Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་དང་རང་བཙན་བར་གྱི་ངོས་འཛིན་ལ་དཔྱད་པའི་གཏམ།

Posted on 2017-12-25 By ཁ་བརྡ 3 Comments on དབུ་མའི་ལམ་དང་རང་བཙན་བར་གྱི་ངོས་འཛིན་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

 

དེང་སྐབས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དབུ་མའི་ལམ་དང་རང་བཙན་བར་གྱི་ངོས་འཛིན་ལ་ཚིག་སྐམ་སྟོང་བཤད་ལ་འགན་འཁུར་ནས་འབྲེལ་བཤད་རིང་ཙམ་འཐུང་ཙམ་རེ་རྒྱག་མཁན་གྱི་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་སོགས་མཁས་པ་མང་པོ་སྐྱེད་སྲིངས་བྱེད་བཞིན་པ་ནི་བོད་མི་རིགས་ལ་བསམ་ན་དགའ་བསུ་ཞུ་འོས་པ་ལས་ནམ་ཡང་ངོ་རྒོལ་བྱ་མི་ཉན་པ་ནི་བོད་ཀྱི་རྩ་དོན་ལ་དེ་སྔ་དང་མི་འདྲ་བར་མི་མང་ནས་དོ་སྣང་དང་འགན་འཁུར་ཆེ་རུ་ལེན་བཞིན་པ་ནི་སྤགས་ལ་དགོས་པ་སྤགས་ཁུ་དང་སྤགས་ཁུ་ལ་དགོས་རྒྱུ་གདར་ར་ཟེར་བའི་དཔེ་ལྟར་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་སོ་སོ་རང་ཉིད་ལ་ཡོད་པ་ལྟར་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་རྩ་དོན་སྒྲུབས་ཐབས་སུ་ཆབ་སྲིད་ཀྱི་ལྟ་བ་དང་ལང་ཕྱོགས་མང་པོ་བརྒྱུད་དགོས་པ་ནི་མང་གཙོ་དང་རང་དབང་འདྲ་མཉམ་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་དེ་ནས་ངོ་འཕྲོད་ཐུབ་པ་དང་ལྟ་སྒྲུབ་གཅིག་ལ་རེ་བ་བཅོལ་ནས་འགན་འཁུར་ནས་རྒྱལ་ཁབ་ཀྱི་རང་བཙན་དང་མི་རིགས་ཀྱི་རང་དབང་དེ་གཉིས་དུས་གཅིག་ལ་འགྲུབ་རྒྱུ་ནི་ཉིན་མོའི་སྐར་མ་ཙམ་ལས་མ་འདས། ང་ཚོའི་རྩ་དོན་དེ་ང་ཚོའི་བསྒྲུབ་དགོས་པ་ལས་གཞན་ལ་རེ་བ་བཅོལ་ནས་ནམ་ཡང་འགྲུབ་མི་ཐུབ་ལ་དགྲ་ལ་ཞུ་བ་ཕུལ་ནས་དེ་བས་ཀྱང་འཐོབ་མི་སྲིད་ ང་ཚོའི་རྩ་དོན་འགྲུབ་ཐུབ་པ་ལ་ང་ཚོར་འགྱུར་ལྡོག་མེད་་པའི་ཆོད་སེམས་དང་ལྷག་བསམ་གྱི་འགན་འཁུར་དམ་གཙང་གི་ཆིག་སྒྲིལ་རྒྵད་ནས་འགོ་འཇུག་ཡོད་པའི་སྒྲིག་འཛུགས་ཀྱི་ཐོག་ནས་ཁྲིམས་དང་སྒྲིག་གཞི་ལ་འགན་འཁུར་ནས་འགྲོ་དགོས་པ་ལས་ཕྱོགས་གཏོགས་དང་འགོ་འདྲེན་ལ་སྐྱབས་བཅོལ་ནས་མིང་དང་སྒོ་གནས་གཞན་ཟེར་རྗེས་འབྲང་བྱས་འབྲེལ་བཤད་རིང་ཙམ་ཐུང་ཙམ་རྒྱག་ཐུབ་པ་ཙམ་གྱི་ང་ཚོའི་རྩ་དོན་ནམ་ཡང་སྒྲུབ་མི་ཐུབ་ན་སངས་རྒྱས་ཀྱིས་ཆོས་གསུང་སྐབས་མདོ་བསྔགས་གཉིས་བཟུང་དུ་སྦྲེལ་ནས་གསུང་འདུག་ལ་ཕོ་མོ་གཉིས་འདུས་ནས་བུ་ཕྲུག་སྐྱེས་འཕེལ་བྱེད་བཞིན་པ་དང་དྲོད་ཤེར་གཉིས་འཛོམས་ནས་ས་ལ་འབྲས་བུ་སྨིན་པ་དང་ལག་གཉིས་ཀྱིས་དགའ་བསུ་དང་ཕྱག་རྒྱ་བཅོས་དགོས་པ་དང་མང་གཙོའི་སྲིད་གཞུང་ཞིག་ལ་ཆ་མཚོན་ན་ཡང་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་གཉིས་ནས་གཞུང་འཛིན་དགོས་པ་དང་མི་འགྲོ་སའི་ལམ་ལ་ཆ་མཚོན་ན་གཞུང་ལམ་དང་མགྱོགས་ལམ་བསྐོར་ལམ་སོགས་ཡོད་ལ་འཕྲུལ་ཆས་ལ་ཆ་མཚོན་ན་ཡང་གནམ་གྲུ་དང་སྣུམ་འཁོར་མེ་འཁོར་སོགས་ཡོད་པ་ལྟར་ཆོས་སྲིད་ཀྱི་བྱ་བ་ག་འདྲ་ཞིག་བསྒྲུབ་དགོས་ནའང་འདམས་ང་མེད་པར་ལྟ་སྒྲུབ་གཅིག་དང་ལམ་གཅིག་་གི་བརྒྱུད་ནས་ནམ་ཡང་འགྲུབ་མི་ཐུབ་པ་ནས་ང་ཚོ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་རྩ་དོན་བསྒྲུབ་པ་ལ་དབུ་མའི་ལམ་དང་རང་བཙན་གཉིས་མགོ་དང་མཇིངས་པ་ལྟར་ནམ་ཡང་ཁ་བྲལ་ཐབས་མེད་པའི་བོད་དོན་བདེན་མཐའ་གསལ་ཐབས་སུ་ཐབས་ལམ་ངོ་མ་དེ་ཡིན་པ་ནས་རྒྱལ་ཁབ་ཞིག་གསོན་པོར་འཛམ་གླིང་རྒྱལ་སྤྱིའི་མཉམ་འཚོ་དགོས་ན་རང་བཙན་ལས་གཞན་དུ་ཁ་ཕྱོགས་ས་མེད་པ་དང་བོད་མི་རིགས་ལ་འཕྲད་པའི་དཀའ་ངལ་གསེལ་རྒྱུའི་ཐབས་ལམ་བཟང་བཤོས་དེ་དབུ་མའི་ལམ་ཡིན་པ་(གོང་ས་མཆོག་ནས་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་བཞི་པའི་ཚོོགས་དུས་དགུ་པར་ཕེབས་པའི་གསུང་འཕྲིན་རིན་པོ་ཆེའི་ནང་འདི་ལྟར་ ( སེ་ཏྲས་སི་སྦག་གི་གྲོས་འཆར་ལ་རྒྱ་གཞུང་གི་བསམ་ཞིབ་གོ་བསྡུར་བྱེད་ཐབས་མེད་པའི་ཚིག་ཐག་གཙང་གཅོད་བྱུང་བར་བརྟེན་རང་བཞིན་ནུས་མེད་དུ་གྱུར་ ཕྱི་ལོ་ཉི་སྟོང་གཉིས་ནས་འབྲེལ་མོལ་བསྐྱར་མཐུད་བྱས་པ་ནས་བཟུང་བོད་མི་རིགས་ཡོངས་ཀྱི་འབྱུང་འགྱུར་གྱི་གནས་བབ་ཁོ་ན་བརྗོད་གཞིར་བཟུང་སྟེ་གླེང་མོལ་བྱས་འབྲས་སུ་རྒྱ་གཞུང་གི་ལངས་ཕྱོགས་ལ་བསམ་ཞིབ་ཀྱིས་རང་ཕྱོགས་ནས་མཁྲེགས་བཟུང་མ་བྱས་པར་དངོས་དོན་དང་བསྟུན་ཏེ་གུ་བཤང་གང་ཐུབ་བྱས་ཚུལ་ལོ་དུས་སོ་སོའི་གསུམ་དུས་གསུང་འཕྲིན་སོགས་སུ་གསལ་བཤད་བྱས་ཡོད་པ་བཞིན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལག་ལྟར་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་ཅིང་དེ་ལ་རྒྱ་ཕྱོགས་ནས་འཁྱོགས་བཤད་བྱས་པ་རྣམས་གསེད་དཀྲོལ་སླད་འདི་ལོ་འབྲེལ་མོལ་དགུ་པའི་སྐབས་འགྲེལ་བརྗོད་ཅིག་སྤྲད་པ་བཅས་ཡིག་ཆ་དེ་དག་ད་ཆ་མང་ཚོགས་ཀྱི་མིག་ལམ་དུ་གྱུར་ཟིན་)
ཅེས་གསལ་བ་ནས་མི་མང་གི་འགི་འཁྲིད་མཁན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་ཟུར་གནས་མཁས་དབང་སོགས་ནས་དབུ་མའི་དང་རང་བཙན་བར་འབྲེད་བཤད་རིང་ཙམ་ཐུང་ཙམ་རྒྱབ་ནས་ཞི་བའི་མི་མང་མགོ་སྙོགས་ནང་དུས་ཚོད་བཏང་ནས་སྡོད་མ་དགོས་པའི་འབོད་བསྐུལ་འདི་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་དུ་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་དབུ་མའི་ལམ་དང་རང་བཙན་བར་གྱི་རྣམ་དཱོགས་སེལ་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་ཐུབ་པ་ལ་རང་དབུ་གཉིས་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཐུབ་པའ་ིཡིད་ཆེས་དང་བཅས་།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

བསམ་ཚུལ།

Post navigation

Previous Post: སྤུ་རྒྱལ་ཞེས་པའི་ཐ་སྙད་ལ་དཔྱད་པ།
Next Post: ཀུ་ཐང་ཕུག་རོན་ཕུག་མཇལ་བ། ༡༽

Comments (3) on “དབུ་མའི་ལམ་དང་རང་བཙན་བར་གྱི་ངོས་འཛིན་ལ་དཔྱད་པའི་གཏམ།”

  1. ཨ་འབར་འཇིགས་དབང། says:
    2017-12-27 at 11:42 pm

    ༄༅། དབུ་མའི་ལམ་དང་་་་རང་བཙན་གཉིས་ལ་ཁྱེད་པར་ཆེན་པོ་འདུག་སྙམ།
    དགོས་རྒྱུ་རང་བཙན་ཡིན་ཡང་་་སྒྲུབ་ཐབས་མེད་པ་དང་རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་
    བྱེད་མཁན་མེད། དབུ་མའི་ལམ་ལ་དངོས་དོན་གྱི་རྒྱལ་ཁབ་མང་པོའི་རྒྱབ་སྐྱོར་དང་རྒྱ་ནག་
    གཞུང་ནས་ཀྱང་བསམ་བྱོ་ངེས་པར་གཏོང་དགོས་པ་ཞི་ཆགས་ཡོད་པ་རེད་།་དབུ་ལམ་ལ་ངོས་
    འཛིན་མི་བྱེད་ཐབས་མེད་ཞིག་རེད།
    རང་བཙན་ཞེས་ཁ་སྐམ་པོས་བརྗོད་པར་མི་འགྲིགས་། མཚོན་ཆ་དགོས་།
    དམག་མི་དགོས། དཔལ་འབྱོར་དགོས་པ་ཡིན་། རྒྱལ་ཁབ་སུ་གཅིག་གི་ང་ཚོར་རྒྱབ་
    སྐྱོར་བྱེད་མཁན་མེད་པ་ཤེས་དགོས།

    དེ་ལས་

  2. ཀརྡོ་རབ་འབྱམས་པ་ says:
    2017-12-28 at 1:44 am

    #1 ཨ་འབར་འཇིགས་དབང། ་ལགས་ཀྱིས་སྤེལ་དོན།: ལ་རྒྱབ་སྐྱོར་ཡོད།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-28 at 3:19 am

    རྒྱལ་ཁབ་མངའ་དབང་རང་བཙན་འོག་ཏུ་གནས་།
    མི་རིགས་རང་དབང་དབུ་ལམ་འོག་ཏུ་སྲུངས་།
    དེ་གཉིས་མ་ནོར་ཆབ་སྲིད་རིག་པས་འགན་།
    བོད་མིའི་ལས་དབང་རང་དབུའི་འོག་ཏུ་འཚོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme