Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔེ་མཛོད་ཁང་གི་ཟིན་བྲིས་ཚིག་བརྒྱད་མ།

Posted on 2016-09-212016-09-21 By ཁ་བརྡ་ 12 Comments on དཔེ་མཛོད་ཁང་གི་ཟིན་བྲིས་ཚིག་བརྒྱད་མ།

རྫ་ཚེ་རིང་བཀྲ་ཤིས།

 
༡༽ གུས་པ་ཉིན་འདི་ཀར་ཨོ་སི་ཐྲི་ལི་ཡའི་གྲོང་ཁྱེར་མོར་བྷན་གྱི་ཉེ་འཁོར་རླངས་འཁོར་ཆུ་ཚོད་གཅིག་ཡས་མན་གྱི་ས་ན་ཡོད་པའི་གྲོང་བརྡལ་ཞིག་ཏུ་ལྷོད་སྡོད་བྱས་ཡོད། གྲོང་བརྡལ་དེའི་མིང་ལ་སྦྲ་སྦྲིའི་ནོང་ཟེར། ས་ཆ་དེར་ཁྲོམ་ར་དང་གཞུང་ལམ། སྲིད་གཞུང་ལས་ཁུངས་དང་སློབ་གྲྭ། སྨན་ཁང་སོགས་ཧ་ཅང་ཡག་པོ་འདུག དེ་ལས་ཀྱང་གྲོང་ཁུལ་ལྟེ་བའི་དཔེ་མཛོད་ཁང་འདི་དམིགས་བསལ་གཞི་རྒྱ་ཆེ་ལ་བརྗིད་ཆགས་པ་ས་ཆ་འདིའི་མཚོན་རྟགས་ལྟ་བུར་དཀྲོང་ངེར་འགྱིངས། དེ་ནི་རྒྱ་གར་དང་རྒྱ་ནག་སོགས་ཀྱི་སྤྱིར་བཏང་གི་ས་ཆ་མང་པོ་ཞིག་ཏུ་མཐོང་དཀོན་པ་ཞིག་རེད།

unnamed-2༢༽ དཔེ་མཛོད་ཁང་འདི་ཡག་པོ་འདུག་ལབ་པ་དེ་དཔེ་དེབ་མང་པོ་ཡོད་པས་མིན། ཕྲུ་གུའི་རོལ་རྩེད་ནས་རྩིས་འཁོར་མ་ལག་སོགས་ཀྱི་བར་ཧ་ཅང་ཚད་ལྡན་དང་ཆ་ཚང་བའི་ཞབས་ཞུའི་མཐུན་སྦྱོར་དང་། མཛེས་ཤིང་ལྷིང་འཇགས་ཡིན་པའི་ཁོར་ཡུག་གི་བཀོད་པ་སོགས་ལ་བརྗོད་ཀྱི་ཡོད། ང་ཚོས་དགོན་པ་སོགས་ལ་རྒྱས་སྤྲོས་ཆེ་ཤོས་ཀྱི་འགྲོ་སོང་གཏོང་བ་བཞིན། ས་ཆ་འདིས་དཔེ་མཛོད་ཁང་གི་ཆེད་དུ་འགྲོ་སོང་གང་དྲག་དྲག་བཏང་འདུག དེ་འདྲ་ལབ་ན་ར་འཕྲོད་བདེ་བ་ཡོད་སྲིད།

༣༽ དགོན་པ་འགར་དཔེ་མཛོད་ཁང་འཛུགས་སྐྲུན་བཀོད་ལེགས་ཤིང་གསུང་རབ་རིན་ཐང་ལྡན་པ་ཡག་པོ་ཡོད་པ་དེ་འདྲ་རེ་ཟུང་ཡོད་ན་ཡང་། དེ་ཚོའི་ནང་གི་སྟོང་ཆ་དངོས་དེ་དེང་རབས་ཀྱི་དཔེ་ཆ་མང་པོ་མེད་པ་དེ་མིན་པར། དཔེ་ཀློག་ལ་ཞུགས་མཁན་གྱི་ངལ་དུབ་ཀྱི་སེམས་ཁམས་བསལ་ནས་སྤྲོ་སྣང་འདྲེན་ལ། གསལ་ཆ་དོད་ཅིང་དུས་ཚིགས་དང་མཐུན་པའི་དྲོ་གྲང་སྙོམ་སྒྲིག་བྱེད་པའི་ཁོར་ཡུག་སྐྱིད་ཉམས་དོད་པོ་ཞིག་མེད་པ་དེ་རེད། དཔེ་མཛོད་ཁང་ཕྱི་མཛུགས་སྐྲུན་ནས་ནང་གི་མ་ལགས་ཀྱི་བར་གྱིས་སློབ་སྦྱོང་བྱེད་མཁན་གྱི་གང་ཟག་ཞིག་གི་ཇི་ལྟར་སེམས་རྣལ་ཏུ་ཕབ་ནས་བློ་བག་ཕེབས་པོས་སྤྲོ་བ་འདྲེན་པའི་སློབ་སྦྱོང་ཞིག་བྱ་རྒྱུའི་ཕྱོགས་ལ་ཁ་ཕྱོགས་ནས་ཇུས་འགོད་བྱས་མྱོང་མེད་པ་འདྲ།
དཔེ་མཛོད་ཁང་ནི་ནང་དུ་འཛུལ་བ་ཙམ་ན་སེམས་ལ་སྤྲོ་བ་རང་ཤུགས་ཀྱིས་འདྲེན་ཞིང་། ཁ་ཁུ་སིམ་ལ་སུན་སྣང་སྐྱེ་མི་སླ་བ། ཡང་དང་ཡང་དུ་གནས་དེར་འགྲོ་འོང་བྱེད་འདོད་པ། ལུས་སེམས་ལ་རང་ཤུགས་ཀྱི་བདེ་ལྷོད་དང་ཞི་འཇགས་ཀྱི་ཚོར་བ་སྟེར་བའི་ཁོར་ཡུག་ཁྱད་པར་ཅན་ཞིག་དང་། ཉམས་ཞིབ་དང་རྩོམ་འབྲི། མཉམ་སྤྱོད། ད་དུང་ཤེས་ཡོན་འདུ་འཛོམས་སོགས་ཀྱི་སྡིང་ཆ་གལ་ཆེན་ཞིག་ཡིན་པ་དེ་སེམས་ལ་འཇོག་དགོས།
(ངས་སྐད་ཆ་འདི་ཤོད་སྐབས་ང་ཚོའི་ས་ཆ་མང་པོ་ཞིག་ལ་དཔེ་མཛོད་ཉིད་ཀྱང་མེད་ན་དེའི་ཁྱད་ཆོས་དང་ཁྱད་ཆོས་ཀྱི་ཁྱད་ཆོས་སོགས་གླེང་ཡང་གོ་རྒྱུ་མེད་པ་ཞིག་ཡིན་པ་བརྗེད་འདུག )

unnamed-3༤ ༽ ད་དུང་བཤད་འདོད་པ་ཞིག་ནི། ཨོ་སི་ཐྲི་ལི་ཡའི་སིད་ནི་དང་མོར་བྷན་གང་ཡིན་ནའང་འདྲ། སྤྱིར་བཏང་གི་དཔེ་མཛོད་ཁང་ཡག་པོ་ཡོད་པ་རེད་ཅེས་ངས་ཧང་སང་སང་བྱེད་ཀྱི་མེད། གྲོང་ཁྱེར་གྲོང་བརྡལ་གང་དུ་སོང་ཡང་དཔེ་མཛོད་ཁང་གི་མཛུགས་སྐྲུན་ནི་མཛུགས་སྐྲུན་གྲས་ཀྱི་ཡག་གྲས་ཡིན་པ་དང་། ས་བབ་གལ་ཆེ་ཤོས་ཀྱི་ལྟེ་བ་སྟེ། འབབ་ཚུགས་དང་ཚོང་ར་ཆེ་ཤོས་དག་དང་ཉེ་བར་ཡོད་པ། མཛུགས་སྐྲུན་གྱིས་ས་ཆ་དེའི་མཚོན་རྟགས་རང་བཞིན་གྱི་གོ་གནས་ངེས་ཅན་ཟིན་པ། ཐ་ན་མི་ཞིག་ལ་དུས་ཆད་བཟོ་དགོས་ན་ཡང་། དཔེ་མཛོད་ཁང་གི་ཉེ་འགྲམ་ཞེས་ལབ་ན་སེམས་ལ་འཆར་ཆོག་ཆོག་ཏུ་ཡོད་པ་སོགས་ཡིན། སྣང་ཚུལ་འདི་དག་གི་ཁྲོད་ནས་ང་ཚོས་ཤེས་ཡོན་དད་མོས་ཀྱི་རྣམ་པ་གཞན་ཞིག་ལ་རོལ་མྱོང་བྱེད་ཐུབ།

༥༽ དཔེ་མཛོད་ཁང་ནི་སྤྱི་དམངས་ཞབས་ཞུའི་རྣམ་གྲངས་ཤིག་ཡིན་ཞིང་། དཔེ་མཛོད་ཁང་གི་རྒྱ་ཁྱོན་དང་སྤུས་ཚད། ས་བབ། གོ་གནས་བཅས་ཀྱིས་ཡུལ་དེའི་མི་མང་གི་ཤེས་ཡོན་གྱི་གནས་ཚད་མཚོན་པ་དང་། དེ་ལས་ཀྱང་ཡུལ་དེའི་སྲི་གཞུང་གིས་སློབ་གསོའི་ལས་དོན་ལྟེ་བར་འཛིན་པའི་སྲིད་ཇུས་མཚོན་ཐུབ་ཅེས་ཤོད་ཆོག

༦ ༽ སྐབས་འདིར་ང་ཚོར་ཤེས་དགོས་པ་གཞན་ཞིག་ཀྱང་ཡོད་དེ། དཔེ་མཛོད་ཁང་དང་དཔེ་ཀློག་ཁང་ཚང་མ་ཞབས་ཞུའི་མ་ལག་ཅིག་ཡིན་པའི་ཆ་ནས་དེ་ཉིད་ཡུན་གནས་ཡོང་བར་ཁོར་ཡུག་གམ་ཁྲོམ་ར་ཞིག་དགོས་པ་ཡིན། གལ་ཏེ་ཁྱོད་དང་ཁྱོད་ཀྱི་ཁོར་ཡུག་ན་ཤེས་ཡོན་དང་ཤེས་ཡོན་ལ་དད་པའི་མཁའ་དབུགས་བཟང་པོ་ཞིག་མེད་ན་དཔེ་མཛོད་ཁང་དང་དཔེ་ཀློག་ཁང་ཞིག་གནས་ཐབས་བྲལ། དེའི་ཕྱིར་འདི་ནི་གཞུང་ཕྱོགས་ཀྱི་ཤེས་ཡོན་སྲིད་ཇུས་ཀྱིས་གནང་སྦྱིན་བྱས་པ་ཁོ་ན་ཞིག་ཀྱང་མ་རེད།

unnamed-4༧ ༽ ངས་ད་ནངས་ཞོགས་པ་དྲ་ཐོག་ནས་ཐའེ་ཝན་སློབ་ཆེན་གྱི་འབུམ་རམས་པའི་སློབ་གཉེར་བ་ཞིག་གིས་བྲིས་པའི་ཀྲུང་གོའི་དཔེ་མཛོད་སློབ་ཚོགས་དང་ཨ་རིའི་དཔེ་མཛོད་སློབ་ཚོགས་ཀྱི་དཔེ་མཛོད་དོ་དམ་དང་སྡེ་ཚན་དབྱེ་འབྱེད་སྐོར་ཞིབ་བསྡུར་བྱས་པའི་རྩོམ་ཡིག་ཡག་པོ་ཞིག་བམ་ཀློག་བྱས་པ་ཡིན། འོན་ཀྱང་དེའི་ནང་དོན་འདིར་ཞིབ་ཏུ་བརྗོད་ཐབས་བྲལ་ན་ཡང་མདོར་དྲིལ་ན་དཔེ་མཛོད་རིག་པ་ན་ནི་དེང་དུས་ཀྱི་རིག་པའི་གནས་ཀྱི་དབྱེ་སྒོ་གལ་ཆེན་ཞིག་རེད། ཁོ་རང་ཁོ་རང་ལ་རང་སྐྱ་ཐུབ་པའི་ཉམས་ཞིབ་ཀྱི་གཞུང་ལུགས་དང་རིགས་ལམ་ཡོད་པ་རེད། དཔེ་ཆ་ཉར་སྟངས་དང་། སྡེ་ཚན་དགར་སྟངས། འཛིན་སྐྱོང་བྱེད་སྟངས་སོགས་མང་པོ་ཞིག་ཡོད། དེ་ཚོ་ཡང་དོ་སྣང་དགོས་ངེས་གལ་ཆེན་ཞིག་རེད། ལྷ་ཁང་དང་མཆོད་རྟེན་སོགས་འདང་ངེས་ཡོད་ཅིང་། ད་དུང་མཛུགས་སྐྲུན་ལ་དང་དོད་དང་བསམ་བློ་ཡོད་མཁན་གྱི་བོད་ཀྱི་དགོན་པ་དག་གི་བླ་མ་དང་སྦྱིན་བདག་ཚོས་ཀྱང་ཡག་ཤོས་བྱུང་ན་དེང་རབས་ཀྱི་ཚད་གཞི་ལོངས་པའི་དཔེ་མཛོད་ཁང་གང་ལེགས་རེ་རྒྱག་རྒྱུའི་ཕྱོགས་ལ་བསམ་བློ་མང་ཙམ་བཏང་ན་ཡག་པོ་འདུག ནང་བསྟན་མཐོ་སློབ་ཅིག་ཡིན་ན་དཔེ་མཛོད་ཁང་ཚད་ལྡན་ཞིག་ནི་དེ་བས་ཀྱང་མེད་དུ་མི་རུང་བ་ཞིག་རེད། འོན་ཀྱང་དཔེ་ཆ་བྲག་རི་ལྟར་བརྩིགས་ནས་འཇོག་ས་དེ་ཙམ་ལ་ཞུ་ཡི་མེད། སྐབས་སྐབས་སུ་དཔེ་མཛོད་ཅེས་པའི་ཚིག་གཉིས་པོ་དེར་ཡང་འགྲེལ་བཤད་གསར་པ་རེ་རྒྱག་སྟངས་ཡོད་པ་དེ་ངེས་པར་མཁྱེན་དགོས།

༨ ༽ དཔེ་མཛོད་ཁང་ནི་ལྷ་ཁང་མིན་པས་ཕྱག་མཆོད་བྱ་ཡུལ་གྱི་ཆེད་དུ་མིན་ལ། བཤམས་སྟོན་ཁང་མིན་པས་ལྟ་སྐོར་བྱ་སའང་མིན། དཔེ་མཛོད་ཁང་ནི་ཤེས་ཡོན་གྱི་ཁོར་ཡུག་སྟེ། དཔེ་མཛོད་ཁང་ནི་དོན་དམ་པའི་ཉམས་ཞིབ་ཁང་དང་སློབ་སྦྱོང་གི་ལྟེ་གནས་བཅས་ཡིན་ནོ།།

(2016/9/21)

དྲན་ཐོ།

Post navigation

Previous Post: རྒྱབ་གཟུགས།
Next Post: རི་བོང་མཐོང་དགའ་སྤྲེལ་ཚོགས་ལ་ཟུར་ཉན་དུ་ཞུགས་པའི་གཏམ་རྒྱུད།

Comments (12) on “དཔེ་མཛོད་ཁང་གི་ཟིན་བྲིས་ཚིག་བརྒྱད་མ།”

  1. ཀརྡོ་རབ་འབྱམས་པ་ says:
    2016-09-21 at 12:17 am

    ་་་་་་་་་་་བོད་ཀྱི་དགོན་པ་དག་གི་བླ་མ་དང་སྦྱིན་བདག་ཚོས་ཀྱང་ཡག་ཤོས་བྱུང་ན་དེང་རབས་ཀྱི་ཚད་གཞི་ལོངས་པའི་དཔེ་མཛོད་ཁང་གང་ལེགས་རེ་རྒྱག་རྒྱུའི་ཕྱོགས་ལ་བསམ་བློ་མང་ཙམ་བཏང་ན་ཡག་པོ་འདུག ་་་་་་་་་་

  2. ཁྱུང་སེ། says:
    2016-09-21 at 2:09 am

    ༡༽དེང་སང་བོད་ཀྱི་དགོན་པར་གྲྭ་བཙུན་ཉིན་བཞིན་ཉུང་དུ་འགྲོ་བ་དང་མ་ཟད་དཔེ་ཀློག་བྱེད་མཁན་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས་དཔེ་མཛོད་ཀྱི་དགོས་པ་མི་འདུག མ་ཟད་རང་རང་གི་ལག་ཏུ་ཡོད་པའི་ཁ་པར་དང་གློག་ཀླད་ཀྱི་ནང་དུ་དཔེ་ཀློག་ག་ཚད་བྱེད་བསམ་ནའང་ཡོད་འདུག་པས་དཔེ་མཛོད་དགོས་པ་མེད། ༢༽དེ་ལྟར་ན་དེང་སང་རྒན་ཀརྡོ་ལགས་སེམས་ཁམས་བདེ་མོ་མེད་པ་འདྲ། ཁ་བརྡའི་མཆན་ངོས་ཐམས་ཅད་རྒན་ཀརྡོ་ལགས་ཀྱིས་མཆན་གྱིས་བཀང་འདུག རྩོམ་ཞིག་ཡོད་ཕྱིན་ཁོང་གིས་མཆན་མི་འདེབས་མི་སྲིད་པ་རེད་ཅེས་བཤད་ཀྱང་ཕལ་ཆེར་མ་འགྲིག་པ་མེད། སེམས་ཁམས་བདེ་མོ་གནང་རོགས། པཎ་ཆེན་དང་ཀརྨ་པའི་ཡང་སྲིད་ཀྱི་སྐོར་ལ་ཁོང་ལ་ཐུགས་ཁྲལ་ཆེན་པོ་འདུག

  3. རྣམ་རྒྱལ། says:
    2016-09-21 at 6:04 am

    བསམ་ཚུལ་ཡག་པོ་འདུག་རྗེས་སུ་ཡིད་རངས་ཡོད།

  4. ཏི་སི། says:
    2016-09-21 at 6:45 am

    སེམས་ཁམས་ཁུ་སིམ་པོའམ་བག་ཕེབ་པོ་ཞིག་དགོས་ན་དབེན་པའི་ནགས་དང་། རྫ་རི་བྱ་དང་བྱིའུ་སྒྲ་ཡོད་སར་ཏིང་འཛིན་ངང་ལ་གནས་ན་བསླབ་པ་གསུམ་གོང་འཕེལ་འགྲོ དེ་མིན་གྲོང་ཁྱེར་ནང་ཚ་བ་ཆེན་པོ་ཡོད་དུས་དཔེ་མཛོད་ནང་གྲང་གློག་ནང་འཛུལ་ན་མལ་གསོ་ཙམ་ཡིན། དེ་ལ་སེམས་འཕྲེང་བ་བྱུང་ཕོ་རྒོད་དར་མ་ལུས་ཡིན་སྙམ། ད་དུང་དཔེ་མཛོད་ཞབས་ཞུ་ཞལ་རས་གཞོན་ཤ་དོད་པོ་སྐྲ་ལོ་ལེགས་པ་ཅན་འདུག་གཟོབ་པར་མཛོད། ད་ལྟ་བན་དེ་ཁེར་ལབ་ཁོ་ནར་གནང་སྟེ་ཁེར་རྐྱང་དུ་བཞུགས་པར་འདྲ་དཔར་བཏོན་འངུག་བཀའ་དྲིན་ཆེ།

  5. རང་བྱུང་རིག་པའི་རྡོ་རྗེ says:
    2016-09-22 at 3:08 am

    རེད་ཡ། ནུབ་ཕྱོགས་རྒྱལ་ཁབ་ཁག་ན་དཔེ་མཛོད་དང་ཕྲུག་གུ་རྩེ་མོ་བྱེད་ས་སོགས་ཡག་པོ་ཞེ་དྲག་རེད། གོང་ནས་བོན་པོའི་མིང་ཅན་ཞིག་ནས་མི་ཤེས་ཤེས་ཁུལ་གྱིས་ནུབ་ཕྱོགས་ཡུལ་ནས་དཔེ་ཆ་གཡར་བོ་བྱེད་པ་ལ་སྒོར་མོ་མང་པོ་སྤྲད་དགོས་ཀྱི་འདུག་ཟེར་བའི་མཆན་ཉོག་ཅིག་རྫོང་གསར་མཁྱེན་བརྩེའི་སྐོར་ལ་བཏབ་འདུག་པས་གད་མོ་ཞིག་རང་དབང་མེད་པར་ཤོར་སོང་། མི་འདིའི་རིགས་ཀྱིས་དུས་ནམ་ཡང་རྫུན་གྱིས་ཆུད་ཚོད་བསྐྱལ་ནས་ཡོད། ནུབ་ཕྱོགས་ཡུལ་ནས་དཔེ་ཆ་གཡར་བོ་བྱེད་པ་ལ་སྒོར་མོ་ནམ་ཡང་ལེན་མི་སྲིད། ཚེས་གྲངས་ལྟར་ཕྱིར་མ་བསྐྱེལ་ན་ཆད་པ་ཡོད་པ་མ་གཏོགས། གཡར་བོ་བྱེད་པ་ལ་དངུལ་སྤྲད་མི་དགོས་སོ། །

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-09-22 at 6:15 am

    དཔེ་ཆ་ཉར་སྟངས་དང་། འདིའི་ནང་གི ་ཉར། ཞེས་པ་ཡོངས་གྲགས་ཀྱི་གཉེར་ཞེས་པ་ཕལ་སྐད་ཀྱིས། སྔོན་འཇུག་དང་འགྲེང་བུ་རིང་དུ་ཕངས་ནས། ཉར། ཞེས་པ་བྱུང་ངོ་སྙམ།
    ་
    ལྷ་ཁང་དང་མཆོད་རྟེན་སོགས་འདང་ངེས་ཡོད་ཅིང་། འདིའི་ནང་གི་ འདང་། ཟེར་བའི་དོན་ཅི་ཡིན་ནམ།

  7. BONPO says:
    2016-09-22 at 9:32 pm

    རང་བྱུང་རིག་པའི་རྡོ་རྗེའི་མིང་ཅན་འདིས་དཔེ་མཛོད་ཁང་ཚང་མ་གཅིག་པ་རེད་དྲན་ཤི་ཡོད་ལེ་གདའ། ཡིག་ཆ་གལ་ཆེན་རིགས་ཉར་འཇོག་བྱེད་སའི་དཔེ་མཛོད་དེ་ཚོ་ལས་བསླ་མོ་ཞིག་གང་ན་ཡོད། ཁྱེད་རང་ང་ལ་ཡིད་མ་ཆེས་ན། འབྲི་གུང་ཆེ་ཚང་མཆོག་གཅིག་པུ་ལ་སྐད་ཆ་དྲིས་དང་ཁོང་གིས་ཕལ་ཆེར་གསུངས་ཡོང་། རྒྱལ་གཉེར་དཔེ་མཛོད་ཁང་དེ་ཚོར་སོང་ནས་སྐད་ཆ་དྲིས་དང་ཤེས་ཡོང་། ཁྱེད་ཀྱིས་བདག་ལ། མི་འདིའི་རིགས་ཀྱིས་དུས་ནམ་ཡང་རྫུན་གྱིས་ཆུད་ཚོད་བསྐྱལ་ནས་ཡོད། ཟེར་ནས་ཁྲོན་སྦལ་གྱི་སྐད་ངན་འདོན་པ་ལྟར་ཧམ་བཤད་འོས་སུ་མ་ཕྱིན་པ་ཞིག་བཤད་ནས་དབྱུག་པ་ལེབ་རྡུང་གཏོང་རྩིས་ཡིན་ས་རེད། ངས་ལྟས་ན་རྫུན་རྒན་ཧམ་ཆེན་དེ་ཁྱོད་རང་རེད་དྲན་གྱི་འདུག དཔེ་རྙིང་གི་རིགས་དང་ཡིག་ཆ་གལ་ཆེའི་རིགས་དེ་ཚོ་དེ་ལས་བསླ་པོ་བྱས་ནས་གཡར་མཁན་སུ་ཡང་མེད། དེའི་ནང་ནས་ཀྱང་ཕྱི་གླིང་པའི་ལག་པར་ཤོར་སོང་བའི་དཔེ་དཀོན་རིགས་ནི་བོད་བླས་ཕྱི་གླིང་བ་ལ་ཕར་སྤྲད་པ་ལྟར་ཁོ་ཚོས་ཁྱོད་ལ་ཚུར་ལས་བསླ་པོ་བྱས་ནས་དུས་ནམ་ཡག་མི་སྤྲོད། ཡང་ན་དཔེ་རིན། ཡང་ན་ཁས་རིན། ཡང་ན་དུས་རྒྱང་སོགས་ལུང་པ་བཤད་ནས་ཕྱི་ས་ཤོར་དགོས་པ་བཟོ་ལེ་རེད་ད། །

  8. རང་བྱུང་རིག་པའི་རྡོ་རྗེ says:
    2016-09-22 at 10:23 pm

    སྤྱི་སྤྱོད་དཔེ་མཛོད་ལ་ནུབ་ཕྱོགས་རྒྱལ་ཁབ་གང་ནའངརིན་མེད་ཐོག་གཡར་བོ་བྱེད་ན་ཆོག་གི་རེད། དེ་མིན་སྒེར་བའི་དཔེ་མཛོད་དང་གསང་བ་སོགས་ནི་གནས་ཚུལ་ཁ་ཁ་རེད། ས་ཆ་གང་ནས་ཡིན་ཀྱང་གསང་བའི་ཡིག་ཆ་དང་དཔེ་རྙིང་སོགས་རྩ་ཆེའི་རིགས་གཡར་རྒྱུ་མ་རེད། བོད་ནས་ཀྱང་གཡར་རྒྱུ་མ་རེད། ད་ཁྱོད་ཀྱིས་ཅུང་ཙམ་རྟོགས་པར་སྨོན། །

  9. BONPO says:
    2016-09-23 at 5:54 am

    རང་བྱུང་རིག་པའི་རྡོ་རྗེ་ལགས། ཁྱེད་ཀྱིས་བདག་ལ་སྨྲས་པ།
    ༼མི་འདིའི་རིགས་ཀྱིས་་་དུས་ནམ་ཡང་་་་རྫུན་གྱིས་་་ཆུད་ཚོད་བསྐྱལ་ནས་ཡོད།༽ཟེར་ནས་བཤད་པ་རེད། དུས་ནམ་ཡང་་་ཞེས་པའི་གོ་དོན་གང་ཡིན་ནམ་ལགས།

  10. གནམ་ says:
    2016-09-23 at 9:44 am

    ༼དུས་ནམ་ཡང་༽ཟེར་བའི་དོན་ནི། འདས་ཕྱིན་གྱི་དབྱར་དགུ་སྟོན་དཔྱིད་ཀྱི་(དུས་)བཞིའི་(ནམ)་ཚ་གང་ཡིན་པ་ཡིན་ན་(ཡང)་ཁྱོད་བོན་པོ་བོན་བརྫུན་ཞིག་རེད་ཟེར་ཀྱི་ཡོད་པ་འདྲ། ཧ་ཧ་ཧ།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-09-24 at 2:23 am

    ཁོ་བོས་ནི་འདང་གི་དོན་དག་བཀའ་བསྟན་དག་ཏུ་འདི་ལྟར་བྲིས་པ་མཇལ། བྱང་སེམས་སྤྱོད་ཡུལ་ན།
    ནོར་བུ་རིན་པོ་ཆེ་ཆུ་འདང་ནི་རང་བཞིན་གྱིས་དག་ཅིང་ཆབ་ཀྱི་རྙོག་པ་ཐམས་ཅད་དང་བར་བགྱིད་དོ། ཞེས་དང་།
    ་
    དཔེར་ན་ནོར་བུ་ཆབ་འདང་བ།
    ཤིན་ཏུ་རྣམ་དག་ཆུ་འདང་བགྱིད།
    དེ་བཞིན་དྲང་སྲོང་ཐུགས་དག་པ།
    སྐྱེ་བོའི་རྙོག་པར་དང་བར་མཛད།། ༤༠ །། ལེའུ་༩པ།

    ཅེས་དང་། ས་སྐྱ་ལེགས་བཤད་ན།

    བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ།
    བློ་ལྡན་ཐབས་ཀྱིས་བདེ་བར་གསོ།
    ཆུ་ཀླུང་རྙོག་པས་ཆུད་གསན་པ།
    ཆུ་འདང་ནོར་བུས་དྭངས་པར་བྱེད།། ༡༤ །། ལེའུ་དང་པོ།

  12. ཀརྡོ་རབ་འབྱམས་པ་ says:
    2016-09-25 at 1:36 am

    #11 ལ་དྭགས་བློ་བཟང་འཇམ་དཔལ་ ་ལགས་ཀྱིས་སྤེལ་དོན།: ལ།། །།
    ་
    ལག་དངུལ་ལྡང་པ་དང་། ཆུ་རྙོག་འདང་པ་གཉིས་ཀྱི་དག་ཆའི་ཁྱད་པར་ལན་ཅིག་ལྟོས་དང་། དྲ་གྲོགས་ཚོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme