Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབང་ཞུ་ལ་བུད་ཐལ།

Posted on 2016-05-172016-05-17 By ཁ་བརྡ 4 Comments on དབང་ཞུ་ལ་བུད་ཐལ།

མཁན་པོ་དཔའ་བརྟ།

 
ད་ཞག་ཟླ་ངོ་འདིར་ཉིན་རེ་བཞིན་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པའི་དགེ་བའི་བཤེས་གཉེན་ཨ་བསྟན་ཕུན་ཚོགས་རིན་པོ་ཆེས་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གི་བཀའ་ཁྲིད་གནང་བ་ཞུ་བར་འདོད་པས་ཡུལ་གཞན་ནས་ཆེད་གཏད་ཀྱིས་ལས་བྱ་ཕྲན་ཚེགས་འགའ་སྣང་མེད་དུ་གཡུགས་ནས་རང་དགོན་དུ་བསླེབས།
བཀའ་ཆོས་ཞུ་བའི་ཉི་མ་རེ་རེ་བཞིན་གཞུང་གི་ཚིག་འགྲེལ་དང་ཞིབ་ཁྲིད། གཞུང་ཚིག་དང་གདམས་ངག་སྦྱར་ནས་གསུངས་པ་ན་ཕྲན་ལྟ་བུའི་ཆོས་དྲེད་ཀྱི་སེམས་ལ་སྨན་པོ་བྱུང་བ་ནི་བཤད་ཅི་དགོས།

ལྷག་པར་ཁོང་ལ་ནི་གཟུངས་སྤོབས་ཀྱི་བློ་གྲོས་གཞན་མཚུངས་མེད་པ་མངའ་བས་སྔར་བླ་མ་དང་མཁན་པོ་བཀའ་དྲིན་ཅན་དག་གིས་ཇི་ལྟར་གསུངས་པའི་ཞལ་རྒྱུན་རྣམས་པར་དུ་བཏབ་པ་བཞིན་ཐུགས་ཐོག་ནས་འཆད་ཐུབ་པ་མ་ཚད་དེང་དུས་ཀྱི་གནས་སྟངས་དང་། སོ་སོའི་རྒྱུད་ཚོད་དང་སྦྱར་ནས་དམ་ཆོས་སྟོན་མཛད་པ་དང་། ཁ་བཤད་ཁོ་ན་མ་ཡིན་པར་ཐུགས་དམ་དང་མཛད་སྤྱོད་ཀུན་ཀྱང་སྤྱོད་འཇུག་ཆེན་མོ་དང་ཞུ་དག་ཕེར་བ་འདིས་ཆོས་དང་བླ་མའི་ཁྱད་ཆོས་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་གཙང་མས་དྲངས་པའི་མིག་ཆུ་དྲོན་མོ་ནི་ཉི་མ་དང་ཆོས་ཐུན་རེ་རེ་བཞིན་ཆོས་ཞུ་བ་ཇོ་སེར་དང་དགེ་བསྙེན་ལྔ་བརྒྱར་ཉེ་བ་འདུག་པ་ཀུན་ལ་འབབ་ཏུ་བཅུག་གི་འདུག
དེར་བརྟེན་ངས་ཀྱང་རང་གི་དྲིན་ཆེན་ཨ་མ་རྒན་མོར་བཀའ་ཆོས་གལ་ཆེན་འདི་ཐོབ་དགོས་པའི་སྐུལ་མས་ཉིན་བཞིན་ཆོས་ཁྲིད་ཁར་བཙན་གྱིས་ཡོང་བཅུག་པ་ཡིན།

ཡང་བླ་མ་ཁོང་གིས་ཉིན་གུང་ངམ་དགོང་མོ་ལྟ་བུའི་དུས་ཚོད་བེད་སྤྱད་དེ་ནད་པ་དང་སྒེར་ཆོས་ཞུ་བ་འགར་སྨན་བླའི་དབང་བརྒྱ་སོགས་བཀའ་དབང་འགའ་གནང་དགོས་བྱུང་བའི་ཁར་ངའི་ཨ་མ་ནི་ལུང་པ་འདིའི་སྤྱི་སྲོལ་བཞིན་འཚང་ཁ་ཁོ་ནས་འགྲོ་བ་མ་ཚད་ང་ལ་ཡང་དར་ཁ་དང་མནྜལ་རྒྱུ་དངུལ་དངོས་སྤྲད་ནས་ཁྱོད་ད་ལོར་ལོ་དུས་དང་སྤར་ཁ་གཅིག་གཅིག་ཡིན་པས་ལྷ་གཅིག་གཅིག་གི་དབང་ཐོབ་དགོས་ཡོད་རབས་མང་དག་ཅིག་ལབ་ནས་འཁྲིད་འགྲོ་འདུག

དེ་རིང་ངས་ཨ་མར་དབང་གནང་ས་གཟིམ་ཆུང་ཡིན་པས་མི་མང་ན་བླ་མ་ལ་འོ་བརྒྱལ་ཡོད་ལ་ང་ཡང་སྤྱིར་བཏང་གི་དབང་ཞུ་རྒྱུར་དེ་ཙམ་དགའ་པོ་མེད་རབས་ལབ་དུས། ཨ་མས་ང་ལ་མ་དགའ་བའི་རྣམ་འགྱུར་བཅས་ཆོས་དང་བླ་མ་ལ་དད་པ་མེད་ན་ཆེས་ཐ་ཆད་པའི་མི་ཡིན་རབས་དང་། དབང་བསྐུར་རེ་ཞུ་ཐུབ་ན་ལོ་ཟླ་མང་པོའི་སྐེག་བར་ཆད་ཞི་འགྲོ་བའི་རྒྱུ་མཚན་མང་དུ་བགྲངས་ནས་མོ་རང་གཞན་མང་པོ་དང་མཉམ་དུ་དབང་ཞུ་སར་བུད་ཐལ།

སྣ་ཚོགས།

Post navigation

Previous Post: ཁ་མཆུ་རྩིས་མེད་བཏང་བ་ཡིན།
Next Post: བོད་རིགས་ལས་བྱེད་པར་ཕུལ་བའི་རེ་ཞུ་དགུ་ཚན་མ།

Comments (4) on “དབང་ཞུ་ལ་བུད་ཐལ།”

  1. ཀླུ་སྨྱོན། says:
    2016-05-18 at 11:09 am

    རྗེ་ཙོང་ཁ་པས། སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག །ཅེས་གསུངས་པའི་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དང་མཇལ་ནས་དབང་ཞུ་བར་མི་སྤྲོ་བ་ནི་རང་སྐལ་རང་གིས་བཅད་པ་ཙམ་ཞིག་རེད་འདོད། ཁྱད་པར་དུ་དབང་དོན་ངོ་འཕྲོད་ཐུབ་པའི་རྨང་གཞིའི་ཤེས་ཡོན་ཡོད་བཞིན་དུ་ད་དུང་དབང་ཞུ་མི་འདོད་པ་ངོ་མ་ཁྱད་མཚར་རེད། དམ་ཚིག་དང་སྡོམ་པ་སྲུང་ཁག་པོ་འདུག་ཟེར་ན་མ་ཁྱབ་སྟེ། སོར་སྡོམ་དང་བྱང་སྡོམ་ཡང་སྲུང་ཁག་པོ་ཡོད་པས་སོ།། གསང་སྔགས་ཀྱི་དཀྱིལ་འཁོར་གཅིག་མཇལ་བས་བསྐལ་བར་བསགས་པའི་སྡིག་སྒྲིབ་འདག་པ་ཡང་རྒྱུད་ལས་གསུངས་ཤིང་། མི་ཚེ་གང་བོར་སོར་སྡོམ་སྲུང་བ་ལས་ཉི་མ་གཅིག་ལ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་སྐུར་ཞུས་ན་ཚོགས་བསགས་སྒྲིབ་སྦྱོང་གི་ནུས་པ་བསྡུར་ཐབས་མེད་པ་ཞིག་ཡིན་པ་ཡང་མཁྱེན་དགོས། འདི་འདྲའི་གོ་བ་ལོག་སྒྲུབ་པ་མང་དྲགས་ནས་དེང་སང་དགེ་ལུགས་པའི་ཕྱོགས་སུ་གསང་སྔགས་ཀྱི་བསྟན་པ་ཉམས་ཧ་ཅང་དམའ་བོ་ཞིག་ཆགས་དང་ཆགས་བཞིན་པ་རེད་ལ། ཆོས་བརྒྱུད་གཞན་པར་ཡང་དེ་བཞིན་ཡིན་པ་འདྲ།

  2. ཁྱུང་སེ། says:
    2016-05-18 at 12:08 pm

    དབང་གི་གནད་དོན་ཡག་པོ་ཞིག་ཤེས་དགོས་དབང་ཞུ་བ་ལ། དེ་ཤེས་པའི་སྟེང་ནས་དབང་ཞུནས་ཡག མ་གཞི་ནས་དབང་ཐོབ་པའི་ས་མཚམས་གང་ནས་ཡིན་མིན་ཤེས་དགོས། རྒྱུད་སྡེ་དག་ནས་དབང་མཚན་ཉིད་པ་ཐོབ་ས་ནི་ས་དང་པོ་ཐེག་པ་ཆེན་པོའི་མཐོང་ལམ་ཐོབ་པ་ནས་བཤད་ཡོད། མ་ཟད་དབང་ཐོབ་དང་མ་ཐོབ་ནི་སེམས་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་དང་མ་རྟོགས་ལ་བཞག་འདུག དེ་མིན་ཚེ་རིལ་ཚེ་ཆང་ཙ་ཀ་ལི་སོགས་མགོ་ལ་བཞག་པ་ཙམ་གྱོས་དབང་ཐོབ་ཀྱི་ཡོད་ན་ཧཧཧ་རེད། དབང་ཞུས་ཚད་ལ་དཔགས་ན་ཕལ་ཆེར་བུམ་པ་མགོ་ལ་བཞག་ནས་མགོ་ལེབ་ལེབ་ཡོང་ས་ཡོད་པའི་བོད་རིགས་མང་པོ་ཡོད། མ་གཞི་ནས་དབང་སྐུར་གྱོ་སྐབས་སུ་ཚེ་རིལ་ཚོགས་སོགས་ཟ་རྒྱུ་ཡོད་པ་དང་ཚེ་ཆང་འཐུང་རྒྱུ་ཡོད་པ་མིག་གིས་ལྟས་ན་ཁྲ་ཁྲ་ཟིང་ཟིང་མང་པོ་ཞིག་མཇལ་རྒྱུ་ཡོད་པ་སོགས་ལ་བརྟེན་ནས་ཤར་ཕྱོགས་པའི་རྨོངས་འཐོམ་པ་ཕལ་ཆེར་ཁྲིད་ལས་དབང་ཞུ་བར་འགྲོ་མཁན་མང་བ་ཡོད། ནུབ་ཕྱོགས་པ་དེ་ཚོ་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཡིན་པར་བརྟེན་ཁོང་ཚོས་དབང་ཞུ་ལས་ཆོས་ཁྲིད་ཞུ་རྒྱུར་དགའ་མོས་ཆེ་བ་ཡོད།

  3. ཀརྡོ་གཉེར་ཕྱག་པ་་ says:
    2016-05-18 at 12:29 pm

    བླ་མ་ལ་དད་པ་དང་། ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་མེད་ན། དབང་ཐོབ་དཀའ་ན་ཡང་། དེ་དག་ཇི་ལྟ་བ་བཞིན་དུ་མ་སྐྱེས་བར་དུ། དབང་མ་ཞུས་ནས་བསྡད་ན་ཡང་། གྱོང་ཆེའོ།།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-05-21 at 3:46 am

    ཁག་པོ། ཞེས་པའི་སྒྲ་དཀའ་བ་ཞེས་སྒྱུར་ཐུབ་ན། བོད་སྐད་འཆལ་བར་མི་འགྲོ་བར་ཕན་ཆེའོ།
    ་
    བདག་དང་བདག་ལྟ་བུ་དབང་གྲལ་དུ་བསྡད་དེ། བུམ་དབང་ ། གསང་བའི་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་གི་དབང་བཅས་ཞུ་བའི་རྩིས་བྱས་པས།། བྱིན་རླབས་ཙམ་ཐོབ་རུང་། དམ་ཚིག་དང་སྡོམ་པ་ཚུལ་བཞིན་སྲུང་བ་མེད་པས་གནད་དུ་སྨིན་པ་དཀའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme