Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་གྱི་མནབ་བཟའ།༼དགེ་རྒན་ཆབ་བྲག་ལྷ་མོ་སྐབས་ལགས་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་ལ་བསམ་ཚུལ་སྤེལ་བ༽

Posted on 2010-06-06 By དབང་ཕྱུག་ 8 Comments on དབུ་མའི་ལམ་གྱི་མནབ་བཟའ།༼དགེ་རྒན་ཆབ་བྲག་ལྷ་མོ་སྐབས་ལགས་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་ལ་བསམ་ཚུལ་སྤེལ་བ༽

དབུ་མའི་ལམ་གྱི་མནབ་བཟའ།
༼དགེ་རྒན་ཆབ་བྲག་ལྷ་མོ་སྐབས་ལགས་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་ལ་བསམ་ཚུལ་སྤེལ་བ༽

བོན་རྒྱ་བསྟན་འཛིན་རབ་རྒྱས།

ཆེས་བཀུར་བར་འོས་པའི་དགེ་རྒན་ལྷ་མོ་སྐྱབས་ལགས། ཁ་སང་ཁྱེད་ཀྱིས་བློ་བཟང་སེང་གེའི་རྩོམ་ཡིག་ལ་སྤེལ་བའི་བསམ་ཚུལ་སྔ་ཕྱི་གཉིས་ཀ་གནད་འགག་ཅན་ཞིག་ཡིན་རྒྱུ་རེད་དེ། ངའི་བསམ་པ་ཞིག་ལ། མང་ཚོགས་ཀྱི་སེམས་གསོ་ཞིག་དང་སྤྱིར་བཏང་གི་འུད་བསྟོད་ཅིག་ལས་དངོས་ཡོད་ཅིག་གསལ་བར་བཤད་ཡོད་པའི་ཚོར་སྣང་མ་བྱུང་ཐལ། རྒྱུ་མཚན་ནི། ཧ་ཅང་མང་པོ་མང་པོ་ཞིག་གི་སྟེང་ནས་བལྟས་ན་ཁྱེད་ཀྱི་གསུང་ཚིག་གཅིག་ལའང་འགྲིག་རྟགས་རྒྱག་དཀའ་བས་སོ། །
སྐུ་ཉིད་ཀྱིས་གསུངས་ན། “བོད་གནས་ཡོད་པ་བོད་པས་ཤེས་ལ། རྒྱལ་སྤྱིས་ཤེས། རྒྱ་ནག་གིས་ཀྱང་ཤེས་སོ་”ཟེར། ད་དུང་”བོད་པས་བོད་པ་རང་ས་ན་ཤི་མ་གསོན་དུ་གནས་བ་དང་། རྒྱལ་སྤྱིས་འགྱེལ་ས་ནས་ལངས་པ། རྒྱ་ནག་གིས་དུར་ས་ན་རོ་ལངས་རྒྱག་བཞིན་པ་ཤེས་སོ་”ཟེར། དངོས་ཡོད་གནས་ཚུལ་ལ་འུ་ཅག་འདི་འདྲ་ཞིག་རེད་དམ་ཅེས་ནན་གྱིས་དྲིས་ན་སྐུ་ཉིད་ཀྱིས་ཀྱང་རྐང་པ་ས་ལ་བརྟན་པོར་འཛུགས་ཐུབ་རྒྱུ་མ་རེད། རྒྱུ་མཚན་ནི། འུ་ཅག་གི་རང་ས་ལོ་རེ་ནས་ཟླ་རེ་དང་། ཟླ་རེ་ནས་ཉིན་རེ་བཞིན་ཤོར་གྱིན་པ་དང་འགྱུར་གྱིན་པ་མ་ཟད། རང་མི་ལོ་རེ་ནས་ཟླ་རེ་བཞིན་འཐོར་བཞིན་ཡོད་ལ་འགྱུར་གྱིན་ཡོད་པས་སོ། སྐབས་འདིའི་འགྱུར་བ་ནི་གཙོ་བོ་མི་རྒྱུད་ལ་ངོས་བཟུང་ན་འགྲིག འུ་ཅག་གི་མི་རྒྱུད་ནང་རྒྱ་རྒྱུད་དང་དབྱིན་རྒྱུད་སོགས་འདྲེས་ཀྱིན་ཡོད། དེའི་དབང་གིས་མི་རིགས་ཀྱི་གོམས་གཤིས། སྐད་ཡིག ཆོས་ལུགས་དང་བཅས་པ་ཉེན་ཁའི་ཕྱོགས་སུ་ཁད་ཀྱིས་ཆས་བཞིན་ཡོད། འདི་འགྱེལ་ས་ནས་ལངས་སྟངས་རེད་དམ། འགྱེལ་ས་ནས་ཤི་སྟངས་རེད། ངས་བལྟས་ན་ཕྱི་མ་དེ་རེད།
བཀུར་འོས་དགེ་རྒན་ཁྱེད་ཐུགས་རྒྱལ་མ་བཞེངས་དང་། རྒྱལ་སྤྱིས་ཀྱང་༸གོང་ས་མཆོག་ལས་བོད་མི་རིགས་གཏན་ནས་ཤེས་ཡོད་པ་མ་རེད། ཤེས་ཡོད་ན་ང་ཚོས་རྒྱལ་སྤྱིའི་ཡིག་ཚང་ཁག་ལ་བསྐྱལ་བའི་སྙན་ཞུ་ཁྲི་འབུམ་མང་པོ་དང་། མི་ལོ་ལྔ་བཅུའི་རིང་གི་འཚེ་མེད་ཞི་བའི་འཐབ་རྩོད་འདི་ལ་རིན་ཐང་ཞིག་དང་གདེང་འཇོག་ཞིག་གནང་ན་ལོས་ཆོག་སྟེ། གན་དྷེ་ལྟ་བུའི་ལྟ་བུའི་མི་གཅིག་གིས་འཚེ་མེད་ཞི་བའི་ལས་འགུལ་གྱི་ལྟ་བ་རྒྱུན་སྐྱོང་བྱས་པའི་གདེང་འཇོག་དང་ཆེ་མཐོང་ཙམ་ཡང་རྒྱལ་སྤྱིས་བོད་ལ་སྤྲད་མེད། འདི་ནི་རྒྱལ་སྤྱིའི་ང་ཚོ་མ་ཤེས་པའི་རྟགས་རེད། ངས་ཁྱོད་ལ་ད་དུང་ཐག་ཉེ་ཤོས་ཀྱི་དཔེ་མཚོན་ཞིག་འཇོག ཉེ་བའི་ཟླ་གཅིག་ཙམ་གྱི་སྔོན་ལ་སྐྱེ་རྒུ་མདོར་ས་ཡོམ་གོད་ཆགས་བྱུང་ནས། བོད་གཞུང་གི་འབངས་མི་ཁྲི་སྟོང་མང་པོ་རྐྱེན་ལམ་ལ་ཤོར་བ་རེད་དེ། རྒྱལ་སྤྱིའི་ངོས་ལེན་ཡོད་པའི་རྒྱལ་ཁབ་གཅིག་གིས་ང་ཚོའི་གཞུང་ལ་ཐུགས་གསོའི་ཡིག་རྡོག་གཅིག་འབྱོར་ཨེ་ཡོད། ད་དུང་དེ་ལས་ལྡོག་རྒྱ་གཞུང་དང་ཧུའུ་ཅིན་ཐོར་འབྱོར་ཡོད་སྲིད། སྤྱིར་རྒྱལ་སྤྱིས་ང་ཚོ་ཤེས་ཡོད་ན་བོད་གཞུང་དང་། ༸གོང་ས་མཆོག ཤུལ་ལུས་མི་མང་བཅས་ནི་སྐབས་འདིར་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་ཡུལ་གཙོ་བོ་དེ་མ་རེད་དམ། ད་དུང་ཉིས་སྟོང་བརྒྱད་ཀྱི་ལོར་འཛམ་གླིང་ཤར་སྣེ་ནས་ནུབ་སྣེ་ལ་ཁྱབ་ཅིང་། ཚེ་སྲོག་བརྒྱ་སྟོང་མང་པོས་འགྲོ་གྲོན་དུས་གཅིག་ལ་བཏང་སྟེ། སྐམ་མཚོ་གནམ་གསུམ་གྱི་སྟེང་ནས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་བ་རེད། སྲིད་པ་ས་ཆགས་ནས་ད་ལྟའི་བར་ཏུ་འཚེ་མེད་ཞི་བའི་ལས་འགུལ་དེ་འདྲའི་གཞི་རྒྱ་ཆེ་བ་དང་། ལྷད་མེད་པ་ཞིག་སུས་སྤེལ་བ་རེད། མི་རིགས་སུ་གང་གིས་སྤེལ་ཡོད་པ་མ་རེད། ཡིན་ནའང་། རླབས་ཆེ་བའི་ང་ཚའི་་ལས་འགུལ་དེ་ལ་རྒྱལ་སྤྱིས་ཁ་ཡ་བྱས་མེད་ལ། རྒྱལ་སྤྱིའི་ང་ཚོ་མཐོང་མེད་ལ། ངས་བལྟས་ན་འདི་དག་ནི་རྒྱལ་སྤྱིས་ང་ཚོ་མ་ཤེས་པའི་རྟགས་རེད།
རྒྱ་ནག་གིས་ང་ཚོས་རོ་ལངས་རྒྱག་སྲིད་པར་འཇིགས་ཀྱིན་ཡོད་སྲིད་པ་རེད། ཡིན་ནའང་། དེ་ནི་གཞི་ལུས་རྒྱ་ཆེ་མི་མང་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་དུས་རབས་ཀྱི་འགྱུར་བ་གཉིས་ཀྱི་དབང་གིས་ཞེད་ཀྱིན་པ་ལས། བཙན་བྱོལ་བ་ཚོས་གྲ་སྒྲིག་སྡུག་ས་ནས་བྱས་པའི་རྐྱེན་མ་རེད་ལ། རེ་བ་བཟང་ས་ནས་བྱས་པའི་འབྲས་བུའང་མ་རེད་དོ། །
ཡང་སྐུ་ཉིད་ཀྱིས་གསུངས་ན། བོད་པའི་ལས་འགུལ་སྤྱི་ཁྱབ་ཀྱི་གཏན་འབེབས་མིང་ནི། བཅའ་ཁྲིམས་རིན་པོ་ཆེར་གཏན་ལ་ཕབ་གནང་བའི”བོད་དོན་བདེན་མཐའ་གསལ་ཐབས”ཞེས་པ་འདི་ཡིན་ནོ་ཟེར། དེ་ཡང་དྲང་མོར་བཤད་ན་མཚན་ཉིད་རིག་པའི་ཁྲོད་ཀྱི་ཁྱོད་སྒྲ་ལྟ་བུ་ཞིག་རེད། ཀ་བ་རྩོད་གཞིར་སླེབས་ན་ཀ་བ་ནང་དུ་འཛུལ་འགྲོ་ལ། བུམ་པ་རྩོད་གཞིར་སླེབས་ན་བུམ་པ་ནང་དུ་འཛུལ་འགྲོ། དེ་བཞིན་འུ་ཚང་གི་བཅའ་ཁྲིམས་རིན་པོ་ཆེ་རུ་གདན་འདྲེན་ཞུས་པའི་ཐ་སྙད་རླབས་ཆེན་དེ་ཡང་སྐུ་ཉིད་ཀྱིས་ལྟོས་དང་། བོད་རང་བཙན་ཡང་བོད་དོན་བདེན་མཐའ་གསལ་ཐབས་ཞེས་པའི་ཐ་སྙད་དེར་འཛུལ་འགྲོ་ལ། དབུ་མའི་ལམ་ཡང་བོད་དོན་བདེན་མཐའ་གསལ་ཐབས་ཞེས་པའི་ཐ་སྙད་དེའི་ཁྲི་ལ་འགྱིང་ཐུབ། ད་དུང་མི་རིགས་ས་ཁོངས་རང་སྐྱོང་ཡང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གདན་ལ་བཞུགས་ཐུབ་པས། ནམ་ཞིག་གུང་ཁྲན་ཏང་གི་བཅའཁྲིམས་དམར་པོས་ཀྱང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སྐྱི་པགས་སེར་བོ་དེ་གྱོན་སྲིད་པ་མ་རེད་དམ། ཞིབ་ཏུ་ལྟོས་དང་ཐ་སྙད་དེས་ཀྱང་ང་ཚོའི་ལངས་ཕྱོགས་གསལ་བོ་དང་བརྟན་པོ་མིན་པ་བསྟན་མི་འདུག་གམ། དེ་ལས་དབུ་མའི་ལམ་ལྟ་བུའི་ཡོད་ཚད་ནང་ལ་ཡོངས་རྐྱང་མིན་པའི་འཐབ་རྩོད་ཀྱི་བརྡ་ཆད་གཅིག་དང་། ལངས་ཕྱོགས་གཅིག་གཏན་འབེབ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་མ་རེད་དམ། ཡིན་ནའང་། ཟམ་གདོང་རིན་པོ་ཆེས་རིགས་སྒྲུབ་བྱས་བྱས་ནས་”བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་”ལའང་དབུ་མའི་ལམ་གྱི་མནབ་བཟའ་འབུལ་གྱིན་འདུག་པས་དངོས་གནས་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ཟེར་བ་བདག་གིས་གང་ལ་ངོས་འཛིན་དགོས་པའང་ཤེས་ཀྱི་མི་འདུག་པས། བཀུར་འོས་སྤྱི་འཐུས་ལགས་ལ་བཀའ་འདྲིར་ཕུལ་བ་ཡིན།
ཡང་སྐུ་ཉིད་ཀྱིས། “བཙན་བྱོལ་བོད་མི་རྣམས་རྒྱལ་ཁབ་གང་སར་ཁ་འཐོར་གྱི་རྣམ་པར་གནས་ཀྱིན་ཡོད་ན་ཡང། བོད་མི་ཕལ་མོ་ཆེ་མི་རིགས་ཀྱི་ལར་ཞེན་ཞིག་གིས་སྦྲེལ་ཡོད་ལ། སྐད་ཡིག་དང་ཆོས་ལུགས་ཀྱི་སྦྱར་རྩི་ཞིག་གིས་འབྱར་ཡོད་པར་མ་ཟད། བཙན་བྱོལ་བོད་གཞུང་གི་དང་བླང་དཔྱ་ཁྲལ་ལག་དེབ་གཅིག་གི་འོག་ལ་འདུས་ཡོད་”ཟེར། དང་པོ་དེ་མི་ཞིག་ཡིན་པའི་ཆ་ནས་ཞེན་ཁོག་གིས་གྲུབ་ཡོད་པ་རེད། དེའི་ཕྱིར་དེ་འགྲིག་ཁུལ་བྱོས། ཡིན་ནའང་། ཕྱི་མ་དེ་གཉིས་ཇི་འདྲའི་ཞལ་རྫུན་ཆེ་བ་ལ། བོད་སྐད་བཤད་ཙམ་དང་རྨོངས་དད་ཡོད་ཙམ་དག་ལ་ངོས་འཛིན་གྱིན་ཡོད་རྒྱུ་མ་རེད། དེ་ལས་གཞན་ནས་བཤད་ན་བོད་མི་ཕལ་མོ་ཆེ་ཡིག་རྨོངས་བ་ལས་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་ཀྱི་སྦྱར་རྩི་ཅན་སུམ་ཆའི་གཅིག་ཀྱང་ཟིན་མེད་པ་ནི། ཁོག་རྩིས་བརྒྱབས་ན་ཏག་ཏག་ཤེས་པས་རྫུན་བཤད་ནས་ཅི་ལ་ཕན། མིག་གིས་མཐོང་སའི་བཙན་བྱོལ་ལ་ཆ་བཞག་ནའང་འཛིན་རིམ་བཅུ་བའི་སློབ་མ་ཚོས་རང་མིང་གི་དག་ཆ་ཤེས་མི་ཤེས་དང་། སློབ་ཆེན་པ་ཚོས་སུམ་རྟགས་ལ་གཞི་ནས་སྦྱོང་བརྡར་བྱེད་ཀྱིན་ཡོད་པ་སྐུ་ཉིད་ཀྱིས་མཁྱེན་གསལ་ཡིན་པས། ཆོས་ལུགས་དང་སྐད་ཡིག་གི་སྦྱར་རྩི་ཞིག་དེ་ཚོར་ཡོད་མི་སྲིད་དོ། །རིགས་པ་དེས་གཞན་དག་ཐམས་ཅད་ལ་རྗེས་དཔོག་ཐུབ་པས་འགྲེལ་བཤད་རིང་བོ་དགོས་དོན་མི་འདུག བོད་མི་ཕལ་མོ་ཆེས་དཔྱ་ཁྲལ་ལག་དེབ་མིག་གིས་མཐོང་མྱོང་དང་རྣ་བས་ཐོས་མྱོང་མེད་པས་དེའི་འོག་ལ་ཇི་ལྟར་ཡོད།
ཡང་སྐུ་ཉིད་ཀྱིས། “ང་ཚོའི་རྒྱབ་རྟེན་གཅིག་ནི། ༸གོང་ས་མཆོག་དང་། གཉིས་ནི། གཞིས་ལུས་རྒྱ་ཆེ་མི་མང་ཡིན་ལ། ༸གོང་ས་མཆོག་ཞལ་མ་བཞུགས་ནའང་། གཞིས་ལུས་བོད་དམངས་ནུབ་དཀའ། དེ་བས་ང་ཚོའི་འཕག་འཚག་གི་རྒྱབ་བརྟེན་གཙོ་བོ་ཧ་ཅང་བརྟན་ནོ་”ཟེར། གཞིས་ལུས་རྒྱ་ཆེ་མི་མང་འབོད་སྒྲ་གཅིག་གི་འོག་ནས་ཡར་ལངས་ཐུབ་པ་དང་། དམིགས་ཡུལ་གཅིག་གི་ཆེད་དུ་སྲོག་གཏོང་ཐུབ་པ་ནི་༸གོང་ས་མཆོག་ལ་དད་སྟོབས་ཁོ་ན་ལས། མི་རིགས་ལར་ཞེན་དང་གོ་རྟོགས་སད་ཡོད་པ་གཞིས་བྱེས་གཉིས་ན་རེ་ཟུང་ལས་མེད་པས་སྐུ་ཉིད་ཀྱི་བསམ་ཕྱོགས་རྩ་བ་ནས་ནོར་འདུག་ལ། གལ་སྲིད་༸གོང་ས་མཆོག་ཞལ་བཞུགས་པའི་རིང་ལ་བདེན་མཐའ་མ་གསལ་བ་ཡིན་ན་འུ་ཅག་གི་རྒྱབ་རི་སྨུག་པོ་གཞི་ལུས་རྒྱ་ཆེ་མི་མང་གི་བརྟན་ལྷིང་དང་སྙིང་སྟོབས་ཀྱང་ཉམས་རྨས་སུ་འགྲོ་བ་ལས་ཇེ་བརྟན་དང་ཇེ་ཆེར་འགྲོ་ངེས་པའི་རྟགས་མཚན་ཞིག་བདག་གིས་མ་རྙེད་དོ། །བགྲོ་གླེང་དང་མཛའ་མཐུན་གྱི་ཕྱོགས་སུ་ཆས་པའི་དུས་རབས་ཀྱི་འགྱུར་བ་འདི་རྟགས་མཚན་གཅིག་ཡིན་སྲིད་ནའང་། འུ་ཅག་དུས་རབས་དང་ལྷན་ཏུ་སད་རྟོགས་དང་གོམ་པ་སྤོ་ཐུབ་ཀྱི་མེད་པས། དེ་ནི་རྨིལམ་ཞིག་ལས་རེ་བ་ཞིག་གཏན་ནས་མིན་ནོ། །
ད་དུང་ང་ཚོས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱས་མེད་པའི་སྐོར་སོགས་བདག་ལ་མང་པོ་མང་པོ་བཤད་ཀྱི་ཡོད་མོད། རེ་ཞིག་འདི་ཙམ་གྱིས་མཇུག་བསྡུ་འདོད་བྱུང་སོང་། མཇུག་ཏུ་ཞཱུ་འདོད་པ་ཞིག་ལ། སྐུ་ཉིད་ལ་བགྲོ་གླེང་གནང་འདོད་ཡོད་ན་བདག་ལའང་ད་དུང་མུ་མཐུད་ནས་བཤད་འདོད་ཡོད་དོ། །

རྩོམ་རིག

Post navigation

Previous Post: མིག་ཆུ་ཐེངས་གསུམ།
Next Post: འཐག་པའི་ཚོར་སྣང་།

Comments (8) on “དབུ་མའི་ལམ་གྱི་མནབ་བཟའ།༼དགེ་རྒན་ཆབ་བྲག་ལྷ་མོ་སྐབས་ལགས་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་ལ་བསམ་ཚུལ་སྤེལ་བ༽”

  1. བོད་ཡིག་སྐྱབས། says:
    2010-06-07 at 5:14 am

    བརྩེ་བའི་གྲོགས་པོ་རྣམ་པ། ང་ནི་གངས་རིའི་པང་ན་ཡོད་པའི་བོད་ཡིག་ཁོ་ནར་སྐྱབས་བཅོལ་བ་ཞིག་ཡིན། སྟེས་དབང་ཞིག་གིས་རྒྱལ་ཁབ་འགའ་རེར་སྐོར་སྐྱོད་དང་ལྷན་དུ་ཡུལ་གྱར་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་ལ་དངོས་དང་བརྒྱུད་ནསརྒྱུས་ལོན་ཡང་གང་འཚམ་བྱེད་ཐུབ། ད་རེས་ཀྱང་ཕྱི་སྐྱོད་སློབ་གཉེར་གྱི་གོ་སྐབས་འདི་དང་ལྷན་དུ་རྣམ་པ་ཚོར་ཁ་བརྡ་རེ་བྱེད་འདོད་ཅི་བས་ཆེ།
    སྤྱི་འཐུས་ཁོང་དང་གོང་གི་བསམ་ཚུལ་འདི་གཉིས་ཀྱི་བར་ལ་ཧེ་བག་ཧ་ཅང་ཆེ་གི དེ་བས་ང་ཚོ་ཀློག་མཁན་ཚོའི་ངོས་ནས་སོ་སོའི་ཁོར་ཡུག་དང་འབྲེལ་བའི་ངོས་འཛིན་དེ་གསལ་བཤད་རེ་ཐུབ་ན་བཟང་གི ངའི་མཐོང་ཐོས་མྱོང་གསུམ་གྱི་ངོས་འཛིན་ཆ་ནས་བོད་མི་རིགས་ལ་ངོ་མ་རེ་བ་ཡོད་པ་ཞིག་མཐོང་གི གལ་ཏེ་གོང་གི་བསམ་ཚུལ་འདི་བཞིན་ཡིན་ཚེ། མི་རིགས་འདིར་རེ་བ་ཅི་ཡང་མེད་པ་ཞིག་སྟེ། འགྱེལ་ས་ནས་འཆི་རྒྱུར་སྒུག་ཡོད་པས་ན་འདིའི་དོན་དུ་རེ་བ་དང་ལས་ཀ་བྱས་ནས་ཀྱང་ཅི་ལ་ཕན། དེ་བས་རང་རང་གི་མི་ཚེ་ཡག་པོ་རེ་སྐྱེལ་ན་དེས་མི་བཟང་ངམ་སྙམ། སྤྱི་འཐུས་ཁོང་གིས་དེ་སྔོན་ཞིག་ལ། ང་བོད་ལ་རེ་བ་དང་ཡིད་ཆེས་ཡོད་་ཅེས་པའི་རྩོམ་ཡིག་གནད་བསྡུས་ཤིག་སྤེལ་ཡོད། ཁོང་གིས་བོད་དོན་ལ་ལས་ཀ་བྱེད་དོན་ཡང་མི་རིགས་དེར་ཡིད་ཆེས་དང་རེ་བ་ཡོད་པ་མཐོང་བས་ཡིན་ཚུལ་བཤད་ཡོད། ཡང། ཞོགས་དུང་གིས། དེ་སྔོན་མི་རིགས་འདིར་རེ་བ་མེད་ཀྱང་ད་ནི་གནམ་ས་གོ་འབྱེད་ཀྱི་རེ་བ་ཡོད་ཚུལ་གླེང་ཡོད། རྩོམ་པ་པོ་འདི་གཉིས་ནི་བོད་ཕྱི་ནང་གི་ཚབ་མཚོན་རྩོམ་པ་པོ་ཞིག་ཏུ་བརྩི་འོས་སྙམ། དེ་བས་དྲ་གྲོགས་རྣམ་པས་གནས་ཚུལ་དབྱེ་ཞིབ་ཀྱིས་རང་གི་མཐོང་སྣང་རེ་འཆད་རོགས། ངས་ཁྱོད་ཚོ་མང་པོ་ཞིག་གི་བསམ་ཚུལ་ཤེས་ན་འདོད། བཀའ་དྲིན་ཆེ།

  2. བོད་ཡིག་སྐྱབས། says:
    2010-06-07 at 5:28 am

    འབུམ་གཅིག་ལགས་དགོངས་དག ངས་རེའུ་མིག་ནང་གི་ཁྱོད་ཀྱི་ཐོ་མིང་བསུབས་པ་ཡིན་མོད། མཆན་བཏགས་ཚར་ནས་་ཐོངས་་ལ་རྡེག་དུས་་སླར་ཡང་ཁྱོད་ཀྱི་ཐོ་མིང་དེར་འགྱུར་འདུག འོན་ཀྱང་རྟ་ཁ་མ་ཐུབ་པར་ཁྱོད་ཀྱི་མཆན་ནང་ལ་ཤོར་སོང་བས་་དགོངས་འགལ་མེད་པ་ཞུ། ངོ་མ་དགོད་བྲོ་བ་ཞིག་རེད་ཡ།

  3. ཀརྡོ་རབ་འབྱམས་པ་ says:
    2010-06-07 at 6:29 am

    དགེ་རྒན་ཆབ་བྲག་ལྷ་མོ་སྐབས་ལགས་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་དང་། བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱེ་ཆད་རྩོམ་གཉིས་ཀའི་ཆ་ལ་སོམས་དགོས་པ་མང་པོ་འདུག་སྙམ།

  4. འབྲུག་མོ། says:
    2010-06-07 at 8:38 am

    “”བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་”ལའང་དབུ་མའི་ལམ་གྱི་མནབ་བཟའ་འབུལ་གྱིན་འདུག་པས་དངོས་གནས་བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་ཟེར་བ་བདག་གིས་གང་ལ་ངོས་འཛིན་དགོས་པའང་ཤེས་ཀྱི་མི་འདུག” ཟེར་ཚུལ་ལ་བརྟགས་ན། ༸གོང་ས་མཆོག་གི་ལམ་དབུ་མ་དང་བཀའ་ཁྲིའི་ལམ་དབུ་མ་ཟེར་བ་དེར་ཁྱོད་ད་དུང་མགོ་འཁོར་གྱིན་ཡོད་པ་འདྲ།
    དབུ་མའི་ལམ་ཟེར་ནའང་འདྲ་བོད་རིགས་ཡོངས་ཀྱི་རང་སྐྱོང་ཟེར་ནའང་འདྲ། གང་ལྟར་བོད་རང་བཙན་ཟུར་འཇོག་གི་བོད་རྒྱ་གཉིས་ཕན་གྱི་སྲིད་ཇུས་འདི་ལ་རྒྱ་ནག་གཞུང་གིས་ཤེས་ཀྱང་མ་ཤེས་ཁུལ་གྱི་འགྲེལ་ལོག་རྒྱག་གིན་ཡོད་པ་ལས། རྒྱལ་སྤྱིའི་ནང་གསལ་བོ་ཆགས་འདུག་ན་བོད་པ་ཚོར་བཤད་ཅི་དགོས། དོན་ངོ་མ་ཁྱོད་ཀྱིས་སུ་ཞིག་ལ་ཟུར་ཟ་བྱེད་ཀྱི་ཡོད།

  5. བོད་ཡིག་སྐྱབས། says:
    2010-06-07 at 8:56 am

    གསལ་བཤད། ད་ནངས་ངས་མཆན་ཐོ་འགོད་དུས། ཐོ་འགོད་ཀྱི་རེའུ་མིག་ནང་ལ་འབུམ་གཅིག་་གི་མིང་ཐོ་བཀོད་འདུག ངས་དེ་སུབ་ཁུལ་བྱས་ནས། རང་གི་ཐོ་འགོད་གསར་བ་འདི་བྱས་ཏེ། མཆན་འགའ་བཏབ་རྗེས་ ཐོངས་་ལ་བརྡེསག་པ་ཡིན། དེ་དུས་རེའུ་མིག་ནང་ལ་སླར་ཡང་འབུམ་གཅིག་གི་མིང་ཐོ་ཤར་འདུག་པ་མཐོང་མོད། རྟ་ཁ་འཐེན་དབང་མ་བྱུང་བར་ཤོར་སོང། དེ་ལ་དགོངས་དག་ཅིག་ཞུས་ཡོད་མོད། འོན་ཀྱང་དྲ་བདག་གིས་ང་ལ་དག་མཆན་བཀོད་མི་འདུག དེ་བས་ངས་སླར་ཡང་གསལ་བཤད་འདི་མི་བྱེད་ཀ་མེད་བྱུང། དགོངས་དག

  6. བོད་ཡིག་སྐྱབས། says:
    2010-06-07 at 9:03 am

    དགོངས་དག ངས་མཆན་ཐོ་འགོད་དུས་གཟབ་གཟབ་མ་བྱས་པར་གོང་གི་ཐོ་འགོད་ནང་ལ་འབུམ་གཅིག་གི་ཐོ་འགོད་གསར་བ་ཞིག་བཞག་ཡོད་པ་བསུབ་རྒྱུ་བརྗེད་ནས། ཐད་ཀར་མཆན་བཏབ་རྗེས་ཐོངས་ལ་་བརྡེགས་པས་་ཁོའི་མཆན་ནང་ཤོར་འདུག གསལ་བཤད་ཅིག་བྱས་ཡོད་མོད། ད་དུང་ང་ལ་དག་མཆན་ཐོབ་མི་འདུག

  7. thubtenchoglang says:
    2010-06-07 at 11:29 am

    རྒྱ་ནག་གཞུང་གི་དབུ་འཁྲིད་འགའ་རེས་ཚོད་རྩིས་ཀྱིས་༧རྒྱལ་བ་རིན་པོ་ཆེ་མེད་ན་བོད་དོན་འཇའ་ལྟར་ཡལ་རྒྱུའི་བསམ་ཚུལ་བཤད་པ་བཞིན་ང་ཚོས་གཟབ་གཟབ་མ་བྱས་ན་ཉེན་ཁ་མེད་པ་མ་རེད། དཔེར་ན་སྔ་ལོའི་གྲོས་ཚོགས་སྐབས་གནས་ཚུལ་ཆུང་ཙག་ཅིག་གི་དོན་དུ་གྲོས་ཚོགས་མཇུག་སྐྱོང་མ་ཐུབ་པའི་གནས་ཚུལ་ལྷགས་པ་ཕྱི་ནང་ཚང་མས་ཤེས་གསལ་རེད། བྱས་ཙང་གལ་སྲིད་གཞིས་བྱེས་མཉམ་འཛོམས་གང་མྱུར་མ་བྱུང་ན་གྲ་སྒྲིག་སྡུག་ས་ནས་ག་རེ་བྱེད་དགོས་མེད་གཞུང་ཕྱོགས་ནས་ཉམས་ཞིབ་ཀྱིས་དངོས་ཡོད་གནས་ཚུལ་དང་འཚམས་པའི་ཐབས་ལམ་གང་ཡོད་ལམ་སྟོན་དང་། མང་ཚོགས་ནས་འཕྱར་གྲུ་མཉམ་འདེགས་ཀྱིས་ལས་འགུལ་ནང་ཞུགས་རྒྱུ་ནི་ཛ་དྲག་གི་གནས་ཚུལ་མ་རེད་པས།།

  8. རིག་བཟང་། says:
    2010-06-07 at 12:09 pm

    འབུམ་གཅིག་གིས་བཤད་པ་ལ་རང་ངོས་ནས་རྒྱུ་མཚན་ཡོད་པ་འདྲ་བོ་མཐོང་སོང་། རྒན་ཆབ་བྲག་ལྷ་མོ་སྐྱབས་དང་། སྐུ་ཞབས་ཞོགས་དུང་ཁོང་རྣམས་པ་གཉིས་བོད་ཕྱི་ནང་གཉིས་སུ་རྩོམ་པ་པོ་ཚད་ལྡན་ཞིག་ལ་ངོས་འཛིན་པ་གཅིག་མཚུངས་རེད། རྩོམ་པ་པོ་ཚད་ལྡན་ཞེས་པ་དེ་ཡང་རྩོམ་ཡིག་འབྲི་ཤེས་པ་ཙམ་མིན་པར་གཟུར་གནས་བློ་ལྡན། འདས་པའི་བྱུང་རབས་དང་། མ་འོངས་འབྱུང་འགྱུར། ད་ལྟའི་གནས་བབ་སོགས་གང་ཅིའི་ཐད་བསམ་གཞིགས་ལེགས་པར་བྱེད་མཁན་ཞིག་ཡིན་དུས། ཁོང་རྣམ་པས་གསུངས་པ་ལྟར་བོད་མི་རིགས་འདི་གོ་རྟོགས་སད་མགོ་ཚུགས་པ་དང། དུས་ཀྱི་འགྱུར་འགྲོས་སོགས་ལ་བསམ་ན་ཏན་ཏན་བོད་ལ་རེ་མེད་པ་མིན་པར་ཡོད་པར་ཡིད་ཆེས་ཡོད། དེ་བཞིན་བོད་མིའི་སྐྱབས་མགོན་ཆེན་པོ་༧ གོང་ས་མཆོག་གིས་ནམ་རྒྱུན་གསུངས་གསལ་ལྟར་བོད་ཀྱི་བདེན་མཐའ་གསལ་ལ་ཉེ་བར་ཡིད་བརྟན་པ་ཡོད། པཎ་ཆེན་ཐམས་ཅད་མཁྱེན་པས་བོད་མི་ཞེས་པ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་ཞེས་ཆེད་བསྔགས་མཛད་པའི་མི་རིགས་འདི་འགྱེད་ས་ནས་མི་ཤི་བར་ལང་ཐུབ་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme