Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་གྱི་དྲི་རྟགས་བཀྲོལ་བ།

Posted on 2013-04-03 By ཁ་བརྡ་ 33 Comments on དབུ་མའི་ལམ་གྱི་དྲི་རྟགས་བཀྲོལ་བ།
   གཟུ་བ།
དབུ་མའི་ལམ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཡུན་རིང་ལག་ལེན་དུ་བསྟར་བའི་བོད་རྒྱའི་བར་གྱི་གནད་དོན་ཐག་གཅོད་བྱེད་པའི་སྲིད་ཇུས་ཀྱི་ལངས་ཕྱོགས་ཤིག་ཡིན། དུས་ཡུན་ངེས་ཅན་བརྒྱུད་པའི་ཁྲོད་དུ་རང་བཙན་གཙང་མ་གླེང་བའི་མི་སྣ་ཡང་གཏན་དུ་མེད་པ་མིན་མོད་དེ། ལངས་ཕྱོགས་འདི་ནི་ལོ་ངོ་བཅུ་ཕྲག་ཁ་ཤས་ཤིག་ཏུ་རྒྱུན་འཁྱོལ་བྱས་པ་ཞིག་ཡིན། དེ་ལྟ་ན་འདིའི་ཐད་དུ་བསམ་ཚུལ་རེ་ཟུང་ཡོད་པ་དག་ཁོལ་དུ་ཕྱུང་སྟེ་སྨྲ་བར་འདོད།
གཅིག    དབུ་མའི་ལམ་ནི་ཆོས་ལུགས་ཤིག་ཡིན་ནམ།
མི་མང་པོ་ཞིག་གི་དབུ་མའི་ལམ་ཞེས་བརྗོད་སྐབས་འཕྲལ་དུ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཞིག་དང་འབྲེལ་ཏེ་བསམ་གཞིགས་བྱེད་པའི་གོམས་གཤིས་ཤིག་བྱུང་བས།  ཆོས་ལུགས་དང་ཆབ་སྲིད་རྦད་དེ་ཐ་དད་དུ་འདོད་པའི་སྐད་པོ་ཆེ་འུར་གྱིས་སྒྲོག་མཁན་ཞིག་ལ་མཚོན་ན།  ཆོས་ལུགས་དང་ཅུང་ཟད་འབྲེལ་བར་སྙམ་ཚེ་དེ་ལ་འདོར་ལེན་ཅི་ཡང་མེད་པར།  དཔྱད་ཞིབ་གང་ཡང་མི་བྱེད་པར་དགག་གཞག་བྱེད་པའི་གོམས་གཤིས་ངང་གིས་འཇགས་ཡོད།  དོན་དུ་ནང་པའི་གྲུབ་མཐའ་བཞིའི་ཁྲོད་དུ་དབུ་མ་ཞེས་པ་ཞིག་ཡོད་པ་བདེན་དུ་མཆི། དེ་ཡང་རིག་པའི་དཔྱད་ཐབས་ཀྱི་ལྟ་གྲུབ་ཅིག་ཏུ་ངོས་བཟུང་ན་མི་འགྲིག་པ་གང་ཡང་མེད་དེ། དབུ་མའི་སྲོལ་འབྱེད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་དང་དེའི་རྗེས་འབྲང་དབུ་མ་བཞི་བརྒྱ་བ་སོགས་བྱུང་བར་མ་ཟད། དབུ་མའི་གྲུབ་མཐའ་ལའང་དབུ་མ་རང་རྒྱུད་པ་དང་དབུ་མ་ཐལ་འགྱུར་བ་སོགས་ནང་གསེས་དབྱེ་བ་དུ་མ་ཕྱེེས་ཡོད། དེ་ཡང་གཙོ་བོ་རྟག་ཆད་དང་ཡོད་མེད། སྒྲོ་སྐུར་སོགས་ཀྱི་མཐའ་གཉིས་སུ་མ་ལྷུང་བར་དབུས་སུ་གནས་པ་ལ་དབུ་མ་ཞེས་སུ་སྦྱར་ཆོག་པས་སོ།།  འདི་ཡང་གནས་ལུགས་ལ་དཔྱོད་པའི་རིག་ཐབས་ཤིག་ལས་ཆོས་ལུགས་ཁོ་ནའི་ཆོ་ག་ཞིག་ཏུ་འདོད་མི་རིགས་པར་སྙམ། ད་ལྟ་ནང་བསྟན་རིག་གནས་ལའང་ནང་བའི་ལྟ་གྲུབ་དང་ནང་བའི་ཚན་རིག། ནང་བའི་ཆོས་ཞེས་རིག་ཚན་གསུམ་དུ་ཕྱེས་པ་ཡང་འདི་ལྟ་བུའི་དགོས་པ་ཡོད་པས་ཡིན། འུ་བུ་ཅག་གི་སེམས་སུ་དབུ་མ་ཞེས་པ་ནི་ཆོས་ལུགས་ཀྱི་ཐ་སྙད་ཅིག་ལས་ཆབ་སྲིད་དང་འབྲེལ་མེད་དོན་གཞན་དུ་བསམ་པའི་འཆར་ཡན་གྱིས་བརྟས་པ་ཙམ་རེད། དེ་ནི་དེ་ལྟ་དོགས་སྣང་ཆེན་པོ་སྐྱེེས་པས་ཅི། ད་ལྟ་འཛམ་གླིང་ཞི་བདེ་དགོས་ཞེས་པ་ཡང་དོན་དུ་ནང་པའི་སྤྱོད་པ་འཚེ་བ་མེད་པ་དང་ཁྱད་པར་ཅི་ཞིག་ཡོད་དམ། ལྷག་པར་དུ་དབུ་མའི་ལམ་ཡང་ཐ་སྙད་ཙམ་འདྲ་བས་འདྲོགས་དགོས་དོན་མེད། དབུ་མའི་ལམ་བརྗོད་སྐབས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མི་གླེང་ལ། དེ་བཞིན་དུ་དབུ་མའི་གྲུབ་མཐའ་དང་དེའི་ཁྱད་རེ་རེ་ཡང་གླེང་བར་མི་བྱས་པས་འདྲོགས་དགོས་དོན་མེད། ཡང་སྙིང་སྲིད་ཀྱི་བྱ་བའི་སྟེང་ནས་མིའི་རིགས་ཀྱི་འཚོ་སྡོད་གནས་བབ་ལ་ཕན་ནུས་བསྐྲུན་ཐུབ་ན་རྒྱབ་ལྗོངས་དང་ཁག་འདོགས་གཞན་ཞིག་བཙལ་བས་དགེ་མཚན་ལས་གནོད་ཆེ་བར་འདོད། དབུ་མའི་ལམ་ནི་རྒྱ་བོད་གཉིས་ཀ་ཐུན་མོང་ལ་ཁེ་ཕན་ཡོད་པའི་ཆབ་སྲིད་རིག་པའི་ལྟ་གྲུབ་ཅིག་ཡིན་པ་ལས།  ཆོས་ལུགས་ཀྱི་མནའ་བཟའ་བཀབ་པའི་ཆབ་སྲིད་སེར་པོ་ཞིག་མིན་པ་ཤིན་ཏུ་གསལ། དབུ་མའི་ལམ་གྱི་ཐ་སྙད་ཁྱབ་ཁོངས་དང་འཇུག་ཡུལ་བརྟག་གཞིགས་ཙམ་མི་བྱེད་པར་གྱ་ཚོམ་གྱི་ཧོལ་དུ་རྒྱུགས་དགོས་དོན་མ་མཆིས་སོ།།  དུས་རབས་འདི་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་བདེན་པའི་གནས་ལུགས་ལ་རྒྱང་རིང་གི་ཁེ་ཕན་ཡོད་པ་འཚོལ་དཔྱོད་བྱེད་པའི་དུས་ཡིན་པས། འུ་བུ་ཅག་གིས་ཀྱང་ཛ་དྲག་གི་གནས་བབ་དང་གནད་དོན་བཀྲོལ་རྒྱུ་རང་ཉིད་མི་སྒེར་རེ་རེ་ལ་འཁྲི་བའི་འགན་དུ་གཏོགས་པ་ལས། གང་བྱུང་དུ་གཞན་གྱི་གཏམ་རྗེས་འབྲང་སྟེ་ཧོལ་གྱིས་རྒྱུག་པ་ནི་རང་ཉིད་ཀྱི་ཤེས་རབ་ཁྱད་དུ་བསད་དེ་རང་ཉིད་ལ་མགོ་སྐོར་བའི་ཉེན་ཁ་ཡོད་པར་འདོད། ང་ཚོས་དབུ་མའི་ལམ་ཞེས་པའི་ཆབ་སྲིད་ལྟ་གྲུབ་ཀྱི་ཐ་སྙད་ཁོ་ནའི་རྩོད་པར་ཞུགས་ན་ཤིན་ཏུ་ཕངས་པ་ཞིག་སྟེ།  མ་གཞི་དེ་ནི་ང་ཚོ་དམིགས་ཡུལ་གྱི་སྒོ་མོར་མ་འཛུལ་བར་རྣམ་རྟོག་གིས་འུར་སློང་ཁྲོད་ནས་རེ་བས་ཕོངས་སྟངས་ཤིག་རེད། དབུ་མའི་ལམ་གྱི་ཐ་སྙད་རྩོད་པ་ལས་དབུ་མའི་ལམ་སྲོལ་དུ་གཏོད་པའི་ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་ད་ལྟའི་བོད་ཀྱི་གནས་སྟངས།  ད་ལྟའི་བོད་རྒྱའི་གནད་དོན། ད་ལྟའི་ཤར་ནུབ་སྤྱི་ཚོགས་ཀྱི་འཁོར་འགྲོས་ཕྱོགས་ཡོངས་བསྡུར་ཞིང་དཔྱད་པའི་གྲུབ་དོན་ལས་ད་གཟོད་མགྲིན་པ་གཟེངས་སུ་བཏེགས་ཏེ་རང་ཉིད་ཀྱིས་འགན་འཁུར་ཐུབ་པའི་སྨྲ་བརྗོད་དང་དུ་བླང་ཆོག་པར་སྙམ།
ཡང་ཁ་ཅིག་གིས་༸གོང་ས་ཆེན་པོ་མཆོག་ནི་དགེ་སློང་ཞིག་ཡིན་པ་དམིགས་ཡུལ་དུ་བཟུང་སྟེ་ཆོས་པ་ཞིག་གིས་སྲིད་ཀྱི་ཁྲོད་དུ་ལས་དོན་གང་ཞིག་བསྒྲུབས་ཀྱང་མཐའ་གཅིག་ཏུ་ནག་པོར་ལྟ་བར་འདོད་པ་དེ་ཡང་རྒྱུ་མཚན་ཡང་དག་ཅིག་མིན་ཏེ། དབུ་མའི་ལམ་ནི་དགེ་སློང་ཞིག་གིས་སྲོལ་དུ་གཏོད་པར་འདོད་དེ།  འདི་ལ་མངོན་དུ་གྱུར་བའམ་བག་ལ་ཞ་བ་གང་རུང་གི་སྒོ་ནས་མི་འདོད་པའི་རྣམ་འགྱུར་སྟོན་པ་དང་། དངོས་ཤུགས་བརྒྱུད་གསུམ་ནས་ཆབ་སྲིད་པས་སྨྱུག་ཐོགས་བེད་དུ་སྤྱོད་པ་དང་།  ཆབ་སྲིད་པས་མི་མང་བེད་དུ་སྤྱོད་པ་སོགས་ཀྱིས་དགེ་སློང་ཞིག་གི་ལམ་ལུགས་ཡིན་པ་ལས།  དོན་དུ་དབུ་མའི་ལམ་ནི་ཆབ་སྲིད་ཀྱི་ལམ་གཤའ་མ་ཞིག་མིན་ཚུལ་གྱི་སྒྲོ་རིང་ཐུང་མང་པོ་འདོགས་པར་རྩོམ་བཞིན་པར་སྣང་།  བདག་གིས་ཀྱང་དད་པའམ་མགོན་པོ་ཞེས་པ་ཞིག་དམིགས་ཡུལ་དུ་བཟུང་ནས་བརྗོད་པར་མི་འདོད་དེ། དེ་ནི་རང་ཉིད་ཀྱི་སྒེར་གཤིས་ཤིག་ཡིན་པས་སོ།།  གཙོ་བོ་འུ་ཅག་གིས་བདམས་པའི་དབུ་མའི་ལམ་ནི་ད་ལྟའི་བོད་ཕྱི་ནང་གི་སྤྱི་ཚོགས་དང་ད་ལྟའི་ཉག་ཕྲ་བའི་སྲིད་ཀྱི་གནས་བབ་ལ་ཁེ་ཕན་ཡོད་མེད་དང་། མ་འོངས་པར་ཕན་འབྲས་ག་འདྲ་ཞིག་འབྱུང་མིན་གནད་དུ་བཟུང་སྟེ་དཔྱོད་རྒྱུ་གལ་ཆེ། ལྷག་པར་དུ་དབུ་མའི་ལམ་ནི་དུས་ཡུན་རིང་པོ་ཞིག་ཏུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ལངས་ཕྱོགས་དང་ལག་ལེན། བྱེད་ཐབས་ཤིག་ཏུ་གྱུར་བ་ཞིག་ཏུ་གྱུར་བས། འདི་ལས་ཉམས་མྱོང་མང་པོ་ཞིག་གི་གནས་ལུགས་ཕྱོགས་སྡོམ་ཞིག་ཀྱང་བརྒྱབ་ཡོད་པས།  གཙོ་བོ་་དབུ་མའི་ལམ་གྱིས་དོན་དངོས་ད་ལྟའི་སྤྱི་ཚོགས་ཀྱི་ཁེ་ཕན་དང་མ་འོངས་དམིགས་ཡང་འགྲུབ་པའི་ཕན་ནུས་གང་འདྲ་ཞིག་བྱུང་མིན་བལྟ་དགོས་པར་མ་ཟད། དེ་ལས་ཆབ་སྲིད་ཀྱི་ལམ་ག་ཞིག་གདམ་ཚེ་འདི་ལས་ལྷག་པའི་ཆབ་སྲིད་ཀྱི་ཕན་ནུས་ག་འདྲ་ཞིག་འབྱུང་མིན་སྔོན་དཔག་བྱས་ཏེ་གཤིབ་བསྡུར་བྱ་དགོས། འདི་ལྟར་ལྟ་སྐབས་ངེས་པར་གཟབ་ནན་བྱ་དགོས་པ་ཞིག་ནི་རང་ཉིད་ཚོགས་ཁོངས་གང་ཞིག་ཏུ་གཏོགས་པ་དང་དགའ་ཕྱོགས་གང་ཞིག་ཡོད་པ་དེ་གཙོ་བོ་མ་ཡིན་པར་གྲུབ་འབྲས་སམ་ཕན་ནུས་ལ་བལྟ་རྒྱུ་དེ་ཡིན།  མ་གཞི་བྱ་གཞག་གང་ཞིག་བསྒྲུབ་སྐབས་གནད་འགག་གི་སྐབས་སུ་ནང་ཁུལ་གྱི་ལྟ་གྲུབ་དང་ཚོགས་པའི་ལ་རྒྱ་སོགས་ནི་གནད་དོན་གཞན་ཞིག་ཏུ་འཇོག་དགོས། ཚོགས་པ་དང་སྒྲིག་འཛུགས་ཀྱི་སྟོབས་ཤུགས་ཉམས་པའི་རྒྱུ་རྐྱེན་གཙོ་བོ་ནི་ནང་ཁུལ་དུ་འགལ་ཟླ་མང་བ་ལས་འབྱུང་བཞིན་ཡོད་ལ། འགལ་ཟླ་དེ་ཡང་སྡེ་ཚན་དང་ཚོགས་པ། རང་ཉིད་ཀྱི་དགའ་ཕྱོགས་ཙམ་གྱི་ཕྱིར་དུ་རྩོད་ཟླ་ལ་ཞུགས་པས་འགལ་བ་མང་དུ་འཕེལ་ཏེ་སྟོབས་ཤུགས་ཉམས་པ་ཡིན། འགངས་སུ་ཆེ་བ་ནི་མཐུན་སྒྲིལ་གྱི་སྟོབས་ཤུགས་སྤེལ་ཏེ་ཕྱི་རོལ་ཏུ་རྣོ་ངར་གྱི་ཁ་ཕྱོགས་བསྒྲིལ་རྒྱུ་དེའོ།། གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀྱང་གནད་འགག་གི་སྐབས་སུ་ཆིག་སྒྲིལ་གྱི་འཇར་པན་མཐར་སྐྲོད་བཏང་བ་མ་ཡིན་ནམ།  ང་ཚོས་ཀྱང་ལྟ་གྲུབ་ཁོ་ནའི་ཆེད་དུ་བློས་གཏོང་བྱེད་པ་ལས་ལྟ་གྲུབ་གང་དེའི་ཕན་འབྲས་ལ་མནོ་བསམ་བྱེད་རྒྱུ་ནི་ནན་དུ་ཆེ་བར་འདོད། དབུ་མའི་ལམ་དགེ་སློང་ཞིག་གིས་སྲོལ་མིན་དེ་གཙོ་བོ་མ་ཡིན་པར།  དབུ་མའི་ལམ་གྱི་ལྟ་གྲུབ་ཀྱིས་སྤྱི་ཚོགས་ལ་ཕན་ནུས་ཡོད་མེད་དེ་གཙོ་བོ་རེད། ང་ཚོས་རྒྱུན་དུ་བརྗོད་པ་ལྟར་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་པ་ཡང་དགོས་མཁོ་འདི་ལྟ་བུའི་སྐབས་སུ་ལག་ལེན་དང་སྦྱར་ཐུབ་ན་ཅི་མ་རུང་སྙམ།
       ཡང་ཆོས་སྲིད་ཟུང་འབྲེལ་ཞེས་པ་ལ་དུས་ཡུན་ངེས་ཅན་ཞིག་ཏུ་རང་ཉིད་སྡང་ཟུག་སྐྱེས་མྱོང་བ་ཡང་མང་དུ་ཡོད་པས། དེ་ཡང་ཡོ་རུབ་ཀྱི་རིག་རྩལ་བསྐྱར་དར་དུས་རབས་དང་དམར་ཕྱོགས་པའི་ཆོས་མེད་ལྟ་བའི་སློབ་གསོའི་ཤུགས་རྐྱེན་ལས་བྱུང་བའི་ལངས་ཕྱོགས་ཁོ་ནར་རྒྱབ་བརྟེན་དུ་བྱས་པ་དང་འབྲེལ་བ་ཡོད། དོན་དངོས་སུ་དུས་རབས་ཉེར་གཅིག་པ་ནི་ནོར་འཁྲུལ་ངོས་ལེན་གྱི་དུས་སྐབས་ཤིག་ཀྱང་ཡིན་པས།  འཛམ་གླིང་གི་སྲིད་དོན་འཁོར་འགྲོས་མང་པོ་ཞིག་ཀྱང་སྔར་སྲོལ་ལས་སྤོ་བསྐྱོད་གསར་བ་ཞིག་བྱེད་བཞིན་པའི་སྣང་ཚུལ་ཡང་ཡང་མཐོང་ཐུབ། འདི་ལྟར་བརྗོད་སྐབས་ཁྱོད་ཀྱིས་བཀས་བཀོོད་རྒྱུད་འཛིན་དང་ཞིང་བྲན་ལམ་ལུགས་སུ་བསྐྱར་དུ་འདྲེན་པར་འདོད་སྲིད་ཀྱང་། བདག་གིས་ནི་གནའ་བོའི་དཔལ་ཡོན་མང་པོ་རྩ་མེད་དུ་བཏང་བར་དྲན་གསོ་དང་བསྐྱར་གསོ་བྱེད་བཞིན་པ་སྟེ། ཆབ་སྲིད་ཀྱང་དམག་འཁྲུག་མེད་པར།  ཆོམ་རྐུན་མེད་པར།  མགོ་སྐོར་དང་བཙན་གཡེམ་མེད་པར་ཞི་བདེའི་ངང་ཕན་ཚུན་འབྲེལ་ལམ་བཟང་བོ་དང་། ཅོག་ཙེ་ལས་གདོང་དང་གདོང་མཇལ་ནས་གླེང་མོལ་བྱེད་པའི་དུས་སྐབས་ཤིག་ལ་ཟེར་གྱི་ཡོད།  ཁོ་བས་ཀྱང་ཆོས་བདག་གང་ཞིག་གིས་སྲིད་དོན་སྐྱོང་བའམ། ཆོས་ཁྲིམས་གང་ཞིག་སྲིད་ཁྲིམས་ཀྱི་ལམ་ལུགས་སུ་འཇོག་པར་དུས་ནམ་ཡང་མི་འདོད་ཀྱང་། ཆབ་སྲིད་ནི་བདེ་ཞིང་སྐྱིད་པའི་འཚོ་གནས་ཀྱི་ཁོར་ཡུག་ཅིག་ཏུ་བསྒྱུར་རྒྱུ་ནི་ཐུན་མོང་གི་རེ་བ་འབའ་ཡིན་པས། བདེ་སྐྱིད་ཀྱི་སྙིང་པོ་བསྐྲུན་ཐུབ་པའི་རིག་གནས་གང་ཞིག་སྲིད་དོན་གྱི་སྐབས་བསྟུན་དགོས་མཁོའི་ཆ་ལག་ཏུ་སྤྱོད་པ་ཡང་བྱེད་ཐབས་ཤིག་ཡིན་པ་ཡང་ངེས་དགོས་པ་ཞིག་ཡིན།  དེ་ནི་ཆོས་ལུགས་ཤིག་གམ། ཡང་ན།  གཞན་གྱིི་ལམ་ལུགས་ཤིག་ཏུ་འདོད་པའི་བསམ་བློ་ཁོར་རྒྱ་དོག་པོར་བགྱིས་ཚེ་གནོད་པ་ལས་དགེ་ཕན་གང་ཡང་མེད་དོ།། ང་ཚོར་མཁོ་བ་ནི་མི་མང་ངམ་མིའི་རིགས་ཀྱི་བདེ་སྐྱིད་འགྲུབ་བྱེད་ཀྱི་རྩ་ལག་མཁོ་བ་དེ་རེད།  དེ་ལྟ་ན་ཆོས་སྲིད་ཟུང་འབྲེལ་ཞེས་པ་དེ་ཡང་རྒྱ་ཡིག་གི་ཆོས་སྲིད་མཉམ་བསྲེས་ཞེས་པའི་གོ་བ་སྐྱུག་ལོག་པ་དེ་ལྟ་བུ་ཞིག་ཀྱང་མིན། བདག་གིས་ནི་མཐའ་གཅིག་ཏུ་ཆོས་སྲིད་ཟུང་འབྲེལ་དགོས་པར་འདོད་པའི་རང་ལུགས་ནག་ནར་མ་ཞིག་འཕེན་འདོད་མེད། ཡིན་ནའང་། ཆབ་སྲིད་ནི་ཞི་བདེའི་འཚོ་གནས་ཤིག་ཏུ་འགྱུར་དགོས་ན་ཞི་བའི་ཐབས་ལམ་བཀོལ་དགོས་པ་དེ་ཡང་ཞར་དུ་ཤེས་དགོས་པའི་གནས་ལུགས་ཤིག་ཏུ་འདོད་པ་དེ་ཡིན། གང་ལྟར་ཆོས་སྲིད་མཉམ་བསྲེས་ཀྱི་གླེང་གཞི་དམར་པོ་ཞིག་བཙན་གྱིས་ཆོས་སྲིད་མཉམ་འབྲེལ་ལ་བཀལ་ཞིང་། དེ་ལྟར་དབུ་མའི་ལའང་ཐག་པ་ཞོར་འདྲུད་ཀྱི་སྡང་སེམས་ཤིག་འཇོག་པའི་སྣང་ཚུལ་ཞིག་རྒྱུན་མར་མཐོང་བས། ཆབ་སྲིད་ཀྱི་ལྟ་གྲུབ་ལ་དཔྱད་སྐབས་འཆར་སྣང་ཙམ་དང་ཚོར་སྣང་ཙམ། སྒེར་གཤིས་ཙམ་གཙོ་བོར་འཛིན་རྒྱུ་མ་ཡིན་པར་ཆབ་སྲིད་ཕྱོགས་སྣེ་མང་པོ་ཞིག་བློས་འཆུམས་པར་བྱ་དགོས་པ་དེ་ཡིན་ནོ།།
        འདི་ལྟར་གཞིགས་ཚེ་དབུ་མའི་ལམ་ནི་ཆོས་ལུགས་ཀྱིས་བསྐྱེད་པའི་ཕྲུ་གུ་ཞིག་མ་ཡིན་པར།  འུ་ཅག་གི་ད་ལྟའི་ཆབ་སྲིད་ཀྱི་དགོས་མཁོ་དང་འཛམ་གླིང་སྤྱིའི་འཁོར་འགྲོས་དང་མཐུན་པའི་སྲིད་ཀྱི་བྱེད་ཐབས་རྨ་མེད་ཅིག་ཏུ་འདོད་པ་དེའོ།།
གཉིས་པ།  དབུ་མའི་ལམ་ནི་སྒེར་སྤྱོད་ཅིག་ཡིན་ནམ།
སྤྱི་ཚོགས་ཀྱི་ཁོར་ཡུག་ཅི་ཙམ་ཆུང་ན་དེ་ཙམ་གླེང་སློང་དང་བཤད་ཡམས་རྒོད་པའང་ཆོས་ཉིད་ཅིག་རེད། དེ་ལྟར་འུ་ཅག་གི་རི་ངོགས་འདི་ནས་ཀྱང་ཆབ་སྲིད་ཀྱི་སྒོ་བྱང་མང་པོ་བཏགས་ནས་འུར་བརྒྱབ་སྟེ་རིང་པོ་མི་གནས་པར་གང་ཞིག་ཏུ་བོར་འགྲོ་བ་དེ་ཡང་ཆོས་ཉིད་ཅིག་རེད། སྐབས་སྐབས་སུ་ཆབ་སྲིད་པ་ཚོས་དགོས་མཁོ་དང་དམིགས་ཡུལ་གང་ཡིན་མི་ཤེས་པར།  སེམས་ཤུགས་ཅན་གྱི་ལས་འགུལ་བ་རེ་ཟུང་བེད་སྤྱོད་ཀྱིས་ནང་ཁུལ་དུ་བསྒྲགས་གཏམ་སྤེལ་རེས་བྱེད་པ་སོགས་ནི་དེ་བས་ཀྱང་ཤིན་ཏུ་དགོད་བྲོ་བ་ཞིག་མ་ཡིན་ནམ། དེ་ནི་ཉེ་སྔོན་གླིང་ཚ་ཚེ་བརྟན་རྡོ་རྗེས་དར་དམར་འཁྱེར་བའི་གནད་དོན་གྱི་ཕྱིར་དུ་གཞོན་ནུ་ཚོགས་པའི་མགྲིན་པ་སྦོམ་པོ་དེ་གསར་འགོད་པའི་མདུན་དུ་བཏེགས་ནས་དར་དམར་འཁྱེར་བར་དགག་བརྒྱབ་ཡོད། (འདི་ལྟ་བུའི་བསྒྲགས་གཏམ་གྱི་ཐ་ཚིག་སྤེལ་བ་ནི་ཐེངས་འདི་ཁོ་ན་མིན་ཏེ། ཨ་རིའི་དུས་འཁོར་དབང་ཆེན་སྐབས་སུ་ཡང་བྱུང་ཡོད།)  དེ་ལྟར་དུ་དབུ་མའི་ལམ་ལས་འགུལ་ཁང་ཞེས་པའི་སྒོ་བྱང་ཡོད་པ་དེས་ཀྱང་དེ་ལྟར་དུ་གཞོན་ནུ་ཚོགས་པའི་ཁ་གཏད་དུ་སྤེལ་བར་མ་ཟད། དེ་ལས་མི་སྣ་ཞིག་གིས་ད་ལོ་གསུམ་བཅུ་དུས་དྲན་ལ་རྒྱ་དར་དངོས་སུ་བཏེགས་ཏེ་ལྡི་ལི་ནས་པར་དུ་བཏབ་ཡོད།  འདི་དག་ནི་འུ་ཚང་གི་རི་ངོགས་ཀྱི་ཆབ་སྲིད་ཀྱི་རོལ་རྩེད་མདའ་ཁ་ནང་ལ་སྐོར་བའི་གཏམ་རྒྱུད་ཅིག་ཡིན་ལ། གཏམ་རྒྱུད་འདི་ནི་བཤད་ཡམས་དང་ཚོར་བ་ཁོ་ནའི་ལམ་ལུགས་མངོན་སྟངས་ཙམ་ཡིན།  དེ་ལྟར་བཤད་ཡམས་ཀྱི་རྣམ་གྲངས་འཕེལ་ཞིང་འགལ་ཟླའི་རྣོ་ངར་གཟེངས་པའི་རི་ངོགས་ཀྱི་སྤྱི་ཚོགས་ཆུང་ཆུང་ཞིག་གི་མ་འོངས་པའི་མདུན་ལམ་ལ་བསམ་ན་སུ་ཞིག་ཁུ་སིམ་མེད་སྡོད་ནུས་ཏེ་མི་ནུས་མོད།  འགལ་ཟླ་དང་བཤད་ཡམས་འདིའི་ཁྲོད་དུ་དབུ་མའི་ལམ་ཡང་དེ་ལྟར་དུ་སྒེར་གཅོད་ཅིག་ཡིན་སྨྲ་མཁན་ཡང་རེ་ཟུང་བྱུང་ཡོད། དབུ་མའི་ལམ་སྒེར་གཅོད་དུ་འདོད་པའི་རྒྱུ་མཚན་ནི་ཁོ་ཚོས་དབུ་མའི་ལམ་ནི༡༩༨༧ ལོར་ཨ་རིའི་གྲོས་ཚོགས་སུ་ཞི་བདེ་གྲོས་འཆར་དོན་ཚན་ལྔ་ཁྱབ་བསྒྲགས་བྱེད་མཁན་གོང་ས་མཆོག་ཡིན་པ་དང་།  དེ་བཞིན་དུ་༡༩༨༨ ལོའི་ཡོ་རུབ་ནས་སི་ཊས་སི་སྦག་གྲོས་འཆར་བསྒྲགས་པ་སོགས་ལ་རྐྱེན་བྱས་ཏེ།  དེ་ནི༸གོང་ས་མཆོག་གི་སྐུ་སྒེར་གྱི་དགོངས་ཚུལ་ཁོ་ན་ཙམ་དུ་ངོས་བཟུང་སྟེ་བཤད་ཡམས་སྤེལ་འདོད་བྱུང་བ་ཙམ་རེད།  གནས་ཚུལ་འདི་ཡང་སྐབས་སྐབས་སུ་ཆབ་སྲིད་པའི་དགོས་མཁོར་སྤྱད་དེ་འུད་སྒྲོག་ཀྱང་བྱེད་ཀྱིན་ཡོད། འདི་དག་ནི་གཞན་གྱི་ངག་སྒྲོས་ཉན་ཏེ་ཧོལ་རྒྱུག་བྱ་རྒྱུར་དགའ་མཁན་གྱི་བརྟག་དཔྱད་མེད་པའི་གཏམ་བཤད་ཙམ་དུ་ཟད་ནའང་། ལོ་རྒྱུས་ནི་དུས་ཚོད་ཀྱི་ཤུལ་རྗེས་རིང་མོ་ཞིག་ཡིན་པས། ད་ལྟའི་དུས་སུ་གོ་བའི་བརྡ་རུ་སྤྲད་ཚེ་བདེན་པ་དག་ནི་རང་ཉིད་ཀྱི་མིག་ཟུང་དང་བར་ཐག་ཉེ་བས་ཡིན།  འུ་ཅག་གིས་བཙན་བྱོལ་དམངས་གཙོའི་འཕེལ་རིམ་ལ་ཕྱིར་རྟོག་གནོངས་དང་།  དམངས་གཙོ་དུས་དྲན་ལ་བསམ་གཞིགས་གྱིས་དང་།  གོང་ས་མཆོག་གིས་དམངས་གཙོའི་བགྲོད་ལམ་གྱི་འགོ་གང་ཞིག་ནས་བཙུགས་པའི་ཡིག་ཆ་སྔོགས་དང་། གོང་ས་མཆོག་གི་དམངས་གཙོ་ནི་བཙན་བྱོལ་དུ་ཕེབས་ནས་འགོ་བཙུགས་པ་ཞིག་ཡིན་ནམ། ཡང་ན་ཕྱི་ཕྱོགས་སུ་ཕེབས་ཏེ་འགོ་བཙུགས་པ་ཞིག་ཡིན། ཞིབ་ཏུ་སོམས་དང་། ཁོང་གི་དམངས་གཙོ་ལམ་ལུགས་ཀྱི་ལེགས་བཅོས་ཚོགས་པ་ནི༡༩༥༣ ལོར་བྱུང་ཡང་རྒྱ་གཞུང་གི་སྟངས་འཛིན་དང་གནོན་ཤུགས་ཡང་ཡང་ཐེབས་ཀྱང་། ཁོང་གི་དགོངས་དོན་དབུ་བརྙེས་ས་ནི་བོད་ནང་གི་ཛ་དྲག་གི་དུས་ཚོད་ཅིག་ཏུ་ཁེལ་ཡོད། དེ་བཞིན་དུ་བཙན་བྱོལ་དུ་ཕེབས་ནས་ཀྱང་འུ་ཅག་གི་མི་ཆེན་དང་དཔོན་ཆེན་དག་གིས་ཀྱང་དམངས་གཙོའི་ལམ་ལུགས་དང་ལེན་མ་བྱེད་པའི་གནས་ཚུལ་སྐྱི་གཡའ་བ་དག་ནི་མིག་ཆུ་ཤོར་བའི་གཏམ་རྒྱུད་མང་པོ་ཞིག་ཏུ་གྱུར་བ་དེ་རེད། དེ་ལྟ་བུའི་ཕྱི་ནང་གི་འགལ་རྐྱེན་མང་པོའི་ཁྲོད་དུ་དམངས་གཙོའི་ལམ་ལུགས་དབུ་བརྙེས་པ་ཞིག་ཡིན་ལ།  ད་དུང་ཡང་དབུ་མའི་ལམ་ནི་གོང་ས་མཆོག་གི་སྒེར་གཅོད་དུ་འདོད་པ་ནི།  འདས་པའི་ཡིག་ཆ་དང་ལོ་རྒྱུས་ལ་ལྟ་ཞིབ་ཀྱིས་ཐག་གཅོད་རྒྱུ་ནི་གལ་འགངས་ཆེ་བར་འདོད། དབུ་མའི་ལམ་གྱི་ལྟ་གྲུབ་སྲོལ་འབྱེད་པའི་ཐོག་མའི་གྲོས་འཆར་གྱི་ཁྲོད་དུ་༸གོང་ས་མཆོག་གི་ཞལ་གསུང་དྲོད་འཐུལ་ལེ་བ་ཞིག་ཡོད་པས་དཔང་དུ་འདེབས་ཆོག་སྟེ།  ངོས་ཀྱི་བློན་ཆེན་ལྷན་ཚོགས་དང་ངོས་ནས། གྲོགས་པོ་དང་། སེམས་འཁུར་ལྡན་པའི་མི་སྣ་མང་པོའི་བསམ་འཆར་འདྲི་ཞིབ་བྱས།  ཞེས་པའི་གསུང་ཚིག་ནན་པོ་འདི་ཉིད་ཤོག་བུ་དཀར་པོའི་སྟེང་གི་ཡི་གེ་ནག་པོར་གསལ་ཐིང་ངེར་ད་ལྟ་མཇལ་རྒྱུ་ཡོད། དབུ་མའི་ལམ་གྱི་ཐོག་མའི་གྲོས་འཆར་ཡང་ཁོང་གཅིག་པུས་ཐག་གཅོད་ཅིག་མིན་པར་ཕྱོགས་མང་པོ་ཞིག་ལ་འདྲི་བརྩད་དང་གྲོས་བསྡུར་གྱི་ལམ་ནས་ད་གཟོད་གྲོས་འཆར་བཏོན་པ་ནི་སྐབས་དེའི་ཡིག་ཆ་དེ་དག་ནི་དཔང་རྟགས་ཡིན། ད་དུང་དེ་ཙམ་གྱི་ག་ལ་ཚད་དེ།  ཕྱིས་སུ་ཡང་དང་བསྐྱར་དུ་མི་མང་གི་མངོན་འདོད་ལྟར་དབུ་མའི་ལམ་གྱི་ལྟ་གྲུབ་ཐད་མི་མང་འོས་ཤོག་ཀྱང་བླུགས་ཡོད།  སྤྱི་ལོ༡༩༩༦ ལོར་མང་མོས་འོས་གྲངས་ཀྱི་ཐོབ་ཚད་བརྒྱ་༩༤་༦༠ ཟིན་པར་གྱུར། འདི་ལྟ་བུའི་མང་གཙོའི་བྱ་རིམ་ངེས་ཅན་བརྒྱུད་པ་ཡང་སྒེར་གཅོད་དུ་སྒྲོག་ཚེ།  གཞི་མེད་བསྙོན་དུ་འཛུགས་པའི་བཤད་ཡམས་ནི་བཤད་ཡམས་ལ་དགའ་བའི་གོམས་གཤིས་ཙམ་དུ་ཟད་པས།  སུས་ཀྱང་སྒྲོས་ཀྱི་ངལ་བ་ལྷུར་ལེན་དུ་འཇུག་པར་མི་སྤྲོའོ།།  ད་དུང་ཕྱི་ལོ་༢༠༠༨ ལོའི་ཟླ༡༡ ཚེས༡༧ ནས༢༢ པར་སྲིད་དོན་དམིགས་བསལ་ཚོགས་ཆེན་གྱི་སྐབས་སུའང་།  དབུ་མ་ལམ་ལ་འཕོ་འགྱུར་འབྱུང་བའི་བཤད་ཡམས་མང་པོ་ཞིག་སྤེལ་མོད་དེ།  དེ་ལྟ་ན་ཕྱོགས་སོ་སོའི་ཆབ་སྲིད་པ་དང་མཁས་དབང་།  ལས་འགུལ་བ།  ཚོགས་པ་སོགས་ཀྱི་མི་སྣ་མང་པོ་ཞིག་དུས་གཅིག་ཏུ་འཛོམས་ནའང་།  དབུ་མའི་ལམ་ནི་སྔར་བཞིན་དུ་གནས་པ་ཡང་ད་ལྟའི་གནས་བབ་དང་མཐུན་པའི་ལངས་ཕྱོགས་རྨ་མེད་ཅིག་ཡིན་པའི་རྒྱབ་དཔང་གསལ་བོ་ཞིག་བྱུང་བ་ཡིན།   འདི་དང་འདི་ལྟ་བུའི་བདེན་དཔང་རི་བོ་བཞིན་ཡོད་བཞིན་དུ་དབུ་མའི་ལམ་སྒེར་གཅོད་དུ་འདོད་ཚེ།  བདེན་པར་སྐྱོན་དུ་རང་སེམས་ཀྱི་མེ་ལོང་ལ་འཕྱི་བདར་ཐེངས་གཅིག་བྱེད་པའི་རེ་བ་ཙམ་ལས་གཞན་གང་ཡང་མེད་དེ། འདི་ལྟ་བུའི་འདས་པའི་གནས་ཚུལ་དག་གི་བྱུང་བ་ལས་དབུ་མའི་ལམ་ནིདམངས་གཙོ་ལས་བྱུང་བའི་སྲིད་ཀྱི་ཐབས་ཇུས་ཀྱི་ལྟ་གྲུབ་ཚུགས་ཐུབ་ཅིག་ཏུ་འདོད་པ་ནི་སུས་ཀྱང་བསྙོན་མི་ཐུབ་པོ།།
གསུམ་པ།  དབུ་མའི་ལམ་ནི་མགོ་འདོགས་ཤིག་ཡིན་ནམ།
དབུ་མའི་ལམ་ནི་བོད་མིའི་ཐོབ་ཐང་དང་བོད་ཀྱི་རང་དབང་། བོད་ཀྱི་ཁོར་ཡུག  བོད་ཀྱི་རིག་གནས།  བོད་ཀྱི་མ་འོངས་པའི་ཁ་ཕྱོགས་བཅས་སྲུང་སྐྱོབ་བྱེད་པའི་སྲིད་ཐབས་ཤིག་ཡིན་པ་གྲོས་འཆར་ཡིག་ཆ་དག་ལས་ཤིན་ཏུ་གསལ་བས།  དེ་ལྟར་ཡིན་པས་ང་ཚོའི་དགོས་དོན་ཡང་དེ་ལས་གཞན་ཅི་ཞིག རྒྱ་ནག་གི་ཁྲོད་དུ་སྔར་ནས་སྲིད་དོན་མི་སྣ་གལ་ཆེན་ཁྲོད་དུའང་ཕན་ཚུན་གྲོས་མོལ་གྱིས་ཐག་གཅོད་པའི་འདོད་པ་ཡོད་པར་མ་ཟད།  ༢༠༠༨ ལོའི་ཞི་རྒོལ་ཆེན་བྱུང་བ་ནས་བཟུང་དབུ་མའི་ལམ་གྱི་སྲིད་ཇུས་ལ་གནས་ལུགས་ལྡན་པར་གོ་བའི་རྒྱ་ནག་མཁས་པ་དང་སྲིད་དོན་པ།  མི་མང་གི་ཁྲོད་དུ་སྔར་ལས་མང་དུ་སོང་བར་མ་ཟད།  རྒྱལ་སྤྱིའི་ཁྲོད་དུ་ཆབ་སྲིད་དབྱེ་ཞིབ་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་སེམས་ཁུར་ཡོད་པ་དག་གིས་ཀྱང་དེ་ལྟར་དུ་འདོད། དེ་བཞིན་དུ་རང་རེའི་བོད་ལ་མཚོན་ནའང་དབུ་མའི་ལམ་ནི་ད་ལྟའི་བོད་རྒྱའི་མདུན་ལམ་ལེགས་ཤོས་ཤིག་ཏུ་ངོས་འཛིན་བྱེད་མཁན་ཧ་ཅང་མང་བར་གྱུར་བ་རེད། མི་རིགས་གཞན་གྱི་ཁྲོད་དུའང་དབུ་མའི་ལམ་ལྟ་བུའི་བྱེད་ཐབས་ནི་དེང་རབས་མཐུན་པའི་ཆབ་སྲིད་བྱེད་ཐབས་ལམ་ལུགས་གསར་བ་ཞིག་དང་གུ་ཡངས་པོ་ཞིག་ཏུ་འདོད་དེ། དང་ལེན་དང་ལེགས་ཆ་སྡུད་ལེན་བྱེད་མཁན་ཡང་འབྱུང་བཞིན་ཡོད། དབུ་མའི་ལམ་ནི་མགོ་འདོགས་སུ་སྨྲ་བ་ནི་ཐལ་དྲགས་པའི་བརྟག་ཐབས་ཀྱིས་མ་འདང་པ་ཞིག་ཏུ་འདོད། མགོ་འདོགས་ཟེར་བ་ནི་ཡང་སྙིང་ཅི་ཞིག་ཡིན་ནམ་ཟེར་ན།  ཆ་རྐྱེན་དང་གདམ་ག་གང་ཡང་མེད་པར་གཞན་འོག་ཏུ་མགོ་སྒུར་བའི་འགྲོ་སྟངས་ཤིག་ལ་གོ་དགོས་པ་དེ་རེད། བོད་མིའི་ཐོབ་ཐང་དང་རང་དབང་སོགས་ཀྱི་ཕྱིར་དུ་ཆ་རྐྱེན་མང་པོ་བཏོན་པ་ནི་གོང་ས་མཆོག་གི་སྐུ་སྒེར་གྱི་ཐོབ་ཐང་ཆ་ཤས་ཙམ་ཡང་མེད་དེ།  ཁོང་གིས་སྔ་མོ་ནས་བོད་རྒྱའི་གནད་དོན་ནི་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་དང་འབྲེལ་བ་ཅི་ཡང་མེད་པའི་གསལ་བཤད་སྔ་མོ་ནས་མ་ཎི་བགྲང་བགྲང་བྱས་པར་མ་ཟད། དེ་བཞིན་དུ་༸གོང་ས་མཆོག་གིས་སྲིད་དོན་ལས་གནས་ནས་དགོངས་པ་ཞུས་པས་དེ་བས་ཀྱང་ར་སྤྲོད་གསལ་བོ་བྱུང་བ་རེད།  ང་ཚོས་རང་ཉིད་ཀྱི་ཚོར་བ་ཁོ་ནའི་ཕྱོགས་སུ་རྒྱུག་པའམ་གཞན་གྱི་ཟེར་སྒྲོས་ཀྱིས་རྗེས་སུ་རྒྱུག་པ་དེས་སྲིད་དོན་པས་ལོ་རྒྱུས་ལ་ནག་ཉེས་ཚབས་ཆེན་བསགས་པ་ཡང་མང་སྟེ། ཐ་ན་རླབས་ཆེ་བའི་སྐུ་སྲོག་ལ་རྒོལ་བའི་མཐོ་འཚམས་པའི་གནས་ཚུལ་ཡང་བྱུང་བ་ནི། ཕྱི་ལོ༡༩༤༨ ལོར་སེམས་དཔའ་ཆེན་པོ་གན་ཏི་ཡང་རང་མིས་བཀྲོངས་ཏེ་མཐར་འགྱོད་པའི་བྲང་རྡུང་མཁན་མང་བ་དེ་རེད། ༡༩༦༥ ལོར་ཨ་རིའི་ནེའུ་ཡོག་ནས་མ་ཀྲིན་ལོའུ་ཐར་ཁེན་ཡང་རང་མིས་ལག་ནས་སྐུ་ཚེ་བསྡུས་པ། དེ་བཞིན་དུ་རྒྱ་གར་གྱི་སྲིད་དོན་པ་ལྕམ་ཨེན་ངྷར་གན་དེ། པ་ཁེ་སི་ཐན་གྱི་ལྕམ་པོའུ་ཁྲོའོ་སོགས་ཤིན་ཏུ་མང་པོ་བྱུང་ཡོད། འདི་དག་ནི་བཤད་ཡམས་དང་ཆབ་སྲིད་པའི་འུར་འདྲོགས་ཀྱི་ཁྲོད་དུ་བྱུང་བའི་ནོར་འཁྲུལ་དང་ནག་ཉེས་ཡིན། ནག་ཉེས་ཀྱི་ངོས་ཟིན་ནི་དུས་ཚོད་རིང་པོའི་བཤུལ་རྗེས་སུ་བཞག་པའི་འགྱོད་བཤགས་འབའ་ཞིག་ཡིན། འདི་དག་ནི་གཙོ་བོ་གཞན་གྱི་ཟེར་རྗེས་འབྲང་བ་ལས་རང་ཉིད་ལ་ཆབ་སྲིད་ཀྱི་མིག་རྒྱང་དང་ཁ་ཕྱོགས་ཉམས་པ་ལས་བྱུང་བ་ཤ་སྟག་ཡིན། ང་ཚོ་ནི་འདི་ལྟ་བུའི་ལོ་རྒྱུས་ཀྱི་ནག་ཉེས་འབྱུང་མི་སྲིད་ཀྱང་། ཆབ་སྲིད་ཀྱི་ཕུགས་རྒྱང་ལ་དཔྱད་སྐབས་རང་ཉིད་ཀྱི་བསམ་བློ་དང་སྐད་ཆ་ལ་རང་ཉིད་ཀྱིས་འགན་ཁུར་ཐུབ་པའི་གནས་ལུགས་ཀྱི་གདེང་ཚོད་ཅིག་ངེས་པར་དུ་ཡོད་རྒྱུ་ནི་ཤིན་ཏུ་གལ་ཆེ། ཆབ་སྲིད་པའི་ཁྲོད་དུ་གཡོ་ཐབས་ཀྱི་རིག་པ་ཡང་ཆེས་ཆེར་མང་བས་སྐབས་སྐབས་སུ་རང་ཉིད་ཀྱི་ཚོར་བའི་དགོས་མཁོ་ཕྲ་མོའི་ཕྱིར་དུ་ནོར་འཁྲུལ་ཚབས་ཆེན་འབྱུང་སྲིད་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཙམ་ཡིན། དབུ་མའི་ལམ་ནི་འཕྲལ་ཕུགས་ནི་འཕྲལ་ཕུག་གཉིས་ཀྱི་བསམ་གཞིགས་ཀྱི་ཁོར་ཡངས་པའི་བོད་མི་རིགས་ཀྱི་བདེ་དོན་ཁོ་ནའི་ཕྱིར་དུ་བཏོན་པའི་བྱེད་ཐབས་ཤིག་སྟེ། གྲོས་འཆར་དོན་ཚན་ལྔའི་ཆ་རྐྱེན་ཁྲོད་དུའང་། བོད་ས་ཞི་བའི་བསྟི་གནས་སུ་བསྒྱུར་འདོད་པ་དང་། བོད་ཁུལ་དུ་མི་སེར་སྤེལ་བའི་ཉེན་ཁ་འགོག་པ། བོད་ལ་འགྲོ་བ་མིའི་ཐོབ་ཐང་རང་དབང་དགོས་པ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ། བོད་ཀྱི་མ་འོངས་པའི་ཕྱིར་དུ་གྲོས་མོལ་འགོ་འཛུགས་རྒྱུའི་འདོད་པ་སོགས་ཀྱི་ཆ་རྐྱེན་གསལ་བོར་བཏོན་པ་དེས་མགོ་འདོགས་ཀྱི་ལམ་ལུགས་མེད་པ་མཚོན་ཐུབ་པ་ཡིན།  དེ་བཞིན་དུ་གཞུང་དང་གཞུང་གི་བར་གྱི་བོད་རྒྱ་ཞི་མོལ་གྱི་ཁྲོད་དུ་བོད་མིའི་རང་དབང་དང་ཐོབ་ཐང་། སྤྱི་ཚོགས་ཀྱི་བདེ་དོན་གྱི་ཕྱིར་དུ་བཏོན་པའི་ཆ་རྐྱེན་མང་པོ་ཞིག་ཞིབ་ཏུ་རྒྱ་གཞུང་ལ་སྤྲད་ཟིན་པ་རེད། ཡིག་ཆ་དེ་དག་ཞིབ་ཏུ་གཟིགས་ན་གནས་ལུགས་ཟབ་ཅིང་ཡངས་པ་མང་པོ་ཞིག་མཐོང་ཐུབ་པས། ང་ཚོས་གང་བྱུང་དུ་མགོ་འདོགས་སུ་སྨྲ་བའི་སྤོབས་པ་དེ་ཡང་རང་ཤུགས་ཀྱིས་ཞུམ་པར་ངེས། དེ་བཞིན་དུ་རང་ཉིད་སྒེར་གཤིས་ཀྱི་མ་དགའ་བའམ་མི་འདོད་པ་གཙོར་བཟུང་གིས་གཞན་ལ་ཅི་ཡང་མི་སྙམ་པར་དགག་གཞག་ལ་སྤྲོ་པ་ཅུང་བདེན་པ་ལ་རྒྱབ་ཀྱིས་ཕྱོགས་པའི་སྣང་ཚུལ་ཞིག་ཀྱང་འདུག་པས། ཕྱིར་རྟོག་གི་གནས་ལུགས་གཞན་ཞིག་ཀྱང་རྙེད་ངེས་ཡིན།
ཉེ་བའི་ཆར་རྒྱལ་དབང་བཅུ་གསུམ་པའི་རང་བཙན་ཁྱབ་བསྒྲགས་བྱས་པའི་དུས་དྲན་དང་བྱ་འགུལ་མང་པོ་ཞིག་སྤེལ་གྱི་འདུག་སྟེ།  དེ་ཡང་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་མཛད་རྗེས་དྲན་པ་ནི་འོས་སུ་མཆིས་པའི་ལོ་རྒྱུས་ཀྱི་བྱ་བ་རླབས་ཆེན་ཞིག་ཡིན་ནའང་། ལས་འགུལ་དེའི་རྒྱབ་རོལ་ཏུ་དོན་དངོས་སུ་འགྲེལ་བརྗོད་ཅི་ཞིག་བྱེད་བཞིན་ཡོད།  བདག་གིས་ནི། ནོར་བུ་རང་ལ་ཡོད་དུས།།  ནོར་བུའི་ནོར་ངོ་མ་ཟིན།།  ནོར་བུ་གཞན་ལ་ཤོར་དུས།།  འགྱོད་པ་གཏིང་ནས་སྐྱེས་འོང་།།  ཞེས་པའི་དུས་རབས་བཅོ་བརྒྱད་པའི་འགྱོད་གདུང་གི་གཞས་ཚིག་འདི་ཉིད་དྲན་སོས་ཀྱི་འདུག  དོན་དངོས་སུ་ང་ཚོ་ཤི་བོ་ལ་དགའ་ཞིང་གསོན་པོ་ལ་སྡང་བ་དེ་རེད།  དོན་དངོས་སུ་ང་ཚོ་ནི་ཆབ་སྲིད་ཀྱི་ཐག་རིང་མི་མཐོང་ཞིང་ཐག་ཉེར་ཚོར་བ་རྣོ་བའི་ཉེན་ཁ་ཆེ་བ་དེ་རེད། གནད་དོན་འདིའི་དཔང་རྟགས་གསལ་བོ་ཞིག་ནི་རྒྱལ་བ་བཅུ་གསུམ་པ་དྲན་པ་དང་།  དགེ་འདུན་ཆོས་འཕེལ་དྲན་པ།  ལུང་ཤར་བ་དྲན་པ།  རང་གྲོལ་དྲན་པའི་མི་སྣ་མང་ནས་མང་དུ་འཕེལ་བཞིན་པའི་སྣང་ཚུལ་གྱིས་ཤེས་ཐུབ། དེ་དག་ནི་ཅིས་ཀྱང་དྲན་འོས་ཏེ་དྲན་རུང་བ་ཞིག་ཡིན་མོད། འུ་ཅག་གི་ཁྱད་ཆོས་ནི་མི་སྣ་ཞིག་ཡུལ་དུས་ཀྱི་ཁ་ཐག་གྱེས་རྗེས་གང་དེའི་མཛད་རྗེས་དྲན་རྒྱུར་ཤིན་ཏུ་དགའ་སྟེ། ཁོང་རྣམས་གསོན་པོར་བཞུགས་དུས་སྐུ་ཚེགས་སམ་ཐ་ན་ཚེ་སྲོག་ཉེན་དུ་སྦྱར་མཁན་ནི་འུ་བུ་ཅག་ལས་གཞན་སུ་ཞིག་ཡིན། དེ་ལྟ་དེ་ལྟར་གོམས་གཤིས་རྙིང་བ་དེ་དེ་རིང་གི་འུ་ཅག་གི་ཁྲག་རྩའི་སྦུབ་ཏུ་འདྲེས་ཤིང་རྒྱུ་བཞིན་ཡོད།  འཛམ་གླིང་གི་མི་སྣ་རླབས་པོ་ཆེ་སྟེ།  སྐུ་ཚེ་གང་བོ་གཞན་དོན་ཁུར་དུ་འཁྱེར་ཞིང་འབད་བཞིན་པའི་གོང་ས་བཅུ་བཞི་བ་ཆེན་པོའི་མཛད་རྗེས་མི་གླེང་བར་བཅུ་གསུམ་པ་ཆེན་པོ་གླེང་བ་ཡང་རྒྱུ་མཚན་དེ་དང་གཅིག་ཏུ་མཚུངས་པར་སེམས། བཅུ་གསུམ་པ་ཆེན་པོ་གླེང་མཁན་ཚོས་བཅུ་བཞི་མི་གླེང་ལ་གླེང་ཡང་ཁོ་བོ་ཅག་གི་སྐབས་དོན་དགོས་མཁོ་ཙམ་དུ་སྤྱོད་པའི་ལག་པ་འཕྱི་ས་ཙམ་རེད། ད་ལྟ་འཛམ་གླིང་ན་གཞན་དོན་གྱི་ཕྱིར་དུ་གཟེངས་རྟགས་བརྒྱ་ཕྲག་མང་པོ་འཐོབ་པ་ནི་རྒྱལ་དབང་བཅུ་བཞི་པ་ཆེན་པོ་ལས་གཞན་རྒྱལ་སྤྱིའི་སྟེང་ན་བཙལ་དུ་མེད་ལ། འུ་ཅག་གི་ཁོར་ཡུག་ན་དེ་བས་ཀྱང་ངོ་།། དེ་ལྟར་ཤེས་བཞིན་དུ་ང་ཚོས་ནོར་བུའི་ནོར་ངོ་མ་ཟིན་པ་ཅིའི་ཕྱིར། ཅིའི་ཕྱིར་ང་ཚོ་ཤི་བོར་དགའ་བ་ལས་གསོན་པོར་མི་དགའ་བའི་ནད་རྟགས་ཚབས་མོ་ཆེ་འདི་བྱུང་བ་རེད། གོང་ས་བཅུ་གསུམ་པའི་རང་བཙན་ཁྱབ་བསྒྲགས་ནི་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་མ་བརྒྱབ་པའི་ཡར་སྔོན་གྱི་གནས་ཚུལ་ཞིག་རེད།  དེ་རྗེས་འཛམ་གླིང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་འཛམ་གླིང་གི་འབྲེལ་ལམ་ཕྱོགས་ཡོངས་ནས་གནམ་ས་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཅིག་བྱུང་བ་ནི་འུ་ཅག་འཚོ་བའི་ས་སྒང་གི་སྤྱི་ཚོགས་ཡོངས་ལ་གཟིགས་ན་ཤེས་སླ། དབུ་མའི་ལམ་ནི་དོན་དངོས་སུ་མགོ་འདོགས་ཤིག་མིན་པར་བོད་མི་རིགས་ཀྱི་ད་ལྟའི་དུས་ཚོད་དང་མཐུན་པའི་ཁེ་ཕན་གྱི་ཁོར་ཡུག་ཤིན་ཏུ་ཡངས་པའི་ཆབ་སྲིད་ཀྱི་མིག་དཔེ་གསར་བ་ཞིག་རེད་ཅེས་ན་བརྗོད་ན་ཐལ་དྲགས་པར་མི་སེམས་ཏེ། དུས་རབས་དང་མཐུན་པའི་སྲིད་ཀྱི་ལམ་བུ་ཆེས་མཚར་སྡུག་ལྡན་པའི་འཛམ་གླིང་མཉམ་གནས་རང་བཞིན་གྱི་ལྟ་བ་ཞིག་ཡིན་པ་རྟོགས་ཐུབ་པོ།།
                                    ༢༠༡༣ ༣ ༢༩ ལ་བྲིས།
དཔྱད་རྩོམ།

Post navigation

Previous Post: པཎ་ཆེན་སྐུ་ཕྲེང་བཅུ་པ་དྲན་པ།
Next Post: རྒྱ་དཀར་ནག་གཉིས་དང་བོད་མི་རིགས་ཀྱི་སྤོབས་པ་ཡིན།

Comments (33) on “དབུ་མའི་ལམ་གྱི་དྲི་རྟགས་བཀྲོལ་བ།”

  1. ཅོ་རི་ཉི་མ། says:
    2013-04-03 at 7:01 am

    བོད་སྤྱི་པའི་རྩ་དོན་དང་ཆབ་སྲིད་བཤད་མཁན་འདི་ཚོ་མིང་ལྷག་རྐྱང་རྐྱང་གི་འོག་ཏུ་གླུ་ལེན་དགོས་པ་གང་ཡིན་ནམ།

  2. གསེར་འབྲུག་སྡེར་ལྔ་ says:
    2013-04-03 at 7:35 am

    བོད་དང་བོད་མི་རིགས་ཀྱི་ལས་དབང་དང་ཐོབ་ཐང་ཡོད་ཚད་སེམས་གཙོ་སྨྲ་བ་རིང་ལུགས་པ་ཆགས་ནས་སེམས་གཙོ་སྨྲ་བ་རིང་ལུགས་པ་ཚོས་འགྲེལ་བཤད་སྙན་མོ་ཇི་ལྟར་བརྒྱབས་ཀྱང་དོན་སྙིང་ཞིག་མེད་ཁོ་ཐག་རེད། གང་ལྟར་བོད་རྒྱ་གཉིས་བར་མཐའ་གཉིས་སུ་མི་ལྷུངས་བའི་དབུ་མ་ཟེར་བ་ཞིག་འཇོག་གཞི་ཁོ་རང་མེད་པ་རེད། ཡང་གཅིག་མིན་ན་ཆ་རྐྱེན་ཅི་ཡང་མེད་པར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ་ལོག་རྒྱུ་དེ་རེད།

  3. ཅོ་རི་ཉི་མ། says:
    2013-04-03 at 8:10 am

    གཟུ་བ་ལགས།
    1་་་་དབུ་མའི་ལམ་འདི་ད་ལྟའི་རྒྱལ་སྤྱིའི་གནས་བབས་དང་ཇི་ལྟར་མཐུན་ནམ།
    2་་་་དབུ་མའི་ལམ་འདི་གཉིས་ཕན་དང་གཉིས་སྨན་ཡིན་ཟེར་བ་ཡང་བདེན་གཏམ་ཞིག་མིན། རྒྱ་ལ་ཁེ་ཕན་ཆེ་དང་བོད་ལ་ཁེ་ཕན་ཆུང་བ་ཡོད།
    3་་་་དམངས་གཙོའི་སྐོར་རེད། བོད་རྒྱལ་ཁབ་ཀྱི་ནང་དུ་དམངས་གཙོ་གསར་གཏོད་བྱེད་མཁན་རྩིས་དཔོན་ལོང་ཤར་ཟེར་བ་འདི་ཐོག་མ་ཡིན་པར་འདྲ། ཁོང་གིས་བཀའ་བློན་འདོམས་ཤོག་འཕེན་ནས་གདམ་དགོས་པའི་གྲོས་འཆར་བཏོན། མིག་རིལ་གཉིས་ཤོར་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་པར་འདྲ།
    4་་་་དབུ་མའི་ལམ་འདི་དམགས་གཙོ་ཡང་དག་པའི་ལམ་ནས་གཏན་འབེབས་བྱས་པ་ཤིག་མ་རེད། ཡིག་རྨོངས་དང་རྨོངས་དད་ཅན་གྱི་སྤྱི་འཐུས་ཚོས་བོད་རྒྱ་ཆེན་མི་དམངས་ཀྱི་མངོན་འདོད་ལ་བརྩི་བཀུར་མེད་པར་བཀའ་བཀོད་ཚད་མ་འཛིན་ནས་གཏན་འབེབས་བྱས་པ་ཤིག་རེད། བཙན་བྱོལ་མི་དམངས་ལམ་ཕྱོགས་གང་ལ་མོས་པ་ཡོད་མེད་ཀྱི་ཐོག་ཏུ་འོས་བསྡུ་ཚད་ལྡན་ཞིག་བྱས་མྱངས་མེད།།
    ༥་་་་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་གི་མཚན་བྱང་རང་འཇག་བཞག་དགོས་པར་མང་མོས་བྱུང་ཡོད། འདི་ལ་བརྩིས་མེད་རྡོག་རོལ་བཏངས་ནས་སྒྲིག་འཛུགས་ལ་བསྒྱུར་ཡོད། ༢༠༠༨་ལོར་ཛ་དྲག་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་འདི་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་གཞུང་ལ་བསྒྱུར་གྱི་གྲོས་ཆོད་བཞག་ཡོད། འདི་ཡང་བརྩིས་མེད་རྡོག་རོལ་བཏངས་ཡོད།།
    6་་་་སྤྱིའི་ཆ་ནས་ཀྲུང་ཧྭ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྐྱིད་ཉལ་བྱེད་ཀྱི་ཡིན་ཟེར་མཁན་རྣམས་ལ་དམངས་གཙོ་བཤད་ཀྱི་ཐོབ་ཐང་མེད། ཁྱོད་ཚོ་དམར་ཕྱོགས་ལ་དགའ་བའི་མི་ཡིན་པའི་ཕྱིར།

  4. མངའ་རིས་ཕྲིན་ལས། says:
    2013-04-03 at 8:28 am

    ད་ཡང་གཟུ་བས་སྐྱག་དྲི་ཁ་བའི་འདོད་གཏམ་བཤད་འདུག་དབུ་རང་གཉིས་དབར་རྩོད་པ་དགོས་ཡ་མེད། གཙོ་ཆེ་དྲ་རྒྱའི་རྒྱུད་རྩོད་པ་ཁོ་ན་བྱེད་མཁན་ནི་ཕལ་ཆེར་ཆོས་ལུགས་ལྟ་གྲུབ་ཀྱིས་བསླད་པ་རྐྱང་ཡིན་པས་འདི་ལྟར་བཤད་ན་གོ་སླ། གཞི་བོད་མི་རིགས་ཀྱི་བདེ་དོན་ཁོ་ན། ལམ་རང་བཙན་རྩོད་ཅིང་ཞི་དྲག་གང་འགབ། འབྲས་བུ་རྒྱ་བོད་མཉམ་གནས་དབུ་མའི་ལམ། ཞེས་བཤད་ན་གང་འདྲ་འདུག

  5. གནམ says:
    2013-04-03 at 9:16 am

    དབུ་མའི་ལམ་ཟེར་བ་འདི། ཕར་ལ་སློང་ན་སློང་བདེ་པོ། ཚུར་ལ་སྤྲད་ན་སྤྲོད་བདེ་པོ་ཡོད་པ་ཞིག་ལ་དམིགས་པ་ཡིན་པ་འདྲ། རེད་དེ། མི་ལོ་འདི་དག་རིང་ལ་ཁ་དཀར་ངོ་དཀར་ཞིག་བསྟན་པའི་རྒྱ་དཔོན་ཞིག་རིག་རྒྱུ་མེད་ཐལ། གཉིས་ཕན་ཟེར་བའི་མིང་བྱང་སྙན་མོ་ཞིག་བཏགས་པ་ཙམ་གྱིས་བོད་ནང་གི་གྱོང་ཟ་གྱོང་རགས་ཀྱི་དཀའ་སྡུག་དེ་ནམ་ཡང་བསལ་མི་ཐུབ། དྲང་མོར་བཤད་ན། རྒྱས་རྒྱ་ལ་ཕན་པ་མེད་པར་འདོད་པ་དང་། བོད་པས་བོད་ལ་ཕན་པ་མེད་པར་འདོད་པས། འདི་ནི་ཕྱོགས་གཉིས་ལ་མི་ཕན་པའི་རེ་ལྟས་ཆད་པའི་མགོ་སྙོག་ཙམ་ལས་མ་འདུས།

  6. རྒྱ་ཞིང་མྱི་དཀར says:
    2013-04-03 at 10:52 am

    གྲོགས་པོ་གཟུ་ལགས་ཐུགས་རྗེ་ཡག་པོ་དཔེ་བྲིས་འདུག་མི་མཐུན་ནས་ཡིན་ད།

  7. དྲི་མེད་ལྷག་བསམ། says:
    2013-04-03 at 11:38 am

    ཀྲུང་གོར་ཐེངས་དང་པོར་བཀག་སྡོམ་མེད་པར་ལོ་༢༤་རྗེས་སུ་༡༩༨༩ལོའི་སློབ་མ་ཡར་ལང་སྐབས་ཀྱི་གཤིན་པོ་རྣམས་ལ་རྗེས་དྲན་བྱས་པ། 24年來首次 中國民間公祭六四死難者
    -字
    +字
    作者: NewTalk 新頭殼 | 新頭殼 – 2013年4月3日 下午2:30
    相關內容
    看相片
    24年來首次 中國民間公祭六四死難者
    新頭殼newtalk 2013.04.03 李雲深/綜合報導
    在中國的清明節前夕,4月1日一群八九民運的參加者和民間知識份子,聚集河北省正定縣,以莊重儀式,公祭了1989年「六四」死難者。他們在河北省正定縣殯儀館銘德堂,向「六四」死難者肅立、默哀,並宣讀公祭詞,呼喚死難者的名字,一一公祭。這是事件發生24年來,在中國大地,第一次,民間以公祭的形式,追思「六四」死難者。
    參加公祭活動的,包括部分八九民運參加者和民間知識份子。公祭發起人陳衛、于世文,都是1989年廣州民主運動最早的發起人和組織者。當年,陳衛是中山大學大氣科學系四年級學生,于世文是中山大學哲學系三年級學生。「六四」鎮壓後,他們分別被捕,各自遭監禁一年半。
    據瞭解,公祭活動舉行前的最後時刻,遭公安獲知,部分參加者遭到阻攔,未能到達現場。但當局沒有阻攔現場公祭活動。主要組織者于世文遭河北、河南兩省警方羈押、訊問24小時,後被釋放,現已平安回到他位於河南省鄭州市的家中。訊問公安官員答應于世文要求,會將《公祭詞》遞交有關上級。
    發起人表示,之所以選擇河北省正定縣,是因為,那是中共新領導人習近平先生的從政發祥地,公祭者要提醒習近平先生,不要忘記他父親習仲勳先生堅決反對的「六四」屠殺,不要忘記中華民族歷史的傷口。中國夢應該是憲政夢,相信那才他父親的夢。
    公祭1989年6.4死難者《公祭詞》全文如下:

    女士們、先生們:
    今天,我們懷著沉痛的心情,在風蕭水寒,壯士悲歌的燕趙大地,祭奠一群特殊的亡靈。
    他們,曾經和我們一樣年輕,一樣滿懷夢想和激情;
    他們,曾經在我們中間學習、工作、生活,和我們一起發出過痛苦的、歡樂的、真誠的呐喊聲;
    但是,1989年「6.4」,瘋狂的坦克、無情的子彈奪去了他們鮮活的生命!
    這不是一家一戶的痛苦,這是整個國家和民族的不幸!
    24年來,這個巨大的不幸,如同漫天的烏雲,壓抑在我們的心頭。我們一刻也不會忘記,那些純真的青春和燦爛的笑容——他們永遠定格在我們的記憶中!
    人命關天,但他們的確切人數至今仍是個謎,他們中的許多人至今沒有公佈姓名,不知魂在何處?
    人死為大,他們逝去的年代已經久遠,但在他們的故國至今仍不允許任何形式的公開祭奠;
    他們中的大多數倒在了天真活潑、如花似玉的黃金年齡,無緣享受普通人應該享受的親情和愛情,無法分享這些年經濟社會的發展成果。
    對於他們的無辜遇難,至今沒有一個明確的說法;
    他們的親人悲痛欲絕,至今沒有得到安慰和撫恤;
    他們至今無法瞑目,他們的靈魂至今無處安息。
    二十四年前,我們是那場慘劇的親歷者,也是倖存者。遇難者中,有我們的同班同學,有我們的同校師生。二十四年中,作為活著的人,我們苟且偷生,我們愧對眾多的亡靈,無顏面對他們的親人。二十四年來,我們無法公開祭奠他們,甚至無法公開表達對他們的思念和愧疚。每到清明和他們的忌日,我們只能悄悄地獻上一炷香,在心中默默為他們祈禱。
    「6.4」發生後,我們充滿了刻骨銘心的悲傷。漫長的二十四年過去了,兩個天干地支屬相輪回。今又蛇年。對於己巳蛇年春夏之交死難者的亡靈,我們愈思念愈加悲傷,愈悲傷愈加思念。當時我們都是在校學生,如今已是人到中年,隨著時光的流逝,我們也在不斷地反思,並在反思與成長中逐漸清醒。這本是一場完全可以避免的慘劇,它的最終發生和同胞們的無辜遇難是有著五千年文明的整個中華民族的悲哀。我們堅信,謊言可以在一些時間欺騙所有的人,也可以在所有的時間欺騙一些人,但無法在所有的時間欺騙所有的人。公道自有人心在,豈容青史盡成灰。面對「6.4」,社會各方包括我們自己唯有正視,獻出最深的悲憫和大愛,付出最多的真誠和善意,拿出最大的包容和智慧,並著眼於國家的發展和未來,去放下這個改革進程中的包袱,去癒合這段民族歷史中的創傷,才能告慰這群無辜死難者的在天之靈。
    「6.4」死難者,你們是這樣愛我們的國家,以至於獻出了自己的最後一滴熱血!當你們倒在這一片你們深愛著的土地上的時候,我們發誓要永遠地紀念你們!
    願「6.4」亡靈能早日安息!
    謝謝大家!
    安寧、陳衛(女)、陳晏彬、郭海峰、胡石根、郇建生、康玉春、李海、劉昆、羅志峰、馬少方、馬中飛、彭全江、徐琳、徐旭、楊海、于世文、殷玉生、趙常青、翟偉民、趙昕
    2013年4月1日於中國河北省正定縣殯儀館銘德堂

  8. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2013-04-03 at 12:21 pm

    ཅོ་རི་ཉི་མ་ཟེར་བ་ཁྱོད་ཀྱིས་དོན་དམ་པའི་མང་གཙོ་ཞིག་ཁས་ལེན་འདོད་ཡོད་ཤག་ཡིན། ཁྱོད་ཀྱིས་༼དབུ་མའི་ལམ་འདི་དམགས་གཙོ་ཡང་དག་པའི་ལམ་ནས་གཏན་འབེབས་བྱས་པ་ཤིག་མ་རེད། ཡིག་རྨོངས་དང་རྨོངས་དད་ཅན་གྱི་སྤྱི་འཐུས་ཚོས་བོད་རྒྱ་ཆེན་མི་དམངས་ཀྱི་མངོན་འདོད་ལ་བརྩི་བཀུར་མེད་པར་བཀའ་བཀོད་ཚད་མ་འཛིན་ནས་གཏན་འབེབས་བྱས་པ་ཤིག་རེད། བཙན་བྱོལ་མི་དམངས་ལམ་ཕྱོགས་གང་ལ་མོས་པ་ཡོད་མེད་ཀྱི་ཐོག་ཏུ་འོས་བསྡུ་ཚད་ལྡན་ཞིག་བྱས་མྱངས་མེད ༽བོད་མི་མང་གིས་ཚད་ལྡན་གྱི་འོས་བསྡུ་ལམ་ནས་གདམས་པའི་འཐུས་མི་རྣམས་ཀྱིས་སྤྱི་མོས་དང་མང་མོས་གང་རུང་གི་སྒོ་ནས་ཐག་བཅད་གནང་བར་དེར་ངོས་ལེན་བྱེད་ཐུབ་བམ། ཡང་ན་མི་མང་གི་འོས་ཤོག་བླུག་གཏང་ནོར་བ་རེད་དམ། རང་གི་འདོད་པ་དང་མཐུན་མིན་གྱིས་མང་གཙོ་ཚད་ལྡན་མ་རེད་ཟེར་བ་སོགས་ནི་ཁུངས་མེད་ཀྱི་འཆལ་གཏམ་ལས་མ་འདས་སྙམ། ཁྱོད་ཀྱིས་བྲིས་ཚད་ཚང་མར་དཔྱད་ཞིབ་བྱེད་པའི་དུས་ཚད་མི་འདུག་དཔེ་མཚན་ཙམ་ཞིག་ཡིན།

  9. ཅོ་རི་ཉི་མ། says:
    2013-04-03 at 12:43 pm

    སེར་བྱེས་ངག་དབང་སྟོབས་ལྡན་ཟེར་བ་ཁྱོད་རང་ངའི་བྲིས་པའི་མཆན་བུ་ཚང་མ་ལ་དཔྱད་ཞིབ་བྱེད་ཚོད་མེད་ན་གཡུག་ཞོག
    ༡་་་་སྔོན་བྱུང་བཙན་བྱོལ་བོད་པའི་དམངས་གཙོ་འཕེལ་རིམ་ལ་བཤད་ན་རྨོངས་དད་རིང་ལུགས་ཀྱི་དམངས་གཙོ་དང་འབྱོར་ལྡན་རིང་ལུགས་ཀྱི་དམངས་གཙོ་གཉིས་ཡོད་རེད། ཟམ་གདོང་བླ་མ་ལྟ་བུ་དང་པོ་མཚོན་གཞི་རེད། རྒྱ་ནོར་ཚེ་དབང་ལྟ་བུ་གཉིས་པའི་མཚོན་གཞི་རེད།

    ༢་་་་སྤྱིའི་ཆ་ནས་དམངས་གཙོའི་ལམ་ནས་འོས་བསྡུ་བྱུང་བའི་འཐུས་མི་ཞིག་གིས་ཐག་གཅོད་བྱས་པ་དེ་ལ་དམངས་གཙོ་ལམ་ནས་ཐག་གཅོད་བྱས་པ་ཞིག་ལ་བརྩི་མི་དགོས། དགོས་ན་དམངས་གཙོའི་ལམ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱི་ཐག་གཅོད་བྱས་པ་འདི་ཡང་དམངས་གཙོའི་ལམ་ནས་ཐག་གཅོད་བྱས་པར་ཐལ་འགྲོ་གི་རེད་འདོད།།

    ༣་་་་དམངས་གཙོ་ཡང་དག་ལ་ལོངས་སུ་སྤྱོད་པའི་སུད་སི་རྒྱལ་ཁབ་ལྟ་བུ་ཡིན་ན་གྲོང་ཁྱེར་ནང་དུ་སྤྱི་པའི་གསང་སྤྱོད་གསར་པ་ཞིག་བརྒྱབ་དགོས་ནའང་གྲོང་ཁྱེར་མི་དམངས་ལ་འདོད་མོས་ཡོད་མེད་འདྲི་ཡི་རེད། བོད་རྒྱལ་ཁབ་ཀྱི་རྩ་དོན་གལ་ཆེ་ཤོས་ཤིག་ཐག་གཅོད་བྱེད་དུས་མི་དམངས་ལ་སྐད་ཆ་འདྲི་མི་དགོས་པར་རྡ་སའི་སྐུ་ངོ་ཚོས་ཐག་གཅོད་བྱེད་ན་དམངས་གཙོ་མ་རེད། དཔོན་གཙོ་རིང་ལུགས་རེད་འདོད་དོ།

    ༤་་་་ཨ་རིའི་ལྟ་བུ་ཡིན་ན་མི་སེར་ལ་མེ་མདའ་ཉར་ཆོག་པའི་ཐོབ་ཐང་ཡོད་རེད། མེ་མདའ་དེ་སུ་གསོད་རྐྱེན་རེད་དམ། འོས་བསྡུའི་ལམ་ནས་བྱུང་བའི་འཐུས་མི་ཚོས་མི་དམངས་ཀྱི་འདོད་པ་དང་མ་བརྟེན་པར་སྒེར་གཅོད་བྱེད་བྱུང་ན་གསོད་རྐྱེན་རེད། དམངས་གཙོའི་ལམ་ལུགས་ནང་དུ་སྲིད་འཛིན་གྱིས་སྒེར་གཅོད་བྱེད་མི་ཆོག་པ་རེད།

  10. ཡར་ཁམས་ཁྲི་རྒྱལ།། says:
    2013-04-03 at 12:49 pm

    ཨ་རིའི་གྲོས་ཚོགས་སུ་ཞི་བདེ་གྲོས་འཆར་དོན་ཚན་ལྔ་དང་ཡོ་རུབ་ནས་སི་ཊས་སི་སྦག་གྲོས་འཆར་འདི་རང་བཞིན་ནུས་མེད་དུ་གྱུར་ཟིན་པ་དེའང་མགོན་པོ་གང་གི་ཞལ་དྲོན་མོ་ནས་ཁྱབ་བསྒྲགས་གནང་བ་དེ་ཡང་བརྗེད་ཟིན་པ་འདྲ།།

  11. དྲན་དཀར་དཔལ་ཡོན་ says:
    2013-04-03 at 1:44 pm

    གཟུ་བས་གཟུ་ནི་དྲྭ་ལམ་ཕྲ་མོར་བཏབས།།
    དྲྭ་འབུ་ཕྲ་མོའི་རྐང་ལམ་ཅུང་ཙམ་བདེ།།
    གླིང་གི་ཅོ་རིས་རྟ་རྒྱུགས་ཐལ་འཚུབ་ཀྱིས།།
    སྒོའུ་གཱལ་ནང་གི་རྒྱ་མཚོ་ཞི་བདེར་བཀོད།།

  12. པདྨ་འཕྲིན་ལས་། says:
    2013-04-03 at 9:35 pm

    ཅོ་རི་ཉི་མ་ལགས། ཐེངས་གཉིས་གློག་པ་ཡིན་པས་ཡག་པོ་ཞིག་པོ་གོ་མ་བྱུང། བཙན་བྱོལ་སྤྱི་ཚོགས་དམངས་གཙོ་མ་རེད་ཟེར་བ་དེ་དངོས་གནས་སྨྱོ་བཤད་མ་རེད་དམ། དམངས་གཙོ་མིན་ན་ཉིད་གྱི་བཤད་གྱིན་པའི་སྤྱི་འཐུས་དེ་དག་སུའི་འདམ་པ་རེད་དམ། སྲིད་སྐྱོང་མཆོག་མི་དམངས་ཀྱི་འོས་འཕེན་པའི་ཐོག་ནས་ཐོབས་པ་རེད་མ་གཏོགས་གཞན་ཁོ་རང་གི་སྲིད་དབང་སྒེར་སྤྱོད་ནི་བྱེས་ཡོད་མ་རེད། ཁྱོད་དང་ཁྱོད་ལྟ་བུ་མི་ཁག་གཅིག་གི་རང་བཙན་ཁ་ལ་འཁྱེར་ནས་བཙན་བྱོལ་གཞུང་ལ་ག་དུས་ཡིན་ན་སྐྱོན་བརྫོད་དང་སྨ་འབབས་བྱེད་དགོས་པ་གང་འདུག་གམ། ཁ་ནས་རང་བཙན་དང་རྒྱ་ལ་མི་དགའ་འདོག་འདོག་དོན་ངོ་མ་བཙན་བྱོལ་གཞུང་ལ་སྐྱོན་བརྫོད་རྐྱང།

  13. མངའ་རིས་ཕྲིན་ལས། says:
    2013-04-03 at 9:53 pm

    སྲིད་སྐྱོང་མཆོག་དང་། སྤྱི་འཐུས་རྣམ་པ་མང་གཙོའི་ལྟ་གྲུབ་ཡང་དག་པའི་འོག་མི་མང་འོས་འདེམས་ཀྱིས་ཕེབས་པ་ཤ་སྟག་ཡིན་པ་བཤད་མ་དགོས་པ་རེད། འོན་ཀྱང་འོས་འཐོབ་ཚར་བའི་རྗེས་སུ་དབུ་མ་ལས་ལྟ་གྲུབ་གཞན་བསམ་མི་ཆོག་པ་དང་། གླེང་མི་ཆོག་པ་ནི་ང་ཚོ་བཙན་བྱོལ་པའི་མང་གཙོའི་ངོས་འཛིན་ཚུལ་རེད། དེ་ཡང་ཡོང་མི་ཆོག་པ་ཞིག་མིན་ཏེ་རྒྱལ་སྤྱིའི་ནང་སྐྱབས་བཅོལ་པའི་ངོ་བོར་གཞུང་ཡོད་པ་ང་ཚོ་ཙམ་ཡིན་པས། མཐུན་མིན་གྱི་འགྲོ་སྟངས་ཤིག་ཡོད་དགོས་པ་རེད། དེ་ཡང་མང་གཙོ་ཡང་མིན་ལ་དམངས་གཙོ་ཡང་མིན་པ་དབུ་མ་ཡིན་པས་སོ། །

  14. ལུང་རྟོགས། says:
    2013-04-04 at 1:20 am

    པད་མ་འཕྲིན་ལས་ནས་དེ་རིང་མི་སྐད་ངོ་མ་ཞིག་བཤད་འདུག བཙན་བྱོལ་གཞུང་དང་སྲིད་སྐྱོང་སོགས་ནས་གཞུང་གི་ལྟ་གྲུབ་དབུ་ལམ་ལ་སྐྱོད་རྒྱུ་ཡིན་པ་གསུང་བ་ལས། དགེར་དང་ཚོགས་པ་ཁག་ནས་རང་བཙན་གྱི་ལྟ་བ་ཁྱེར་མི་ཆོག་ཅེས་གང་དུ་ཡང་གསུང་པ་མཐོང་ཐོས་མེད། རང་བཙན་རྩོད་ན་རྒྱ་གཞུང་ལ་རྩོད་དང་བོད་གཞུང་གིས་རང་བཙན་མི་སྤྲད་པའི་དོག་པ་དགོས་དོན་མི་འདུག

  15. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2013-04-04 at 2:23 am

    དྲྭ་གྲོགས་ཅོག་རི་ཉི་མ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་རེ་ཟུང་མ་གཏོགས་ལེགས་ཉེས་ཐམས་ཅད་ཐག་གཅད་གནང་བའི་དབང་ཚད་མི་མང་གི་འོས་འདེམས་གནང་བའི་གྲོས་འཐུས་མི་རྣམས་ཀྱིས་མང་མོས་དང་སྤྱི་མོས་གང་རུང་གི་ལམ་ནས་གནང་མི་ཆོག་པའི་རྒྱུ་མཚན་གང་རེད་དམ་? དབང་ཚད་གང་ཡང་མེད་ན་འཐུས་མིའི་འགན་དབང་གང་རེད་དམ་? ཡང་ན་ག་དུས་ཡིན་ན་ཡང་མི་མང་ཡོད་ཚད་ཚོགས་འདུས་འཚོགས་ཏེ་ཐག་གཅད་གནང་དགོས་པ་ཞིག་རེད་དམ་? ཡང་ན་བཙན་བྱོལ་བོད་མིའི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གཅིག་ཀྱང་གྲོས་ཚོགས་འཐུས་མི་ལ་སླེབ་མེད་པ་རེད་དམ་? ད་ཡོད་ཀྱི་གྲོས་ཚོགས་འཐུས་མི་འདི་རྣམས་ལས་གཞན་མི་མང་གི་གདམས་མ་ཐུབ་པ་དེ་འདི་ལས་ལྷག་མེད་པ་རེད་དམ་ཡང་ན་མ་ཤེས་རེད་? རྩ་བ་ཁྱོད་ཀྱི་འདོད་པ་དང་མཐུན་པ་ཞིག་མེད་པའི་དབང་གི་ཡིན་ནམ་གསལ་བོ་གསུང་རོགས། རྩ་བའི་ཆ་ནས་ཡར་རྒྱས་གཏོང་དགོས་པ་མང་མོད་མང་གཙོ་ཚད་ལྡན་གྱི་ལམ་བུ་རུ་འགྲོ་བཞིན་པ་ནི་གཟུ་བོར་གནས་པའི་བློས་དཔྱོད་ན་ཀུན་གྱི་ཤེས་གསལ་རེད།

  16. ཐུ་བ་རྒྱ་མཚོ། says:
    2013-04-04 at 3:38 am

    རང་བཙན་ཅོ་ཅོ་དེ་སྤྱོད་པ་རིལ་རིལ་ཞིག་པས་ཁྱེད་ཚོས་བརླག་འཁེལ་རྒྱུ་དཀའ་སེ་ཡོད། ཧཧཧ

  17. ཡ་མ་ཚེ་རིང་། says:
    2013-04-04 at 4:01 am

    ཅོ་རི་ཉི་མ་ལགས། ཟམ་གདོང་རིན་པོ་ཆེ་དང་པོའི་མཚན་གཞི་དང་། རྒྱལ་ནོར་ཚེ་དབང་གཉིས་པའི་མཚན་གཞི་ཡིན་ན། ཁྱོད་གྲོས་ཚོགས་ལ་སླེབས་སྟེང་དེ་དེ་གཉིས་གང་ཡང་མ་ཡིན་པའི་ཕུང་སུམ་པ་དེ་མ་ཡིན་ནམ

  18. ཅོ་རི་ཉི་མ། says:
    2013-04-04 at 5:36 am

    པདྨ་འཕྲིན་ལས་ལགས་བཙན་བྱོལ་བའི་སྔོན་བྱུང་དམངས་གཙོ་ལ་གཉིས་བཤད་ཡོད། མ་གོ་ན་ཅིག་བཤད་ཀི་མ་བསྡད། མ་ཟད་ལོང་རྟོགས་ཁྱོད་གཉིས་ཀྱིས་བོད་གཞུང་དང་བོད་གཞུང་འདྲ་ཞིག་བཤད་བཞིན་འདུག་ག འདི་དོན་ལ་གནས་པའི་སྐད་ཆ་རེད་དམ། རང་བཙན་རྩོད་ན་རྒྱ་གཞུང་ལ་རྩོད་མཁན་རྒྱུགས་ཟེར་བའི་སྐད་ཆ་འདི་དག་བཤད་དགོས་པ་མ་རེད། རྩོད་ས་མ་ཤེས་ནས་བསྡད་མེད། རང་བཙན་རྩོད་དགོས་ས་གསུམ་ཡོད་རེད།།

    སེར་བྱེས་ངག་དབང་སྟོབས་ལྡན་ལགས། ཁྱོད་ཀྱིས་་་་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་རེ་ཟུང་མ་གཏོགས་ལེགས་ཉེས་ཐམས་ཅད་ཐག་གཅད་གནང་བའི་དབང་ཚད་མི་མང་གི་འོས་འདེམས་གནང་བའི་གྲོས་འཐུས་མི་རྣམས་ཀྱིས་མང་མོས་དང་སྤྱི་མོས་གང་རུང་གི་ལམ་ནས་གནང་མི་ཆོག་པའི་རྒྱུ་མཚན་གང་རེད་དམ་? ཞེས་གསུངས་འདུག རེ་ཟུང་གང་ལ་ཟེར་གྱི་ཡོད་དམ། རྒྱལ་ཁབ་ཀྱི་དོན་ཆེན་རེ་ཟུང་དམངས་ལ་མ་འདྲི་པར་ཐག་གཅོད་བྱེད་ན་འགྲིག་གི་མ་རེད་འདོད། ངས་གྲོས་ཚོགས་འཐུས་མི་རྣམས་ལ་ཐག་གཅོད་བྱེད་པའི་དབང་ཆ་གཅིག་ཀྱང་མེད་ལབ་ཀྱི་མེད་ད་་་ཧཧཧཧ ་རེ་ཟུང་དམངས་ལ་བརྟེན་དགོས་ཟེར་གྱི་ཡོད། རེ་ཟུང་ཐོག་ཏུ་དམངས་གཙོ་བོར་བྱེད་དགོས་ཟེར་གྱི་ཡོད། ང་རང་གཉིས་བསམ་ཚུལ་མཐུན་པར་འདྲ།

    སྤྱིའི་ཆ་ནས་སྤྱི་པའི་བྱ་བཞག་གི་ཐོག་ཏུ་ཐག་གཅོད་བྱེད་པའི་ཐོབ་ཐང་གཙོ་བོ་སུ་ལ་ཡོད་དམ། དམངས་ལ་ཡོད་ན་དམངས་གཙོ་དང་སྒེར་པ་རེ་གཉིས་ལ་ཡོད་ན་སྒེར་གཅོད་རེད་འདོད། དམངས་གཙོའི་རྒྱལ་ཁབ་ཀྱི་འགྲོ་ལུགས་སུ་བལྟས་ན་མི་དམངས་གཙོ་བོ་རེད་མ་གཏོགས་དབུ་ཁྲིད་གཙོ་བོ་མ་རེད།

  19. བསྟན་འཛིན་རྒྱལ་པོ། says:
    2013-04-04 at 5:54 am

    ཅོ་རིས། “4་་་་དབུ་མའི་ལམ་འདི་དམགས་གཙོ་ཡང་དག་པའི་ལམ་ནས་གཏན་འབེབས་བྱས་པ་ཤིག་མ་རེད། ཡིག་རྨོངས་དང་རྨོངས་དད་ཅན་གྱི་སྤྱི་འཐུས་ཚོས་བོད་རྒྱ་ཆེན་མི་དམངས་ཀྱི་མངོན་འདོད་ལ་བརྩི་བཀུར་མེད་པར་བཀའ་བཀོད་ཚད་མ་འཛིན་ནས་གཏན་འབེབས་བྱས་པ་ཤིག་རེད། བཙན་བྱོལ་མི་དམངས་ལམ་ཕྱོགས་གང་ལ་མོས་པ་ཡོད་མེད་ཀྱི་ཐོག་ཏུ་འོས་བསྡུ་ཚད་ལྡན་ཞིག་བྱས་མྱངས་མེད།།
    ༥་་་་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་གི་མཚན་བྱང་རང་འཇག་བཞག་དགོས་པར་མང་མོས་བྱུང་ཡོད། འདི་ལ་བརྩིས་མེད་རྡོག་རོལ་བཏངས་ནས་སྒྲིག་འཛུགས་ལ་བསྒྱུར་ཡོད། ༢༠༠༨་ལོར་ཛ་དྲག་ཚོགས་ཆེན་སྐབས་སུ་བཙན་བྱོལ་བོད་གཞུང་འདི་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་གཞུང་ལ་བསྒྱུར་གྱི་གྲོས་ཆོད་བཞག་ཡོད། འདི་ཡང་བརྩིས་མེད་རྡོག་རོལ་བཏངས་ཡོད།།
    6་་་་སྤྱིའི་ཆ་ནས་ཀྲུང་ཧྭ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྐྱིད་ཉལ་བྱེད་ཀྱི་ཡིན་ཟེར་མཁན་རྣམས་ལ་དམངས་གཙོ་བཤད་ཀྱི་ཐོབ་ཐང་མེད། ཁྱོད་ཚོ་དམར་ཕྱོགས་ལ་དགའ་བའི་མི་ཡིན་པའི་ཕྱིར། ” ཟེར།
    གང་ལྟར་ང་ཚོའི་རྣ་བར་སྙན་པོ་མེད་ཀྱང་དོན་རྡོག་རྡོག་སྐད་ཆ་འདི་དངོས་ཡོད་གནས་ཚུལ་རེད། གོང་དུ་མངའ་རིས་འཕྲིན་ལས་ལགས་ཀྱིས་གསུངས་པ་ལྟར་བཙན་བྱོལ་བོད་མིའི་སྒྲིག་འཛུག་འདི་རྒྱལ་ཁབ་གཞན་དག་ནང་གི་ཡང་དག་པའི་མང་གཙོ་དང་རང་དབང་ལྟ་བུའི་འགྲོ་སྲོལ་དེ་དག་མེད་པ་རེད། དབུ་མའི་ལམ་གྱི་སྐོར་མི་མང་ནས་བསམ་ཚུལ་བསྡུས་པ་རེད་ལ་གསལ་བཤད་དང་བགྲོ་གླེང་ཡང་གང་མང་བྱས་པ་རེད།
    འོན་ཀྱང་རྒྱ་ཆེའི་མི་མང་རྣམས་ལ་ཆབ་སྲིད་ཀྱི་ལང་ཕྱོགས་དེ་ཐོག་མར་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད་ཟེར་དུས། དེ་ལ་བསམ་ཚུལ་གླེང་བ་དང་དཔྱད་པ་བྱ་རྒྱུའི་སྤོབས་པ་གཏན་ནས་ཡོད་མི་སྲིད།
    དེ་རྗེས་རིམ་པར་འབྲེལ་མོལ་གྱི་འབྲས་བུ་དེ་ཙམ་མ་བྱུང་སྟབས་མི་འགའ་ཞིག་དབུ་ལམ་ལ་དཔྱད་པ་བྱས་ཚེ། མཐོ་བ་བླ་དཔོན་ནས་དམའ་བ་མི་སེར་དཀྱུས་མ་ཚོས་ཀྱང་གོང་གི་དབུ་ལམ་ལ་དཔྱད་པ་བྱེད་མཁན་ཚོར་སྐྱོན་བརྗོད་དང་དགག་བཞག་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་པ་རེད། དོན་རྡོག་རྡོག་དགག་པ་རྒྱག་མཁན་དེ་ཚོས་དབུ་ལམ་ནི་གྲུབ་འབྲས་ཡོད་ཀྱང་རུང་མེད་ཀྱང་རུང་། འདི་ནི་བདག་ཅག་གི་རྩ་བའི་བླ་མའི་དགོངས་གཞི་ཁོ་ན་དེ་ཡིན་ཟེར་བ་ཙམ་ལས་གཞན་པ་ཡང་དག་པའི་རྒྱུ་མཚན་གང་ཡང་མེད། དཔེར་ན། “ཕོར་པ་འདི་གཙང་མ་ཡིན། ངའི་ཨ་མའི་འཐུང་ས་རེད།” ཟེར་བ་དང་གཅིག་མཚུངས་རེད་དོ།

  20. ཐུ་བ་རྒྱ་མཚོ། says:
    2013-04-04 at 6:12 am

    དབུ་མའི་ལམ་བོད་མི་མང་ཆེ་བའི་འདོད་པ་མེད་ཚུལ་ཤོད་པ་དང་། བོད་མིའི་སྒྲིག་འཛུགས་མང་གཙོ་ཡང་དག་པ་མིན་ཚུལ་ཤོད་པ། སྐྱབས་བཅོལ་སྒྲིག་འཛུགས་རང་དབང་རྒྱལ་གཞན་དག་དང་བསྡུར་ནས་བསམ་ཚུལ་ཤོད་ཁུལ་བྱེད་པ་འདི་དག་གིས་དུས་རབས་ཉེར་གཅིག་པའི་གོ་ལ་འདི་ག་འདྲ་ཞིག་ཡིན་པ་ད་རུང་ཡང་ཁྲོན་པའི་སྦལ་བ་བཞིན་ནམ་མཁའི་རྒྱ་ཁྱོན་ལ་སེམས་གཏིང་ནས་ཡིད་ཆེས་ཐུབ་གིན་མེད།

    ཇི་ལྟར་བཤད་རུང་ནམ་མཁའ་ནི་རང་ཉིད་ཀྱི་བསམ་བློའི་ཁྲོན་པ་དེ་ལས་ལྷག་ཅིག་མེད་བསམ་གི་ཡོད་པ་རེད།

  21. ཅོ་རི་ཉི་མ། says:
    2013-04-04 at 6:18 am

    བསྟན་འཛིན་རྒྱལ་པོ་ལགས། དངོས་ཡོད་ཚུལ་གནས་ཁས་ལེན་ཐུབ་པའི་མི་ཞིག་རེད་འདུག་པས་གུས་ཞབས་ཞུ།
    ཁྱོད་ཀྱིས་་་་འོན་ཀྱང་རྒྱ་ཆེའི་མི་མང་རྣམས་ལ་ཆབ་སྲིད་ཀྱི་ལང་ཕྱོགས་དེ་ཐོག་མར་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད་ཟེར་དུས། དེ་ལ་བསམ་ཚུལ་གླེང་བ་དང་དཔྱད་པ་བྱ་རྒྱུའི་སྤོབས་པ་གཏན་ནས་ཡོད་མི་སྲིད།ཅེས་གསུངས་འདུག
    ཁྱེད་ལོས་བདེན། ༧གོང་ས་མཆོག་གི་བཀའ་རེད་ཟེར་དུས་བོད་མི་དམངས་དཀྱུས་མ་བ་ཚོས་དཔྱད་པ་བྱེད་ཕོད་ཀྱི་མེད། ༧རྒྱལ་བ་རིན་པོ་ཆེན་བཙན་དྲག་ནས་མ་རེད། སྔོན་མ་་ཁང་གསར་རྡོ་རྗེ་ལགས་ཀྱིས་གསུངས་མྱངས་ཡོད། ༧རྒྱལ་བ་རིན་ཆེའི་སྲུང་མ་ཟེར་བ་ཞིག་གསུངས་མྱངས་ཡོད། སྲུང་མ་དེ་ཚོ་མི་དམངས་ཀྱི་ཐོག་ཏུ་བཙན་དྲག་ནས་དཔྱད་པ་བྱེད་ཕོད་ཀྱི་མེད་པ་རེད།།།
    ༧རྒྱལ་བ་རིན་ཆེའི་སྲུང་མ་སུ་ཡིན་མ་ཤེས་ན་འབྲེལ་ཐག་འདིའི་བརྒྱུད་ནས་ཁང་གསར་རྡོ་རྗེའི་རྩོམ་ཀློག་མཁན་རྒྱུགས། http://www.tibettimes.net/news.php?id=2462

  22. ཅོ་རི་ཉི་མ། says:
    2013-04-04 at 6:29 am

    དམངས་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་མཁས་དབང་ལས་མི་ཤེས་མཁན་མང་གི་རེད། རྒྱ་མཚོའི་ནང་གི་གསེར་ཉ་ལས་ཁྲོན་པའི་སྦལ་བ་མང་གི་རེད། མཐོང་རྒྱ་མ་ཆེ་ནའང་དམངས་གཙོའི་སྤྱི་ཚོགས་ནང་དུ་མི་དམངས་གཙོ་བོ་ལ་བཞག་དགོས་པ་རེད། རྒྱ་ཆེན་མི་དམངས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་ན་སྒེར་གཅོད་པའི་ལམ་ལུགས་རེད།

  23. ཅོ་རི་ཉི་མ། says:
    2013-04-04 at 9:41 am

    ད་ཁྱོད་ཚོ་ལ་་1་་་་དབུ་མའི་ལམ་འདི་ད་ལྟའི་རྒྱལ་སྤྱིའི་གནས་བབས་དང་ཇི་ལྟར་མཐུན་ནམ།ཞེས་འདི་ལ་ལན་གསལ་པོ་ཞིག་མེད་ན་ངས་དབུ་མའི་ལམ་འདི་ད་ལྟའི་རྒྱལ་སྤྱིའི་གནས་བབས་དང་མི་མཐུན་པའི་བསམ་ཚུལ་ཞུ་གི་ཡིན།
    ༡་་་་ད་ལྟའི་རྒྱལ་སྤྱིའི་གནས་བབས་ལ་བལྟས་ན་ཁག་གསུམ་ཆགས་བསྡད་ཡོད། ནུབ་ཕྱོགས་ཨ་རི་གཙོ་བོ་བྱས་པའི་དམངས་གཙོའི་རྒྱལ་ཁབ་ཁག་གཅིག་དང་། རྒྱ་ནག་དམར་ཕྱོགས་པ་གཙོ་བོ་བྱས་པའི་བྱང་ཀོ་རི་ཡ། གྲོགས་པོ་རྙིང་པ་ར་ཤེ་ཡ། སྒེར་གཅོད་པ་བྷ་ཤག་གི་སྲིད་གཞུང་བཅས་རེད། འདི་དག་གང་གི་ཕྱོགས་གཏོགས་མིན་པའི་རྒྱལ་ཁབ་ཡང་ཡོད།
    ༢་་་་ཀྲུང་གོ་གུན་ཁྲན་ཏང་གི་ངོས་ནས་བཙན་རྒྱལ་ཨ་མེ་ཀ་འཛམ་བུ་གླིང་གི་སྤྱི་དགྲ་རེད་ཅེས་མི་དམངས་ལ་བསླབ་བྱ་ལོ་མང་རིང་དུ་བརྒྱབ་པ་རེད། མ་ཟད་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་ཅེས་དམངས་གཙོའི་རྒྱལ་ཁབ་ཁག་ལ་དགྲ་འཛིན་གྱི་ལྟ་བ་ཤུགས་ཆེན་པོ་ཡོད། གཙོ་བོ་ཆབ་སྲིད་ཀྱི་ལྟ་གྲུབ་མཐུན་གྱི་མེད་པས་རེད།

    ༣་་་་བྱང་ཀོ་རི་ཡ་དང་རྒྱ་ནག་མཛའ་གྲོགས་ཡིན་པའི་རྣམ་འགྱུར་སྟོན་བཞིན་པ་དང་། བྱང་ཀོ་རི་ཡ་ཡིས་ཨ་རི་ལ་དམག་བརྒྱབ་ཀྱི་ཡིན་ཞེས་བསྒྲགས་ཀྱི་ཡོད། རྒྱལ་སྤྱིའི་གནས་བབས་ཀྱི་ངོས་ནས་བལྟས་ན་བྱང་ཀོ་རི་ཀ་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་ནག་དང་ར་ཤེ་ཡ་མ་གཏོགས་མེད་ཚད་རེད།

    ༤་་་་འཇར་པན་དང་ཝན་ཐི་ནམ། ལྷོ་ཀོ་རི་ཡ། ཧྥིང་ལི་པན། ཨེ་དིང་ནས་ཤེ་ཡ། རྒྱ་གར་བཅས་ཀྱི་མཉམ་དུ་རྒྱ་ནག་གིས་ས་རྩོད་ཆུ་རྩོད་བྱས་དང་བྱེད་བཞིན་པ་རེད། སི་ཁ་གྷོ་གླིང་ཕྲན་གྱི་བདག་དབང་ཐོག་ཏུ་ཛ་དྲག་གི་གནས་སྟངས་ཆགས་བསྡད་ཡོད་རེད། འཇར་པན་གྱི་སྲིད་འཛིན་གྱིས་འཇར་པན་རྒྱལ་ཁབ་འདི་བོད་ནང་བཞིན་ཆགས་བཅུག་གི་མིན་ཞེས་གསུངས་ཡོད། འཇར་པན་རྒྱལ་ཁབ་ཀྱི་བདག་དབང་ཡིན་པའི་གཏེར་ཁ་དང་ས་ཆ་རྒྱ་ནག་གིས་བཙན་འཕྲོག་བྱ་བཅུག་གི་མིན་ཞེས་པའི་དོན་དག་རེད།

    ༥་་་་སི་ཀ་གྷོ་གླིང་ཕྲན་གྱི་རྩོད་རྙོག་དང་། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་མཚོ་གླིང་གི་རྩོད་རྙོག ཝན་ཐི་ནམ་དང་ཧྥི་ལི་པན། ཨེ་དིང་ནས་ཤེ་ཡ་བཅས་ཀྱི་མཉམ་དུ་ཉ་ཟིན་སའི་རྒྱ་མཚོ་ཡི་བདག་དབང་བཅས་ཀྱི་ཐོག་ཏུ་རྒྱ་ནག་གི་ཕྱོགས་ནས་ཧམ་པ་སུས་ཚ་བྱས་དང་བྱེད་བཞིན་པ་རེད། རྒྱལ་ཁབ་དེ་དག་གི་རྒྱབ་སྐྱོར་ལ་ཨ་རི་གཙོ་བོ་བྱས་པའི་མཐུན་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་ཡོད། རྒྱ་ནག་གིས་སི་ཀ་གྷོ་མཚོ་གླིང་བཙན་དབང་ཐོག་ནས་འཕྲོག་ཐུབ་ཀྱི་མེད།

    ༥་་་་གལ་སྲིད་རྒྱ་ནག་གིས་སི་ཁ་གྷོ་མཚོ་གླིང་འདིར་བཙན་འཕྲོག་ཐུབ་ཆེད་དམག་བརྒྱབ་པ་ཡིན་ན་ཨ་རི་གཙོ་བོ་བྱས་པའི་ནུབ་ཕྱོགས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་དམག་འཐབ་བྱ་ངེས་རེད་འདོད།། དེར་དུས་རྒྱ་ནག་ལ་ཁེ་ཁ་འཐོབ་མི་སྲིད་པ་རེད། ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་པའི་དབང་འོག་ཏུ་མགོ་མ་སྒུག་རང་སྒུག་རེད་འདོད།

    ༦་་་་སྤྱིའི་ཆ་ནས་སྲིད་དབང་སྒེར་རིང་ལུགས་པའི་ཕྱོགས་ཁག་དང་དམངས་གཙོའི་ཕྱོགས་ཁག་གཉིས་ལྟ་གྲུབ་ཀྱི་ཐོག་ནས་དགྲ་བོ་ཡིན། འཛམ་གླིང་ཐོག་ཏུ་དམར་ཕྱོགས་པ་མང་པོ་ཤི་ཟིན་པ་རེད། ཤི་བའི་རྒྱུ་མཚན་ཡང་མི་དམངས་ཀྱི་རང་དབང་རྡོག་རོལ་དུ་བཏངས་ཐལ་སོང་བས་རེད། རང་དབང་འདོད་པའི་མི་དམངས་ཀྱིས་རང་དབང་བཀག་འགོག་བྱེད་མཁན་དམར་ཕྱོགས་པ་བསད་དང་གསོད་བཞིན་པ་རེད། རྒྱ་ནག་དམར་ཕྱོགས་པ་ཡང་རང་དབང་འདོད་པའི་རྒྱ་ནག་མི་དམངས་ཀྱིས་གསོད་ངེས་ཡིན་པར་འདོད།།

    ༧་་་་ངས་རྒྱལ་སྤྱིའི་གནས་བབས་འདི་འདྲ་ཞིག་མཐོང་གི་འདུག དོན་ལ་གནས་མིན་མི་ཤེས། ཨ་རིའི་གནའ་འབྲེལ་རྒྱལ་ཁབ་༡༥༣་གྱི་ཁ་གཏད་དུ་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱིས་བཅག་ཐུབ་ཀྱི་མ་རེད། ཕམ་ཁ་མྱོང་མཁན་ངོ་མ་དམར་ཕྱོགས་སྒེར་གཅོད་པ་རྣམས་ཡིན་གྱི་རེད་འདོད། བསམ་ཚུལ་ཙམ་ཡིན། བྱང་ཀོ་རི་ཡ་དང་རྒྱ་ནག་ལ་འགྲན་ཟླ་བྲལ་བའི་རྡུལ་ཕྲན་མཚོན་ཆ་ཡོད་ན་མི་ཤེས། དེ་མིན་་་་་ཧཧཧཧཧ་་་་སྙིང་རྗེ།།

    ༨་་་་བྱས་ཙང་་་རྒྱལ་སྤྱིའི་གནས་བབས་འདི་འདྲ་ཞིག་ཡོད་དུས། རྒྱལ་སྤྱིའི་ནང་གི་རྒྱལ་ཁབ་མང་ཆེ་བས་སྒེར་གཅོད་སྲིད་གཞུང་མགོ་གཏིང་བསློགས་གང་ཐུབ་བྱས་དང་བྱེད་བཞིན་པའི་དེང་རབས་ཤིག་རེད། དེང་རབས་འདི་ལ་ང་ཚོའི་དབུ་མའི་ལམ་སྒེར་གཅོད་པ་ཀྲུང་གོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་སྡོད་ཀྱི་ཡིན་ཟེར་དུས་རྒྱལ་སྤྱིའི་གནས་བབས་དང་ཅུང་མཐུན་གྱི་མ་རེད་འདོད་དོ།

  24. ཐུ་བ་རྒྱ་མཚོ། says:
    2013-04-04 at 12:34 pm

    ང་ཚོར་བཤད་སྲོལ་འདི་འདྲ་ཞིག་ཡོད།
    གཉིད་མ་ཁུག་གོང་གི་རྨི་ལམ་དང་། ཆང་མ་འཐུང་གོང་གི་བཟི་གཏམ་ཟེར་པ་ཞིག་ཡོད། སྐད་ཆ་དེར་མི་རྣམས་ཀྱིས་ཆགས་འཇོག་དང་བརྩི་མཐོང་མི་བྱེད་ལ། ཡིད་ཆེས་དང་རེ་བ་ནི་དེ་བས་མི་བྱེད། ལྟོས་དང་།

    མགོ་ལུས་མི་མཚུངས་པའི་མཐུད་བརྒྱབ་ཉོག་གཏམ་ལུང་བ་གང་གད་སྙིགས་དང་མི་གཙང་བའི་ཁྲོད་ནས་ཡར་བསྒྲུགས་ཏེ་འདིར་སྤུངས་བ་དང་།རང་གཞུང་ལ་དམའ་འབེབ་དགག་རྒྱག་གི་ངལ་བ་བརྟེན་པ་ནི་ཇི་འདྲ་འདྲའི་ཀླད་མེད་མགོ་སྟོང་ཞིག་རེད་ཨང་།

    དབུ་མའི་ལམ་ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་མི་མཐུན་པའི་སྒྲུབ་བྱེད་ཟེར་ནས། བྱང་ཀོ་རི་ཡས་ཨ་རི་ལ་དམག་འཐབ་བྱ་མིན་དང་། འཇར་པན་གྱི་ཚིན་ཀ་སྒོ་གླིང་ཕྲན་རྒྱ་ནག་གིས་ལེན་ཐུབ་མིན། འཛམ་གླིང་ཐོག་དམར་ཕྱོགས་པའི་གྲངས་ཀ་མང་ཉུང་དང་། རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ལ་རྡུལ་ཕྲན་མཚོན་ཆ་ཡོད་མེད་སོགས་ཕག་མགོ་ཁྱི་སྦྱར་གྱི་སྐད་ཆ་འདི་འདྲ་ནི་ཇེངས་གཅིག་ཀློག་པ་ལའང་དུས་གྲོན་ཟད་པའི་རིན་ཙམ་ལས་མི་འདུག་ནི་མི་རིགས་དང་རང་བཙན་ལ་ཕན་པ་ནི་རུས་སྦལ་གྱི་སྤུ་ཡི་ཞྭ་མོ་རང་རེད།

    ཁོ་ཚོས་རྒྱུན་དུ་སེམས་ཤུགས་ཡོད་མདོག་དང་ལ་རྒྱ་ཆེ་མདོག་གིས་ཤོད་སྟངས་ཤིག་ལ་དམངས་གཙོ་ཡང་དག་པ་དང་རང་བཙན་གཙང་མ་ཞེས་འུར་ཆེན་པོའི་སྒྲོག་གང་ཐུབ་བྱེད་ཀི་ཡོད་ན་ཡང་དོན་དངོས་ཐོག་རང་ཉིད་ཀྱི་གོམ་པ་སྤོ་ཕྱོགས་དང་ལག་ལེན་བྱེད་ཚུལ་གཉིས་མང་གཙོ་ཡང་དག་པ་དང་རྦད་དེ་ལྡོག་ཡོད། བོད་མི་རྒྱ་ཆ་དགུ་བཅུས་དགའ་བོ་བྱེད་ས་ལ་ཁོ་ཚོས་མི་དགའ་བ་བྱེད་པ་དང་། མི་མང་རྒྱ་ཆ་དགུ་བཅུས་གུས་བཀུར་ཞུ་ས་ལ་ཁོ་ཚོས་གུས་བཀུར་མི་ཞུ་པ། མི་མང་གིས་མཐོང་ཆེན་བྱེད་ས་ལ་ཁོ་ཚོས་མཐོང་ཆུང་བྱེད་པ་སོགས་ཀྱི་མཚོན་ལྟ་ཚུལ་ལོག་པ་རྣམས་དམངས་གཙོ་མང་གིས་འཁྱེར་ནས་ཨུ་ཚུགས་ཀྱིས་ཤོད་པར་འབད་བརྩོན་བྱེད་གི་ཡོད་པ་རེད།

    བྱེད་སྟངས་འདི་འདྲ་བའི་མི་དག་ལ་རང་བཙན་ཐོབ་པ་ནི་ཕ་རིའི་སྤང་རྒྱན་མ་རེད་ཟེར་ཡང་མིན་ཡང་། གལ་སྲིད་ཐོབ་དབང་དུ་བཏང་ན་ཡང་མང་གཙོ་དང་རང་དབང་གི་མིང་ལ་སྙད་ནས་ཚོགས་ཀྱི་དབུས་སུ་མདུན་ཅོག་སྟེང་ཆབ་ཆེན་གཞང་གཅིན་མི་འདོར་བའི་ངེས་པ་འང་མི་འདུག

  25. ཅོ་རི་ཉི་མ། says:
    2013-04-04 at 1:06 pm

    རྒྱ་ནག་གི་སྲིད་འཛིན་ཞིས་ཅན་ཕིན་གྱིས་གཉིད་མ་ཁུག་གོང་ནས་རྨི་ལམ་བཏང་བཞིན་འདུག་ག ངས་རྨི་ལམ་བཏངས་མ་ཆོག་པར་ཅང་ཨེ་ཡོད་ན། ཧཧཧ་་་་མ་གཞི་ནས་སྐད་ཆ་འདི་འདྲ་མ་གཏོགས་བཤད་མ་ཤེས། རྒྱལ་སྤྱིའི་གནས་བབས་ངོས་འཛིན་སྟངས་མ་ཤེས་ན་ཨུ་ཚུགས་ཀྱི་ཐོག་ནས་ཅིག་བཤད་མ་སྡོད།།

    དེ་མིན་ན་དྲི་བ་འདི་ལ་ལན་འདེབས་དགོས་པ་རེད།་་་1་་་་དབུ་མའི་ལམ་འདི་ད་ལྟའི་རྒྱལ་སྤྱིའི་གནས་བབས་དང་ཇི་ལྟར་མཐུན་ནམ། གལ་སྲིད་ལན་གསལ་པོ་ཞིག་གསུང་གྱི་མེད་ན་་་་་་་ཁ་བཙུམ་ནས་བཞུགས་གདན་འཇགས་རོགས་བྱོས།།

  26. ཐུ་བ་རྒྱ་མཚོ། says:
    2013-04-04 at 1:15 pm

    ཧཧཧ སྐུ་ལུང་མ་བཞེངས། ཅོ་ཅོ་སྤྱོད་པ་རིལ་རིལ་ལགས།
    ང་ད་སོ་མ་ནང་ལ་བསླེབས་མ་ཐག་ཡིན། དབུ་མའི་ལམ་རྒྱལ་སྤྱིའི་གནས་བབ་དང་མཐུན་ཚུལ་ཤོད་ཨེ།

  27. ཐུ་བ་རྒྱ་མཚོ། says:
    2013-04-04 at 3:12 pm

    འཇིག་རྟེན་ཆགས་པ་ནས་ད་ལྟ་ལ་ཐུག་གི་བར་དུ་ཚན་རིག་པའི་དཔྱད་ཞིབ་ལྟར་ན་མི་ལོ་ཐེར་འབུམ་༣༥་ ལྷག་སོང་ཡོད་ཟེར། མི་ལོ་ས་ཡ་༤༠༠༠ གོང་ལ་རང་རེའི་འཛམ་གླིང་ཐོག་མི་དང་སེམས་ཅན་ཕར་ཞོགས་རྩ་དང་རྩི་ཤིང་ཙམ་ཡང་མེད་ཟེར། མི་ལོ་ས་ཡ་༥༠༠ གོང་ནས་རིམ་གྱིས་འབུ་སྲིན་ཕྲ་མོ་དང་ཉ་ཡི་རིགས་རྒྱ་མཚོའི་ནང་དུ་སྲོག་ཆགས་སུ་བྱུང་། མི་ལོ་ས་ཡ་༤༦༠ ནས་ཉ་དང་འབུ་ཡི་རིགས་ཁག་ཅིག་སྐམ་སར་ཐོན། སྤྱི་ལོ་སྔོན་གྱི་ལོ་༢༨༠ ་ནས་འཛམ་གླིང་སྐམ་སའི་ཐོག་གི་སྲོག་ཆགས་རིགས་མང་དུ་འཕེལ་ནས་འདྲ་མིན་སྣ་ཚོགས་བྱུང་། ལོ་ས་ཡ་༦༥ ཙམ་ནས་སྲོག་ཆགས་དེ་རྣམས་ད་ཡོད་སེམས་ཅན་གྱི་རྣམ་པར་འགྱུར། ལོ་ས་ཡ་ ༢་ གྱི་གོང་དུ་སྤྲ་ཡི་རིགས་ཁག་གཅིག་མི་རུ་གྱུར་འགོ་ཚུགས་པ་དང་། དུས་དེ་ནས་ད་ལྟའི་བར་དུ་མི་རྣམས་ཀྱི་བློ་རིག་ཇེ་གསལ་དུ་སོང་ནས་ཁ་སང་དེ་རིང་གི་སྤྱི་ལོ་༢༠༡༣ དང་དུས་རབས་ཉེར་གཅིག་པའི་སྤྱང་གྲུང་ཚན་རིག་ལྡན་པ་དང་། དཔལ་འབྱོར་ཆ་འཕྲིན་ཅན་གྱི་དུས་ལ་བསླེབས་ཐུབ་ཡོད། དེ་གཅིག་རེད།

    གོང་གི་དུས་རབས་མང་པོ་ཞིག་ལ་འཛམ་གླིང་གི་མི་རྣམས་ཀྱིས་རིགས་མི་གཅིག་པའི་འཐབ་རྩོད་སྣ་ཚོགས་ལ་གདོང་གཏད་ནས་དཀའ་སྡུག་ཚད་མེད་མྱངས་དགོས་ཐུག་པ་རེད། དུད་འགྲོ་ནས་མིར་ཆགས་མ་ཐག་པའི་དུས་དེར་མི་དང་དུད་འགྲོ་དབར་གྱི་འཐབ་རྩོད་ལ་ཁ་གཏད་བཅག་པ་དང་། དེའི་རྗེས་ཚོ་ཁག་དང་ཚོ་དབར། དེའི་རྗེས་རིགས་མི་གཅིག་པ་དང་མི་རིགས་མི་གཅིག་པའི་དབར། དེའི་རྗེས་ཡུལ་ལུང་དང་ཡུལ་ལུང་དབར། དེའི་རྗེས་རྒྱལ་ཁག་དང་རྒྱལ་ཁག་དབར། དེའི་རྗེས་ཆོས་ལུགས་དང་ཆོས་ལུགས་དབར། དེའི་རྗེས་ལྟ་གྲུབ་མི་གཅིག་པ་དང་ལྟ་གྲུབ་མི་གཅིག་པའི་དབར། དེའི་རྗེས་ཆབ་སྲིད་ཚོགས་ཁག་དང་ཆབ་སྲིད་ཚོགས་ཁག་དབར་ཁྱོད་ཤི་ང་གསོན་གི་དམར་འཛིང་བར་མ་ཆད་པར་དུས་རབས་ཉི་ཤི་རྩ་གཅིག་པའི་ཁ་སང་དེ་རིང་གི་བར་དུ་བསླེབས་པ་རེད། དེ་གཉིས་རེད།

    ཡིན་ན་ཡང་། ཁ་སང་དེ་རིང་གི་དུས་ཚོད་ནི་དེ་སྔོན་དང་བསྡུར་ན་བསྡུར་ཐབས་མེད་པ་ཞིག་རེད། རྒྱུ་མཚན། མིའི་རིགས་ཀྱི་བསམ་བློའི་ཀླད་རྒྱ་ཆེ་རུ་སོང་བ་དང་བསྟནུན་ནས་རང་རྒྱལ་གཞན་ཕམ་དང་ཁྱོད་ཤི་གསོན་གི་གནའ་བོའི་འཐབ་འཛིང་གི་རྣམ་པ་དེ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཞིག་མངོན་ཡོད་པ་རེད། གལ་སྲིད་འགྱུར་ལྡོག་འདི་ལྟ་བུ་ཞིག་མངོན་མེད་པའི་དབང་དུ་བཏང་ན་རང་རེའི་རང་དབང་གི་འཐབ་རྩོད་འདི་ལ་ཡང་ཚེ་ཐག་རིང་པོ་འདི་འདྲ་ཞིག་བྱུང་ཡོད་མེད་ཚོད་དཔག་བྱས་ན་ཤེས་གསལ་ཡིན། གང་ལགས་ཟེར་ན་མིའི་རིགས་ཀྱི་ཀླད་རྩ་མ་འཕེལ་བའི་མི་ལོ་རྒྱ་དང་ལྔ་བཅུའི་གོང་གི་བྱེད་ཐབས་སྤྱད་ནས་འཐབ་རྩོད་བྱེད་དགོས་ཐུག་ན། ཕན་ཚུན་མང་ཉུང་དང་ཕན་ཚུན་ཆེ་ཆུང་། ཕན་ཚུན་བཙན་དབང་གིས་མདའ་གྲི་མདུང་གསུམ་དང་མཚོན་ཆ་ཁོ་ནས་གཅིག་རྒྱལ་གཅིག་ཕམ་ཐག་གཅོད་བྱེད་དགོས་ཐུག་གི་རེད་ལ་དེ་དུས་་ང་ཚོ་རྐང་འོག་ཏུ་ང་དགུ་ལོ་ལས་ཡ་ང་བའི་སྡུག་གཅོད་གཏོང་གིན་རེད། དེ་གསུམ་རེད།

    དེ་རིང་གི་འཛམ་གླིང་མི་མང་རྣམས་སུ་མགྱོགས་གང་མགྱོགས་གིས་ལ་ཆེ་བ་གླིང་ཕྲན་དང་འབྲིང་བ་རྒྱལ་ཁབ། ཆུང་བ་ཚོགས་པ་དང་ཁྱིམ་ཚང་མི་སྒེར་ཡན་ཆོད་ཀྱིས་རང་ཉིད་ཀྱི་དཔལ་འབྱོར་གཙོ་བོ་ཨང་དང་པོར་འཛིན་པའི་སྐབས་ལ་བསླེབས་ཡོད། དཔལ་འབྱོར་ཁོ་ནས་རང་ཉིད་ཀྱི་ཁེ་ཕན་དང་རྙོག་དྲ། རེ་འདོད་སོགས་གང་འཚམ་ཐག་གཅོད་བྱེད་ཐུབ་པའི་གོ་སྐབས་འཚོལ་བཞིན་པ་ཡིན་ལ། གནད་རྩ་འདིས་མི་སྒེར་སོ་སོ་དང་ཚོགས་ཁག་སོ་སོ། དེ་ནས་རྒྱལ་ཁབ་ཁག་བར་ཚང་མས་གལ་ཆེན་གནད་འགག་ཞིག་ཏུ་བརྩི་གི་ཡོད་པ་ངོས་ལེན་མི་བྱེད་ཀ་མེད་ཡིན། དེ་བཞི་རེད།

    ཡུ་རོབ་མནའ་མཐུན་རྒྱལ་ཁབ་ཉི་ཤུ་ལྷག་དཔལ་འབྱོར་མཉམ་འབྲེལ་ལམ་ལུགས་འཛུགས་དགོས་དོན་དང་། ཨ་རིས་ཨེ་རག་དང་ཨེ་རན། ཨབ་གྷན་སོགས་ལ་དམག་རྒྱག་དགོས་དོན། ཨིན་ལན་དང་རྒྱ་གར་སོགས་བོད་དང་འབྲེལ་ཡོད་རྒྱལ་ཁབ་མང་པོ་ཅིག་གིས་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་པ་སོགས་ཚང་མ་རྣམས་ཡང་བདེན་པ་བཞག་ཏེ་རང་ཉིད་ཀྱི་ཁེ་ཕན་རང་ཉིད་ཀྱི་དཔལ་འབྱོར་གལ་ཆེན་དུ་དམིགས་ནས་རྩིས་རྒྱབ་པ་ཞིག་ཡིན། འཇར་པན་གི་ཚིན་ཀ་སྒོ་མཚོ་གླིང་རྒྱ་ནག་གིས་ཧམ་བཟུང་བྱེད་འདོད་པ་དང་། འཇར་པན་གིས་དམག་རྒྱག་དགོས་ཐུག་ན་ཡང་ཨུ་ཚུགས་མཐའ་སྐྱེལ་བྱེད་དོན་ཡང་མ་འོང་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དམིགས་པ་ཞིག་ལོས་ཡིན། དེ་ལྔ་རེད།

    མདོར་ན་སྟོབས་ཆེན་རྒྱལ་ཁབ་ཀྱིས་དམག་རྒྱག་པ་དེ་ཡང་ཁེ་ཕན་ལ་དམིགས་པ་ཞིག་དང་། ཉམས་ཆུང་རྒྱལ་ཁབ་དག་གིས་ཞི་འགྲིགས་ལ་འབད་པ་བྱེད་པ་དེ་ཡང་ཁེ་ཕན་ལ་དམིགས་པ་ཞིག་ཡིན། དེང་གི་འཛམ་གླིང་མི་མང་རྣམས་གང་ན་ཁེ་ཕན་ཡོད་ན་དེ་ལ་འབད་བརྩོན་བྱེད་གི་ཡོད་པ་རེད། ང་ཚོས་ཀྱང་རང་ལ་ཁེ་ཕན་ཡོད་པ་དང་གཞན་ལ་ཁེ་ཕན་ཡོད་པ། འཛམ་གླིང་སྤྱི་ལ་ཁེ་ཕན་ཡོད་པ་ཞིག་བྱེད་ན་བསམ་གི་ཡོད་པ་རེད། འཐབ་རྩོད་དང་དམག་ཁྲུག་ནི་ནམ་ཡང་མེད་ན་འདོད་གི་ཡོད་པ་རེད། མི་གཅིག་ཡང་ཤི་ན་མ་འདོད་ན་བསམ་གི་ཡོད་པ་རེད། ཡིན་ན་ཡང་། རང་ཉིད་ཀྱི་ཁེ་ཕན་ལས་ཆ་ཤས་ཅིག་གཞན་ལ་ཡང་དགོས་གི་རེད་བསམ་གི་ཡོད། དེ་ལ་ང་ཚོས་འགྱོད་པ་དང་སེར་སྣ་བྱེད་གི་མེད་ལ། ང་ཚོས་རེ་འདོད་ནི་ཁྱོད་ལ་ཁེ་ཕན་དང་ང་ལ་ཁེ་ཕན། གཉིས་ཀ་ལ་ཁེ་ཕན་བྱུང་ན་སྙམ་ཡོད་པ་དེ་རེད། དེ་དྲུག་རེད།

    གོང་གི་ང་ཚོའི་བསམ་བློ་དང་ལྟ་བ་ལངས་ཕྱོགས་ནི་རང་དང་མཐུན་པ། གཞན་དང་མཐུན་པ། སྤྱི་དང་མཐུན་པ། དེ་རིང་གི་འཛམ་གླིང་མི་ཡོངས་ལ་མཐུན་པའི་ལངས་ཕྱོགས་ཤིག་བཟུང་ཡོད། ང་ཚོས་རང་གཞན་གཉིས་ཕུང་གི་འདོད་རྔམ་དེ་རྒྱང་དུ་བཞག་ནས་ཕན་ཚུན་གཉིས་ཀར་ཕན་པའི་སྲིད་ཇུས་ཤིག་བཟུང་བ་འདི་ལ་འཕྲལ་དུ་འབྲས་བུ་མ་མངོན་ཡང་དུས་དང་རྐྱེན་ཚང་བའི་ཉིན་མ་གཅིག་ཏན་ཏན་ཤར་ངེས་པ་ཡིན་ལ། ཆེས་བླ་ན་མེད་པའི་དུས་རབས་འདིའི་མིའི་རིགས་ཞི་བདེ་ལ་འགོད་པའི་སྲིད་ཇུས་ཤིག་དང་། སྲིད་ཐུས་འདི་དེང་གི་འཛམ་གླིང་མི་མང་ལ་དགོས་ངེས་ཀྱི་དཔེ་མཚོན་ཚད་མ་ཞིག་ཡིན་པས་འདིའི་དོན་ལ་ང་ཚོ་ནོངས་འགྱོད་དང་ཕངས་སེམས་དགོས་དོན་ནམ་ཡང་མེད། དེ་བརྒྱད་པ་ཡིན།

  28. ཅོ་རི་ཉི་མ། says:
    2013-04-04 at 3:46 pm

    ཁྱོད་ཀྱི་མཆན་བུ་འདི་ལ་དགའ་པོ་བྱུང་། དེ་རིང་ཉལ་རན་སོང་། སང་ཉིན་བསམ་ཚུལ་ཞུ་གི་ཡིན།་་་ཧཧཧ

  29. ཨོ་རྒྱན་རིག་འཛིན། says:
    2013-04-05 at 1:31 am

    སྔོན་བོད་རང་བཙན་ཡོད་དུས་ཆོས་ལུགས་དང་ཆོལ་ཁ་རྩོད་པ་ཁོ་ནར་བྱས་ནས་བོད་རང་བཙན་
    རང་མེད་བྱས་པ་རེད། ད་ལྟ་མགོ་འདོག་བྱེད་ཀྱི་ཟེར་ན་ཡང་མགོ་འདོག་བྱེད་ས་རག་གི་ཡོད་
    མ་རེད། ད་ཡིན་ན་ང་ཚོ་བོད་པའི་ལས་དབང་གཅིག་བརྩོག་གི་ཡ།

  30. ཅོ་རི་ཉི་མ། says:
    2013-04-05 at 6:13 am

    ཐུ་བོ་རྒྱ་མཚོ་ལགས། སྔ་དྲོ་བདེ་ལེགས།
    ༡་་་ཁྱོད་ཀྱིས་གསུངས་པའི་དོན་ཚན་དང་པོ་ནས་གསུམ་པའི་བར་འཛམ་གླིང་འདིའི་ཐོག་ཏུ་འཇིག་རྟེན་སྲིད་པ་ཆགས་རབས་ཀྱི་ལོ་རྒྱུས་མདོ་བསྡུས་ཤིག་གསུངས་འདུག ཀློག་སྤྲོ་པོ་བྱུང་། ད་ལྟའི་རྒྱལ་སྤྱིའི་གནས་བབས་དང་འབྲེལ་བ་མི་ཆེ་བའི་གླེང་དགོས་པའི་རྒྱུ་མཚན་དེ་ཙམ་མ་མཐོང་།

    ༢་་་་ཐུ་བོས་་་་༼དེ་རིང་གི་འཛམ་གླིང་མི་མང་རྣམས་སུ་མགྱོགས་གང་མགྱོགས་གིས་ལ་ཆེ་བ་གླིང་ཕྲན་དང་འབྲིང་བ་རྒྱལ་ཁབ། ཆུང་བ་ཚོགས་པ་དང་ཁྱིམ་ཚང་མི་སྒེར་ཡན་ཆོད་ཀྱིས་རང་ཉིད་ཀྱི་དཔལ་འབྱོར་གཙོ་བོ་ཨང་དང་པོར་འཛིན་པའི་སྐབས་ལ་བསླེབས་ཡོད།༽ཅེས་གསུངས་པ་འདི་ལ་ངས་བསམ་ཚུལ་ཞུས་ན་་་རང་ཉིད་ཀྱི་དཔལ་འབྱོར་གཙོ་བོ་ཨང་དང་པོར་འཛིན་པའི་སྐབས་ལ་བསླེབས་ཡོད་ཅེས་གསུངས་དུས་སྔོན་མའི་ལོ་རྒྱུས་ཐོག་ཏུ་འཛམ་གླིང་མི་དམངས་ཀྱིས་དཔལ་འབྱོར་ཨང་དང་པོར་འཛིན་གྱི་མེད་པའི་ཟོལ་འདྲ་བཤད་འདུག འཛམ་གླིང་འདིའི་ཐོག་ཏུ་འགྲོ་བ་མིའི་རིགས་ཆགས་པ་ནས་བཟུང་ལྟོ་གོས་ཨང་དང་པོར་འཇོག་ནས་བསླེབས་ཡོད་པར་འདོད།།།

    ཐུ་བོས་་་་༼དཔལ་འབྱོར་ཁོ་ནས་རང་ཉིད་ཀྱི་ཁེ་ཕན་དང་རྙོག་དྲ། རེ་འདོད་སོགས་གང་འཚམ་ཐག་གཅོད་བྱེད་ཐུབ་པའི་གོ་སྐབས་འཚོལ་བཞིན་པ་ཡིན་ལ། གནད་རྩ་འདིས་མི་སྒེར་སོ་སོ་དང་ཚོགས་ཁག་སོ་སོ། དེ་ནས་རྒྱལ་ཁབ་ཁག་བར་ཚང་མས་གལ་ཆེན་གནད་འགག་ཞིག་ཏུ་བརྩི་གི་ཡོད་པ་ངོས་ལེན་མི་བྱེད་ཀ་མེད་ཡིན།༽ཞེས་གསུངས་འདུག དཔལ་འབྱོར་ཁོ་ནས་རང་ཉིད་ཀྱི་ཁེ་ཕན་དང་རྙོག་དྲ། རེ་འདོད་སོགས་གང་འཚམ་ཐག་གཅོད་བྱེད་ཐུབ་པའི་གོ་སྐབས་འཚོལ་བཞིན་པ་མ་རེད། གོ་སྐབས་འཚོལ་མི་དགོས་པར་གོ་སྐབས་ཡོད་ཡོད་པ་རེད།་་་་་ གནད་རྩ་འདིས་མི་སྒེར་སོ་སོ་དང་ཚོགས་ཁག་སོ་སོ། དེ་ནས་རྒྱལ་ཁབ་ཁག་བར་ཚང་མས་གལ་ཆེན་གནད་འགག་ཞིག་ཏུ་བརྩི་གི་ཡོད་པ་ངོས་ལེན་མི་བྱེད་ཀ་མེད་ཡིན་ཞེས་གསུངས་འདུག་པ་ཁྱོད་བདེན་ཞུ་རྒྱུ་ཡིན།

    ༣་་་་ཐུ་བོས་་་༼ཡུ་རོབ་མནའ་མཐུན་རྒྱལ་ཁབ་ཉི་ཤུ་ལྷག་དཔལ་འབྱོར་མཉམ་འབྲེལ་ལམ་ལུགས་འཛུགས་དགོས་དོན་དང་།༽ཞེས་གསུངས་པ་འདི་ལ་སྔོན་ནས་ལན་ཕུལ་ཟིན་པ་ཡིན། ངའི་མཆན་བུ་གོང་མ་ཞིག་གི་ནང་དུ་རྒྱུ་མཚན་གསལ་བཤད་བྱས་ཡོད། ཁྱོད་ལ་དགོས་ན་ངས་འདིར་འཁུར་ཡོང་ཆོག

    ཐུ་བོས་་་༼ཨ་རིས་ཨེ་རག་དང་ཨེ་རན། ཨབ་གྷན་སོགས་ལ་དམག་རྒྱག་དགོས་དོན། ཨིན་ལན་དང་རྒྱ་གར་སོགས་བོད་དང་འབྲེལ་ཡོད་རྒྱལ་ཁབ་མང་པོ་ཅིག་གིས་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་པ་སོགས་ཚང་མ་རྣམས་ཡང་བདེན་པ་བཞག་ཏེ་རང་ཉིད་ཀྱི་ཁེ་ཕན་རང་ཉིད་ཀྱི་དཔལ་འབྱོར་གལ་ཆེན་དུ་དམིགས་ནས་རྩིས་རྒྱབ་པ་ཞིག་ཡིན། ༽ཞེས་གསུངས་འདུག

    ཨིན་ལན་དང་རྒྱ་གར་སོགས་བོད་དང་འབྲེལ་ཡོད་རྒྱལ་ཁབ་མང་པོ་ཅིག་གིས་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་པ་སོགས་ཚང་མ་རྣམས་ཡང་བདེན་པ་བཞག་ཏེ་ཞེས་གསུངས་སྟངས་འདི་ལ་མོས་མཐུན་མི་ཐུབ་པའི་སྐད་ཆ་འདུག ཨེན་ལན་དང་རྒྱ་གར་སོགས་ཀྱིས་རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་བསྡད་ཀྱི་ཡོད་པ་འདི་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་མཐུན་གྱི་མེད་ལ་དྲང་བདེན་མ་རེད།
    ་༡༩༧༩ལོ་ནས་བཟུང་སྟེ་ཨ་མེ་ཀས་ལག་སྟར་བྱེད་བཞིན་པའི་རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་ཡོད་པ་དང་། མ་ཟད་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཀྱང་རྒྱ་ནག་གཅིག་ཅེས་པའི་སྲིད་ཇུས་ལ་ངོས་ལེན་བྱེད་ཀྱི་ཡོད། ༢༠༠༩ལོར་འདན་མ་ཁི་རྒྱལ་ཁབ་ཀྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་རྒྱ་ནག་གཅིག་གི་སྲིད་ཇུས་ངོས་ལེན་བྱེད་ཀྱི་ཡིན་པའི་གསལ་བསྒྲགས་སྤེལ་པ་རེད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་འགྱུར་བ་གཏོང་རོགས་མ་བྱེད་ན་བོད་རང་བཙན་ཡོང་ཐབས་མེད་པར་འདོད།བོད་མི་རིགས་ལ་ཐོབ་ཐང་བདག་དབང་རག་ཡ་མེད་པ་རེད། དེའི་ཕྱིར།
    ཐེངས་དང་པོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་གྲོགས་ཚོགས་པ། དགུ་བཅུ་གསུམ་ཚོགས་པ་དང་མདོ་ཁམས་ཆུ་སྒང་དྲུག བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་བཅས་ཀྱིས་གནད་དོན་འདིའི་ཐོག་ཏུ་ཤུགས་བརྒྱབ་དགོས་པར་འདོད། (སྤྱིའི་ཆ་ནས་༢༠༡༢ལོར་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ད་ལྟ་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ཤིག་དམ་འཛིན་བྱེད་བཞིན་ཡོད་པ་དེ་ལ་འགྱུར་བ་གཏོང་སྟེ་ ཐེ་ཝན་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས་པའི་གྲོས་གཞི་ཞིག་གྲོས་ཚོགས་ཀྱི་ནང་ངོ་སྤྲོད་གནང་ཡོད་འདུག་པ་དང་།
    ཐད་ཝན་ནི་དུས་ནམ་ཡང་རྒྱ་ནག་གཞུང་གི་འཛིན་སྐྱོང་འོག་ཚུད་མེད་པ་དང་། དེ་སྔོན་ཀྲུང་གོ་དང་ཨ་མེ་ཀ་གཉིས་ཀྱི་བར་དུ་བྱུང་བའི་གྲོས་ཆོད་ཤིག་གི་ནང་དུ་ཐད་ཝན་ཀྲུང་གོའི་ཆ་ཤས་ཡིན་པ་དང་། རྒྱ་ནག་གཅིག་གི་སྲིད་ཇུས་འཛིན་པ་དེ་ནི་གྲོས་ཚོགས་དང་ཐད་ཝན་མི་དམངས་ལ་གོ་བསྡུ་གང་ཡང་མ་བྱས་པར་གཏན་འབེབས་བྱས་པ་ཞིག་ཡིན་པར་མ་ཟད། དེ་ནི་དུས་ཚོད་ཡོལ་ཟིན་པའི་སྲིད་ཇུས་བེད་མེད་ཤིག་ཡིན་པར་བརྟེན་ཐད་ཝན་ནི་ལོ་བརྒྱ་ཕྲག་ཕྱེད་ཁ་ཙམ་གྱི་རིང་རང་བཙན་དང་བདག་དབང་ལྡན་པའི་རྒྱལ་ཁབ་ཤིག་བྱས་ཏེ་གནས་པའི་དོན་དངོས་དེ་མཚོན་གྱི་ཡོད་པ་མ་རེད།
    སྲིད་འཛིན་ཨོ་བྷ་མའི་ཆབ་སྲིད་འཛིན་སྐྱོང་ཁང་གི་གཞི་རྩའི་ཆ་ནས་སྐྱོན་ཡོད་པའི་རྒྱ་ནག་གཅིག་གི་སྲིད་ཇུས་འཛིན་པ་དེ་ལ་ངོས་པ་ཏུ་འགྱུར་བ་གཏོང་དགོས། དེའི་ཚབ་ཏུ་དོན་དངོས་དང་འཚམ་པའི་རྒྱ་ནག་གཅིག་དང་ཐད་ཝད་གཅིག་གི་སྲིད་ཇུས་ཤིག་འཛིན་སྟེ་ཐད་ཝན་དེ་བཞིན་དམངས་གཙོ་མ་ཡིན་པའི་ཀྲུང་ཧ་མི་དམངས་སྤྱི་རྒྱལ་ཁབ་དང་ཐ་དད་ཡིན་པ་དང་། རང་བཙན་དང་བདག་དབང་ལྡན་པའི་རྒྱལ་ཁབ་ཤིག་ཡིན་པར་ངོས་འཛིན་བྱེད་དགོས་པ་ཡིན་ཞེས་བཀོད་ཡོད་པ་དང་། དེ་བཞིན་ཐད་ཝན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་འཛུལ་བཞུགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཅེས་ཀྱང་བཀོད་ཡོད་པ་རེད།
    ༡༩༧༩ལོ་ནས་བཟུང་སྟེ་ཨ་མེ་ཀས་ལག་སྟར་བྱེད་བཞིན་པའི་རྒྱ་ནག་གཅིག་གི་སྲིད་ཇུས་འདི་མཇུག་སྒྲིལ་རན་པའི་དུས་ལ་སླེབས་ཡོད་པ་དང་། ཐད་ཝན་ནང་དུ་ཨ་མེ་ཀའི་གཞུང་ཚབ་ཁང་འཛུགས་མི་ཐུབ་པ་གང་ཡིན་མ་རེད་ཅེས་དང་། ཐད་ཝན་ནི་དམངས་གཙོ་དར་རྒྱས་ཆེ་བའི་ཡུལ་ལུང་ཞིག་ཡིན་པ་ཙམ་མ་ཟད་ཨ་མེ་ཀའི་མཐུན་ཕྱོགས་ཤིག་ཀྱང་རེད་ཅེས་སོགས་འགྲེལ་བརྗོད་བྱས་ཡོད་འདུག)
    ཨ་མེ་རི་ཀ་དང་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁག་གིས་བོད་རྒྱ་ཆེན་མི་དམངས་དང་གྲོས་བསྡུར་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་བྱས་དང་བྱེད་བཞིན་ཡོད་པ་འདི་ནི་དྲང་བདེན་མ་རེད་འདོད། བོད་མི་རིགས་ལ་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་ངེས་རེད་ལ་རྒྱ་ནག་གཅིག་གི་སྲིད་ཇུས་ལ་འགྱུར་བ་གཏོང་ནས་བོད་རྒྱལ་ཁབ་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་འཛུགས་ཞུགས་བྱ་ཆོག་པའི་རྒྱབ་སྐྱོར་ཐོབ་དགོས་ངེས་རེད་འདོད་དོ།།
    གཞན་ཁ་ཕྱི་འཁོར་ནས་དབུ་མ་ལམ་ལ་ཅིག་བཤད་མ་བཤད་མི་འདུག་བསམས་ཀྱི་འདུག གྲུབ་འབྲས་མེད་པ་མ་ཟད་ནང་ཁུལ་དུ་སེམས་ལ་རྨ་ཁ་བཟོ་རོགས་རེད། གལ་སྲིད་རྒྱ་ནག་གཅིག་གི་སྲིད་ཇུས་ལ་འགྱུར་བ་གཏོང་ཐུབ་སོང་ན་དབུ་མའི་ལམ་རང་བཞིན་གྱི་མི་རིགས་རང་ཐག་རང་གཅོད་ཀྱི་ཐོག་ཏུ་བབ་ཡོང་གི་རེད་འདོད་དོ།།

    ཐུ་བོས་་་་༼འཇར་པན་གི་ཚིན་ཀ་སྒོ་མཚོ་གླིང་རྒྱ་ནག་གིས་ཧམ་བཟུང་བྱེད་འདོད་པ་དང་། འཇར་པན་གིས་དམག་རྒྱག་དགོས་ཐུག་ན་ཡང་ཨུ་ཚུགས་མཐའ་སྐྱེལ་བྱེད་དོན་ཡང་མ་འོང་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དམིགས་པ་ཞིག་ལོས་ཡིན༽ཞེས་གསུངས་པར་དེ་དེ་བཞིན་ནོ་ཞུ་རྒྱུ་ཡིན།

    མཚམས་བཞག་གི་མཆན་བུ་རིང་དྲག་ན་ཁྱོད་ཚོ་ཀློག་འདོད་སྐྱེས་ཀི་མ་རེད།་་་ཧཧཧ

  31. དཀར་ཤོད་ཁྲ་ཚང་གཡུ་རྣ says:
    2013-04-05 at 7:02 am

    ད་ཁྱོད་ཚོ་ད་དུང་དོན་མ་གོ་ན་ཉིན་རེ་ཚར་རེ་ཀློགས་དང་ད་ཟོད་གཞི་ནས་དོན་གོ་ངེས་རེད།

    དབུ་མའི་ལམ་གྱི་གོ་དོན།
    བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབ་ལ་ཁས་ལེན་མི་བྱེད་པ་དང་། ཡང་ན་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་འཐོབ་ཐབས་བྱ་རྒྱུའི་སྲིད་ཇུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད། དབུ་མའི་ལམ་ནི་མཐའ་གཉིས་སུ་མ་ལྷུང་བའི་ལངས་ཕྱོགས་ཤིག་དང་། དེས་འབྲེལ་ཡོད་ཕྱོགས་ཚང་མའི་དགོས་ངེས་ཀྱི་ཁེ་ཕན་རྣམས་འགན་ལེན་བྱེད་ཐུབ། དེ་ཡང་བོད་མིའི་ཕྱོགས་ནས་བརྗོད་ན། བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོས་འཛིན་བཅས་མི་ཉམས་རྒྱུན་འཛིན་དང་། སྲུང་སྐྱོབ་བྱེད་ཐུབ་པ་དང་། རྒྱ་ཕྱོགས་ནས་བརྗོད་ན། མེས་རྒྱལ་གྱི་བདེ་འཇགས་དང་། ས་ཁྱོན་གོང་བུ་གཅིག་བསྒྲིལ་སྲུང་སྐྱོབ་བྱེད་ཐུབ་པ། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་ཕྱོགས་གསུམ་པས་བརྗོད་ན། ས་མཚམས་ཁག་ཏུ་ཞི་བདེ་ལྷིང་འཇགས་དང་། རྒྱལ་སྤྱིའི་འབྲེལ་ལམ་ཁག་ཞི་བའི་སྒོ་ནས་བྱེད་ཐུབ་པ་ཡོད་རྒྱུ།།
    དབུ་མའི་ལམ་གྱི་བྱུང་རབས།
    ཕྱི་ལོ་1951ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བོད་གཞུང་དབར་བཞག་པའི་གྲོས་མཐུན་དོན་ཚན་17དེ་ནི་འདྲ་མཉམ་གཉིས་མོས་ཐོག་བཞག་པ་ཞིག་མིན་ཡང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་ཆེད་ཕྱི་ལོ1959བར་ལོ་བརྒྱད་རིང་རྒྱ་ནག་གཞུང་དང་མཉམ་དུ་འགྲིག་མཐུན་ཡོང་བའི་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་སྟེ། ཐ་ན་1959ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་དང་བཀའ་ཤག་བཅས་ལྷ་ལྡན་ནས་ལྷོ་ཁར་༧ ཞབས་སོར་འཁོད་རྗེས་སུའང་རྒྱ་དམར་དམག་དཔོན་ཁག་དང་མུ་མཐུད་གྲོས་མོལ་འགྲིག་ཆགས་ཡོངས་ཐབས་གནང་ཡོད། གྲོས་མཐུན་དོན་ཚན་17གྱི་འབྲུ་དོན་ལྟར་གནས་ཐབས་གནང་བའང་དབུ་མའི་ལམ་དང་མཚུངས་པ་ཞིག་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ་རྒྱལ་ས་ལྷ་སར་རྒྱ་དམག་གིས་དྲག་གནོན་ཚད་མེད་བྱས་སྟབས་རྒྱ་ནག་གཞུང་དང་མཉམ་གནས་གནང་རེ་བྲལ་བའི་དངོས་ར་འཕྲོད་དེ་བོད་མི་མང་གི་རང་དབང་དང་བདེ་སྐྱིད་སླར་གསོའི་སླད་རྒྱ་གར་དུ་བཙན་བྱོལ་ལ་མ་ཕེབས་ཐབས་མེད་བྱུང་། ཕྱི་1959ཕྱི་ཟླ4ཚེས18ཉིན་རྒྱ་གར་ས་ཁུལ་ཏེཛ་པུར་དུ་༧ཞབས་སོར་འཁོད་མ་ཐག་༧གོང་ས་མཆོག་གིས། གྲོས་མཐུན་དོན་ཚན་17ནི་བཙན་འོག་ཏུ་བཞག་པ་དང་། རྒྱ་ནག་གཞུང་གིས་གྲོས་མཐུན་གྱི་འབྲུ་དོན་ཁག་བསམ་བཞིན་བརྡལ་བཤིག་བཏང་བའི་རྒྱུ་མཚན་གཉིས་ལ་བརྟེན་ནས་དེ་རིང་ནས་རྩིས་མེད་བཏང་སྟེ། བོད་རང་བཙན་བསྐྱར་གསོའི་ལས་འགུལ་དབུ་འཛུགས་གནང་རྒྱུ་ཡིན་ཞེས་གསལ་བསྒྲགས་བསྐྱངས་པ་ནས་1979བར་བཙན་བྱོལ་བོད་གཞུང་མང་ཡོངས་ཀྱིས་བོད་རང་བཙན་བསྐྱར་གསོ་གནང་རྒྱུའི་སྲིད་བྱུས་བཟུང་ཡོད། འོན་ཀྱང་སྤྱིར་འཛམ་གླིང་འདི་དཔལ་འབྱོར་དང་། ཆབ་སྲིད། དམག་དོན་གང་གི་ཆ ནས་གཅིག་ལ་བརྟེན་གྱི་དགོས་མཁོ་ཇེ་ཆེར་སོང་སྟེ། མི་རིགས་དང་ཡུལ་ལུང་ཟུར་གནས་དང་བཙན་གྱི་གནས་སྟངས་ལ་འགྱུར་བ་འགྲོ་ངེས་ཀྱིས་བོད་རྒྱ་ཞི་མོལ་གྱི་དུས་སྐབས་ཤིག་ཡོང་རྒྱུར་གཟིགས་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དོན་ཞི་མོལ་གྱི་སྒོ་ནས་ཐག་གཅོད་ཡོང་ཐབས་སུ་བོད་རང་བཙན་བསྐྱར་གསོ་བྱ་རྒྱུའི་སྲིད་བྱུས་ལ་འགྱུར་བ་གནང་སྟེ་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་ཞིག་འཚོལ་སྒྲུབ་གནང་ན་དགེ་ཕན་ཆེ་བ་དུས་ཡུན་རིང་པོ་ནས་དགོངས་བཞེས་གནང་ཡོད། དབུ་མའི་ལམ་ནི་གློ་བུར་དུ་བྱུང་བ་ཞིག་མིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐབས་ལམ་འདི་སྔ་མོ་ནས་དགོངས་པར་འཁོར་ཡོད་ཀྱང་། དེ་འཕྲད་བརྒྱ་ཁ་གཅིག་གཅོད་ཀྱིས་ཐག་གཅོད་དང་། གཞན་ལ་བཙན་འགེལ་མ་གནང་བར་ལོ་རབས་བདུན་ཅུ་པའི་འགོ་སྟོད་ཙམ་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་དང་། བཀའ་ཤག འབྲེལ་ཆགས་མཁྱེན་རྒྱ་ཡངས་པའི་ཤེས་མྱོང་ཅན་མང་པོར་བཀའ་བསྡུར་དང་། དགོངས་འཆར་བསྡུ་བཞེས་རིམ་པར་གནང་ཡོད་པ་ལྟར། ཕྱི་ལོ1979ལོར་སྐབས་དེའི་རྒྱ་དམར་གྱི་དབུ་ཁྲིད་སྐུ་གཤེགས་ཏེང་ཞའོ་ཕིང་གིས་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རང་བཙན་རྩོད་གླེང་མ་གནང་ན། དེ་མིན་གྱི་གནད་དོན་ཐམས་ཅད་གྲོས་མོལ་གྱི་ལམ་ནས་ཐག་གཅོད་གནང་ཆོག་ཅེས་དོན་སྙིང་ལྡན་པའི་གྲོས་འགོ་བཏོན་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོས་དེ་སྔོན་ནས་དུས་ཡུན་གང་འཚམས་རིང་ཕན་ཚུན་གཉིས་སྨན་གྱི་དགོངས་བཞེས་གནང་བཞིན་པ་དང་གཅིག་མཐུན་ལྟ་བུ་བྱུང་སྟབས།༧གོང་ས་མཆོག་གིས་དེ་འཕྲལ་མཐུན་ཕྱོགས་ཀྱི་བརྡ་ལན་གནང་སྟེ་བོད་རྒྱ་ཞི་མོལ་གནང་རྒྱུ་མོས་མཐུན་དང་། བོད་རང་བཙན་བསྐྱར་གསོའི་སྲིད་བྱུས་ནས་དབུ་མའི་ལམ་གྱི་སྲིད་བྱུས་སུ་འགྱུར་བ་གཏོང་རྒྱུའི་ཐག་གཅོད་མཛད་ཡོད། དེ་ཡང་སྐབས་དེའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བཀའ་ཤག མཁྱེན་རྒྱ་ཡངས་པའི་མི་སྣ་བཅས་པར་བཀའ་བསྡུར་གནང་འོས་གནང་སྟེ། བབ་ལྷིང་བརྟན་གསུམ་གྱི་དགོངས་པ་གཏིང་ཟབ་བཞེས་ནས་ཐག་གཅོད་གནང་བ་ཞིག་ལས་གློ་བུར་དུ་བྱུང་བ་ཞིག་དང་། ཡང་ན་༧གོང་ས་ཆེན་པོ་རྐུ་རྐྱང་གིས་ཐུགས་ཐག་བཅད་དེ་གཞུང་དང་། མི་མང་ལ་བཙན་འགེལ་གནང་བ་མིན་པར་ཞིབ་ཕྲའི་བྱུང་རབས་ངེས་ཅན་ཡོད་པ་ཞིག་ཡིན།། དབུ་མའི་ལམ་ནི་མང་གཙོའི་ལམ་སྲོལ་ཐོག་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན ༧གོང་ས་མཆོག་གིས་བོད་རང་བཙན་བསྐྱར་གསོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཕེབས་རྒྱུའི་ཐག་གཅོད་མཛད་རྗེས་བོད་རྒྱ་ཞི་མོལ་གྱི་གཞི་རྩར་རང་སྲིད་རང་སྐྱོང་གི་གནས་བབ་གང་འདྲ་ཞིག་དགོས་པའི་གྲོས་འཆར་ཕྱི་ལོ་༡༩༨༨་ཕྱི་ཟླ་༦་ཚེས་༡༥་ཉིན་སི་ཏྲས་སི་སྦབ་ཏུ་ཡུ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་མ་གནང་གོང་། བཞུགས་སྒར་རྡ་རམ་ས་ལར་ཕྱི་ཟླ ༦ ཚེས ༦ ནས་ཉིན་བཞིའི་རིང་བོད་མི་མང་སྤྱི་འཐུས་རྣམ་པ་དང་། བཀའ་བློན་རྣམ་པ། གཞུང་ཞབས ། བོད་མིའི་སྡོད་སྒར་ཡོངས་རྫོགས་ཀྱི་ས་གནས་འགོ་འཛིན་དང་མི་མང་འཐུས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། བོད་ནས་གསར་དུ་འབྱོར་བའི་འཐུབ་མི། དམིགས་བསལ་མགྲོན་འབོད་གནང་བའི་མི་སྣ་བཅས་ཡོད་པའི་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་ཐོག་གོ་བསྡུར་སྦྱང་བཤད་གནང་མཐར་ཚང་མས་གོང་གསལ་གྲོས་འཆར་ལ་མོས་མཐུན་རྒྱབ་སྐྱོར་ཞུས་ཡོད། གྲོས་འཆར་བཏོན་ནས་དུས་ཡུན་ལོ་ཤས་ཕྱིན་ཡང་རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་བརྡ་ལན་མ་བྱུང་བར་བརྟེན་སླར་ཡང་ཕྱི་ལོ་༡༩༩༦དང་༡༩༩༧ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་ཐབས་ལམ་གང་ལེགས་བོད་རྒྱ་ཆེའི་མི་མང་གིས་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་དགོས་པའི་ལམ་སྟོན་ཕེབས་པ་བཞིན་སྔོན་འགྲོའི་བསམ་ཤོག་བསྡུ་ལེན་སྐབས་བསམ་ཤོག་བརྒྱ་ཆ་༦༤ བརྒལ་བས་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་དབུ་མའི་ལམ་དང་། ཡང་ན་རྒྱལ་སྤྱི་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན། དུས་ནས་དུས་སུ་༧གོས་ས་མཆོག་གིས་ཐག་གཅོད་གང་གནང་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གསལ་བ་ལྟར། དེ་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༡༩༩༧ཕྱི་ཟླ༩ཚེས་༡༨་ཉིན་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་སྙན་གསན་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ ༡༩༩༨ ཀྱི་གསུམ་བཅུའི་གསུང་འཕྲིན་ནང་། ང་ཚོའི་འཐབ་རྩོད་ཀྱི་ལམ་ཕྱོགས་འགྱོད་པ་མེད་པ་ཞིག་ཡོང་ཐབས་སུ་ངོས་ནས་མང་མོས་འོས་བསྡུ་བྱ་རྒྱུའི་བསམ་འཆར་བཏོན་པ་དེའི་སྐོར་ན་ནིང་བཙན་བྱོལ་དུ་ཡོད་པའི་བོད་མི་དང་། དེ་བཞིན་བོད་ནང་གི་མི་མང་གི་བསམ་འཆར་གང་ཐུབ་བསྡུ་ལེན་བྱས་པ་དང་། ཁོང་ཚོའི་བསམ་འཆར་ཇི་ལྟར་བྱུ་བའི་ནང་ནས་མང་མོས་གཞི་རྩར་བཞག་སྟེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཐོག་ནས་གྲོས་ཆོད་བཞག་པ་དེའི་ནང་མང་མོས་འོས་བསྡུ་ཐོག་ནས་ཐག་གཅོད་བྱ་རྒྱུ་ཕྱིར་འཐེན་ཡོང་བ་དང་། ངོས་ནས་གང་དགེའི་ཐག་གཅོད་བྱེད་དགོས་ཞེས་འཁོད་འདུག མི་མང་ནས་ངོས་ལ་རེ་བ་དང་། ཡིད་ཆེས་བློས་འགེལ་དེ་ལྟ་བུ་བྱས་པ་ལ་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་འདི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་། ལག་ལེན་འཁེལ་ཐུབ་པ་ཞིན་ཡིན་པར་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད། ལམ་ཕྱོགས་འདིའི་ཐོག་ནས་བོད་མི་རིགས་ལ་མེད་དུ་མི་རུང་བའི་ཐོབ་ཐང་ཁག་ཡོང་བ་དང་། རྒྱ་ནག་གིས་གལ་ཆེར་ལྟ་བའི་གཅིག་གྱུར་དང་བརྟན་ལྷིང་ལའང་ཕན་ཐོགས་ཡོང་ངེས་ཡིན་པར་བརྟེན། ངོས་ནས་ལམ་ཕྱོགས་འདིའི་ཐོག་ནས་མུ་མཐུད་རྒྱ་ནག་གི་འགོ་ཁྲིད་ཚོར་འབྲེལ་མཐུད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། ཞེས་གསུངས་པ་ལྟར། མི་མང་གི་བསམ་འཆར་དང་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་གཏན་ལ་ཕབ་ཡོད།
    མཆ

  32. ཀརྨ་སྐལ་བཟང་ says:
    2013-04-05 at 9:08 am

    དབུས་མ་དང་དབུ་གཉིས་ལ་འགྲེལ་བ་ཞིག་གསུང་རོགས

  33. ཐུ་བ་རྒྱ་མཚོ། says:
    2013-04-06 at 8:52 am

    ཅོ་རིལ་ལགས་ཀྱིས་དབུ་མའི་གནད་རྩ་ད་ལྟའི་རྒྱལ་སྤྱིའི་འབྲེལ་བ་འགའ་ཤས་ལ་སེམས་གཉེར་ཡིད་མཐུན་གནང་བར་དགའ་བསུ་ཞུ་རྒྱུ་དང་། ད་དུང་ཡང་ཕྱེད་སྨིན་ལ་ཕྱེད་མ་སྨིན་པའི་ཅོ་རིའི་ཀླད་རྩའི་ཨ་སྨྲའི་འབྲས་བུ་དེ་གང་མགྱོགས་ཡོངས་སུ་སྨིན་པའི་རེ་བ་ཏོག་ཙམ་འདུག ཧཧཧ

    དེ་ནས། དབུས་མ་དང་དབུ་མའི་ཁྱད་པར་ནི་གོ་བདེ་བའི་ཚིག་ཐུང་ངུའི་ནང་ཞུས་ན་འདི་ལྟར། དབུས་མ་ནི་ས་ཆུ་རི་ལུང་སོགས་ཀྱི་དཀྱིལ་དང་དབུས་ལ་ཟེར་པ་ཡིན་ཏེ། དཔེར་ན། རི་བོ་གསུམ་གྱི་དབུས་མ། གཞུང་ལམ་དབུས་མ། གཙང་བོ་དབུས་མ། ས་ཆ་སྟོད་སྨད་དབར་གསུམ་གྱི་དབུས་མ་ཞེས་བ་ལྟ་བུ།

    དབུ་མ་ནི་དེ་དང་མི་མཚུངས་པར་ལྟ་གྲུབ་ཞིག་དང་རང་ལུགས་ཤིག་བསྟན་པ་ཡིན་ཏེ། དཔེར་ན། རང་རྒྱལ་གཞན་ཕམ་གྱི་མཐའ་གཉིས་སུ་མ་ལྷུང་བའི་དབུ་མ། ཆད་མཐའ་དང་རྟག་མཐའི་མཐའ་གཉིས་སུ་མ་ལྷུང་བའི་དབུ་མ། མདོར་ན་ཐལ་དྲགས་པ་མ་ཡིན་པའི་བྱ་སྤྱོད་ལ་གོ་དགོས་པ་ཡིན། ཡིན་ཡང་ཆབ་སྲིད་ཀྱི་སྐབས་འདིར་དཔེ་མཚོན་དང་པོ་དང་། ཆོས་ལུགས་ཀྱི་སྐབས་སུ་དཔེ་མཚོན་ཕྱི་མ་ལྟར་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme