Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་གྱི་སྲིད་ཇུས་ལ་ལོག་ལྟ་བྱེད་མཁན་ཚོས་ཉོན་ཨ།

Posted on 2021-03-262021-03-26 By ཁ་བརྡ 3 Comments on དབུ་མའི་ལམ་གྱི་སྲིད་ཇུས་ལ་ལོག་ལྟ་བྱེད་མཁན་ཚོས་ཉོན་ཨ།

འཛུམ་ཤུལ་ཐབས་མཁས།

དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་དོན་ཚན་གང་ཞིག་མི་འགྲིག་པའི་རྒྱུ་མཚན་ཡང་དག་བཤད་རྒྱུ་མེད་པར་”རང་བཙན་དང་ཕྱེད་རང་བཙན་།༽”རྣམ་པ་འགྱུར་བའི་རང་བཙན”ཞེས་སྤྱི་བམ་གྱི་དགག་པ་རྒྱག་མཁན་ནི་རྒྱ་ནག་དམར་ཕྱོགས་ཚོགས་པའི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཡིན་ལ། དེ་དག་གིས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་གཏོར་སོང་ལ། ཁོ་བ་ཚོས་འདོད་པའི་རྒྱལ་ཁབ་བདེ་འཇགས་ལ་འང་གནོད་སྐྱོན་ཚབས་ཆེན་བཟོས་ཡོད།

བཙན་བྱོལ་ནང་དུའང་དེ་དང་ཕྱོགས་འདྲ་བར་རང་ངོ་རང་གི་མི་ཤེས་པ་ཁ་ཤས་ཀྱིས་ཁ་ཡོད་ལག་

ཡོད་ཀྱི་རྩོད་ཐུབ་པའི་བོད་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་དགོས་པ་དང་།ཆོལ་གསུམ་མཐུན་སྒྲིལ་སོགས་བོད་མིའི་གཞི་རྩའི་དགོས་མཁོ་རྣམས་སྣང་མེད་ཐོག ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་མི་རབས་རྒན་པའི་དཀའ་སྡུག་གི་རྔུལ་ཆུས་བསྐྲུན་པའི་དཀོར་ཟས་བག་མེད་ལོངས་སུ་སྤྱོད་བཞིན་རང་སྣང་གང་ཤར་ཐོག་སྤྱི་འཐུས་ར་བ་ནི་ཆོས་བརྒྱུད་སྤྱི་འཐུས་ཀྱི་མིང་འཛིན་པ་ཁ་ཤས་ཀྱིས་ཆོལ་ཞེན་གྱི་གཡུལ་ས་ལྟ་བུར་བསྒྱུར་བཞིན་པ་དང་།

རྒྱལ་སྤྱིའི་གནས་བབ་དང་བོད་ནང་གི་བོད་མིའི་ཚེ་སྲོག་ལ་འགན་ཁུར་ཅི་ཡང་མེད་པར་རང་སྣང་གང་དྲན་གྱིས་སྨྱོན་པའི་ཀུ་ཅོ་བསྒྲགས་མཁན་དེ་དག་ཉོན་ཨ། 

དབུ་མའི་ལམ་གྱི་སྲིད་ཇུས་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་དགུང་ལོ་བཅུ་དྲུག་ནས་དབུ་སྐྲ་དཀར་པོའི་བར་རྒྱ་ནག་དང་མཉམ་དུ་བོད་མི་རིགས་ཀྱི་དཀའ་ངལ་སེལ་ཆེད་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་དང་བཙན་བྱོལ་བོད་གཞུང་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་སོགས་མང་གཙོའི་སྒྲིག་འཛུགས་ཀྱི་གྲོས་ལ་དབང་བ་རྣམས་ཀྱིས་དཔྱད་བསྡུར་རིམ་པར་གནང་རྗེས། ཕྱི་ལོ་༡༩༧༤ ལོར་རང་བཙན་བསྐྱར་གསོའི་ཚབ་ཏུ་ཆོལ་གསུམ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་ཐབས་ཀྱི་འོ་མ་སྲུབ་པའི་མར་གྱི་ཉིང་ཁུ་ཡིན་པ་ཤེས་པར་གྱིས།དབུ་མའི་ལམ་གྱི་སྲིད་ཇུས་ནི་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་དབུ་ཁྲིད་ནུས་པའི་རྗེ་བོ་རྣམ་དཔྱོད་ཅན་གྱི་ཤེས་རབ་ཀྱི་རྩལ་ལས་ཐོན་པའི་ཐབས་མཆོག་ཅིག་ཡིན་པ་ཤེས་པར་གྱིས།དབུ་མའི་ལམ་གྱི་སྲིད་ཇུས་ནི་འཛམ་གླིང་གི་མཁས་པ་དང་ཚན་རིག་པ་བོད་མི་བསམ་བློ་བ་དང་རྒྱ་ནག་གི་ཤེས་ཡོན་པ་སོགས་ལ་ཞིབ་བསྡུར་མང་དུ་བྱས་ནས་ཡིག་ཐོག་ཏུ་ཕབ་པའི་གཞུང་ལུགས་ཤིག་ཡིན་པ་ཤེས་པར་གྱིས།དབུ་མའི་ལམ་གྱི་སྲིད་ཇུས་ནི་ཕྱི་ལོ་༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཚད་མཐོའི་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་པ་དང༌། ༢༠༡༠ ཟླ་༣ ཚེས་༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་རྒྱབ་སྐྱོར་བྱུང་བ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ཡིན་པ་ཤེས་པར་གྱིས།དབུ་མའི་ལམ་གྱི་སྲིད་ཇུས་ནི་བློ་བུར་གནམ་ནས་ཟག་པ་མ་ཡིན་པར་ཨ་རིའི་ཕོ་བྲང་དཀར་པོའི་ནང་༧གོང་ས་མཆོག་གི་ཐུགས་རྗེ་གཟི་བྱིན་དང་ལྷན་ཨ་རིའི་སྲིད་འཛིན་རིམ་པས་རྒྱབ་སྐྱོར་ཐོབ་པའི་ཚད་མཐོ་བའི་སྲིད་ཇུས་ཤིག་ཡིན་པ་ཤེས་པར་གྱིས། དབུ་མའི་ལམ་གྱི་སྲིད་ཇུས་ནི་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཕྱི་ལོ་༢༠༢༠ཟླ་༡༢་ཚེས་༢༡ཉིན་གཏན་ལ་ཕབ་པ་དང་ཨ་རིའི་སྲིད་འཛིན་(Trump)ཊོམ་ཕུ་མཆོག་གིས་ཕྱི་ལོ་༢༠༢༡ ལོའི་ཚེས་༢༧་ཉིན་དངོས་སུ་མཚན་རྟགས་བཀོད་པའི་ཨ་རི་གཞུང་གི་རྩ་འཛིན་ཁྲིམས་ཡིག་ཅིག་ཡིན་པ་ཤེས་པར་གྱིས། དབུ་མའི་ལམ་གྱི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་བརྟག་དཔྱད་ཞིབ་འཇུག་ཟབ་མོས་གཏན་ལ་ཕབ་པའི་བོད་ནང་གི་བོད་མི་རྣམས་འཇུག་བདེ་བ་དང་། རྒྱལ་སྤྱིའི་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཁག་ལ་ཁྲིམས་དང་ཆབ་སྲིད་ཀྱི་འགོག་རྐྱེན་མེད་པ་མ་ཟད། དེ་ལ་རྒྱབ་སྐྱོར་བྱེད་མཁན་མང་བ་དང་།བོད་རྒྱ་མི་རིགས་བར་སྐད་ཆ་བཤད་པའི་ཁོར་ཡུག་ཡོད་པ་སོགས་མིག་མཐོང་ལག་ཟིན་ཡིན་པ་ཤེས་པར་གྱིས།དེ་ལྟར་ཤེས་བཞིན་དུ་ཁ་ཕྱོགས་གཞན་ལ་བསྒྱུར་བ་དང་དབྱེན་དཀྲུག་བྱེད་པའི་མ་རུང་བའི་ལས་ཀ་རྩོམ་མཁན་དེ་དག་ནི་ལས་ཀའི་ངོ་བོའི་ཆ་ནས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་དབྱེན་དཀྲུག་བྱེད་མཁན་ཚོ་དང་གཉིས་སུ་མེད་དོ།།

ད་རེབ་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ཟེར་བ་དེས་ཀྱང་སྤྱི་འཐུས་ར་བ་ནས་”ང་ལམ་དབུ་མའི་སྐོར་ལ་བཤད་འདོད་མེད།”དེ་ལ་རེ་བ་བྱེད་ཀྱི་མེད།”དེ་ལ་ཡིད་ཆེས་ཀྱི་མེད”དེ་དད་པ་བྱེད་སའི་ཡུལ་མ་རེད་ད”སོགས་སྤྱི་འཐུས་ལས་ཐོག་པ་ཞིག་གིས་ངོས་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་མང་མོས་ཀྱི་གཏན་ལ་ཕབ་པའི་ཆབ་སྲིད་ལངས་ཕྱོགས་ལ་རྒྱབ་འགལ་བྱས་པ་ནི་རང་ཉིད་ཀྱི་མཆོག་གསུམ་དཔང་དུ་བཞག་ནས་རྩ་ཁྲིམས་ལ་བརྩི་བཀུར་བྱེད་རྒྱུ་ཡིན་ལུགས་ཀྱི་དམ་བཅའ་དང་འགལ་བར་མ་ཟད།  “དེ་དད་པ་བྱེད་སའི་ཡུལ་མ་རེད་ད”ཞེས་དབང་ལུང་མན་ངག་ཞུ་སའི་བླ་མའི་བཀའ་ལ་ཟུར་ཟ་དང་ལོག་ལྟ་བྱེད་སྟངས་འདི་དག་རྒྱ་ནག་དམར་པོའི་གཞུང་དང་དབུ་མའི་ལམ་གྱི་སྲིད་ཇུས་གཉིས་ནོར་བ་འདྲ་སྟེ་དབུ་མའི་ལམ་གྱི་སྲིད་ཇུས་དོན་ཚན་གང་ཞིག་གིས་ཁྱོད་ལ་དད་ལོག་དང་ཡིད་ཆེས་མེད་པར་བཟོས་སོང་ངམ།གོ་ཐོས་ལྟར་ན་ཟླ་ངོ་ཤས་ཀྱི་སྔོན་ལ་གྲྭ་ཆོས་གྱོན་པའི་དགེ་བཤེས་མིང་ཅན་དེས་ཁྲིམས་ཞིབ་ཁང་གི་མི་ཞིག་ལ་ཁ་ཁྲག་སྣ་ཁྲག་བཏོན་ནས་ཁྲག་གི་འཁོར་ལོ་སྐོར་བའི་གནས་ཚུལ་ཡ་ང་བ་བའི་བྱ་སྤྱོད་དེ་ནི་རྒྱབ་ལ་ཆོས་གོས་གྱོན་པའི་དགེ་བཤེས་ཞིག་གི་སྤྱོད་ཚུལ་ཕར་ཞོག ཁྱིམ་པ་ཡ་རབས་ཞིག་ལས་ཀྱང་ཐབས་སྡུག་པ་མ་རེད་དམ།དེ་ལས་ཚབས་ཆེ་བ་ཞིག་ལོ་སྔོན་མར་རྒྱ་གར་རྒྱལ་ས་ལྡི་ལི་ནས་རྒྱ་ནག་གི་གསང་ཉུལ་བ་བློ་ཙང་ཟེར་བ་འཇུ་བཟུང་བྱས་པ་དེར་གོ་བོ་བློ་ཕན་གྱིས་ཆོལ་ཁུངས་ལག་འཁྱེར་ཡིག་ཆ་བཟོ་རོགས་བྱས་པའི་གནས་ཚུལ་སྤྱི་ཚོགས་ནང་ཐོས་རྒྱུ་ཡོད་པ་དེ་ཚོ་དངོས་བདེན་ཡིན་ཚེ།ཆོལ་ཞེན་ཁོ་ནའི་དུག་གིས་བཟི་བའི་སྤྱོད་པ་ཐོ་ཅོ་ཅན་གྱི་མི་འདི་དག་གིས་དབུ་མ་དང་རང་བཙན་བར་ལ་བསམ་བཞིན་དབྱེན་དཀྲུག་གི་ལས་གཞི་ཞིག་རྩོམ་བཞིན་ཡོད་པ་དོག་པ་མི་ཟ་རང་ཟ་རང་རེད།

དེ་དང་ལྷན་ཅིག་མིག་མེད་གཡང་མཆོངས་བྱེད་པ་དང་འདྲ་བར་སྤྱི་འཐུས་ལས་ཐོག་པ་ཨ་ཀྲུག་ཚེ་བརྟན་ཟེར་བ་དེས་ཀྱང་རྐུན་རྒྱབ་ཇག་ལངས་ཀྱི་དཔེ་ལྟར་

ལམ་ནོར་ལྡོག་ཤེས་མེད་པར་མཁས་མང་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག་གི་ཕྱག་བྲིས་ལ་ངོ་རྒོལ་ལྟ་བུར་”རི་བོ་དགེ་ལྡན་པའི་བསྟན་པ་སྤྱི་དང་།དཔལ་ལྡན་འབྲས་སྤུངས་ཆོས་སྡེ། མཁས་མང་བློ་གསལ་གླིང་གྲྭ་ཚང་། མཁན་རིན་པོ་ཆེ་མཆོག་གི་མཚན་མཐོང་གཟི་བརྗོད་ལ་གནོད་ཚུལ་”སོགས་ཁྲག་གི་འཁོར་ལོ་སྐོར་མཁན་གྱི་དགེ་བཤེས་མིང་ཅན་གོ་བོ་བློ་ཕན་ལ་ཕར་མི་བཤད་པར།བྱིས་པ་བསམ་མེད་ཞིག་གིས་སངས་རྒྱས་ལ་སློབ་གསོ་བྱེད་ཁུལ་དང་འཇིགས་སྐུལ་ལྟ་བུས་རྒན་རིན་པོ་ཆེ་ལ་གུས་བཀུར་དང་བརྩི་འཇོག་ཙམ་ཡང་མེད་པར་ཐད་ཀར་ཁ་ལན་ཚིག་ལན་སློག་སྟེ།ངོ་ཚ་ཁྲེལ་མེད་ཀྱི་ལས་ལ་འཇུག་རྒྱུ་ཇི་མི་སྙམ་པར་སྐྱུགས་བྲོ་བའི་བྱ་སྤྱོད་འདི་རིགས་སྤེལ་མཁན་ནི་ཉི་མའི་འོད་ལ་སྲིན་བུ་མེ་འཁྱེར་འགྲན་པ་ལྟར་རང་མཚང་ཕྱི་ལ་མངོན་པ་ཁོ་ནའོ།ཁྱོད་ལ་གོ་བརྡ་སྤྲོད་པ་ནི་བ་གླང་ལ་མི་སྐད་སྨྲ་བ་དང་མཚུངས་པས་སྤྱི་འཐུས་ནང་དུ་མི་འདི་ལྟ་བུ་དག་སླེབས་པ་ནི་ཤིན་ཏུ་རབ་ཏུ་ནས་ཡིད་སྐྱོ་བའི་གནས་སོ། །

དབུ་མའི་ལམ་གྱི་སྲིད་ཇུས་ནི་ལག་ན་དམག་དཔུང་གི་གོ་མཚོན་མེད་པ་དང་རྒྱབ་ན་སྟོབས་འབྱོར་གྱི་མཐུན་རྐྱེན་མེད་པའི་ད་ལྟའི་བཙན་བྱོལ་བའི་དཔུང་སྡེ་ཆུང་ཆུང་འདིའི་ཚེ་སྲོག་གི་སྟོབས་ཤུགས་ཡིན་པ་ཤེས་ཀྱི་མེད་པ་ཡིན་ནམ།ཡང་ན་ཤེས་ཀྱང་མ་ཤེས་པའི་ཁུལ་གྱིས་ནང་ཁུལ་ལ་མི་འཐུན་པའི་དབྱེན་སྦྱོར་གྱི་ལེའུ་གཞན་ཞིག་འཁྲབ་གི་ཡོད་དམ། ཁུ་ཚུར་ཁོ་ན་གནམ་ལ་འཕྱར་བ་དང་སྐད་ཤུགས་མཐོ་ན་གནས་ལུགས་ཡོད་པར་སྙམ་པའི་དུས་རབས་དེ་མཇུག་རྫོགས་ཡོད་པ་ཁྱེད་ཀྱིས་ཤེས་ལ་ངས་ཀྱང་རྟོགས་སོ།།   སྤྱིར་ང་ཚོ་སུ་ལའང་རྒྱལ་ཁབ་དང་རང་བཙན་ཐོབ་ན་ཅིའི་ཕྱིར་མི་དགའ་སྟེ་དགྲ་བོའི་ལག་རོགས་ཞིག་མིན་ན་ཚང་མ་དེ་ལ་དགའ་ངེས་ཡིན།  ཡིན་ནའང་ང་ཚོ་ལ་དམག་དཔུང་དང་སྟོབས་འབྱོར་སོགས་ཕྱོགས་གང་ཐད་ནས་ད་ལྟ་དེས་ནུས་པ་ཡོད་དམ་ཞེས་རང་གིས་རང་ལ་དྲི་བ་རེ་དྲིས་ན་”རུམ་ན་ཇི་ཡོད་ལག་པ་གསལ་རྒྱུ་རེད།”མང་གཙོ་དང་རང་དབང་ལུང་པའི་ནང་དུ་སྐད་འབོད་བྱས་ན་སྐྲག་ས་དང་འཇིགས་ས་ཅི་ཡང་མེད་པས་”བོད་རང་བཙན་ཡིན”ཞེས་ཅི་ལྟར་འུར་རྒྱབ་རུང་ཁྱེད་ལ་རྒྱབ་ན་དམག་དཔུང་གི་བོའུ་ཁ་སྐོར་མཁན་མེད་ལ། མདུན་ན་ཉེན་རྟོག་པའི་བཙན་ཁྲིད་བྱེད་མཁན་ཡང་མེད། ཁྱེད་ལ་རྐང་ལྕགས་དང་ལག་ལྕགས་བྱས་ནས་མུན་ནག་པའི་བཙོན་ཁང་དུ་ལྟོག་སྐོམ་དང་མནར་གཅོད་ཀྱི་གོ་རིམ་ཅི་ཡང་མེད་དོ།།

སྤྱིར་ང་ཚོའི་སྟོབས་ཤུགས་གང་དུ་ཡོད་པ་མི་ཤེས་པ་དང་ང་ཚོའི་འཐབ་ཡ་ཇི་འདྲ་ཞིག་ཡིན་མི་ཤེས་པར་བླུན་ཚིག་དང་འོལ་ཚོད་ད་དུང་འུར་ལ་དགའ་བ་ཙམ་གྱིས་བོད་ཀྱི་བདེན་མཐའ་དེ་ནམ་ཡང་གསལ་ཐབས་མེད་དོ།

དེའིི་ཕྱིར་བོད་ནང་དུའང་ལག་ལེན་འཐབ་རྩོད་བྱེད་བདེ་བ་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པའི་མི་རིགས་རང་སྐྱོང་གི་སྲིད་ཇུས་བོད་མིའི་གཞི་རྩའི་དགོས་མཁོ”དོན་ཚན་བཅུ་གཅིག”ལྟ་བུའི་ལག་པ་སྙོབས་ས་ཞིག་མི་བཙལ་བར་རྐང་པའི་ཐོག་ཡག་པོ་འགྲོ་མི་ཤེས་པ་ཞིག་གནམ་ལ་འཕུར་འདོད་ཀྱི་རྨི་ལམ་རིང་མོ་དེ་སྟོང་བསམ་དང་ངལ་བའི་རྒྱུ་ལས་མ་འདས་པས་གཡམ་རྒྱུགས་དང་འུར་འདྲོག་བྱས་ནས་གཞོན་ནུ་མང་པོ་ཞིག་གི་མདུན་ལམ་གཡང་གཟར་ནས་གཡུག་པ་ནི་ཨ་རེ་ཕངས།

ཁྱོད་ཚོས་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་གི་ཆེད་དུ་འཐབ་རྩོད་གནང་གི་ཡོད་ན།

བོད་ནང་དུ་རང་བཙན་ཞེས་པའི་ཚིག་འདི་ཁ་ནས་སྒྲོག་པ་ཙམ་གྱིས་”རྒྱལ་ཁབ་ཁ་བྲལ་”གྱི་ཉེས་མིང་འོག་ཚེ་སྲོག་ལ་རྒོལ་བ་དང་ཚེ་བཙོན་ནས་ལོ་བཅུ་ཕྲག་ཁ་ཤས་ལ་བཙོན་ཁང་དུ་འདུག་དགོས་པ་ཁྱེད་ཀྱི་ཨེ་ཤེས།  མི་སུ་ཞིག་རང་སྐྱོང་གི་གནས་བབ་རྩོད་པའི་མིང་ཐོག་ནས་སྲོག་ཁྲིམས་དང་ལོ་བཅུ་ཕྲག་ཁ་ཤས་ལ་བཙོན་དུ་སོང་མྱོང་ངམ། དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་། ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ཡིག་ཐོག་ན་ཡོད་པ་དེ་གཞི་ལ་བཞག་ནས་འཐབ་རྩོད་གནང་ཚེ་དེ་ཕྱོགས་ན་ང་ཚོ་ལ་རེ་བ་དང་མདུན་ལམ་ཞིག་ཡོད་པས་ཡིན། དེ་ནི་ང་ཚོའི་ལག་ཆ་ཞིག་དང་སྟོབས་ཤུགས་ཞིག་མ་ཡིན་ནམ།དེའི་ཕྱིར་ང་ཚོས་”མིང་དོན་མཚུངས་པའི་རང་སྐྱོང་”དང་ཁ་ཡོད་ལག་ཡོད་ཀྱི་རང་སྐྱོང་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད། 

ཁོ་བ་ཚོས་མ་ཉེས་ཁ་གཡོག་བྱེད་ས་གཙོ་བོ་དག་ནི།རང་བཙན་རྩོད་ཀྱི་མེད་ནའང”་རང་བཙན་”དང་”རྒྱལ་ཁབ་ཁ་བྲལ། “འཇིགས་སྐུལ་རང་ལུགས་པ་སོགས་”ཉེས་མིང་འདི་དག་བསམ་བཞིན་དུ་ཉེས་མེད་ལ་ཉེས་འགེལ་བྱེད་བཞིན་པའི་སྐབས་སུ་ཅིའི་ཕྱིར་ང་ཚོས་ལག་ཆ་དེ་དག་དགྲ་ལག་ལ་སྤྲོད་དགོས་པ་ཡིན་ནམ།ཅིའི་ཕྱིར་ཤ་ཁྲག་གཅིག་པའི་སྤུན་ཟླ་གྲངས་མེད་ཅིག་ལ་ཉེས་མེད་ཉེས་འགལ་བྱེད་དུ་འཇུག་དགོས་པ་ཡིན་ནམ། 

གལ་ཏེ་ཁྱེད་ཀྱིས་རང་བཙན་ཀྱི་སྐད་འབོད་དེ་སྤྱི་འཐུས་ར་བ་དང་རང་དབང་ལུང་པའི་ནང་ངར་སྐད་ཇི་ལྟར་ཆེ་ནའང་། བོད་ནང་གི་རང་གི་ཤ་ཁྲག་གཅིག་པའི་སྤུན་ཟླ་དེ་ཚོ་འཆི་ལམ་དུ་འདེད་པའི་དགྲ་བོའི་ལག་ཆ་ཡིན་པ་ཤེས་པར་གྱིས།  

དོན་དངོས་སུ་མི་འདི་དག་གིས་རང་བཙན་ཁ་ལ་འཁྱེར་ནས་སྤྱི་འཐུས་ར་བའི་ནང་དུ་ཆོལ་ཞེན་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཙམ་ལས་བོད་རང་བཙན་དང་དབུ་མའི་ལམ་ལ་དོན་ཕན་གྱི་ལས་ཀ་ཅི་ཡང་བྱེད་ཀྱི་མེད་དོ།།

༢༠༢༡/༣/༢༠ ཉིན་ཨོ་གླིང་ནས་བྲིས།

བསམ་ཚུལ།

Post navigation

Previous Post: ཨ་རོ་ཡེ་ཤེས་འབྱུང་གནས་དྲན་པའི་ངག་ 《 སྒྱུ་མ་ཆེན་པོ་ 》
Next Post: ཁ་བརྡའི་གསལ་བསྒྲགས།

Comments (3) on “དབུ་མའི་ལམ་གྱི་སྲིད་ཇུས་ལ་ལོག་ལྟ་བྱེད་མཁན་ཚོས་ཉོན་ཨ།”

  1. Gtsdj says:
    2021-03-27 at 10:21 am

    ཚོད་བལྟ་བྱེད་བཞིན་ཡོད། ཉེ་ཆར་ཁ་བརྡའི་སྟེང་མཆན་འགོད་མི་ཐུབ་པར་གྱུར་སོང་།

  2. བསོད་ནམས། says:
    2021-03-27 at 8:40 pm

    དབུ་མའི་ལམ་ནི་མགོ་འདོགས་རིང་ལུགས་པ་རེད། དེ་ལ་ལོག་རྟོག་ལབ་དགོས་ཡ་ཡོད་བ་མ་རེད། འོན་ཀྱང་། ང་ཚོ་འུ་ཐུག་ནས་གནས་རིམ་འདི་ལ་བབས་པ་ལས་སྤོབས་པ་སྐྱེས་དགོས་བ་ཞིག་མིན།

  3. Lob sang tenzin says:
    2021-03-28 at 4:49 pm

    བསམ་བློ་གཏོང་རྒྱུ་ཡོད་ཁན་ཞིག་ཡིན་ན་བོད་མིའི་མ་འོངས་རྩ་དོན་འགྲུབ་རྒྱུར་ཐབས་ལམ་དེ་ལས་ལེགས་པ་ཞིག་མེད།
    དབུ་མའི་ལམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme