Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུས་གཞོན་ལྷན་དང་མཉམ་ལས་བྱེད་མི་ཐུབ་པའི་ཡི་གེ

Posted on 2015-07-232015-07-23 By ཁ་བརྡ 31 Comments on དབུས་གཞོན་ལྷན་དང་མཉམ་ལས་བྱེད་མི་ཐུབ་པའི་ཡི་གེ

ཡོང་ཁུངས། བོད་ཀྱི་དུས་བབ།

 

ང་ཚོས་དབུས་དང་མཉམ་དུ་ལས་ཀ་བྱེད་ཐབས་མི་འདུག་ཟེར་ནས་ཡི་གེ་འདི་ཕུལ་བ་ཡིན།

ཁ་ཉིན་ནེའུ་ཡོག་དང་ནེའུ་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཡི་གེ་ཞིག་བཏང་སྟེ་དབུས་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་བར་དབུས་གཞོན་ནུའི་འོག་ནས་ཟུར་དུ་འཐོན་རྒྱུ་ཡིན་སྐོར་བརྗོད་འདུག

ཟླ་འདིའི་ཚེས་༢༡ ཉིན། ནེའུ་ཡོག་དང་ནེའུ་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས། དྷ་རམ་ས་ལའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དོན་ཚན་གསུམ་ཅན་གྱི་ཡི་གེ་ཞིག་བཏང་སྟེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་མ་གཏང་བར། ནེའུ་ཡོག་དང་ནེའུ་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ཀྱི་ཁྱབ་ཁོངས་འོག་གནས་ཐབས་མེད་ལ། དབུས་ལ་འབྲེལ་བ་ཞུ་རྒྱུ་ཡང་མིན། འབྱུང་འགྱུར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་མཚམས་སྔར་བཞིན་དབུས་ལ་འབྲེལ་ལམ་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་འདུག

དེ་རིང་གསར་འགོད་པས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་སུ་ཁ་པར་བཏང་སྟེ། དབུས་གཞོན་ནུ་ལྷན་ཚོགས་ངོས་ནས་གོང་གསལ་གྱི་ཡི་གེར་ཡིག་ལན་ག་རེ་གནང་རྩིས་ཡོད་མེད་དྲིས་པར་ཁོང་གིས། མདང་དགོང་ཆུ་ཚོད་ ༨ ཙམ་ཞིག་ལ་ང་ནང་ལ་སླེབ་དུས་ཁོ་ཚོས་བཏང་བའི་གློག་འཕྲིན་ཞིག་འབྱོར་བྱུང་། ངས་ལམ་སེང་ལག་ཁྱེར་ཁ་པར་བརྒྱུད་ཡིག་ལན་ཞིག་ཕུལ་བ་ཙམ་མ་ཟད། ལས་ཁུངས་ནང་སླེབས་རྗེས་ཀྱང་ཚོགས་གཙོ་སྒེར་གྱི་ངོ་དེབ་ནང་སླར་ཡང་འབོད་སྐུལ་ཞུས་ཏེ། ངས་ཡི་གེ་ཞིག་བཏང་ཡོད། ཡི་གེ་དེར་དགོངས་བཞེས་གནང་རོགས་གནང་། ད་ལྟ་དེ་འདྲ་གནང་བ་ཡིན་ན་གཞོན་ནུ་ལྷན་ཚོགས་ཕྱོགས་གཉིས་ཆགས་རྒྱུ་དང་། དེ་བཞིན་བོད་པའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་གནོད་རྒྱུ་ལས་ཕན་ཐོགས་རྩ་བ་ནས་མེད་སྟབས། ད་ལན་ཡི་གེ་ཕུལ་བཞག་པ་དེ་གནས་སྐབས་རིང་དགོངས་བཞེས་གནང་རོགས་གནང་ཞེས་ངོ་དེབ་དང་གློག་འཕྲིན་བརྒྱུད་ཡི་གེ་བཏང་ནས་འབོད་སྐུལ་ཞུས་པ་ཡིན་ཡང་། དེ་ཚོར་རྩ་བ་ནས་གསན་འཇོག་གནང་མ་སོང་བས། ད་ལྟའི་ཆར་དབུས་གཞོན་ནུ་ལྷན་ཚོགས་ངོས་ནས་ཡི་གེ་དེར་གང་ཡང་ཞུ་རྒྱུ་མེད། ཅེས་བརྗོད་བྱུང་།

གསར་འགོད་པས་ཁ་པར་བརྒྱུད་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་དཔལ་ལྡན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ང་ཚོར་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་དེ་སྔོན་བྱང་ཨ་རིའི་ནང་ལ་བྱང་ཨ་རིའི་ས་གནས་གཞོན་ནུ་ལྷན་ཚོགས་ཁག་གི་འགན་འཛིན་ལྷན་ཚོགས་འཚོགས་རྒྱུའི་བཀའ་མོལ་ཞིག་ཡོད་པ་དེ། ཕྱི་ཟླ་དྲུག་པ་བདུན་པའི་ནང་ནེའུ་ཡོག་ཏུ་འཚོགས་ན་གསུངས་ཡོད་སྟབས། ང་ཚོའི་ས་གནས་གཞོན་ནུའི་དྲུང་ཆེས་འདི་ལོའི་བྱང་ཨ་རིའི་འགན་འཛིན་ལྷན་ཚོགས་ནེའུ་ཡོག་ནང་འཚོགས་རྒྱུ་དཔེ་མི་སྲིད་པའི་ཁག་པོ་ཆགས་འདུག་ཅེས་ཡར་ཞུས་ཡོད་སྟབས། དབུས་ཀྱི་ཚོགས་གཙོས་ཁྱེད་ཀྱིས་གསུངས་པ་གཅིག་པོས་འགྲིག་གི་ཡོད་པ་མ་རེད། ས་གནས་ཀྱི་ཚོགས་གཙོས་དབུས་ལ་ཡི་གེ་ཞིག་གཏོང་དགོས་པ་རེད་ཅེས་གསུངས་ཡོད་སྟབས། ངས་ལམ་སེང་ད་ལན་ས་གནས་ལ་བརྟན་བཞུགས་འབུལ་རྒྱུ་སོགས་ཀྱི་ལས་ཀ་མང་པོ་ཞིག་ཡོད་སྟབས། འགན་འཛིན་ལྷན་ཚོགས་འཚོགས་ཐུབ་རྒྱུ་དཀའ་ལས་ཁག་པོ་ཆགས་འདུག
ང་ཚོས་ ༢༠༡༦ ལོའི་འགན་འཛིན་ལྷན་ཚོགས་དེ་གང་གཟབ་གཟབ་དང་གང་ཡག་ཡག་གི་གྲ་སྒྲིག་བྱེད་ཐུབ་པ་ཞུ་རྒྱུ་ཡིན་ཞེས་ཡི་གེ་བཏང་བ་ཡིན་ཡང་། དབུས་ནས་མི་ནི་སོ་ཊར་འགན་འཛིན་ལྷན་ཚོགས་འཚོགས་རྒྱུ་ཡིན་ཟེར་ནས་ཡི་གེ་ཞིག་འབྱོར་བ་ལས་ང་ཚོ་ཡི་གེ་ཡིག་ལན་གཅིག་རྐྱང་འབྱོར་མ་བྱུང་། གཞོན་ནུའི་སྒྲིག་གཞིའི་དགོངས་དོན་བྱས་ན་འགན་འཛིན་ལྷན་ཚོགས་འཚོགས་པར་ས་གནས་ཀྱི་གསུམ་ཆ་གཉིས་ལོན་དགོས་ཀྱི་ཡོད་ཀྱང་། སྐབས་དེར་ཚོགས་འདུའི་གྲུབ་ཆ་ལོན་མེད་བཞིན་དུ་སྒྲིག་འགལ་ཐོག་ཚོགས་འདུ་ཚོགས་པ་མ་ཟད། དབུས་ཀྱི་ཚོགས་གཙོ་ཟུར་བ་ཚེ་དབང་རིག་འཛིན་ཕེབས་ནས་ལྷོ་གཞིས་ཁག་གི་ས་གནས་བརྒྱད་ཀྱི་མ་འགྲིག་པ་མ་ཟད། ངའི་མིང་དངོས་སུ་བཏོན་ནས་ངོ་སྤྲོད་གཏམ་བཤད་ནང་མང་པོ་ཞིག་གསུངས་འདུག་ལ། ད་བར་ཚོགས་འདུའི་གྲོས་ཆོད་ཡིན་ཡང་ང་ཚོགས་གཙོ་ཆགས་ཏེ། ཟླ་བ་གཅིག་ལྷག་ཙམ་འགྲོ་བཞིན་ཡོད་ཀྱང་དབུས་ཀྱི་ངོས་ནས་ཡིག་ལན་དང་བརྡ་ལན་གང་ཡང་གནང་མེད་པ་སོགས། ད་བར་ང་ཚོའི་རྒྱུན་ལས་སྔ་རྗེས་གཉིས་ལ་དབུས་ཀྱིས་གནང་སྟངས་དེ་འདྲ་གནང་ཡོད་ སྟབས། དབུས་དང་མཉམ་དུ་ལས་ཀ་བྱེད་ཐབས་མི་འདུག་ཟེར་ནས་ཡི་གེ་འདི་ཕུལ་བ་ཡིན། ཞེས་བརྗོད་བྱུང་།

ཁོང་ལ་གསར་འགོད་པས་ས་གནས་གཞོན་ནུའི་ངོས་ནས་ད་ཐེངས་གཞོན་ནུའི་འགན་འཛིན་ལྷན་ཚོགས་ཚོགས་རྗེས་ཡི་གེ་འདི་མ་འབུལ་བར། ཚོགས་གྲབས་བྱེད་སྐབས་ཕུལ་དགོས་དོན་གང་ཡིན་དྲིས་པར་ཁོང་གིས། ད་ལན་འགན་འཛིན་ལྷན་ཚོགས་སྐབས་ང་ཚོ་མེད་སྟབས། དེར་བཅར་མཁན་གྱི་ས་གནས་མང་ཆེ་བ་དབུས་དང་འབྲེལ་བ་ཡོད་པ་རྐྱང་རྐྱང་ཞིག་སླེབ་བསྡད་ཀྱི་ཡོད་པ་རེད། འདས་པའི་ལོ་གཉིས་གསུམ་ནས་བཟུང་དབུས་ཀྱི་སྲིད་བྱུས་ནང་དབུས་དང་ཏོག་ཙམ་མ་མཐུན་པ་ཡིན་ན་དབུས་ཀྱིས་གང་ལྟར་མེད་པ་བཟོ་རྒྱུ་དང་གནས་དབྱུང་གཏོང་རྒྱུ་རྒྱུ་སོགས་ཀྱི་འཆར་གཞི་བཏིང་ཡོད་སྟབས། ད་ཐེངས་འགན་འཛིན་ལྷན་ཚོགས་སྐབས་ལ། ང་ཚོས་ལས་ཤོག་སྟེང་ཡི་གེ་བཀོད་པ་ཡིན་ན། ཚོགས་འདུར་བཅར་མཁན་ཚོས་དགོངས་བཞེས་དང་དགོངས་ཚུལ་གནང་སྟངས་ལ་ཁྱད་པར་ཆེན་པོ་འགྲོ་གི་རེད་བསམ་པ་ནས་ཡི་གེ་འདི་ཕུལ་བ་ཡིན། དེ་སྔོན་སྒང་ཏོག་ལ་འགན་འཛིན་ལྷན་ཚོགས་ཚོགས་སྐབས་ས་གནས་བརྒྱད་བཏོན་ཡོད་ཀྱང་། རྗེས་ལ་དབུས་ཀྱི་རྒྱུན་ལས་ཀྱིས་ས་གནས་བརྒྱད་ཀྱི་རྒྱུན་ལས་ཐུག་པར་ཕྱིན་ཡོད་སྟབས། འགན་འཛིན་ལྷན་ཚོགས་ནང་ཐག་གཅོད་བྱུང་བ་དེ། དབུས་ཀྱིས་རྩིས་མེད་གཏོང་གི་ཡོད་པ་སོགས་བྱེད་སྟངས་མང་པོ་ཞིག་བལྟས་ཏེ། དབུས་དང་མཉམ་དུ་ལས་ཀ་བྱེད་ཐུབ་པ་མི་འདུག་ཅེས་ལབ་ཀྱི་ཡོད། ཅེས་བརྗོད་བྱུང་།

image12

ད་ལན་ནེའུ་ཡོག་དང་ནེའུ་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དོན་ཚན་གསུམ་ཅན་གྱི་མཚན་འཁོད་ཡི་གེ་ཞིག་དབུས་གཞོན་ནུར་བཏང་བའི་ནང་བཀོད་དོན།
༡༽ ངེད་ཅག་ས་གནས་རྒྱུན་ལས་བཅུ་གཅིག་གི་ལྟ་བ་ལངས་ཕྱོགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་དམིགས་ཡུལ་དགོངས་དོན་གཞི་བཟུང་། ༼གཞིས་བྱེས་བོད་མི་ཡོངས་ཀྱི་རེ་ཡུལ་གཅིག་ཉིད་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་ཡང་དག་མུན་སེལ་འོག་ཤར་བསྐྱོད་བྱ་རྒྱུ་གཞི་རྩར་བཟུང་བའི་ཐོག་བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་འཁུར་ལེན་རྨང་གཞིར་འཁྱེར་བ༽ཞེས་འཁོད་པ་བཞིན་༧གོང་ས་མཆོག་གི་ཡང་དག་ལམ་སྟོན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་ཤར་སྐྱོད་དང་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། རྒྱབ་འགལ་རིགས་ནམ་ཡང་བྱ་རྒྱུ་མིན་པའི་དམ་བཅའ་བརྟན་པོ་ཡོད་པ་བཞིན། ས་གནས་མང་ཚོགས་ཀྱིས་སྔར་བྱུང་མྱོང་མེད་པའི་རྒྱབ་སྐྱོར་ཆེན་པའི་ཐོག་ནས། འདི་ལོ་ ༢༠༡༥ ཟླ་ ༠༤ ཚེས་ ༡༩ ཉིན། ནིའུ་ཡོག་དང་ནིའི་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་སུ་འོས་འདེམས་བྱུང་མ་ཐག དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་རྒྱུན་ལས་ངོ་སྤྲོད་འཁོད་པའི་སྙན་སེང་གི་འཕྲིན་ཡིག་ཕུལ་ཡོད་ནའང་། ད་བར་འཕྲིན་ལན་ཕར་ཟད། བརྡ་ལན་ཙམ་ཡང་འབྱོར་མ་སོང་།

༢༽ ད་ལན་ཞུ་རྒྱུར། རབ་བྱུང་ན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་སྒྲིག་གཞིའི་དགོངས་དོན་ལས་མ་འགལ་བར། དམིགས་ཡུལ་དགོངས་དོན་གཞིར་བཟུང་ཤར་སྐྱོད་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

༣༽ དེ་མིན་དབུས་བོད་ཀྱི་གཞོན་ལྷན་གྱི་ལངས་ཕྱོགས་ལ་འགྱུར་བ་མ་གཏང་བར། ནིའུ་ཡོག་དང་ནིའུ་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ཀྱི་ཁྱབ་ཁོངས་འོག་གནས་ཐབས་མེད་ལ། དབུས་ལ་འབྲེལ་བ་ཞུ་རྒྱུ་ཡང་མིན། འབྱུང་འགྱུར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་མཚམས། ནིའུ་ཡོག་དང་ནིའི་ཇར་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་མུ་མཐུད་སྔར་བཞིན་དབུས་ལ་འབྲེལ་ལམ་ཞུ་རྒྱུ་ཡིན། དེ་དོན་རྡ་ས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་གསལ་བཤད་ཞུ་བ་དང་སྦྲགས། གཞིས་བྱེས་བོད་མི་ཡོངས་ལ་གསལ་བསྒྲགས་ཞུ་བཞིན་ཡོད། ཞེས་སོགས་བཀོད་འདུག

གསར་འགོད་པ། དོན་གྲུབ།

སྣ་ཚོགས།

Post navigation

Previous Post: ང་ཚོར་རྩེད་སྤྱད་བྱེད་པའི་མི་རིགས།
Next Post: གཅིན་མངར་གྱི་ན་ཚ་ཡོད་ན་ཚལ་རིགས་འདི་གཉིས་བསྟེན་ན་ལེགས།

Comments (31) on “དབུས་གཞོན་ལྷན་དང་མཉམ་ལས་བྱེད་མི་ཐུབ་པའི་ཡི་གེ”

  1. མངོན་སུམ་སྨྲ་བ། says:
    2015-07-23 at 11:17 am

    རྒྱ་དམར་ལ་དགོས་བའི་ལས་ཀ་ངོ་མ་དེ་ནེའུ་ཡོག་དང་ནེའུ་འཇར་སའི་བོད་རིགས་གཞོན་ནུ་ཚོགས་པས་མངོན་སུམ་དུ་བྱེད་ཀྱི་འདུག

  2. ཁྱུང་སེ། says:
    2015-07-23 at 11:37 am

    ཁ་བྲལ་རིང་ལུགས་པ་ནི་ཁ་བྲལ་རིང་ལུགས་པ་རང་རེད་འདུག
    ༡༽ ཆུ་སྒང་གསར་རྙིང་གཉིས།
    ༢༽ གཞོན་ནུ་ཚོགས་པ་གསར་རྙིང་གཉིས།
    ༣༽ དབུ་རང་ཚོགས་པ་གསར་རྙིང་གཉིས།
    ༤༽ རིམ་བཞིན་འགེངས་ཤོག་འདི་འགེངས་རོགས།།

  3. ལུང་རྟོགས། says:
    2015-07-23 at 12:10 pm

    རྒྱ་མི་དམར་པོ་དང་དེའི་རྒྱུག་ཁྱི་ཚོ་ད་ངོ་མ་དགའ་ནས་སྡད་ཡོད་ཚོད་རེད།

  4. རིག་ཡག ། says:
    2015-07-23 at 12:27 pm

    ཅི་ཞིག་ལ་དབུས་གཞོན་ནིའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་སམ།

  5. འབྲོང་བུ་སོག་ཚ། says:
    2015-07-23 at 12:30 pm

    ད་༧སྐྱབས་མགོན་རིན་པོ་ཆེའི་བཞེངས་ཕྱོགས་ལ་འགྱུར་བ་མ་གཏང་ན། ཤུག་ལྡན་ཚོགས་པས་འགྱུར་བ་རྩ་བ་ནས་མེད་ཟེར། དཔེར་ན། ནིའུ་ཡོག་དང་ནིའུ་འཇར་སིའི་གཞོན་ནུའི་བཏོན་པའི་བསམ་འཆར་བཞིན།

  6. ཚ་ཕྲུག་རྒྱལ། says:
    2015-07-23 at 1:01 pm

    ད་བྱས་ན་རིང་མིན་ནིའུ་ཡོག་དང་ནིའུ་རྗ་སི་ཁུལ་དུ་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་གཉིས་ཆག་རྒྱུ་ཡིན་པ་འདྲ། དེ་ཡང་དབུས་གཞོན་ནུའི་ཡན་ལག་ས་གནས་གཞོན་ལྷན་གཅིག་དང་། དབུས་གཞོན་ལྷན་དང་འབྲེལ་མེད་དང་དབུས་གཞོན་ལྷན་མེད་པའི་ས་གནས་གཞོན་ལྷན་གཅིག་ཐོན་ཡོང་གི་འདུག། བོད་པའི་སྲིད་དོན་པ་དེ་ཚོས་ནང་འགལ་བཟོ་རྒྱུར་ཚོད་གཅིག་མི་འདུག། རང་ཚུབ་མེད་པའི་མི་རྣམས་ཀྱིས་བྱ་བྱེད་ཇི་ཙམ་མང་ཡང་འབྲས་མེད་སྡུག་ལ་སྦྱོར་རྒྱུ་ཡིན་པ་ནི་ཕལ་ཆེ་གཞི་གྲུབ་པ་རེད། གནས་ཚུལ་འདིའི་རིགས་ནི་ས་གནས་དེ་གའི་གཞོན་ལྷན་གཅིག་པུ་མིན་པ་ས་གནས་བོད་མི་ཚོས་ཀྱང་མ་འཇོན་པའམ་འགན་འཁུར་མ་བྱས་པས་བྱ་བ་བཙོག་པ་ཞིག་རེད།

  7. ཁྱུང་སེ། says:
    2015-07-23 at 1:20 pm

    ངས་བསམ་དུས་གཞོན་ལྷན་འདི་ཚོགས་པ་ཆེ་ཤོས་དང་སྒྲིགས་འཛུགས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ད་བྱེད་དུས་གང་ཡང་ཡོད་ས་མ་རེད། ས་གནས་གཞོན་ལྷན་ནམ་ཡན་ལག་གཞོན་ལྷན་དེའི་རིགས་དབུས་གཞོན་ལྷན་དང་མ་བསྟུན་པར་རང་དགར་ལོགས་སུ་ཐོན་ཆོག་མིན་དང། ས་གནས་གཞོན་ལྷན་ལས་བྱེད་པས་དབུས་གཞོན་ལྷན་གྱི་རྩ་ཁྲིམས་ལ་བརྩི་བསྐུར་མ་བྱས་ན་ལག་ལེན་ཇི་ལྟར་བསྟར་དགོས་མིན་དང། ས་གནས་གཞོན་ལྷན་དབུས་ལས་ལོགས་སུ་ཐོན་ན་ས་གནས་གཞོན་ལྷན་གྱིས་དངུལ་དངོས་དང་ལས་ཐམ་སོགས་སུ་ལ་དབང་མིན་དང། དབུས་གཞོན་ལྷན་དང་མ་འབྲེལ་བར་ས་གནས་གཞོན་ལྷན་དེ་ཚོས་ལོགས་སུ་ཐོན་ནས་བོད་ཀྱི་གཞོན་ལྷན་གྱི་མིང་བྱང་བེད་སྤྱོད་ཆོག་མིན་གྱི་ཁྲིམས་སྒྲིགས་སོགས་ཡོད་ཤག དེ་མིན་ར་རྫ་རགས་ལ་དགའ་བ་རྫ་ལ་ཕྱིན། ལུག་སྤང་རགས་ལ་དགའ་བ་སྤང་ལ་ཕྱིན་ན། ཕ་རོལ་པོར་དགོས་པ་དེ་སྒྲུབ་པ་མིན་ནམ། ད་ཁ་སྔོན་ཟམ་གདོང་བླ་མ་ནེའུ་ཡོག་ས་གནས་གཞོན་ལྷན་དུ་གདན་དྲངས་བ་ལས་བྱུང་བའི་གྲུབ་འབྲས་ངོ་མ་ཐོན་སོང།།

  8. བཀྲ་ཡེ་ཚང་། says:
    2015-07-23 at 1:25 pm

    ཡང་ཁྱི་སྐྱགས་ཁ་ཤས་ཀྱི་རྙོག་གྲ་བཟོ་འགོ་བཙུག་སོང་།

  9. ཨ་ཁུ་ནོར་བུ་ says:
    2015-07-23 at 1:28 pm

    ཁྱེད་རང་ཚོ་དབུས་གཞོན་གྱི་ལམ་ཕྱོགས་ལ་དགའ་པོ་མེད་ན་དགོང་པ་ཞུས་ན་ཡག་ཤོས་རེད་ དེ་མིན་ན་མིང་གཞན་ཞིག་རྟགས་ན་ཡག་ཤོད་འདུག་ གཞོན་ནུ་ཚོགས་པའི་རྩ་བའི་ལམ་ཕྱོགས་ལ་འགྱུར་བ་གཏོང་དགོས་ཟེར་བ་དེ་རྒྱ་མི་རང་གི་ལས་ཀ་རེད་ སྙོགས་དྲ་དེའོ་རྒྱབ་ལ་ཏན་ཏན་གཞན་ཞིག་ཡོད་པ་རེད་ལ་ཁོང་ཚོར་ཁེ་ཕན་ཡང་མི་ཆུང་བ་ཞིག་ཡོད་པ་རེད་ གནས་དོན་དེའི་ནང་བླ་མ་ཚེ་སྐྲ་གཉིས་པ་ཞིག་ཡོད་པ་གཏན་མཁེལ་བ་རེད་

  10. རྒྱང་མིག says:
    2015-07-23 at 1:31 pm

    བོད་མིའི་མངོན་འདོད་ལ་བརྩི་བཀུར་མེད་པར་གང་བྱུང་ངང་བོད་མི་ནང་ཁུལ་ལ་དཀྲུག་ཤིང་རྒྱག་པའི་གཏེ་བོ་གཙོ་བོ་ནི་འདི་རིགས་རེད། རང་ཚུགས་མེད་མཁན་འདི་རིགས་ཀྱིས་གཞུང་འབྲེལ་གྱི་རྒྱབ་རྩ་ཞིག་ཡོད་མདོག་གིས་ནམ་ཡང་༧གོང་ས་མཆོག་ཁ་ལ་འཁྱེར། དབུ་ལམ་ལ་འགྲེལ་ལོག་བརྒྱབ། ནང་ཁུལ་ལ་འགལ་ཟླ་རྐྱང་བཟོས་ནས་བསྡད་ཡོད།

    བྱེད་སྟངས་དེ་རིགས་ནི་དོན་དངོས་སུ་བོད་དོན་འཐབ་རྩོད་ཀྱི་ངོས་ནས་”མུ་གེའི་སྒང་ལ་ཟླ་ལྷག་”དང་། “ཤི་བོའི་ཐོག་ལ་རྡོག་བརྫིས་” འབའ་ཞིག་ཆགས་ཡོད།

  11. སྐལ་ཚེ། says:
    2015-07-23 at 1:44 pm

    ནེའུ་ཡོག་དང་ནེའུ་ཇར་སི་བོད་ཀྱི་གཞོན་ནུ་ཚོགས་པ་གཉིས་ཀྱི་བསམ་མནོ་ཡག་པོ་བཏང་བའི་དུས་ལ་བབ་འདུག་སྙམ། གལ་ཏེ་ཁྱོད་གཉིས་དབུ་མའི་ལམ་གྱི་ལྟ་གྲུབ་ཏུ་སྒྱུར་ན་གཞོན་ནུ་ཚོགས་པ་དགོས་གལ་གང་ཡང་མི་མཐོང་། དབུ་མ་ལམ་གྱི་ཚོགས་པ་ཟེར་ན་འགྲིག ད་དུང་ཨུ་ཚུགས་ཀྱིས་གཞོན་ནུ་ཚོགས་པ་གཉིས་སུ་ཆགས་ན་འདིའི་ནག་ཉེས་དེ་གོང་ས་མཆོག་ལ་ཕོག་གི་རེད། ཁྱོད་ཚོ་ལྐུགས་པ་ཡིན་ནམ། དེ་མིན་ཁྱོད་ཚོའི་རྒྱབ་ལ་རྒྱ་མི་ཡོད་རེད་དམ། ཤུགས་ལྡན་ཚོགས་པས་གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་རྣམས་ནི། ༡ ཆུ་སྒང་གཉིས་སུ་བཟོ། ༢ གཞོན་ནུ་གཉིས་སུ་བཟོ། ༣ དགེ་ལུགས་གཉིས། བཀའ་བརྒྱུད་གཉིས། འདི་ནི་གོང་ས་མཆོག་གིས་བཟོས་པ་རེད་ཟེར་བའི་སྐ྄ོན་བརྗོད་རྣམས་རེད། ད་དུང་ཁྱོད་ཚོས་མུ་མཐུད་དེ་ཕྱི་རྒྱལ་དུ་སྡད་དེ་མི་རིགས་ཀྱི་རྐང་པ་ནས་མར་འཐེན་རོགས། ད་ལོ་སུམ་བཅུ་དུས་དྲན་སྐབས་སུ་ཡང་ཞབས་འདྲེན་ཚད་མེད་ཞུ་ཡོད། ད་ནི་ཁྱོད་ཚོའི་མིང་གོ་ཙམ་གྱིས་བསུན་སྣང་སྐྱེས་ཀྱིན་འདུག

  12. བསོད་ནམས། says:
    2015-07-23 at 9:32 pm

    ཟམ་གདོང་དང་སྤེན་ཚེ་སོགས་ཨ་རི་ལ་ཕེབས་ཐེངས་རེ་ཡིས་མཇུག་འབྲས་འདི་རེད། ད་དུང་བོད་མི་ཚོས་ཁོ་ཚོར་མཁས་དབང་བཏགས་ནས་མུ་མཐུད་སོང་དང་། བོད་དོན་ཟེར་བ་ཞིག་བསྒྲུབ་རྒྱུ་ཡོད་ནས་ལག་ལ་ཐོབ་ངེས།

  13. Gyelten says:
    2015-07-23 at 10:44 pm

    ནེའུ་ཡོག་དང་ནེའུ་ཇར་སེ་བོད་ཀྱི་བཞོན་ནུ་ཚོགས་པ་ཁོ་རང་ལས་མེད་ཆགས་ནས་་་་་་་ས་གནས་བཞེན་པའི་བཞོན་ནུ་ཚོགས་པ་ཡང་ལས་མེད་བཟོ་ཡ་ཐབས་ཤེས་གང་གྲགས་བྱེད་བཞིན་འདུག་པའི་་་་་་་་དངོས་ནས་དགྲ་བོ་རྒྱ་དམར་ལ་དགོ་ཡ་རང་རེད་འདུག།

  14. ཀརྨ་བློ་གསལ་ says:
    2015-07-23 at 11:23 pm

    ད་རེའི་གནད་དོན་འདི་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པ་གསལ་བོ་དག་པོ་རེད། བོད་ནང་འགྲོ་མཁན་ཚོས་ཀྱང་ཚུར་ཁུར་ཡོང་བའི་སྐད་ཆའི་ཁྲོད་དུ་གཞོན་ནུ་ཚོགས་པའི་ལངས་ཕྱོགས་ལ་འགྱུར་བ་མ་བཏང་ན་གོང་ས་མཆོག་གི་དམིགས་ཡུལ་འགྲུབ་དཀའ་ཚུལ་བརྒྱུད་བསྒྲགས་བྱེད་ཀྱིན་འདུག སྐད་ཆ་དེའི་ཡོངས་ཁུངས་གཙོ་བོ་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་བཀོད་ཁྱབ་འོག་ཚུད་པའི་བོད་མི་མཁས་པ་ཡིན་ཟེར་མཁན་རེ་འགའ་དང་། གསང་བའི་ལས་ཁུངས་ཀྱི་མི་སྣ་བོད་ཀྱི་མཁས་པར་བརྫུས་པ་དག་རེད་ཟེར། ད་ཁ་བྲལ་ཡ་བྲལ་དུ་འགྲོ་བཞིན་པའི་བཙན་བྱོལ་སྤྱི་ཚོགས་འདི་སྐྱོབ་མཁན་གྱི་མང་ཚོགས་རང་ཡིན་པས། གཟབ་ནན་དོ་ཁུར་བྱེད་པའི་དུས་སུ་སླེབས་ཟིན་འདུག

  15. ལུང་རྟོགས། says:
    2015-07-23 at 11:42 pm

    ད་ཁོ་ཚོ་དབུས་ཀྱི་ཁྱབ་ཁོང་ནས་བུད་ཟིན་པ་ཡིན་དུས་ས་གནས་གཞོན་ལྷན་གསར་པ་ཞིག་བཙུགས་ན་དེ་གས་འགྲིག་འགྲོ་ཡི་རེད།

  16. གངས་ཕྲུག། says:
    2015-07-24 at 1:55 am

    འཁྲུག་དགོས་རེད། ནང་ཁུལ་འཁྲུག་དགོས་རེད། ནང་ཁུལ་འཛིང་རྩོད་ནི་བོད་མིའི་ལར་རྒྱ་རེད་ཡ། བླ་མའི་བཀའ་སྒྲུབ་རེད་ཡ། སློབ་མའི་དམ་སྲུང་རེད་ཡ། ནང་ཁུལ་འཁྲུག་རྒྱུ་དང་རྩོད་རྒྱུ་མེད་ན་མ་གཏོག་དགོས་ནི་རེད་ཡ། ད་མ་འཆུབ་ཡ། ཤོག་ཡ།

  17. ཤར་པ་ says:
    2015-07-24 at 5:40 am

    གཞོན་ནུ་གཉིས་། ཆུ་བཞི་སྒང་དྲུག་གཉིས། པན་ཆེན་རིན་པོ་ཆེ་གཉིས། ཀརྨ་པ་གཉིས་། གཞི་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས། གང་ལྟར་གཞོན་ནུ་འདི་བཞིན་གཏོར་གཤེགས་མ་གཏང་རོགས། སྐུ་ཆེ་། སྐུ་ཆེ་། སྐུ་ཆེ།

  18. ཀརྨ་བློ་གསལ་ says:
    2015-07-24 at 9:24 am

    གོང་ས་མཆོག་གིས་ཁོང་གི་རྗེས་འཇུག་པ་ཡིན་ཟེར་མཁན་ཚོར་བླང་དོར་བཀའ་སློབ་ཅིག་སྩོལ་རོགས་ཞུ་ཡ་རང་རེད། གནད་དོན་འདི་དག་ཡོད་ཚད་གོང་སའི་དགོངས་པ་ཡིན་ཟེར་ནས་བྱུང་གིན་པ་རེད།

  19. རྡོ་སེངྒེ། says:
    2015-07-24 at 9:24 am

    གཞོན་ནུའི་ལང་ཕྱོགས་ལ་དགབ་བོ་མེད་ན།
    དབུས་གཞོན་ནུ་ཡིས་་(ནེའུ་ཡོག་དང་ནེའུ་ཇར་སིའི་གཞོན་ནུ་ལྷན་ཚོགས་)་གཉིས་ཚོགས་ཁོངས་ནས་ཕྱིར་འབུད་གཏོང་དགོས་ངེས།

  20. དགེ་འདུན་རྒྱ་མཚོ། says:
    2015-07-24 at 11:41 am

    གཞོན་ནུའི་ལངས་ཕྱོགས་ཟེར་ན་རྒྱུན་ལས་ཚོའི་ལངས་ཕྱོགས་རེད་སྙམ།
    རྒྱུན་ལས་རེ་རེའི་ལངས་ཕྱོགས་མ་འདྲ་བ་རེ་ཡོད་ཚོད་རེད། 
    རྩ་བའི་ཚིག་གཅིག་ལ་རྒྱུན་ལས་རེ་རེའི་སྐབས་ལ་
    འགྲེལ་བཤད་བརྒྱག་སྟངས་མ་འདྲ་བ་རེ་ཡོད་ངེས་རེད་དོ།
    རྩ་བ་དང་འགྲེལ་བ་གཉིས་ཁ་ཁར་སོང་བ་ཡིན་ཙང་།
    ཁོ་ཚོའི་བར་ན་འགལ་བ་ཞིག་ཡོད་ངེས་རེད།
    འུར་གཏམ་ལས་བསམ་གཞིགས་མང་ཙམ་གནང་ན་དགའ་བ་མེད་དམ།

  21. ཁྱུང་སེ། says:
    2015-07-24 at 12:27 pm

    དེབ་བསྐྱེལ་ལམ་ཁྲིམས་མཐུན་གྱི་ཚོགས་པ་ཞིག་ཡིན་ཕྱིན་ཆད་རྒྱུན་ལས་གསར་པ་རེ་སླེབས་དུས་ལང་ཕྱོགས་རེ་ཡོད་ན་ཡ་མཚན་དངོས་བྱུང་རེད། ཚོགས་པའི་ལང་ཕྱོགས་ཟེར་བ་ནི་ཚོགས་པ་དེའི་དམིགས་ཡུལ་ཚོགས་པ་དེའི་རྩ་དོན་ཚོགས་པ་དེའི་སྒྲིག་གཞི་གཞིར་བཟུང་འགྲོ་དགོས་པ་མ་གཏོགས་རྒྱུས་ལས་གསར་པ་རེ་སླེབས་དུས་ལང་ཕྱོགས་མི་འདྲ་བ་རེ་ཡོད་ན་་་་དེ་ཡིན་ན་བཙན་བྱོལ་སྒྲིག་འཛུགས་ཀྱང་བཀའ་ཤག་གསར་པ་རེ་སླེབ་དུས་ལང་ཕྱོགས་གསར་པ་རེ་ཡོད་དམ། དེ་ཡིན་ན་བཙན་བྱོལ་སྒྲིག་འཛུགས་ཀྱི་ལང་ཕྱོགས་གང་ཡིན་ངོས་བཟུང་རྒྱུ་མེད་པ་འདྲ་ཧཧཧ

  22. གངས་ཕྲུག། says:
    2015-07-24 at 3:50 pm

    རྒྱུན་ལས་གསར་པ་རྣམས་སླེབས་རེ་བཞིན་ཚོགས་པའི་ངོ་བོ་དང་དམིགས་ཡུལ་བྱེད་སྒོར་་སོགས་འགྱུར་འགྲོ་ཡི་ཡོད་ཚེ། ཚོགས་པ་དེ་དང་དེས་སྒྲིག་གཞི་མི་གཙོ། གང་ཟག་གཙོ་སོང་བ་རེད། དེར་ཁྲིམས་ཀྱིས་དབང་སྒྱུར་མིན་པ་གང་ཟག་གིས་དབང་སྒྱུར་ཟེར་བ་དེ་རེད། མང་གཙོའི་མཚན་ཉིད་ཚང་བའི་ཚོགས་པ་ཞིག་ཡིན་ན་དེ་ལྟར་ཡོང་རྒྱུ་ཁག་པོ་རེད། བཙན་བྱོལ་བོད་མིའི་ཚོགས་པ་སྒྲིག་འཛུགས་ཁག་རྣམས་ཁྲིམས་ཀྱིས་དབང་སྒྱུར་བཞིན་ཡོད་དམ། གང་ཟག་གིས་དབང་སྒྱུར་བཞིན་ཡོད་དེ་ནས་ཤེས་ཡོང་གི་རེད།

  23. ཤར་པ་ says:
    2015-07-25 at 1:23 am

    བོད་ཀྱི་གཞོན་ནུ་ཚོགས་པ་འདི་བཞིན་རྒྱལ་སྤྱི་འི་་ཐོག་ལ་དོན་སྣང་ཆེན་པོར་བྱེད་སའི་ཚོགས་པ་ཞིག་རེད། རྒྱ་འདྲེ་རྒྱ་དམར་ཡང་གཞོན་ནུ་ཚོགས་པ་་འདི་མེད་པ་བཟོ་རྒྱུར་འབད་བརྩོན་སྣ་ཚོགས་བྱེད་བཞིན་པ་རེད། གལ་ཏེ་གཞོན་ནུ་ཚོགས་པའི་ལང་ཕྱོགས་དེ་རང་བཙན་གཙང་མའི་གང་ལ་མ་ཕྱིན་ན་། ཕྱག་འཚལ་བརྒྱ་ལ་ཧུ་ཤུ་གཅིག་ཞེས་པ་ལྟར་འགྱུར་བ་ཐེ་ཚོམ་མེད། གལ་ཏེ་གཞོན་ནུའི་ལྟ་བ་་དབུ་ལམ་འགྲོ་དགོས་པ་རྣུན་ཤུགས་རྒྱབ་པ་ཡིན་ན་། ཐལ་ལ་གནམ་ལ་གཏོར་ན་འབས་་ས་། སོ་སའོ་གང་ལ་རེད། རང་བཙན་ལྟ་བ་ལོག་ན་གཞོན་ནུ་ཤི་བ་དང་འདྲ། གལ་ཏེ་གཞོན་ནུ་འཐོར་ན་འགན་ཡོངས་རྫོགས་། ནེའུ་ཡོག་དང་ནེའུ་རྒྱ་སེ་ཡི་མིང་རྟགས་བཀོད་པའི་ཁྱོད་ཚོས་་ཁུར་དགོས། རྒྱ་འདྲེ་དམར་པོ་དགོས་པའི་ལས་འགན་མ་བསྒྲུབས་རོགས། རང་བཙན་དོར་ན་རྒྱལ་་བའི་བཀའ་སྒྲུབ་བསམ་པ་དེ་དད་ལོག་དང་ལམ་ལོག་རེད། གཞོན་ནུས་རང་བཙན་གང་ལ་ཤུགས་བརྒྱབ་། བོད་གཞུང་ནས་དབུ་ལམ་ཤུགས་ལ་བརྒྱབ་ནས་འགྲོ་ན་། ང་ཚོ་ལ་མ་འོངས་པའི་མདུན་ལམ་ཡོད་ལ་ རྒྱལ་བའི་བཀའ་་བའི་དེས་འགྲུབ་། གཞིན་ནུ་འདི་ང་ཚོ་ངེས་པར་དགོས། ཉི་ཆར་ཨོ་སེ་ཀྲོ་ལི་ཡ་ལ་བོད་པའི་དཔའ་རྒོད་ཚོས་རྒྱ་རོའི་ཕྲག་དར་ས་ལ་སྤབ་ནས་རྩ་རལ་གཏང་བ་འདི་ཚོ་ཧ་ལས་པའི་རེད། གཞོན་ནུ་དང་རང་བཙན་གནས་ན་མཉམ་གནས་དང་འཐོར་ན་མཉམ་འཐོར་རེད།

  24. ལྷ།བྱ་འཕུར་མ། says:
    2015-07-25 at 4:37 am

    ཨ་ཁ།སྐབས་འཚོལ་རིང་ལུགས་ཀྱི་ནེའུ་ཡོག་དང་ནེའུ་ཇེ་སི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་འདི་ཚོ་སོ་སོའི་མིང་དང་འཚོ་དོན་ཆེད་བོད་མིའི་ཆིག་སྒྲིལ་དང་འཐབ་རྩོད་ལ་གཏོར་ཕམ་བཏང་སོང་།

    འདི་དག་གི་རྒྱབ་ལོགས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཐུགས་འདོད་ལྟར། རྒྱ་དགའ་སྐུ་ངོ་ཀུན་དགའ་བཀྲ་ཤིས་ལགས་དང་ཨ་རིའི་དོན་གཅོད་སྐུ་ངོ་བསྐལ་རྡོར་ལགས་གཉིས་ཀྱིས་ལག་པ་འཆང་ཡོད་འདུག

  25. འབྲོང་བུ་སོག་ཚ། says:
    2015-07-25 at 9:38 am

    གཞོན་ནུའི་རང་བཙན་སྤང་། ཆུ་སྒང་རང་བཙན་སྤང་། ཟམ་གདོང་གིས་ལྷ་དང་བླ་མ་སྤང་། ད་ཡག་གི་བོད་པ་ཚང་སྤང་སྤང་ཁ་སྡོད་ཨ། ཉིན་གཅིག་རྒྱལ་ཁབ་སྤོང་བའི་དུས་ལ་སླེབ་ཡོང་།

  26. འདན་མ་སྐྱབས་ says:
    2015-07-25 at 11:22 am

    ག་རེ་ལབ་བཞིན་པ་རེད།རྒྱལ་ཁབ་སྔ་མོ་ནས་སྤངས་ཚར་རེད་ད།རང་སྐྱོང་སྤྲད་ན་རྒྱ་འོག་ཏུ་འགྲོ་བར་ཁས་བླངས།ཡིག་ཆ་སྤྲད་ཚར་བ་ན།ད་རྒྱལ་ཁབ་ཅིག་གང་ན་ལྷག་ཡོད་རེད།

  27. ལྷ་སྲས་དར་མ། says:
    2015-07-26 at 5:29 am

    ད་ཡིན་ན་ཐལ་དྲག་པའི་དམངས་གཙོ་མགོ་སྔ་མེད་པའི་དམངས་གཙོ་དབུས་ཀྱི་རྩ་དོན་ལས་འགལ་བས་ནག་ཉེས་ངོས་མ་ཟིན་པར་ད་དུང་དབུས་ལ་བཀོད་ཁྱབ་བབ་འཇིག་སྐུལ་འདྲ་པོ་བྱེད་མཁན་དེ་དག་ལ་མི་ཡི་རྣམ་དཔྱོད་ཀྱི་གཡའ་ཙམ་མེད་པ་དོལ་ཚོགས་དང་དབྱེ་བ་གང་ཡང་མེད། མི་ལོ་ལྔ་བཅུ་ཡས་མན་ནང་ལ་ལོ་རྒྱུས་འབུར་དུ་ཐོན་པ་ཡོད་པའི་ཚོགས་པ་དེ་ལ་གོད་ཆགས་ཤིག་བྱུང་ན་དེས་འགན་ཡོད་ཚད་ནེའུ་མིང་འཁྱེར་བའི་ཁྱི་སེང་མིང་ཅན་པ་ཁྱོད་ཚོ་ལ་ཡོད་དོ།

  28. ཤར་པ་ says:
    2015-07-26 at 7:47 am

    ༄༄། གཞོན་ནུའི་ལྟ་བ་རང་བཙན་གཙང་མ་ལས་ལོག་ན་གཞོན་ནུ་མེད་པ་གྱུར་པ་དང་གཉིས་སུ་མེད། བོད་ཀྱིི་གཞོན་ནུ་ཚོགས་པ་འདི་བཞིན་རྒྱ་དམར་བཅོམ་པའི་ཐོ་བ་ཆེན་པོ་ཞིག་རེད། གཞོན་ནུའི་ལང་ཕྱོགས་དབུ་ལམ་ལ་ཕྱིན་ན་། རྒྱ་དམར་གྱིས་འགྲོ་སོང་གང་ཡང་གཏང་མ་དགོས་པར་ཁྱི་རྒན་རྒྱ་འདྲེ་དམར་པོ་དགའ་བའི་བྲོ་དང་སྐྱིད་པའི་གླུ་དབྱངས་ལེན་པའི་དུས་ལ་ཤར། གཞོན་ནུའི་ལང་ཕྱོགས་རང་བཙན་གཙང་མ་གང་ལ་ཕྱིན་ན་བོད་པ་ཚང་ལ་མ་འོངས་པར་མདུན་ལམ་ཆེན་པོ་ཞིག་ཡོད། དེ་ལྟར་ཡང་གཞོན་ནུ་རེ་ཟུང་གིས་རྒྱ་བ་རིན་པོ་ཆེས་བོད་གཞུང་སྡེབ་གསོག་རྒྱབ་་སོང་རེད་བ་དང། བོད་གཞུང་ལ་དབུ་ལམ་ལ་འགྲོ་་བ་དེ་ནོར་སོང་ཟེར་བ་དེ་འདྲ་རྩ་བ་ནས་ལབ་་མི་རུང། བོད་གཞུང་དབུ་ལམ་དང་གཞོན་ནུ་རང་བཙན་གང་ཤར་སྤྱོད་བྱེད་ན་ང་ཚོ་ལ་མདུན་ལན་ཆེན་པོ་ཞིག་དང། རྒྱབ་ལྗོངས་དམིགས་གསལ་ཞིག་ཏན་ཏན་ཡོད། གཏམ་དཔེ་ལ་ ནང་དཔའ་བོ་དཔའ་གྲལ་མ་ཞིག་ན། ཕྱི་གེ་སར་དམགས་ལ་སྐྲག་མི་དགོས་ ཟེར་བ་བཞིན་རེད། གཞོན་ནུས་བོད་བཙན་ཡིན་པའི་བདེན་དཔང་ཡིག་ཆ་གང་མང་དང་དཔང་རྟགས་གང་བསྒྲུབས་ཐབས་བྱེད་རྒྱུ་གལ་ཆེ། བོད་ཀྱི་གཞོན་ནུ་འདི་བཞིན་གཏོར་གཤེགས་མ་གཏང་བ་ལྡོག་རྩ་ཆིག་སྒྲིལ་གྱི་དུས་ལ་བབས། གཏམ་དཔེ་ལ་ ཕྱི་ལ་ཞབ་བྲོ་རྒྱབ་པ་ལ། ནང་ལ་རྐང་སྒྲ་འགྲིག་པ་དགོས་ཟེར་བཞིན་རེད། ད་རིང་གཞོན་ནུ་ཆིག་སྒྲིལ་ཡོངས་བའི་ཆེད་དུ་། གོང་ས་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དང། སྲིད་སྐྱོང་དང། སྤྱི་མཐུན་ཚོགས་གཙོ་་དང་བཀའ་སློབ་་མགོ་གཉིས་མ་ནང་མཁས་ཟམ་གདོང་བླ་མ་སོགས་ནས་ཀྱང་བཀའ་སློབ་དང་དམངས་གཙོ་་ཡང་དག་པའི་ལམ་གསོལ་དང་། གཞོན་ནུ་འདི་བཞིན་མུ་མཐུན་ནས་གནས་ཐབས་་ལ་ནུས་ཤུགས་རྒྱབ་དགོས། ལྷག་པར་གཞོན་ནུ་འཐོར་ན་ཟམ་གདོང་མ་འགན་ཆེན་་པོ་ཞིག་ཏན་ཏན་ཡོད། གང་ཡིན་ཟེར་ན་བཀའ་སློབ་མགོ་གཉིས་པ་དེ་ཚོས་སོ།

  29. ཤར་པ་ says:
    2015-07-26 at 7:49 am

    ཟམ་གདོང་བླ་མ་ལ་ཞེས་བཅོས་རོགས།

  30. ཀརྨ་བློ་གསལ་ says:
    2015-07-26 at 7:54 am

    ད་ག་རེ་ལབ་ཀྱི་ཡོད། བཙན་བྱོལ་བོད་གཞུང་གི་མིང་ལ་འགྱུར་བ་བཏང་བ་དེ་བསྡུ་གསོག་མ་རེད་དམ། བཀའ་ཁྲིའི་མིང་འགྱུར་བ་བཏང་བ་བསྡུ་གསོག་མ་རེད་དམ། འདི་དག་ལ་བརྟེན་ནས་དབྱིན་ཇི་གཞུང་གིས་ཀྱང་བོད་འདི་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་རེད་ཅེས་ངོས་ལེན་གསར་དུ་བྱས་པར་མ་ཟད། དེ་ལྟར་ངོས་ལེན་བྱེད་དོན་ཡང་གོང་ས་མཆོག་གིས་བོད་དོན་ནི་རྒྱ་ནག་གི་ནང་སྲིད་དུ་བསྒྱུར་ཡོད་ཅེས་བསྒྲགས་པ་མ་ཐོས་སམ། ད་རང་གི་མགོ་རང་གིས་བསླུ་བའི་དུས་དེ་ཡོལ་ཚར་བ་རེད་དོ།

  31. ཀརྨ་བློ་གསལ་ says:
    2015-07-26 at 8:16 am

    སྒྲོ་འདོགས་དང་བསྐུར་འདེབས་ནི་ངོ་ནས་དྲང་ནས་ཡག་པོ་མིན་པར་མ་ཟད། མ་འོས་པ་དང་མ་རབ་ཐ་ཤལ་གྱི་བྱ་སྤྱོད་རང་རེད། ཡིན་ནའི། བྱུང་ཟིན་པ་དག་དྲང་པོར་མི་བཤད་པ་དང་། བཤད་མ་ཆོག་པའང་མ་རབ་ཐ་ཤལ་གྱི་བྱ་སྤྱོད་རང་རེད། བོད་གཞུང་དང་བོད་ལ་བསྡུ་གསོག་ཇི་ལྟར་བརྒྱབ་པའི་ལོ་རྒྱུས་ཀྱི་བྱུང་བ་ངོ་མ་དེ་འདི་རེད། ཀློག་རོགས།

    Britain’s suzerain remedy
    To control Tibet’s future, China extends control over its past
    http://www.economist.com/printedition/2008-11-08

    IT WAS an early-21st-century solution to an early-20th-century problem. On October 29th, at the end of a short statement published on his ministry’s website, Britain’s foreign secretary, David Miliband, quietly junked his country’s long-standing position on Tibet. Uniquely among the world’s countries, Britain had not explicitly recognised Chinese sovereignty over the region. Rather it acknowledged its “suzerainty”.Quite what the term means has been obscure even to British diplomats. But what it does not mean—that China enjoys full sovereignty over China and has done so for centuries—has been enough to irk Chinese officials. It bolstered claims that Tibet was not part of China until its troops occupied it in 1951.

    Mr Miliband describes Britain’s old position as “based on the geopolitics of the time”—ie, the early 1900s, when British adventurers were entering Tibet from India and the Qing empire was disintegrating in China. He says this “anachronism” has “clouded” Britain’s ability to get its points across on Tibet: on the importance of respect for human rights and of greater Tibetan autonomy.
    His officials say he has merely aligned Britain’s stance with that of its European Union partners and of America. They point out that even the Dalai Lama, Tibet’s exiled spiritual leader, argues not for Tibetan independence, but for a “middle way” of greater autonomy within China. But that, in fact, is rather reminiscent of some definitions of “suzerainty”. And the Dalai Lama has never admitted, as China would like, that Tibet has always been “an inalienable part of China”. Arguing about its past status, he has insisted, is beside the point.

    Moreover, he has recently shown signs of exasperation with his 20-year pursuit of the middle way. With his envoys in Beijing this week for an eighth round of talks with China since 2002, the Dalai Lama has said his trust in China’s good faith is “thinning, thinning, thinning”. His conciliatory policies have faced mounting criticism from Tibetans since bloody riots in Tibet earlier this year. A meeting later this month in Dharamsala, his seat in northern India, is to review his exiled government’s stance.

    Curiously, Mr Miliband’s statement does not, in so many words, recognise Chinese sovereignty. But officials say it means that, as far as Britain is concerned, “Tibet is part of China. Full stop.” For many Tibetans, however, the correct punctuation remains a question-mark.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme