Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་འཛིན་གསར་པའི་ཐུགས་རེ།

Posted on 2013-05-162013-05-16 By ཁ་བརྡ་ 16 Comments on དབུ་འཛིན་གསར་པའི་ཐུགས་རེ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་ཡིག་དྲ་རྒྱ་ནས་དྲངས།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་དབུ་འཛིན་གསར་པ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་གིས་དེ་རིང་འབྲེལ་ཡོད་ལས་བྱེད་རྣམས་ལ་བཀའ་སློབ་གནང་སྐབས། ལེའུ་གསར་པ་ཞིག་གི་ཐོག་ལ་ཕེབས་ཐུབ་པའི་ཐུགས་རེ་ཆེན་པོ་གནང་གི་ཡོད་སྐོར་གསུངས་སོང་།
གནས་ཚུལ་རྒྱས་པ་འདིར་གཟིགས་http://www.rfa.org/tibetan/sargyur/tenzin-tethong-begins-directorship-of-rfa-tibetan-service-05152013142458.html

གསར་འགྱུར།

Post navigation

Previous Post: ཆོས་བོན་གཉིས་ཀྱི་གྲོས་ཆོད་གོང་འོག་ལྡོག་པ།
Next Post: བཞི་མདོ།

Comments (16) on “དབུ་འཛིན་གསར་པའི་ཐུགས་རེ།”

  1. བསྟན་འཛིན་ says:
    2013-05-16 at 2:04 am

    ང་ཕོད་འཇིགས་མེད་གང་ལ་བུད་སོང་བ་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-05-16 at 2:19 am

    གསར་པས།
    ་་་་་ ཡང་ལས་བྱེད་རྣམ་པའི་གླ་ཕོགས་མི་མང་གི་ཁྲལ་གྱི་ཐོག་ནས་སླེབས་པ་ཞིག་ཡིན་པ་དེ་མཁྱེན་པའི་ཐོག་རྒྱུན་གཏན་གྱི་ཕྱག་ལས་ལྷག་བསམ་རྣམ་དག་གནང་དགོས་པའི་ལམ་སྟོན་ཡང་གནང་སོང་། ་་་་ཟེར།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-05-16 at 2:24 am

    ད་ལྟའི་བར་ལ་ང་ལ་ནི། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲ་འཇུག་གསར་འགྱུར་དེ་ཕན་ཐོགས་ཤོས་སུ་བྱུང་སོང་བས། ད་དུང་ཡར་རྒྱས་དོན་ལྡན་ཡོང་བའི་སྨོན་ལམ་ཡོད།

  4. ཤར་ཕྱོགས་ཁུག་རྟ། says:
    2013-05-16 at 2:42 am

    བདུན་ཕྲག་གཅིག་གཉིས་རིང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་༸གོང་ས་མཆོག་གི་མཛད་འཕྲིན་སྐོར་གྱི་གསར་འགྱུར་དང་ངོ་སྤྲོད་སོགས་ལ་འགྱུར་བ་ཕྲན་བུ་བྱུང་ཡོད་པ་དོ་སྣང་ཅན་ཚོས་གཅིག་གྱུར་ངོས་འཛིན་གནང་གི་ཡོད་པ་རེད། གཙོ་བོ་གསར་འགྱུར་བརྒྱུད་ལམ་ཁག་ནས་གསར་འགྱུར་འུར་སྒྲོག་རིགས་དང། དཔྱད་གཏམ་ཟེར་བ་གསར་འགོད་པ་སྒེར་གྱི་བསམ་ཚུལ་ཤུགས་ཆེར་ཚོད་མེད་སྒྲོགས་བཞིན་པའི་རིགས་ཀྱིས་བོད་ནང་རེ་བ་སྟོང་པ་དེ་འདྲ་སྤྲད་པ་ཡིན་ན་ཉེན་ཁ་ཧ་ཅང་ཆེན་པོ་ཡིན་པ་རེད། གཞན་ཡང་གསར་འགོད་པས་དོ་སྣང་ཡོད་པ་ཙམ་གྱི་མི་སྣར་རྟག་ཏུ་བཅའ་འདྲི་སོགས་བྱས་ཏེ་ད་སྔའི་གནད་དོན་རིགས་གླེང་སྟངས་འདིས་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བསམ་ཚུལ་སྔོགས་ཐུབ་ཀྱི་མི་འདུག་ལ། བོད་ནང་དེ་བས་ཀྱང་མི་ཉུང་ཤས་ཤིག་གི་བསམ་ཚུལ་ལས་ཁྱབ་སྤེལ་ཐུབ་ཀྱི་མེད་པ་ནི་ཞན་ཆ་གཅིག་རེད། ཕྱོགས་ལྷུང་གི་སྐད་ཆ་རྩ་བ་ནས་མིན་པ་ཞིག་ལ། གསར་འགྱུར་ཕུད། བཅའ་འདྲིའི་ལེ་ཚན་ནང་མདོ་ཁམས་གཉིས་ཀྱི་སྐད་ཞེ་དྲག་ཉུང་ཉུང་རེད། གཏམ་གླེང་ཞལ་པར་ཟེར་བ་ལྟ་བུ་ནི་རྦད་དེ་དབུས་སྐད་རྐྱང་པ་རེད། དེ་འདྲའི་རིགས་དེ་དག་ལ་འགན་འཛིན་གསར་པས་དགོངས་བཞེས་གནང་ཐུབ་ན་ཡག་པོ་མེད་འགྲོ བོད་དོན་གོ་རྟོགས་ཀྱི་ཆ་ནས་ཞུས་བ་ཡིན་ནའང། དབུས་ལས་མཐའ་མཚམས་དམིགས་འབེན་དུ་འཛིན་རྒྱུ་ནི་ད་བར་ང་ཚོས་མ་སྒྲུབ་པའི་ལས་ཀ་ཞིག་རེད། གཞན་ཡང།་ཀརྨ་རྒྱ་མཚོ་དང་སྟག་ལྷ་རྒྱལ་སོགས་ཀྱིས་གསར་འགྱུར་བཤད་སྐབས་མཉམ་དུ་རང་ངོས་ནས་དཔྱད་བརྗོད་ཅིག་བྱ་རྒྱུ་དང་དོད་ཤུགས་ཆེར་གནང་གི་རེད། དཔྱད་བརྗོད་དེས་གསར་འགྱུར་གང་ཡང་རུང་བ་དེའི་ཁ་ཕྱོགས་ལ་དམིགས་འབེན་བཟོ་པ་ལྟ་བུ་ཡོང་གི་འདུག དེ་རིགས་ལ་དབུ་འཛིན་སོགས་ཀྱིས་ཉན་ཞིབ་གནང་ཐུབ་ན་ཡག་པོ་འདུག་བསམས་སོང།།

    རང་སྲེག་དང་འབྲེལ་བའི་དབུས་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་བསྒྲགས་གཏམ་གསར་གནས་ག་རེ་ཡིན་ནའང། དེ་ཅི་བཞིན་བསྒྲགས་རྐྱང་བྱེད་རྒྱུ་ཡིན་ནམ། དེའི་ནང་ཐལ་ཆ་དང་དངོས་དོན་ལ་མི་སྲིད་པའི་སྦོམ་ཚིག་དང། ཆབ་སྲིད་ཀྱི་འུར་སློང་བའི་ཚིག་བརྗོད་ཡོད་ན་དེ་དག་བརྒྱུད་ལམ་ལས་བྱེད་པས་ཅི་ལྟར་སྒྲོག་གི་ཡིན་མིན། འདིའི་ཐད་ངེས་པར་དུ་དགོངས་པ་བཞེས་དགོས་ཀྱི་འདུག སྐད་ཆ་དེ་བོད་ནང་དུ་སོང་ཚར་མཚམས་སྐད་ཆ་བཤད་མཁན་དང་སྒྲོག་མཁན་གཉིས་ཀར་ང་ཚོའི་གནས་བབ་སྐྱོ་བོ་འདིའི་ཆ་ནས་འགན་ཅིག་ངེས་པར་དུ་ཡོད་པ་རེད་བསམས། དེ་རྣམས་ལ་དགོངས་བཞེས་གནང་རོགས། ༸གོང་ས་ཆེན་པོར་གཞི་མེད་སྐུར་འདེབས་ཟུར་ཟ་རིགས་དེ་སྔའི་གཟའ་ཉི་མའི་གཏམ་གླེང་ལྟར་སླད་མར་མི་ཡོང་བའི་རེ་བ་དང་འབོད་སྐུལ་བཅས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།།

    དེ་དང་མཉམ་དུ་དེ་སྔོན་རླུང་འཕྲིན་ཁང་དང་ཉེ་རིང་གི་མི་མང་པོས་གསར་འགོད་པ་སྐལ་ལྡན་བློ་གྲོས་ལ་དབུ་འཛིན་ལས་གནས་དང་འབྲེལ་ཏེ་དྲ་ངོ་འདིར་རུབ་འཛིང་མང་པོ་བྱས་སོང་མོད། མི་དེ་དག་གི་ཚོད་དཔག་དོན་ལ་གནས་མི་འདུག་པས་སེམས་ཡང་ཅུང་ཙམ་སྐྱོ་སོང།། ཧཧཧཧ ཨ་ལ་ཀུ་རེ་ཡིན། བཀྲ་ཤིས་བདེ་ལེགས།།

  5. སྣྲོན ངག་ཁྲི། says:
    2013-05-16 at 2:47 am

    བཀ༵ྲ་ཤི༷ས་གཏམ་བཟང་བདེ༷་ལེག༷ས་བ་དན་དཀར། །མཐོ༵ང་ཐོས་མོད་ལ་རེ་ཞགས་སྒྲ་འཛིན་དབང་། །བས༵ྟན་དང་དེ་འཛིན་ཀུན་ལ་རབ་ཆགས་ནས། །རྣ༵མ་དཔྱོད་མཆོག་གི་དབང་པོར་ཉིད་གྱུར་ཅིག །ུ

  6. རྟ་མགྲིན་དབང་ཆེན་ says:
    2013-05-16 at 3:36 am

    ཨ་རིའི་རླུང་འཕྲིན་དང་ཨེ་ཤ་ཡ་རླུང་འཕྲིན་གཉིས་ཀ་དགོས་ཡ་མི་འདུག སྡོམ་ཏེ་སྤུས་དག་གཅིག་བྱུང་ན་བསམ་གི ཕན་ཚུན་སྐྱར་ཟློས་རེད། དེ་འདྲའི་ཐད་ནས་བསམ་བློ་གསར་བ་གཏོང་དགོས་པ་རེད།

  7. ་ཤར་པ་ says:
    2013-05-16 at 5:38 am

    འགན་འཛིན་གསར་པ་མཆོག་ནས་ང་ཕོད་འཇིགས་མེད་གནས་དབྱུང་གཏང་དགོས་སྐོར་ཅིག་གསར་བཤད་བྱེད་ན་ཡག་པོ་འདུག་། མ་འོངས་པ་རང་དབང་བྱུང་མཚམས་བོད་ལ་བཞུགས་མཁན་ཚོའི་ཕྱག་ལས་གནང་རྒྱུ་དང་བཙན་འབྱོར་གཞུང་མིན་ན་ ང་ཕོད་ལྟ་བུ་རྒྱ་བོད་གཉིས་ཀྱི་ཤེས་ཡོན་དང་བོད་ལ་སྡན་ན་རྒྱུ་དཔལ་འབྱོར་ཐོབ་གོ་ས་ཡོང་རྒྱུར་ངེས་པ་ལ་ གོང་ས་མཆོག་གི་དབུ་ཕྲིད་པའི་བཙན་འབྱོར་གཞུང་ལ་ཁ་གཏད་ནས་ཡོང་བ་ཞིག་ལ་ཨེ་ཤ་ཡི་རང་དབང་རླུང་འཕྲན་ཁང་ནས་གནས་དབྱུང་ངན་པ་དེ་འདྲ་གཏང་བ་དེས་བོད་ལ་སྡོད་མཁན་ཚོས་ག་རེ་ཡིན་ན་བསམ་གྱི་ཡོད་པ་ནི་འོད་ཟེར་དྲ་རྒྱ་སོགས་ལས་ཧ་གོ་ཐུབ། ལྷག་པར་བསྐལ་ལྡན་ཞེས་པ་དེའི་བྱེད་ངན་ལ་རྟེན་ནས་རྒྱལ་བའི་སྐུ་ཡི་གམ་བཅར་བ་སྡེ་སྲིད་གཉིས་པ་ལྟ་བུའི་བློ་བཟང་དགའ་བ་ལགས་ལ་ཁ་གཏང་བ་དང་ གམ་བཅར་བ་གཞན་ལ་ཡང་ག་འདྲ་ཡིན་ན་ཟེར་ནས་ཁ་གཏང་ལ་ཁད་པ་ལྟ་བུ་དང་ དམ་ཉམ་སྐལ་ལྡན་པས་ང་ཡི་རྒན་ལག་གོང་ས་མཆོག་གི་ཕྱག་གཡས་པ་ཡིན་ཅེས་མི་གཞན་ལབ་པ་དང་ ང་མིང་མེད་པའི་རྒྱལ་བ་རིན་པོ་ཆེའི་སྤྱན་གསལ་ཡིན་ཅེས་ལབ་པ་དང་ དུས་འཁོར་དབང་ཆེན་ཚར་ནས་རྡོར་རྗེ་འཕགས་ལམ་གོང་ཆེན་གྱི་ཚིག་ཀོག་སྐྱེས་དམན་ལ་ཉོས་པས་ཚོང་ཁང་བདག་པོ་ཡང་ཧ་ལས་ནས་བོད་པ་དེ་འདྲ་ཉོ་ཐོབ་མཁན་མེད་ཅེས་ལབ་པ་ལ་རྟེན་་ནས་མི་མང་པོ་ཞིག་གིས་དུས་འཁོར་དབང་ཆེན་གྱི་ཞལ་འདེབས་ཟས་མི་ནམ་བསམ་པ་དང་ དགའ་རོག་ལྟ་བུའི་ ཨེ་ཤ་ཡེས་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་རྒྱ་མོ་སྡ་ས་འཁྲིད་ནས་མི་སྣ་དང་འཕྲད་པ་དང་ ཁོང་རང་ཡང་མངོན་གསལ་དོད་པོས་བློ་བཟང་དགའ་བ་ལག་ཡང་ཡང་མཇལ་བ་སོགས་ལ་རྟེན་ནས་ཁ་གཏང་བ་རེད་ལ་། ཡང་གཞན་དག་གིས་རང་དབང་རླུང་འཕྲིན་ཁང་མ་རེད་། གཞན་དབང་རླུང་འཕྲིན་ཁང་རེད་ཟེར་ནས་རླུང་འཕྲིན་ཁང་ལ་ཡང་མ་དགའ་བ་བྱེད་བཞིན་པ་ནི་ཀུན་་གྱིས་ཤེས་གསལ་ཡིན་ལ་ འགན་འཛིན་ཡག་པོ་ཞིག་བྱུང་ན་བོད་པ་སུས་བྱེད་ན་དགའ་བསུ་ཡོད། དེས་སྐོར་འགན་འཛིན་མཆོག་ནས་གསལ་བཤད་ཞིག་ཅི་ནས་ཀྱང་གལ་ཆེའོ།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-05-16 at 6:01 am

    ཕ་ང་ཕོད་རྒས་ནས་གཤེགས།
    བུ་ང་ཕོད་ཉེས་ནས་ཕུད།
    ཕ་བཀྲས་མཐོང་རྒས་ནས་གཤེགས།
    བུ་བཀྲས་མཐོང་འཇོན་ནས་ཐོབ།

  9. ་ཤར་པ་ says:
    2013-05-16 at 6:13 am

    གཉེར་ཕྱག་པས་སྙན་ངག་དེ་ཡག་པ་ལག།

  10. གཏམབཟང་། says:
    2013-05-16 at 8:03 am

    བུ་བཀྲས་མཐོང་ཐང་ལ་ཕབས།་

  11. ལུང་རྟོགས། says:
    2013-05-16 at 8:54 am

    འགན་འཛིན་གསར་པ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ། བྱ་བ་ལམ་སློང་ཡོང་བའི་སྨོན་འདུན་ཡོད།

  12. སྣྲོན ངག་ཁྲི། says:
    2013-05-16 at 9:24 am

    ང་ཕོད་འཇིགས་མེད་ཉེས་མེད་ངང་དུ་བསྐྲད། །སྐལ་ལྡན་བློ་གྲོས་རྨི་ལམ་འགྲིམས་ནས་ལུས། །འགན་འཛིན་རྒྱ་མོ་དཀྲོག་གཏམ་རླུང་གིས་དེད། །བཀྲས་མཐོང་རིན་ཆེན་བདག་པོས་ནོར་ཉམས་ཆོད། །

  13. པད་མ་དཀར་པོ says:
    2013-05-16 at 10:56 am

    ང་ཕོད་བུ་ལགས་སུ་ང་ཚོས་སེམས་ཁྲལ་བྱེད་མི་དགོས།་་་ཁོང་བཙན་བྱོལ་དུ་ཡོང་དགོས་དོན་ནི་ཐོབ་གོ་ས་དང་ནོར་ལ་དགའ་དྲག་ནས་མ་ཡིན་པར་རང་དབང་དོན་དུ་ཡོང་།་ང་ཚོས་ཤིན་ཏུ་དགའ་བའི་ཐོབ་གོ་ས་དེ་གཡུག་ནས་ཡོང་བ་ཞིག་ཡིན།་ང་ཕོད་བུ་དང་ང་ཚོ་མི་འདྲ་།་ཁོང་གི་བློ་གྱ་ཆེན་པོ་ནི་ང་ཚོས་མི་གཤོང།་དྲང་བདེན་བྱེད་དུས་ང་ཚོས་མི་དགའ།་་ངོ་དགའ་པེ་ལེ་ཁོང་གི་བཤད་མི་ཤེས།་ཨ་ཁ་་བོད་མི་སགྲིགས་འཛུགས་ཀྱིས་ནོར་བུ་ལག་ནང་ཡོད་དུས་ནོར་ཉམས་མི་ཆོད་གྱུར་བའི་བློ་ཕམ་ཆེ།།་ཁོང་གྱ་ཀད་ལ་བྱང་དུ་ཆུབ།་གྱ་ནག་གི་དཔོན་རིགས་མཐོ་གྲས་གྱུད་མངའ་ཆེ།་ང་ཚོས་བེད་པྱོད་བྱེད་མི་ཐུབ།་་ང་ཕོད་འཇིགས་མེད་ནི་མཁས་པ་ཉམས་ཆུང་ཅན་ཞིག་ཡིན།་་་བོད་ནང་དུ་བོད་མི་མང་པོ་ད་རེས་བློ་ཕམ་ཚད་མེད་བྱུང་འདུག།་ཉེ་འཆར་བི་བི་སི་གྱ་ཀད་ཐོག་ལའང་ཁོང་གིས་ཀོར་གསར་འགྱུར་དུ་ཐོན།

  14. མ་ཧཱ་སིདྡྷི། says:
    2013-05-17 at 11:56 am

    ད་རེས་འགན་འཛིན་མཆོག་ནས་ཐུགས་འགན་གནང་དགོས་པ་ཞིག་ལ་ཀུན་གླེང་གསར་འགྱུར་བརྒྱངས་བསྲིངས་གནང་མཁན་ཡོངས་ལ་བོད་ཆས་སྤུས་གཙང་རེའི་ལག་རྟགས་རེ་སྤྲད་ནས། རླུང་འཕྲིན་རྒྱངས་སྒྲོགས་པ་རྣམས་ཀྱིས་མི་དགོས་པའི་ཡུལ་སྐད་ཐ་སྙད་འདྲེས་མ་མང་པོ་བེད་སྤྱོད་དང་། ཚིག་གི་བཅོད་མཚམས་ཉམས་པ་སྒྲ་སྐད་མ་དག་པ་སོགས་ཞན་ཆ་མང་དག་ཞིག་འདུག་པས་ད་རེས་ལེགས་སྤེལ་ཉེས་འགོགས་དང་། དབང་ཤེད་དང་རྒྱུ་ཡིས་སླུས་ནས་རྐུབ་སྟེབས་ལོ་མང་རིང་བཙན་བཟུང་བྱས་པའི་རྒན་གོག་དེ་རྣམས་ཀྱི་ཚབ་ཏུ་གཞོན་སྐྱེས་སྐྱེ་འབྲས་ལེགས་ཤིང་། དེང་དུ་ཀྱི་ཤེས་ཡོན་ལྡན་པ་རྣམས་གསོ་སྐྱོང་གནང་རྒྱུ་དེ་བས་ཀྱང་གལ་ཆེ།

  15. བྱ་རུ་ཅན་ says:
    2013-05-17 at 12:58 pm

    ང་ཕོད་བུ་ལ་འཇོན་ཐང་ཡོད་ན་འཆམ་ར་ལོ་ངོ་བཞི་བཞི་བཅུ་དྲུག་དེའི་ནང་ངོམ་ཚར་ཚོད་རེད། ང་ཕོད་བུ་རྐུབ་སྟེགས་འདིར་བསྡད་ཡུན་རིང་བའི་སྐྱོན་ལས་ཐུང་སོང་བ་གཏན་ནས་མ་ཡིན། ད་ནི་འཇོན་རབས་གཞན་པར་དཔའ་རྩལ་ངོམ་བཅུག་རན་ཐག་ཆོད་འདུག ང་ཕོད་བུ་ད་དུང་རྐུབ་སྟེགས་འདིར་ཞེན་ཆགས་ཡོད་ན། རྒྱུ་དབང་མིང་གྲགས་ལ་ལྟོགས་པ་མ་གཏོགས། འཇོན་རབས་ངོམ་རྒྱུ་མ་བྱུང་བའི་སེམས་ངལ་ཡོད་ཟེར་ན། ལོ་བརྒྱད་བྱིས་པར་ཡང་འཐོམས་ཞྭ་གཡོགས་མི་ཐུབ། བཀྲས་མཐོང་ལགས་དབུ་འཛིན་ལ་ཕེབས་པར་སེམས་གཏིང་ནས་བ྄ཀྲ་ཤིས་བདེ་ལེགས་ཞུ། ལས་གནས་འདི་བོད་དོན་ངོས་ནས་བཤད་ན་དམག་ས་མདུན་མ་རེད། འདིར་བོད་མིའི་བློ་གཏད་བཅོལ་ཆོག་པ། ཁུངས་གཙང་མ། ལོ་རྒྱུས་གཙང་མ་ཡིན་པ་ཞིག་དགོས་པ་གལ་ཆེན་པོ་རེད། ལྷག་པར་བཀྲས་མཐོང་ལགས་ལ་རྒྱལ་སྤྱིའི་གཟིགས་རྒྱང་ཡོད་པ།་འཛམ་གླིང་མཐོང་རྒྱ་ཡོད་པ། ལོ་རྒྱུས་ཀྱི་ཉམས་མྱོང་ཡོད་པ་བཅས་དགོས་པ་ཡོངས་སུ་འཛོམས་འདུག་པས་ལྷ་རབ་བྱུང་འདུག ཡང་བསྐྱར་བཀྲ་ཤིས་བདེ་ལེགས་དང་ཆབས་ཅིག བྱ་གཞག་ལེགས་ཐོག་ལེགས་བརྩེགས་ཡོང་བའི་སྨོན་འདུན་ཞུ།

  16. ཤར་པ་ says:
    2013-05-19 at 8:08 am

    བྱ་ལེ་ཅན་ བུ་བཀྲིས་མཐོང་ལ་ཤེས་རབ་སྙིང་པོ་གསར་པ་ཞིག་ཡོང་ཤས་ཆེ་། ཁྱོད་རང་དེ་ཁ་འདོན་བྱེད་ན་སངས་མགྱོག་པོ་མར་རྒྱས་འོང་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme