Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔྱིད་ཀྱི་དཔལ་ཡོན།

Posted on 2013-03-222013-03-22 By ཆུ་སྐྱེས་སྒྲོལ་མ། 14 Comments on དཔྱིད་ཀྱི་དཔལ་ཡོན།

ཆུ་སྐྱེས་སྒྲོལ་མ།

དཔྱིད་དཔལ་ན་གཞོན་དུས་ཀྱི་རྟར་ཆིབས་ནས།།
རི་ལུང་གྲོང་བརྡལ་ཉུལ་བའི་གོམ་སྒྲ་ཡིས།།
འཁྱག་རོམ་གཟེབ་ཏུ་གཟིམ་པའི་ཚང་ཚིང་ནཊ།།
སྟུག་པོའི་གཉིད་ལས་དཀྲོགས་འདི་ཨེ་མ་མཚར།།

དཔྱིད་ཀྱི་སྒེག་མོ་འཛུམ་པའི་རྩེད་རྒོད་ཀྱིས༌།།
ལྗོན་པའི་ཡལ་ག་གོག་པོར་ཕྱག་ཟུང་གིས།།
བྱམས་བཅས་བྱིལ་བའི་ངང་ཚུལ་རི་མོ་ལ།།
གེ་སར་ཚེམས་ཕྲེང་འཛུམ་པའི་ཉམས་འགྱུར་སྩལ།།

ཡལ་གའི་ལོ་འདབ་ཕྲ་མོར་གསོན་ཉམས་ཀྱིས།།
ཉམས་དང་སྟོབས་ཤུགས་བསྒྲོན་པའི་སྒེག་ཉམས་བཅས།།
དགུན་ཉལ་སྲིན་འབུའི་ཚོགས་རྣམས་ཚུར་བཀུག་ནས།།
དགུན་གྱི་རྒྱལ་མོར་ཕྱི་ཕྱག་ཡང་ཡང་རྩེག།

ལྕུག་ཕྲན་མགོ་བོ་ལྡེམ་པའི་སྟངས་སྟབས་དང༌།།
མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་ལྗོངས་སོགས།།
དཔྱིད་ཀྱི་ཕོ་ཉ་བསུ་བའི་བྲོ་གར་གྱིས།།
མཚར་སྡུག་མཛེས་པ་ཅི་ཡང་ངོམས་འདི་རྨད།།

དྭངས་གཙང་མཚེའུ་འཁྱག་པའི་གུར་ལས་གྲོལ།།
ཉ་ཆུང་གསེར་མིག་འཁྱུག་འགྲོས་གར་དུ་རྩེན།།
སྦལ་ལྕོང་ཕོ་མོས་མཆོང་ལྡིང་ཅི་ཡང་ངོམས།།
ངོ་མཚར་ལྟད་མོས་དཔྱིད་དཔལ་སྦྲུམ་འདི་མཛེས།།

གསེར་བྱ་ངང་པ་ཆུ་མོའི་གཞུང་ལ་རྩེན།།
བྱིའུ་ཆུང་འཇོལ་མོ་ལྐོག་ཉན་ལྟད་མོར་ཆས།།
དགོད་སྒྲའི་གསུང་སྙན་ལྗོན་པའི་གསེབ་ནས་སྒྲོགས།།
རི་ལུང་གྲོང་བརྡལ་དགུན་གྱི་གཉིད་ལས་དཀྲོགས།།

ཚེར་མའི་ཚང་ན་ཉལ་བའི་རི་བོང་སོགས།།
གཅིག་རྗེས་གཉིས་འཇུག་རྒྱུག་རྩལ་འགྲན་པ་དང་།།
རྩྭ་རྩེའི་ཟིལ་མངར་འཐུང་ལ་རབ་བྲེལ་བའི།།
མཆོང་ལྡིང་གར་གྱི་ཉམས་དག་ཡི་གར་འོང་།།

མུ་ཏིག་ཁྲ་ཚོམ་བཏབས་འདྲའི་ལྗོན་རྩེ་དང༌།།
བྱི་རུའི་མཛེས་པ་འཕྲོག་འདྲའི་ལྡུམ་རྭ་སོགས།།
ལྷ་ཡུལ་ས་ལ་འཕོས་འདྲའི་མཛེས་སྡུག་གིས།།
འདྲེན་བྱེད་འདི་ཀོ་རི་མོའི་གཟུགས་སུ་བྱས།།

ཤང་ཤང་ཆུ་སྒྲ་བསིལ་བའི་རླུང་སྒྲ་སོགས།།
བརྗོད་བྱ་དོན་གྱིས་སྟོང་བའི་སྒྲ་དག་གིས།།
ངལ་གསོའི་སྨན་མཆོག་སར་པ་གསར་པ་དག།
སྙིང་ལ་སིམ་པ་འདི་ཀོ་དཔྱིད་ཀྱི་དཔལ།།

སྙན་ངག

Post navigation

Previous Post: དུད་འགྲོའི་གཞིས་ཀ
Next Post: ༢༠༡༣ ལོའི་མདོ་སྨད་དམིགས་བསལ་ཚོགས་ཆེན་དང་གྲོས་ཆོད་ཁག

Comments (14) on “དཔྱིད་ཀྱི་དཔལ་ཡོན།”

  1. བསམ་གླིང་ཚེ་རིང་ལྷ་མོ། says:
    2013-03-22 at 12:35 pm

    ལྗོན་པ་གྲལ་ལྟར་སྒྲིག་པའི་ལམ་འགྲམ་ན།།
    མེ་ཏོག་འདབ་མས་མགོ་ལྕོག་རབ་ཏུ་ལྡེམ།།
    ཐུལ་ཐུལ་ལྷུང་བའི་འདབ་མའི་ཆ་ཤས་དག །
    རེག་འཇམ་ཕྱག་གིས་ཞལ་རས་བྱིལ་དང་མཚུངས།།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-03-22 at 1:30 pm

    དཔྱིད་དཔལ་ཤར་ཚེ།
    དྲོད་སླེབས་ཆུ་འགྲམ་འཁྱམ་རོམ་བཞུར་རན་དུས། །
    ལྕུག་ཕྲན་ཡར་ཐོན་མེ་ཏོག་ཕྱེ་རན་དུས། །
    བྱིའུ་ཆུང་གླུ་ལེན་སྦལ་ལྕོང་མཆོང་རན་དུས། །
    རྩ་གསར་རི་དྭགས་གཅན་གཟན་ངར་རན་དུས། །
    དཔྱིད་དཔལ་ཤར་དུས།
    དཔྱིད་དཔལ་ཤར་དུས་མི་རྣམས་དགའ་རན་འདུག །
    དགུན་ཞྭ་ཕུད་ནས་སྐྲ་མདོག་ངོམ་རན་འདུག །
    གོས་འཐུག་བརྗེས་ནས་དཀར་གཙང་གྱོན་རན་འདུག །
    དཀར་གཙང་གྱོན་ནས་ཤ་མདོག་ངོམ་རན་འདུག །

  3. མེ་ཏོག་དཀར་པོ says:
    2013-03-22 at 10:47 pm

    ཧ་ལོ

  4. མེ་ཏོག་དཀར་པོ says:
    2013-03-22 at 10:51 pm

    སྙན་ངག་རྒུན་ཆང་བཏུང་རྒྱུ་མང་དྲག་ནས།།
    སྙན་ཚིག་མུ་ཏིག་ལྟ་བུ་སྐྱུག་མཁན་ཁྱོད། །
    སྙན་ངག་དུང་བའི་མེ་ཏོག་དཀར་པོ་ངའི། །
    སྙིང་གི་ཚིལ་ལུར་གྱུར་སོང་ཨ་ལ་ལ། །

  5. མྱི་དཀར says:
    2013-03-22 at 10:58 pm

    སྙན་ངག་སྙན་སོང་། །དཔྱིད་དཔལ་དྲན་སོང་། །དབྱར་འགོ་ཚུགས་སོང་། །ཁུ་བྱུག་གྲགས་སོང་། །

  6. མེ་ཏོག་དཀར་པོ says:
    2013-03-22 at 11:37 pm

    སྲོག་དབུགས་འབྱིན་པའི་སྔོ་ལྗང་མྱུ་གུ། །
    མཛུབ་མོ་ཙམ་རེ་འབུས་འགོ་བརྩམས་ཤིང་། །
    འདབ་ལྡན་ངག་ནས་སྙན་ངག་སྒྲོགས་པའི། །
    དཔྱིད་ཀྱི་རྒྱལ་མོའི་རྫོགས་ལྡན་བསུས་སོང་། །

  7. མེ་ཏོག་དཀར་པོ says:
    2013-03-22 at 11:48 pm

    ཁ་བརྡ་ལགས། ཉིན་གཉིས་ཀྱི་བཙོན་ཁང་ནས་ཉེས་ཡངས་བཏང་བར་ཐུགས་རྗེ་ཆེ། ཁ་སང་༼ཆིག་སྒྲིལ་དགོས༽ ཞེས་པའི་རྩོམ་འོག་ཚེ་དང་ལྡན་པ་འཇམ་གཅེས་ཀྱིས་དོན་མེད་ངའི་མིང་དྲུད་ནས་བཀའ་སྐྱོན་བཏང་བར་ངའི་ལན་སློག་པ་ཡིན། དེ་ཡིན་དུས་ཉེས་པའི་རྩ་བ་ཁོ་ཡིན་པ་རྩོམ་དེར་གཟིགས་གྲོགས།
    ཐུགས་རྗེ་ཆེ།

  8. བསམ་ཤེས། says:
    2013-03-22 at 11:51 pm

    དཔྱིད་ཀ་ཤར་རན་སོང་། སེམས་སྡུག་འགོ་ཚུགས་སོང་། ཉི་མ་རིང་དུ་རིང་དུ། ཕ་ཡུལ་རྒྱང་ཕད་རིང་དུ།
    དཔྱིད་ཀ་ཤར་རན་སོང་། སྡུག་བསྔལ་འགོ་ཚུགས་སོང་། ཡུལ་ཁམས་ཇེ་དྲོ་ཇེ་དྲོ། ཕ་ཡུལ་ཇེ་དྲན་དེ་དྲན།
    དཔྱིད་ཀ་ཤར་རན་སོང་། སེམས་སྡུག་སླེབས་འགོ་ཚུགས་སོང་། མེ་ཏོག་སྙིང་ཇེ་རུ་ཇེ་རུ། ཆུང་འདྲིས་ཇེ་དྲན་ཇེ་དྲན།
    དཔྱིད་ཀ་ཤར་རན་སོང་། དགའ་བ་ཞིག་སླེབས་འགོ་ཚུགས་སོང་། གྲོང་པའི་མནའ་མ་ལུས་ཕྲ་འཕོང་བཟང་དེས། ང་ལ་མིག་འཛུམ་ཇེ་མཐུག་ཇེ་མཐུག
    དཔྱིད་ཀ་ཤར་རང་སོང་། བདེ་སྐྱིད་སླེབས་འགོ་ཚུགས་སོང་། སང་ཉིན་གྲོང་པའི་ཁྱོ་བོ་དེ། ཉིན་ཤས་ཕྱོགས་ལ་འཐོན་མཁན་རེད་འདུག 
    དཔྱིད་ཀ་ཤར་རན་སོང་། ལུས་ལ་བདེ་བ་ཁྱབ་བྱུང་། ཁོ་མོའི་ཆགས་པ་ཇེ་ཆེ་ཇེ་ཆེ། ང་ཡི་ལུས་ཀྱང་ཇེ་སྐམ་ཇེ་སྐམ།

    དཔྱིད་ཀ་ཤར་རན་སོང་། རྙོག་ཁྲ་སླེབས་འགོ་ཚུགས་སོང་། གྲོང་པའི་ཨ་ཅག་མཛེས་མ། ཟླ་མཚན་མི་ཡོང་ཟེར་རོ། ཁོ་ནི་མི་ནག་ཡིན་པས། ང་གཉིས་རྩ་ནས་མི་འདྲ། 

    དཔྱིད་ཀ་ཤར་རན་སོང་། རྨི་ལམ་ཡང་སེ་འཁྲུག་གོ། གྲོང་པའི་ལག་ངར་ཆེན་པོ། ང་ཡི་མགོ་ལ་བརྒྱབ་སོང་། དཔྱིད་ཀ་ཤར་འཚར་སོང་། རྙོག་འདྲ་གཞི་ནས་ཡོད་དོ།

  9. ཆུ་སྐྱེས་སྒྲོལ་མ། says:
    2013-03-23 at 12:57 am

    ཁྲ་ཚོམ་མེ་ཏོག་འཛུམ་པའི་བཞིན་བཟང་དང༌།།
    ཆུ་མོ་ཆུ་རིས་ཤིག་ཤིག་རྒྱུགས་པ་སོགས།།
    སྦྲང་ཆར་བསིལ་མས་བཀྲུས་འདྲའི་སྤང་ལྗོངས་བཅས།།
    མཛེས་སྡུག་དཔྱིད་དཔལ་བསུ་ལ་བྲེལ་ནས་འདུག།

    མེ་ཏོག་གེ་སར་སྣ་མང་འཛུམ་པ་ཡིས།།
    སྦྲང་མངར་ཟས་ལ་རབ་ཆགས་སྦྲང་བུའི་ཡིད།།
    སྐད་ཅིག་དཔྱིད་དཔལ་གཞོན་ནུས་བཀང་འདི་ཡང༌།།
    མཛེས་ལྡན་དཔྱིད་དཔལ་ཁོ་ནའི་དྲིན་ལ་བསམ།།

    ཡངས་པའི་ཆུ་རྫིང་ངོགས་ལ་ངང་དཀར་མཛེས།།
    སྔོ་ལྗང་སྡོང་པོའི་རྩེ་ན་མེ་ཏོག་མཚར།།
    ཡངས་བའི་རྩ་ཐང་ཡངས་པོར་ལུ་གུས་ལྡིང༌།།
    དུས་ཀྱི་ཕོ་ཉ་དཔྱིད་དཔལ་འདི་ཀོ་མཚར།།

  10. སྙེ་ལྷའི་ཐུགས་སྲས། says:
    2013-03-23 at 1:22 am

    དགུན་ཁའི་བཙོན་ལས་ཐར་བའི་དལ་འགྲོ་མ། །ངག་བཅད་དུས་ལ་གྲོལ་བའི་གཡུ་འབྲུག་གཉིས། །དཔྱིད་དཔལ་བཞད་པའི་ཡིད་དགའི་སྤྲོ་སྣང་དེས། །ཀུན་གྱི་ཐོས་འཛིན་ལམ་དུ་སྙན་དབྱངས་ཕུལ།

  11. མེ་ཏོག་དཀར་པོ says:
    2013-03-23 at 5:07 am

    འབའ་དང་འབུ་ཡི་སིར་སྒྲོགས་ཤིང་།།
    བྱ་དང་བྱི་འུའི་མགྲིན་པ་འཁྲོལ་ལ། །
    ཆུ་སྐྱེས་སྒྲོལ་མའི་དཔྱིད་ཀྱི་དཔལ་ཡོན།།
    འདི་ཚོས་སེམས་ལ་དྲོད་ཅིག་དབབ་སོང་།།

  12. ཆུ་སྐྱེས་སྒྲོལ་མ། says:
    2013-03-23 at 11:49 am

    དྲ་གྲོགས་སྦྲང་ཆུང་གི་འཁོར་ཚོགས།།
    དྲ་ལམ་སྐྱེས་ཚལ་ལ་ཉུལ་ནས།།
    དགའ་སྟོན་བྲོ་གར་གྱི་རོལ་མོས།།
    དཔྱིད་དཔལ་བསྟོད་པ་འདི་རྨད་བྱུང༌།།

    མཛེས་སྡུག་དཔྱིད་དཔལ་གྱི་སྒེག་ཉམས།།
    མཛུབ་རྩེས་རི་མོ་ལ་བཀོད་ནས།།
    མཛེས་སྡུག་འཛུམ་མདངས་ཀྱི་སྟངས་སྟབས།།
    ངོམས་པ་འདི་ཀོ་རང་རྨད་བྱུང༌།།

    དཔྱིད་དཔལ་དྲི་བསུང་གིས་བོས་པའི།།
    དཔྱིད་ཀྱི་དཔལ་ཡོན་གྱི་ཉམས་སྣང་།།
    སྙན་ཚིག་མེ་ཏོག་གི་ནགས་ཚལ།།
    ཡང་ཡང་བསྔགས་པ་འདི་རྨད་བྱུང༌།།

  13. འདྲེ་རྐང་ཐོ། says:
    2013-03-23 at 1:17 pm

    དུས་ཀྱི་ན་ཆུང་མཛེས་མའི་ཟུར་མིག་གིས། །
    དཔྱིད་དཔལ་ཕོ་གསར་མགྲོན་དུ་བསུས་པ་ལས། །
    ཁྱིམ་གྱི་ཁོར་ཡུག་ནགས་ཚལ་རི་བོ་དག །
    དྲོན་གྱི་རླངས་པ་མཁའ་ལ་འཕུར་འདི་མཚར། །

    ཁུ་བྱུག་མགྲིན་གླུ་རྣ་བར་སྙན་ལྷང་ལྷང་། །
    སྦྲང་ཆུང་གཞོན་ནུའི་བྲོ་གར་མིག་ལ་མཛེས། །
    དཀར་དམར་སེར་ལྗང་མེ་ཏོག་ཕྲ་ལྷམ་མེ། །
    དཔྱིད་ཀྱི་དཔལ་ཡོན་འདི་ཀོ་ཨེ་མ་མཚར། །

    ཨ་མ་རྒན་མོའི་ལུས་ལ་དྲོད་ཀྱིས་འབར། །
    ཨ་ཕ་ལོ་ལོན་གདོང་གི་གྲང་མདར་ཡལ། །
    ཨ་ཅེ་དག་གིས་སྦྲ་གུར་བར་གསེང་ནས། །
    རྒྱང་རིང་མཛའ་བོ་ཡོང་མིན་མིག་གིས་འཚོལ། །

    ས་འབུ་ས་ཡི་འོག་ནས་ལྡིང་ནས་འོང་། །
    ཙི་ཙི་རྩྭ་གསེང་བར་ནས་འདུར་རྒྱུགས་བྲེལ། །
    ཕྱེ་ལེབ་རྡོ་སྟེང་འདམ་ཆུའི་སྟེང་ན་འཕུར། །
    ཀུན་ལ་ཚེ་སྲོག་རྒྱས་པའི་དཔྱིད་དཔལ་རྨད། །

  14. བན་དེ་བ། says:
    2013-03-23 at 1:22 pm

    ཀློག་དགོས་པ་དང་ཐུགས་སྣང་དགོས་པའི་སྔོན་བརྡ། ལྡི་ལི་ཉེན་རྟོག་པས་གསར་བསྒྲགས་བྱས་པའི་གལ་ཆེ་བའི་གནས་ཚུལ་ཞིག་ནི། frooti ཧྥུ་ཊྲི་རིགས་སུ་གཏོགས་པའི་ཤིང་འབྲས་ཀྱི་མངར་ཆུ་རྣམས་ཉུང་མཐའ་ལ་ཉིན་གྲངས་ཉེར་ལྔའི་རིང་མ་འཐུང་རོགས་གནང་། གང་ཡིན་ཟེར་ན་བཟོ་གྲྭ་དེའི་ལས་མི་གཉེན་ནད་རེག་དུག་ཅན་ཞིག་གིས་ཁོ་རང་གིས་ནད་ཁྲག་ཤིང་འབྲས་ཁུ་བ་དེའི་ནང་བླུགས་ཡོད་པའི་གནས་ཚུལ་འདུག NDTV ལ་གཟིགས་རོགས། འདི་ནི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པས་ཀུན་ལ་སྤེལ་རོགས་གནང་། READ AND FORWARD; ALERT!! Important msg from Delhi police to all over India For the next few days atleast 25 days do not drink any product of Frooti,as a worker from the company has added his blood contaminated with AIDS. watch NDTV…Pls frwrd this msg urgently to every one you care.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme