Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་དྲིལ་བསྒྲགས་དང་ཕྱོགས་བསྐྱོད།

Posted on 2013-05-182013-05-18 By ཁ་བརྡ་ 9 Comments on དབུ་མའི་ལམ་དྲིལ་བསྒྲགས་དང་ཕྱོགས་བསྐྱོད།

གནས་ཚུལ་མཁོ་གཏོང་བ། བརྩོན་ཟླ་བ་དབང་ཕྱུག

 དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་འོག་གཞིས་ཆགས་ཁག་དང་། དགོན་སྡེ། སློབ་གྲྭ་སོགས་སུ་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་སྐོར་ལ་དྲིལ་བསྒྲགས་གསལ་བཤད་གནང་བཞིན་པ་ལྟར་ཕྱི་ལོ་༢༠༡༣།༥།༡༦ ཉིན་ནས་དབུ་མའི་ལམ་དྲིལ་བསྒྲགས་དང་འབྲེལ་བའི་ཕྱོགས་བསྐྱོད་གཉིས་པ་འགོ་འཛུགས་གནང་ཡོད་འདུག
 
དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་དང་། སྤྱི་འཐུས་རྨོག་རུ་བསྟན་པ་གཉིས་ཕྱི་ཚེས་༡༦ ཉིན་གྱི་ཞོགས་པར་རྡེ་ར་རྡུན་ས་གནས་སུ་འབྱོར་ཡོད་པ་དང་། ཉིན་དེའི་ཞོགས་པའི་ཆུ་ཚོད་༩ ཕྱེད་ཀའི་སྟེང་ར་ཇི་པུར་བཟོ་གྲྭའི་བཟོ་ལས་མི་མང་དང་། ཁ་འཐོར་མི་མང་བཅས་སུ་གསུང་བཤད་དང་དྲི་བ་དྲིས་ལན་བཅས་གནང་ཡོད་འདུག
སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གསར་འཛུགས་ཀྱི་དམིགས་ཡུལ་དང་། དབུ་མའི་ལམ་དྲིལ་བསྒྲགས་ཀྱི་རྒྱུ་མཚན། དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ་ནི་དབུ་མའི་ལམ་ཤེས་རྟོགས་ཀྱི་ཆེད་དུ་ཡིན་པ་ལས་དབུ་མའི་ལམ་དུ་དབང་བསྒྱུར་གྱི་ཆེད་མིན་པའི་གསལ་བཤད་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཡོལ་ཐབས་མེད་པའི་རླབས་ཆེན་གྱི་འགན་འཁུར་གསུམ་ནི་བོད་མི་ཚང་མར་ལམ་སྟོན་གསལ་བོ་ཞིག་ཡིན་པས། བོད་པ་མི་རེ་ངོ་རེ་ནས་རང་ཉིད་འགྲོ་བ་མི་ཞིག་ཡིན་པ་དང་། ཆོས་ཁས་ལེན་མཁན་ཞིག་ཡིན་པ། བོད་མི་ཞིག་ཡིན་པའི་འགན་འཁུར་མ་བརྗེད་པ་གནང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གཞེངས་ཕྱོགས་དང་། བྱ་བྱེད་ལས་གསུམ་གང་ཅིར་རྒྱབ་སྐྱོར་དཔུང་འཇུག་དགོས་པ་གལ་ཆེ་ཡིན་པ་སོགས་ཀྱི་ཐད་གསུང་བཤད་གནང་ཡོད་པ་རེད།
དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་འདས་ཟིན་པའི་གནས་བབ་འོག་ལོ་ངོ་ཉི་ཤུ་ལྷག་ཅིག་རིང་བོད་རང་བཙན་འཐབ་རྩོད་བྱས་པའི་བརྒྱུད་རིམ་དང་། རྒྱལ་ཁབ་གཞུང་དང་། དབུས་གྲོས་ཚོགས་སོགས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་དང་ངོས་ལེན་བྱེད་དཀའ་བ། བོད་པ་རང་གི་ངོས་ནས་བོད་རང་བཙན་གྱི་འཐབ་རྩོད་ཐད་རྒྱ་ནག་དང་ཁ་གཏད་འདང་ངེས་དཀའ་བ་བཅས་ཀྱི་གནས་བབ་གསལ་བཤད་དང་།
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞིའི་ལམ་སྟོན་དང་། མང་མོས་ཀྱི་འོས་འདེམས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གྲོས་ཆོད་གཏན་འབེབས་འོག་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་དགོས་པའི་དམིགས་ཡུལ་དང་། ད་ལྟའི་བར་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བའི་གྲུབ་འབྲས་ཅི་ཐོན་སོགས་གསལ་བཤད་དང་དྲི་བ་དྲིས་ལན་སོགས་གནང་ཡོད་འདུག
ཕྱོགས་བསྐྱོད་དེ་དང་འབྲེལ་བའི་ཐོག་ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ས་གནས་ཁག་ཡར་རྒྱས་དང་ཚགས་ཚུད་དུ་ཡོང་ཐབས་སྐོར་ལའང་ས་གནས་ཀྱི་འབྲེལ་མཐུད་པ་ཁག་དང་གོ་བསྡུར་གནང་བཞིན་པ་སོགས་རེད་འདུག
ད་རེས་ཀྱི་ཕྱོགས་བསྐྱོད་ལས་རིམ་དང་པོའི་སྐབས་རྡེ་ར་རྡུན་ཁྱབ་ཁོངས་ཀྱི་གཞིས་ཆགས་དང་སློབ་གྲྭ་ཁག་དང་། དེ་བཞིན་ཧ་པ་པོར་དང་། སྤོན་ཊོ། སྤུ་རུ་ཝ་ལ་སོགས་གཞིས་ཆགས་ཁག་དང་། ཕྱི་ཟླ་༦།༦ ཉིན་ནས་རྒྱ་གར་བྱང་ཤར་ཨ་སམ་མངའ་ཁུལ་ཤེས་ལོང་སོགས་དང་། ཨ་རུ་ན་ཅལ་མངའ་ཁུལ་ཏི་ཛི་དང་མེའོ་གཞིས་ཆགས། ཀ་རྡོར་སྒང་གསུམ་སོགས་སུ་ཕེབས་གཏན་འཁེལ་ཡོད་པ་དང་། འགན་འཛིན་སྤྲུལ་སྐུ་ཡོན་ཏན་འཇམ་དབྱངས་སོགས་ཀྱིས་རྒྱ་གར་གྱི་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ཏུ་དྲིལ་བསྒྲགས་བསྐོར་བསྐྱོད་དང་། རིམ་གྱིས་དབུ་མའི་ལམ་གྱི་ལས་འགུལ་པ་རྒྱ་གར་བྱང་ཕྱོགས་ཀྱི་བོད་མིའི་ས་གནས་ཁག་དང་། རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གཞིས་ཁག་ཆ་ཚང་བར་ཕྱོགས་བསྐྱོད་ཐུབ་རྒྱུའི་ལས་འཆར་ཡོད་པ་རེད་འདུག
གསར་འགྱུར།

Post navigation

Previous Post: སེམས་ནང་གི་མར་མེ་ཚེ་འབར།
Next Post: ཁྱེད་བཞུགས་པས་ང་ཚོ་བདག་པོ་ཡོད། གླུ་ཚིག

Comments (9) on “དབུ་མའི་ལམ་དྲིལ་བསྒྲགས་དང་ཕྱོགས་བསྐྱོད།”

  1. གངས་རི་བུ་རྒོད། says:
    2013-05-18 at 11:45 am

    དངོས་གནས་ཀྲུང་གོའི་སློབ་ཕྲུག་རང་རེད་འདུག གཟིགས་དང་སྤྱི་ཚོགས་རིང་ལུགས་བསམ་བློའི་སློབ་གསོ་ཟེར་བ་དང་། རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་ཀྱི་སློབ་གསོ་དང་འདྲ་བ་རེད་འདུག འདིས་ག་རེ་མཚོན་གྱི་འདུག་ཅེ་ན་རྒྱ་གཞུང་གི་སྡུག་རྩུབ་ཆེ་བའི་སྲིད་བྱུས་ལ་མི་མང་འདོད་མོས་མེད་བཞིན་དུ་བཙན་དབང་གིས་སློབ་གསོ་དང་བོད་མིའི་སེམས་ཁམས་བསྒྱུར་ཐབས་བྱེད་ཀྱི་ཡོད། དེ་དང་ཆ་མཚུངས་པ་བཙན་བྱོལ་ནང་དུའང་གཅིག་པ་རེད་འདུག གལ་སྲིད་བཙན་བྱོལ་མི་མང་གི་མང་མོས་དང་དོན་ཕན་ལྡན་པའི་ལངས་ཕྱོགས་ཀྱི་སྲིད་བྱུས་ཞིག་ཡིན་ན་མི་མང་རང་ཉིད་ཀྱི་འདོད་མོས་ཡིན་བཞིན་པ་ལ་སྐྱར་དུ་སློབ་གསོ་དགོས་པ་མ་མཐོང་། མི་མང་གི་འདོད་མོས་མེད་ཙང་བཙན་བཤད་དང་། ད་དུང་ལྷག་བསམ་ཅན་དང་ཤེས་ཡོན་ཅན་མཐོང་རྒྱ་དང་ཐོས་རྒྱ་ཆེ་བའི་ན་གཞོན་ཁག་གཅིག་ལ་འཇིགས་བསྐུལ་བྱེད་དགོས་དོན་གང་ཡོད། གང་ལྟར་གྲུབ་འབྲས་གང་ཡང་མེད་པའི་སྟོང་གཏམ་རྐྱང་བྱས་པ་ལས་དལ་གྱིས་བསྡད་ན་བཟང་།

  2. མངའ་རིས་འཕྲིན་ལས། says:
    2013-05-18 at 11:58 am

    ངོ་སྤྲོད་གཅིག་པོ་ཡིན་ན་འགྲིག་གི་འདུག་དེ་མིན་དོན་མེད་བོད་རིགས་ནང་ཕན་ཚུན་སྨ་འབེབས་དང་སྐྱོན་བརྗོད་ཟུར་ཟ་བྱེད་པ་སོགས་ནི་དབུ་མ་དང་རང་བཙན་གང་ཡིན་རུང་བོད་མི་རིགས་ལ་དགོས་པ་མེད་པའི་གད་སྙིགས་རང་རེད། ཆབ་སྲིད་ལྟ་གྲུབ་སོ་སོའི་ལངས་ཕྱོགས་ངོ་སྤྲོད་དང་། གྲུབ་འབྲས་གསལ་གཤད། ཕུག་འདུན་འཆར་གཞི་སོགས་མི་མང་ལ་ངོ་སྤྲོད་བྱེད་པ་ནི་མང་གཙོའི་ཁེ་དབང་དང་མཐུན་པའི་འགྲོ་སྟངས་ཤིག་རེད་དེ་ལ་ཡི་རང་དང་བསྔགས་བརྗོད་ལས་མ་འདས། འོན་ཀྱང་དབུ་མའི་ལམ་ལ་འདོད་མོས་མེད་པ་ཚོ་༧གོང་ས་མཆོག་ལ་དད་པ་མེད་ཚུལ་དང་། དོལ་ཚོགས། རྒྱ་མིའི་རྒྱུག་ཁྱི། དམ་ཉམས། དྲིན་ལན་ལོག་འཇལ་བྱེད་མཁན་སོགས་ཉེས་མིང་སྣ་ཚོགས་ཤིག་བེད་སྤྱོད་གནང་བཞིན་པ་ནི་ཧ་ཅང་བློ་ཕམ་གྱི་གནས་ཤིག་ཡིན་པས་དེ་ལྟར་མི་གསུང་པའི་འབོད་བསྐུལ་ཞུ་རྒྱུ་ཡིན།

  3. དབང་ཕྱུག་ཚེ་རིང་། says:
    2013-05-18 at 1:41 pm

    གངས་རིའི་བུ་རྒོད་ཟེར་བ་ཉོག་བཤད་མ་བྱེད།གུང་ཁྲན་གྱི་བུ་ཕྲུག་ངོ་མ་ཁྱོད་རང་རེད།ནང་ཁུལ་དཀྲུགས་སྟངས་ལ་ལྟོས།དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་བྱེད་པ་མང་གཙོའི་ཁེ་དབང་རེད།ཁྱི་ཟུག་ཟུག་མ་བྱེད། རྣམ་རྟོག་ཟ་ཀིན་འདུག

  4. གནམ says:
    2013-05-18 at 8:30 pm

    དབུ་མ་གླེངས་ནས་ལོ་མང་རེད།
    རང་བཙན་གླེངས་ནས་དེའི་མང་རེད།
    མང་མང་གླེང་བར་འབྲས་བུ་ཞིག།
    ཡོད་ན་རང་བཙན་མིན་པས་གང་།།

  5. sonam tsering says:
    2013-05-19 at 10:56 am

    ༧གོང་ས་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་བཀའ་སློབ་གསལ་པོ་ཐེངས་འགའ་ཤས་མ་གནང་བར། བོད་མིའི་སྒྲིག་འཛུགས་ནས་གནས་དོན་དེའི་སྐོར་ཤུགས་གནོན་མ་སྐྱོན་པར་སྦུག་སྦུག་གནང་བའི་རྒྱུ་མཚན་ཇི་ཡིན་མི་ཤེས་ཀྱང་ལྐུག་པ་རང་ངོས་ནས་ཚོད་དཔག་བྱས་ན་ལས་ཐོག་བཀའ་ཤག་གིས་མ་འོངས་པའི་ལམ་ཞིག་བཟོ་ཡི་མེད་དམ་བསམ།
    ད་ཆ་༧གོང་ས་མཆོག་འུ་ཐུག་ལྟ་བུས་བོད་ནང་གི་བོད་མིའི་ཛ་དྲག་གི་གནས་སྟངས་ལས་མྱུར་སྐྱོབ་བྱེད་ཐབས་དབུ་མའི་ལམ་ལས་ལམ་པ་གཞན་ཞིག་མེད་པ། ལྷག་པར་གཞིས་ལུས་མི་མང་ལ་རེ་བ་སྟོང་པ་ཞིག་བྱེས་འབྱོར་མི་མང་ནས་བསྐྲུན་ན་མི་སྒྲིག་པ། བྱེས་འབྱོར་མི་མང་ནས་ལས་འགུལ་སྤེལ་སྐབས་བསམ་བློ་ཡིད་གཟབ་བཏང་ནས་སྤེལ་དགོས་པ། བོད་རིགས་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དེ་རང་སྲོག་ལ་གཅེས་པ་འཛིན་དགོས་པ། སོགས་གལ་ཆེའི་བཀའ་སློབ་ཕྱི་གསལ་ནང་གསལ་གནང་ཡོད་། ཡིན་ཀྱང་རང་རིགས་སྡེ་ཁག་དང་མི་སྣ་འགའ་ཤས་ནས་ཤེས་ན་མི་ཤེས་མདོག་མདོག་དང་གོ་ན་མ་གོ་མདོག་མདོག་བྱེད་མཁན་དེ་ཚོས་བོད་མི་ས་དྲུག་གི་བདེ་སྡུག་དང་མགོན་པོ་མཆོག་གི་སྐུ་ཚེ་བཅས་ལ་བསམ་བློ་གཏོང་གི་ཡོད་ན་མི་རྙིང་པ་ལ་སེམས་གསར་པ་བསླུག་རན་འདུག།  དེ་མ་ཡིན་ན་་་་་་་་་་་?

  6. འཇིགས་བྲལ་བསྟན་འཛིན། says:
    2013-05-19 at 5:19 pm

    གསར་གནས་འདི་ནས་བལྟས་ན། ད་ལྟ་དོན་དངོས་སུ་དབུ་མའི་ལམ་གང་འདྲ་ཞིག་རྩོད་ཀྱི་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་མེད་པ་གསལ་པོ་མཐོང་གི་འདུག གནད་འགག་ཆེ་ཤོས་དེ་དབུ་མའི་ལམ་ཟེར་ནས་བརྗོད་པ་བཞིན་པ་དེའི་ནང་དོན་མི་མང་ལ་འགྲེལ་བཤད་བྱེད་དགོས་པ་དེ་གལ་ཆེ་ཤོས་རེད་མ་གཏོགས། བྱུང་རབས་བཤད་པ་དང་། ༧གོང་ས་མཆོག་གི་དགོངས་པ་ཡིན་སྐོར་བཤད་ནས་དབུ་མའི་ལམ་ཟེར་བ་དོན་ངོ་མར་གང་འདྲ་ཡོད་པ་ཧ་གོ་བར་གང་ཡང་ཕན་གྱི་མ་རེད། ད་བར་ཐུག་པའི་བོད་མི་མང་ཆེ་བས་དབུ་མའི་ལམ་༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་བརྗོད་ཀྱི་འདུག་ལ། སོ་སོ་༧གོང་ས་མཆོག་གི་བཀའ་དགོངས་བརྩི་མཁན་ཡིན་ཅེས་གསུང་གི་འདུག་མ་གཏོགས། དབུ་མའི་ལམ་འདི་འདྲ་ཡོད་རེད་ཟེར་ཤེས་མཁན་ཧ་ལམ་མི་འདུག བྱས་ཙང་དབུ་མའི་ལམ་གྱི་གོ་རྟོགས་དེ་དབུ་མའི་ལམ་གྱི་རྩོད་དོན་གང་འདྲ་ཡོད་པ་ཆ་ཚང་བ་ངོ་སྤྲོད་དགོས་པ་དེ་མིན་ནམ་སྙམ།

  7. སྤྱང་ཤོག says:
    2013-05-19 at 7:40 pm

    ཆོས་ཀྱི་དབུ་མ་ལམ་ནི་སངས་རྒྱས་དང་བྱམས་ཆུབ་སེམས་པའི་དགོངས་པ་རེད།
    ཆོས་ཀྱི་དབུ་མ་ནི་མཐའ་གཉིས་དང་བྲལ་བའི་སྟོང་པ་ཉིད་རྟོགས་བྱེད་ཀྱི་ལམ་རེད།
    ཆོས་ཀྱི་དབུ་མ་ནི་སངས་རྒྱས་ཀྱི་གོང་འཕང་སྒྲུབ་པའི་ལམ་གཅིག་པོ་རེད།
    ཆོས་ཀྱི་དབུ་མའི་ལམ་དེ་ཁོ་ན་ཉིད་ཕྱིར་ཅི་མ་ལོག་པར་དོན་དམ་པར་སྟོང་ཉིད་སྟོན་མཁན་ ༧སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་ཉག་གཅིག་རེད།།

    སྲིད་ཀྱི་དབུ་མ་ནི་མཐའ་དོན་རྒྱ་ནག་གི་ཅི་གསུངས་བཀའ་སྒྲུབ་ཞུ་ཡག་རེད།།
    སྲིད་ཀྱི་དབུ་མའི་ལམ་ལས་འགུལ་ཁང་ནི་༼ཆུ་ངོག་གཏམ་བརྒྱུད༽སུང་ཅང་གི་རྗེས་འཇུག་པ་རེད།
    སྲིད་ཀྱི་དབུ་མ་ནི་ལྷ་སའི་ཞོལ་སྟོན་གྱི་ཙམ་སྐྱ་གནམ་ལ་གཏོར་བ་དང་གཅིག་པ་རེད།
    སྲིད་ཀྱི་དབུ་མ་ནི་མོ་ཀྲུང་ཞིས་སྐྱེས་དམན་དམར་གསོད་བཏང་མཁན་དང་ད་ལྟ་རྒྱ་ནག་གི་ལངས་ཕྱོགས་འཛུག་སྟོན་གནང་མཁན་སྲིད་དོན་མཁས་པ་ཏིང་ཤོ་ཕན་གྱི་སྲིད་ཇུས་རྒྱལ་ལོ་དོན་གྲུབ་ཀྱིས་ཁུལ་ཡོངས་བའི་བོད་པ་མགོ་བོ་འཁོར་བྱེད་ཀྱི་ལམ་ཞིག་རེད།།

  8. ལོ་མ་ལྗང་ཁུ says:
    2013-05-19 at 8:48 pm

    སྐོར་ལམ་ནང་གི་ཨ་མ་རྒན་མོས་མ་ཎི་འདོན་པའི་གདངས་དང་དབུ་མའི་ངོ་སྤྲོད་བྱད་པའི་སྒྲགས་གཏམ་ཟུང་གཉིད་རུང་རྣ་བ་ནས་མི་ཡལ་ཀི ཡིན་ནའང་། དེ་གཉིས་ནི་ངའི་ཉེ་འཁོར་ལས་ཐག་རིང་ན་སྒྲ་དང་དྲི་གང་ཡང་མི་འདུག་པས་། དེ་གཉིས་ཐག་རིང་ས་ནས་གྱེར་ཐུབ་ན་ཅི་མ་རུང་།

  9. ནུབ་ཕྱོགས་ཀྱི་བྱ་གླག། says:
    2013-05-31 at 8:20 pm

    དབུས་ལམ་ཚོགས་པས་འདིར་གཟིགས་དང་ཁྱོད་ཚོ་འགྲོ་ས་ཞིག་འདུག་གམ། ཡང་ན་ཆ་རྐྱེན་འདི་ཚོར་ཁས་ལན་པ་ཡིན་ནམ། ཧཧཧཧཧ མགྲིན་ཚབ་པ། ཧོང་ལོས།
    དུས་ཚོད། ༢༠༡༣ལོའི་ཕྱི་ཟླ་༥པའི་ཚེས་༢༨ཉིན།
    ༢ རྒྱ་ནག་ཕྱོགས་ནས་ཏྭ་ལའི་བླ་མ་ཕྱིར་རྒྱལ་ནང་ཕེབས་པར་དགའ་བསུ་ཞུ་གི་ཡོད་དམ།
    ལན། ང་ཚོས་ཏྭ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་ནམ་རྒྱུན་ཁ་གསལ་ཡིན། ཏྭ་ལའི་བླ་མས་དོན་དངོས་ཐོག་མེས་རྒྱལ་ཁ་བྲལ་གྱི་ལངས་ཕྱོགས་དོར་ནས། མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་མཚམས་འཇོག་གིས། མངོན་གསལ་གྱིས་བོད་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ངོས་ལེན་དང་། ཐེ་ཝན་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པ་ངོས་ལེན་བྱས་ནས་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱ་ནག་གི་ཁྲིམས་མཐུན་གྱི་སྲིད་གཞུང་ཉག་ཅིག་ཡིན་པ་ངོས་ལེན་བྱས་བ་ཡིན་ན། དེའི་རྨང་གཞིའི་ཐོག ང་ཚོས་ཏྭ་ལའི་བླ་མ་དང་མཉམ་དུ་ཁོང་གི་སྐུ་སྒེར་གྱི་མདུན་ལམ་གནད་དོན་ཐད་འབྲེལ་མཐུད་གྲོས་མོལ་བྱེད་ཆོག ཏྭ་ལའི་བླ་མས་ཆབ་སྲིད་ལངས་ཕྱོགས་ཐད་རྕ་བའི་ཐོག་ཕྱིར་རྟོག་བསམ་ཞིབ་དང་རྦད་དེ་འགྱུར་བ་གཏོང་དགོས། བོད་ཁུལ་དུ་དྲག་པོའི་ཉེས་ཅན་བྱ་སྤྱོད་སྤེལ་བར་ངན་སྐུལ་བཀོད་ཇུས་མཚམས་འཇོག་དང་། བོད་རང་བཙན་གྱི་ཐབས་ལམ་འཚོལ་བ་མཐའ་དག་མཚམས་འཇོག་བྱེད་དགོས། ཕྱེད་རང་བཙན་དང་རང་བཙན་ལ་ཁ་ཕྱོགས་པའི་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་ཐམས་ཅད་མཚམས་འཇོག་དགོས། འདི་ལྟར་སྒྲུབ་ན་ད་གཟོད་ཁོང་གི་སྐུ་སྒེར་གྱི་མདུན་ལམ་གནད་དོན་ཐག་གཅོད་བྱེད་པར་ཕན་འདོགས་བྱེད་ཐུབ།
    外交部例会
    发言人: 洪磊
    日期:2013年5月28日
    2中方是否欢迎达赖喇嘛回国?
    我们对达赖喇嘛的政策是一贯和明确的。 达赖喇嘛只有真正的放弃分裂祖国的立场停止分裂祖国的活动, 公开承认西藏是中国不可分割的一部分,承认台湾是中国不可分割的一部分, 承认中华人民共和国是全中国唯一合法的政府。在此基础上, 我们可以同达赖喇嘛就其个人前途问题进行接触商谈。 达赖喇嘛应该对其政治主张进行根本的反思和彻底的改变。停止在藏区策划煽动暴力犯罪行动和一切谋求西藏独立, 半独立和变相独立的分裂祖国的活动。 只有这样做才对解决他的个人前途问题有帮助。

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (18)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme