པ་ཅི་ཞིག་འདུག

དྲི་བ་ ༤། ཁྱེད་ཀྱི་བསམ་བློར་དབུས་བོད་མིའི་སྒྲིག་འཛུགས་ལམ་ལུགས་ལ་ཆེས་གལ་ཆེ་ཞིང་ཁ་ཚ་དགོས་གཏུགས་ཀྱི་བཅོས་བསྒྱུར་ཅི་ཞིག་བྱེད་དགོས་ཀྱི་འདུག

དྲི་བ་ ༤། ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ལམ་ལུགས་ནི་དབང་ཆ་གཅིག་སྡུད་ཆེས་ཆེ་བའི་གཞུང་འཛིན་ཞིག་རེད། ཁྱེད་ཀྱིས་བསམ་ན་འཛིན་སྐྱོང་གི་དབང་ཆ་ཅི་ཞིག་ལྷན་ཁང་དྲུང་ཆེ་དང་གཤམ་འོག་རིམ་པར་བགོ་འགྲེམས་བྱེད་ཆོག་གམ

ལས་བྱེད་བདག་གཉེར་བྱེད་ཐབས། (Human Resource Management)

སྒྲིག་འཛུགས་ཤིག་གི་ཆེས་གལ་འགངས་ཆེ་བའི་གྲུབ་ཆ་ནི་དེར་ལས་ཀ་བྱེད་མཁན་གྱི་མི་རྣམས་ཡིན། 

དྲི་བ་ ༡། ད་ཡོད་ལམ་ལུགས་ཀྱིས་ཞབས་ལོའི་མང་ཉུང་ལ་མ་བལྟོས་པར་ཤེས་འཇོན་གཉིས་ལྡན་གྱི་ལས་མི་རྣམས་དབང་འཛིན་གནས་རིམ་ལ་འཕར་བར་ལམ་ཁ་སྤྲོད་ཀྱི་འདུག་གམ། ཇི་ལྟར།

དྲི་བ་ ༢། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལས་བྱེད་བདག་གཉེར་བྱེད་ཕྱོགས་ཐད་གཞུང་འབྲེལ་མིན་པའི་ཚོགས་པ་དང་ཚོང་ལས་སྒྲིག་འཛུགས་ནས་སློབ་སྦྱོང་ཅི་ཞིག་བྱེད་ཐུབ་བམ།

དྲི་བ་ ༣། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་གནས་རིམ་མི་འདྲ་བ་བཅུ་ལ་དབྱེ་བགོས་བྱས་ཡོད། ལྷན་ཁང་རེ་རེར་གནས་རིམ་སོ་སོའི་ས་མིག་ཆེད་འཇོག་བྱས་ཡོད། མཚམས་རེར་ལས་བྱེད་ཅིག་གནས་རིམ་ཇེ་མཐོར་སོང་ནའང་། ལས་ཀ་བྱེད་ཡུལ་ལྷན་ཁང་དུ་ཇེ་མཐོར་འགྲོ་སའི་གནས་རིམ་གྱི་ས་མིག་མེད་ཚེ། ལས་བྱེད་དེ་ཉིད་གནས་རིམ་འཕར་ཡུལ་ས་མིག་ཡོད་པའི་ལྷན་ཁང་གཞན་ཞིག་ཏུ་གནས་སྤོར་གཏོང་བར་བྱེད། འདི་ལྟར་ལས་བྱེད་དེའི་དེ་སྔའི་ལས་ཀ་བྱེད་ཡུལ་ལྷན་ཁང་གི་ལས་དོན་གྲུབ་འབྲས་ལ་གནོད་སྐྱོན་ཐེབས་མི་སྲིད་ཅེས་ཁག་ཐེག་ཇི་ལྟར་བྱེད་ཐུབ་བམ། ལས་བྱེད་དེ་ཉིད་ས་མིག་སྟོང་པ་ཡོད་སའི་ལྷན་ཁང་གཞན་དེར་འོས་ཤིང་འཚམས་པོ་ཡོད་ཅེས་ཁག་ཐེག་ཇི་ལྟར་བྱེད་ཐུབ།

དྲི་བ་ ༤། ཁྱེད་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་ལས་བྱེད་བདག་གཉེར་བྱེད་ཕྱོགས་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ནམ། ཅིའི་ཕྱིར།

དྲི་བ་ ༥། ཁྱེད་ཀྱིས་ལས་བྱེད་བདག་གཉེར་བྱེད་ཕྱོགས་སྲིད་ཇུས་གང་ཞིག་ལ་བསྐྱར་ཞིབ་བྱས་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་ལས་བྱེད་ཆེད་ལས་པ་སྐྱེད་སྲིང་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག

དྲི་བ་ ༦། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དང་དྲིལ་བསྒྲགས་ལས་ཁུངས་ཚུད་པའི་ལྷན་ཁང་རྣམས་ལ་གཏན་འཇགས་ཆེད་ལས་ལས་བྱེད་གཅིག་ཀྱང་མེད། དེར་བརྟེན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གིས་རྒྱལ་སྤྱིའི་སྟེང་ནུས་ཤུགས་བཏོན་ནས་ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ལམ་ལུགས་འོག་གི་བོད་དོན་གནས་བབ་ཇེ་ཞན་དུ་གཏོང་གི་ཡོད་པར་དོན་ཕན་ལྡན་པའི་ཁ་གཏད་གཅོག་ཐུབ་བམ།

ཕྱིའི་ཤེས་བྱ་དང་ལག་རྩལ། (External knowledge and skills)

དྲི་བ་ ༡། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལག་རྩལ་དང་ཤེས་བྱའི་ཐད་ཕྱི་ནས་རོགས་རམ་ལེན་དགོས་ཀྱི་འདུག ད་ལྟའི་ལམ་ལུགས་ཀྱིས་རོགས་རམ་ལེན་གི་འཇུག་གམ། ཇི་ལྟར།

གསར་འགྱུར།

Post navigation

Previous Post: དབུས་འོས་བསྡུ་ལས་ཁང་གི་གསལ་བཤད།
Next Post: དཔྱད་དུ་མེད་པའི་སྲིད་སྐྱོང་གི་འོས་མི་དག

Comments (8) on “དབུས་བོད་མིའི་སྒྲིག་འཛུགས་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་ཚོར་དྲི་བ།”

  1. བློན་ཆེན། says:
    2016-01-07 at 11:31 pm

    འཛིན་སྐྱོང་ལ་རྒྱུས་མངའ་ཡོད་མཁན་ཞིག་གིས་བལྟས་ན། གནད་འགག་ཆེན་པོ་འདུག འོན་ཀྱང་འདས་པའི་ལོ་ལྔའི་རིང་གནད་དོན་འདིའི་ཕྱོགས་ལ་གོམ་པ་སྤོ་མ་ཐུབ་པ་རེད། དྲ་ལམ་ལ་ཡོང་མཁན་ཚོ་དང་གྲོས་ཚོགས་ནང་གྲོས་ལ་དབང་བའི་གྲལ་དུ་འཚང་མཁན་མང་པོ་ཞིག་གིས་སེམས་ཚོར་དང་ཕྱོགས་ཞེན་གྱིས་ནང་ཁུལ་ལ་དཀྲུག་རྐྱེན་ཁོ་ན་བསླངས་པ་ལས། བོད་སྤྱིའི་རྩ་དོན་ཆེད་ཡུལ་དུས་གནས་སྐབས་དང་འཚམ་པའི་བསྒྱུར་བཅོས་ཀྱི་ཁ་ཕྱོགས་འཛིན་པ་དང་ནང་ཁུལ་འཆམ་མཐུན་ཡོང་ཐབས་བྱེད་ཀྱི་མེད། ད་དུང་བསམ་བློ་མ་སྨིན་པའི་ལོ་ཆུང་ཚོའི་ཀླད་པའི་ནང་ལ་ཕྱོགས་རེས་ཀྱི་ས་བོན་བཏབས་ཏེ་བོད་ལ་མ་འོངས་པ་ཟེར་བ་ཞིག་མེད་པའི་གནས་སུ་སྐྱེལ་གྱི་འདུག་པ་མངོན་གསལ་ཆེ་ནས་ཆེ་རུ་རེད། འགྲོ་བའི་དོན་ལ་ཆེན་དུ་བྱོན་པར་རློམ་པའི་སྤྲུལ་མིང་འཛིན་པ་ཨོ་རྒྱལ་སྟོབས་རྒྱལ་ནས་འགོ་བཙུགས་ཏེ། ཨ་རི་དང་། ཨོ་སུ་ཊོ་ནི་ཡ་སོགས་སུ་ཕྱོགས་རེས་ནང་དཀྲུག་གིས་བོད་རིགས་ནང་ཁུལ་ཕན་ཚུན་སྲོག་ལའང་བསྡོ་བའི་ལས་སྦྱོར་གྱི་རྣམ་པ་ཡ་ང་བ་མང་པོ་ཡོང་གི་ཡོད་པ་ནི། རྒྱ་ཆེ་ས་ནས་གནད་འགག་གི་བྱ་བ་ཆེ་ཕྲ་མང་པོ་ཞིག་བསྒྲུབ་མ་ཐུབ་ཚེ། ད་ལྟའི་བར་༧རྒྱལ་བའི་བཀའ་དགོངས་དང་བོད་སྤྱིའི་རྩ་དོན་བསྒྲུབ་པར་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕུལ་བའི་གཞེས་བྱེས་བོད་མི་ལྷགས་བསམ་ཅན་མང་པོ་ཞིག་གིས་དཀའ་སྡུག་གི་དངུལ་ཁྲག་ལས་བསྐྲུན་པའི་འཐབ་རྩོད་ཀྱི་རྨང་གཞི་འདི་མི་ཁ་ཤིས་ཤིག་གི་མིང་དང་དབང་གི་ཆེད་མེད་པར་འགྱུར་བའི་སྔ་ལྟས་སུ་འཁུམས་པར་སྙམ།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-01-07 at 11:36 pm

    ་་་་་་་་ དབུས་བོད་མིའི་སྒྲིག་འཛུགས་སྟོབས་ཤུགས་ཅན་ཞིག་མེད་ཚེ། བོད་དོན་ཐག་གཅོད་ལ་རེ་བ་ཡོད་པ་ལྟ་ཞོག། དབུ་མའི་ལམ་དང་རང་བཙན་གྱི་རྩོད་གཞི་ནི་དེ་བས་ཀྱང་བཤད་ས་མེད་པ་ཞིག་ཆགས་ཉེན་ཆེ། ་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2016-01-07 at 11:37 pm

    ་་་་་་་་་ རྗེས་འབྱུང་ལོ་ལྔའི་དུས་ཡུན་ནས་མགོ་བཙུགས་ཏེ་དབུས་བོད་མིའི་སྒྲིག་འཛུགས་དེ་བཞིན་སྔར་ལས་ཀྱང་སྟོབས་ཤུགས་ཆེ་ཞིང་ནུས་པ་ལྡན་པ། སྤྱང་གྲུང་འཛོམས་པ་ཞིག་ཏུ་གཏོང་རྒྱུ་དང་། དེ་ལྟར་དབུས་བོད་མིའི་སྒྲིག་འཛུགས་རྒྱ་ནག་གི་བརྩི་འཇོག་བྱེད་དགོས་པའི་སྟོབས་ཤུགས་ཤིག་ཆགས་ཐུབ་པ་ཡིན། ་་་་་་་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2016-01-07 at 11:41 pm

    ་་་་་་་་ རྒྱ་ཆེ་ས་ནས་གནད་འགག་གི་བྱ་བ་ཆེ་ཕྲ་མང་པོ་ཞིག་བསྒྲུབ་མ་ཐུབ་ཚེ། ད་ལྟའི་བར་༧རྒྱལ་བའི་བཀའ་དགོངས་དང་བོད་སྤྱིའི་རྩ་དོན་བསྒྲུབ་པར་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕུལ་བའི་གཞེས་བྱེས་བོད་མི་ལྷགས་བསམ་ཅན་མང་པོ་ཞིག་གིས་དཀའ་སྡུག་གི་དངུལ་ཁྲག་ལས་བསྐྲུན་པའི་འཐབ་རྩོད་ཀྱི་རྨང་གཞི་འདི་མི་ཁ་ཤིས་ཤིག་གི་མིང་དང་དབང་གི་ཆེད་མེད་པར་འགྱུར་བའི་སྔ་ལྟས་སུ་འཁུམས་པར་སྙམ། ་་་་་

  5. ཅང་ཤེས་རྟ་མཆོག says:
    2016-01-08 at 1:03 am

    སྤྲུལ་མིང་འཛིན་པ་སྦིར་ཨོ་རྒྱལ་སྟོབས་རྒྱལ་ནས། ཨ་རི་དང་། ཨོ་སུ་ཊོ་ནི་ཡ་སོགས་སུ་ཕྱོགས་རེས་ནང་དཀྲུག་གིས་བོད་རིགས་ནང་ཁུལ་ཕན་ཚུན་སྲོག་ལའང་བསྡོ་བའི་ལས་སྦྱོར་གྱི་རྣམ་པ་ཡ་ང་བ་མང་པོ་ཡོང་གི་ཡོད་པས། མི་དེར་བྱ་བ་ལམ་འགྲོ་མེད་ཅིང་། བོད་སྐྱོང་སྲུང་མ་རྣམས་ཀྱིས་བཀའ་ཆད་ཕོག་ངེས་རེད།

  6. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-01-08 at 2:45 am

    གོང་དུ་བློན་ཆེན་དང་ཅང་ཤེས་རྟ་ཕོ་གཉིས་གསན་ཅིག་་་
    ཨོ་རྒྱན་སྟོབས་རྒྱལ་གྱིས་བོད་མི་ནང་ཁུལ་དཀྲུག་ཤིང་དང་སྲོག་བསྡོའི་ལས་ཀ་སྤེལ་གྱི་ཡོད་པར་ཁུངས་སྐྱེལ་ར་སྤྲད་གསལ་པོ་ཡོད་ན་ཁ་བརྡ་དྲ་བ་ནང་བཀོད་ནས་ཁྱོད་རང་གཉིས་ཀྱང་པར་དང་སྦྲགས་ཤོག་ཨ་་་་་་བདེན་རྫུན་ར་སྤྲོད་གཏོང་ཆོག་གི་རེད་གདའ། གོ་སོང་ངམ།

  7. ལོ་མ says:
    2016-01-08 at 10:15 am

    བློན་ཆེན་དང་རྟ་ཕོ་གཉིས་ནས་གཟོབ་མ་གཏོག་ཏྲེ་ཧོར་བྱམས་པ་རིན་ཆེན་ཟེར་བ་འདིའི་ཉན་ས་མ་རེད།

  8. གངས་ཕྲུག། says:
    2016-01-08 at 8:36 pm

    བཙན་བྱོལ་བའི་འགོ་གཙོ་ཚོར་བཟང་སྟོད་ལས་སྐྱོན་བརྗོད་འགྲོ་ས་མེད་པས་ལམ་ལུགས་བསྒྱུར་བཅོས་ཟེར་བ་ཞིག་ད་ལྟའི་དུས་ཚོད་འདིར་ཡོང་རྒྱུ་མ་རེད། ཁོང་ཚོས་བཤད་རྒྱུ་དང་ལས་རྒྱུ་ཡོངས་རྫོགས་བདེན་པ་དང་དྲང་བདེན་རྐྱང་ཡིན་ཚུལ་བཤད་བསྡད་ཀྱི་ཡོད་རེད། བསྒྱུར་བཅོས་ཟེར་བ་ཞིག་བཤད་ས་ཡོད་རྒྱུ་མ་རེད། མ་གཞི་ནི་ཁོང་ཚོར་ཁེ་གྲགས་བྱུང་ན་བོད་མི་རིགས་ཀྱི་ལས་དབང་གི་བདེ་སྡུག་ལ་ཐུགས་བསམ་གཏོང་ནི་མ་རེད། འཛམ་བུ་གླིང་གི་ནང་ནས་བོད་མི་རིགས་འདིའི་ལས་དབང་གི་ས་མཚམས་གང་འདྲ་ཞིག་ཏུ་སླེབས་འདུག་གམ། རང་ས་རང་ཡུལ་ནི་ཕར་ཚོད་རེད། ཕ་མ་དང་ནང་མི་སྤུན་ཉེ་བཅས་ལ་ཡང་ལྟ་རྟོགས་དང་བདེ་སྡུག་གི་གླེང་མོལ་བྱེད་ས་ཡོད་ནི་མ་རེད། ད་དུང་ཁོང་ཚོས་བོད་ལ་བྱས་རབས་དང་འཇོན་རབས་ཀྱི་གནམ་སར་མི་ཤོང་བ་རྐྱང་བཤད་ནས་མི་ཚེ་རྫོགས་འགྲོ་བཞིན་ཡོད་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme