Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གསལ་བསྒྲགས།

Posted on 2012-04-082012-04-08 By ཤར་ཕྱོགས་ཁུག་རྟ། 5 Comments on དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གསལ་བསྒྲགས།

རྡ་སར་གནས་འཁོད་སེར་སྐྱ་མི་མང་ཐུན་མོང་ལ་གུས་ཞུ།

བོད་ནང་གི་གནས་སྟངས་ཉིན་རེ་ནས་ཉིན་རེར་ཛ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར། རང་ཅག་བཙན་བྱོལ་མི་མང་སེར་སྐྱ་ཡོངས་ཀྱིས་སྔར་ལས་དབུ་མའི་ལམ་གྱིས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་དམིགས་བསལ་འགན་ཁྱེར་དགོས་ཀྱི་ཡོད་སྟབས་ཟླ་འདིའི་ཚེས ༡༢ ནས་ ༡༦ བར་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་དང་ཟབ་སྦྱོང་བཅས་དུས་རིམ་གཅིག་ཏུ་རྡ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་ཚུགས་རྒྱུ་གཏན་འཁེལ་བྱུང་ཡོད།

དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་གཞུང་སྒེར་ཚང་མས་དུས་མཐུན་གྱི་མཁས་མཛངས་འཕྲུལ་གསུམ་ལྡན་པར་ངོས་འཛིན་གནང་གིན་ཡོད་པ་ལྟར། དོན་དམ་རྒྱ་ནག་གཞུང་གིས་ཀྱང་དཀར་པོ་མཐོང་བཞིན་ནག་པོ་རེད་ཅེས་ཨུ་ཚུགས་རྒྱག་པ་མ་གཏོགས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྣམ་དཔྱོད་ཅན་གྱི་ལན་ཞིག་ཐེབས་མེད་ལ། འཛམ་གླིང་ནང་སྐད་གྲགས་ལྡན་པའི་ཉམ་ཞིབ་པ་དང་མཁས་པ་མང་པོས་རྒྱ་ནག་གཞུང་གིས་ཆེས་མི་འདོད་པ་དང་ཆེས་ཞེད་སྣང་སྐྱེད་ས། གཞན་དུའང་ཁྲིམས་དང་དངོས་ཡོད་གནས་ཚུལ། ཆབ་སྲིད་གང་གི་ཕྱོགས་ནས་ཀྱང་ཁ་གཏད་གཅོག་ཐུབ་ཀྱི་མེད་པ་ནི་བོད་མི་མང་གིས་གཏན་ལ་ཕབས་པའི་དབུ་མའི་ལམ་གྱི་སྲིད་བྱུས་རེད་ཅེས་བརྗོད་བཞིན་ཡོད་ལ། དོན་དངོས་ཀྱང་དེ་ལྟར་ཡིན་མོད། འོན་ཀྱང་རྒྱ་ནག་གཞུང་གིས་སྲིད་བྱུས་དེའི་རྒྱབ་ཏུ་ངན་བྱུས་ཤིག་ཡོད་ཚུལ་ལ་འུ་ཐུག་ཐབས་ཟད་ཀྱི་ཆིག་ལབ་རྒྱག་བཞིན་པ་རྒྱ་ཆེའི་མི་མང་གིས་མཁྱེན་གསལ་ལྟར། ད་ནི་མི་མང་རང་ངོས་ནས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽དེར་མཇུག་སྣོན་བྱ་རྒྱུ་དུས་ཀྱི་དགོས་མཁོ་གལ་ཆེར་ཐུག་འདུག་པས། བོད་ཕྱི་ནང་གཉིས་ཀྱི་མི་མང་རང་ངོས་ནས་རྒྱ་ནག་གཞུང་ལ་གོ་བརྡ་གསལ་བོ་མ་སྐུལ་དང་བླངས་སྒོས་སྤྲོད་དགོས་པ་མ་ཟད། དེའང་གྲུབ་འབྲས་ལྡན་པ་དང་འཚེ་མེད་ཞི་བ། རང་གཞན་གཉིས་ཕན་བཅས་ཀྱི་ལམ་ནས་སྤྲོད་དགོས་སྟབས། དེ་འདྲའི་གོ་བརྡ་སྤྲོད་ཕྱོགས་ཐད་མི་མང་རང་ངོས་ལ་བསམ་ཚུལ་ཅི་ཡོད་སྤུངས་སའི་སྡིངས་ཆ་བསྐྲུན་གྱི་ཡོད་པ་འདིར་ངེས་ཕེབས་ཡོང་བ་དང།

ཚོགས་ཆེན་གྱི་མཛད་སྒོར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་དང་དྲི་བ་དྲིས་ལན་ཡོད་ཅིང། དེ་བཞིན་ཉིན་བསྟར་ཆགས་སུ་སྤྱི་འཐུས་ཚོགས་གཙོ་སོགས་ཀྱིས་བརྗོད་གཞི་འདྲ་མིན་ཐད་གསུང་བཤད་གནང་གི་ཡོད་ན་དེ་དོན་མི་མང་གིས་ཐུགས་ལ་མངའ་བཞེས་གནང་སྟེ། མི་མང་གང་ཡོང་ཚོགས་ཆེན་དུ་མཉམ་ཞུགས་གནང་སྐྱོང་ཡོང་བ་དང་དེ་བཞིན་ཟབ་སྦྱོང་དུ་ཞུགས་འདོད་ཡོད་པའི་དོ་སྣང་ཅན་རྣམས་ཀྱིས་གཤམ་འཁོད་ཁ་བྱང་ཐོག་མྱུར་ཏུ་འབྲེལ་བ་གནང་རོགས་ཞུ།

ཨིས་མལ་ཁ་བྱང། loveyoutibet@gmail.com/ midpath2008@gmail.com
ཁ་པར་ཨང་གྲངས། 9882533773 བཅས་སུ་འབྲེལ་བ་གནང་རོགས།
དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས།
༢༠༡༢། ༤། ༨། ཉིན།

གསལ་བསྒྲགས།

Post navigation

Previous Post: བོད་རང་བཙན་ཆེད་རང་སྲོག་དོར་བ།
Next Post: སྐར་ལྔའི་དར་དམར་འཕྱར་བའི་ཞི་བའི་ངོ་རྒོལ་ཐོག་མ།

Comments (5) on “དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གསལ་བསྒྲགས།”

  1. ཆབ་བྲག་ལྷ་མོ་སྐྱབས། says:
    2012-04-08 at 3:24 am

    མཐེ་བོང་ཀེར་བསྟན་ཡོད།

  2. ཟླ་བཀྲས་ཕུན་ཁང། says:
    2012-04-08 at 3:49 am

    མཐེ་བོང་དཀེར་བསྟན་ཡོད།

  3. ངག་ཁྲི། says:
    2012-04-08 at 11:05 am

    ཐུགས་རྗེ་ཆེ། ཟབ་སྦྱོང་དང་ལས་འགུལ་སྤེལ་འཆར་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།
    གལ་ཆེའི་ཛ་དྲག་གི་དུས་ཚོད་འདི་འདྲའི་སྐབས་སུ་བཀའ་བློན་ཁྲི་པ་ལས་ཐོག་པ་སྐུ་ངོ་མ་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྐོར་གདན་མ་དྲངས་པར་བཀའ་བློན་ཁྲི་ཟུར་གདན་
    འདྲེན་ཞུ་དགོས་པའི་རྒྱབ་ལྗོངས་གང་ཡིན་ནམ་ལགས།
    བཀའ་ཁྲི་ལས་ཐོག་པའི་ཆབ་སྲིད་ཀྱི་ལང་ཕྱོགས་གསལ་པོ་མེད་པ་ཡིན་ནམ། འུད་ཆེ་དྲགས་པ་ཡིན་ནམ།
    འཇོན་ཐང་ཞན་པའི་རྐྱེན་གྱིས་ཡིན། ཡང་ན་སྐུ་སྒེར་འཁོན་དུ་བཟུང་ནས་ཁ་གཏད་གཅོག་བྱེད་ཡིན་།
    ལན་གསལ་པོ་

  4. ཀླུ་བཙན says:
    2012-04-08 at 11:24 am

    དབུ་མ་དང་རང་བཙན་གང་ནས་ལངས་ཀྱང་གཅིག་མཚུངས་ཡིན་འདི་གཉིས་བར་ལ་འཐེན་ཁྱེར་མེད་པའི་རེ་བསྐུལ་ཞུ་འདོད་བྱུང་་་་་་་
    དུས་ཚོས་འདིར་ང་ཚོས་ལས་འགུལ་འདྲ་མིན་སྤེལ་རྒྱུ་ནི་དམིགས་བསལ་གྱི་ང་ཚོའི་ལས་འགན་རེད་་་་་་་རྒྱབ་སྐྱོར་ཡོད་་་་་་་་་

  5. གླིང་གེ་སར་ says:
    2012-04-08 at 1:45 pm

    དབུ་མེད་ལམ་ཟེར་བ་འདི་མོས་མཐུན་མེད་།ཡིནའང་ལོ་མང་སྔོན་ནས་གཏན་ལ་ཕབ་ཟིན་པའི་སྲིད་ཇུས་ཞིག་རེད་།ད་དེ་ལ་ཡང་བསྐྱར་ཁ་འདོན་འདོན་པ་ནང་བཞིན་བྱས་ན་ཕན་ལས་གནོད་ཆེ་།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme