Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔེ་དེབ་ཅིག་བཀླགས་རྗེས་ཀྱི་བསམ་ཚུལ་ཐོར་བུ། ༼སྙན་ངག་ལ་འཇུག་པའི་ལམ།༽

Posted on 2016-01-062016-01-06 By ཁ་བརྡ 1 Comment on དཔེ་དེབ་ཅིག་བཀླགས་རྗེས་ཀྱི་བསམ་ཚུལ་ཐོར་བུ། ༼སྙན་ངག་ལ་འཇུག་པའི་ལམ།༽

སྟོང་ཉིད་མ། བྲག་འགོ།
 
ཕྲན་ལ་མཚོན་ན་ད་སྔོན་ཡན་ཆད་བར་སྒྱིད་ལུག་གི་དབང་དུ་ཤོར་དྲགས་པས་བཀླགས་མཆན་ཟེར་བ་ཞིག་འབྲི་བའི་སྲོལ་མེད་ལ་བྲིས་ཀྱང་མ་མྱོང་། དེ་བས་ཅི་ལྟར་འབྲི་དགོས་མི་ཤེས་ལ། གང་ལྟར་མཇུག་བསྡུ་དགོས་པ་ནི་དེ་བས་ཀྱང་ཝ་སྨུག་པའི་ནང་དུ་མགོ་འཁོར་བ་ནང་བཞིན་ནོ། །ཡིན་ནའང་སྔོན་ཆད་རང་གིས་མ་ཤེས་ས་མང་པོ་ཞིག་གིས་རྐྱེན་གྱིས་བསྒྲུབ་དགོས་པའི་བྱ་བ་མང་པོ་ཞིག་འཐུས་ཤོར་དུ་སོང་བས་ད་ལྟ་འགྱོད་ཀྱང་ཕྱིས་འདུག དེ་བས་ད་ཐེངས་འདི་འདྲ་ཞིག་འབྲི་འདོད་པ་ནི་ངའི་རྗེས་ཀྱི་སློབ་གྲོགས་ཚོ་ང་ལྟ་བུ་འགྱོད་པའི་ལམ་དུ་མི་ཕྱིན་པར་ཅུང་ཨེ་ཕན་ནམ་སྙམ་པའམ་རང་ཉིད་ཀྱི་ནོར་འཁྲུལ་ལ་འགྱོད་བཤགས་བྱེད་སྟངས་ཤིག་ཀྱང་ཡིན།

ཕྲན་ལ་མཚོན་ན་སློབ་ཆུང་ནི་མགོ་རྔ་མེད་པའི་རྨི་ལམ་ཞིག་དང་འདྲ་བར་ཀ་ཁའི་གོ་རིམ་ཙམ་ཡང་སྦྱངས་མ་ཐུབ། སློབ་འབྲིང་ནས་བཟུང་ཁྲལ་གསོད་སྤྱད་ཙམ་སྦྱངས་ཁུལ་བྱས་མོད། དེའང་སྦྱངས་དེབ་ཁོ་ན་ལས་དཔེ་དེབ་གཞན་ལ་བལྟས་པ་ནི་ཕར་ཆེར་མེད་ཟེར་ནའང་ཆོག སྐབས་དེར་དགེ་རྒན་ཡིན་ནའང་ཆོག་ཉེ་འཁོར་གྱི་མི་ཡིན་ནའང་ཆོག ཁོ་ཚོའི་མིག་ལམ་ན་ཐོབ་སྐར་ལས་གཞན་མེད་པའི་ཤུགས་རྐྱེན་དང་གཅིག མི་རང་ལ་གོ་རྟོགས་དང་བསམ་ཤེས་མེད་པ་སོགས་རྐྱེན་གང་མང་གི་རྒྱུགས་འབྲས་ནི་རང་ཉིད་ཀྱི་འཇོན་ནུས་ངོ་སྤྲོད་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན་པའི་འདོད་བློ་སྲ་མཁྲེགས་ཅན་དེ་དམ་གྱིས་བཟུང་ནས་དུས་ཚོད་མང་པོ་ཞིག་སོས་བཏབ་ན་མི་ཟུག་ཅིང་། ལྕེས་བལྡགས་ན་མི་ཞུ་བའི་ཅི་ཞིག་གི་འདོད་བློ་ལ་གཞོལ་བའི་སློབ་དེབ་དག་ལ་མགོ་བོ་འཁོར་ནས་དུས་ཚོད་གཟད།
ཡིན་ནའང་ཕྱིར་འདང་ཞིག་བརྒྱབ་ན་ཚིག་དོན་མཁྲེགས་པོ་འགའ་ལས་ཀླད་ཁྱིམ་ན་ཅི་ཡང་མེད་པས་སྣང་ངོས་ཤིག་ལ་གསེར་སྲང་སྟོང་གིས་ཀྱང་མི་ཁུག་པའི་ལོ་དེ་དག་ལ་འོས་མེད་བྱས་སོང་བསམ་པའི་དངན་པ་ཞིག་དབང་མེད་དུ་ཤོར། དེ་བས་སློབ་མ་ཞིག་ལ་མཚོན་ན་སློབ་གསོའི་རྣམ་པའི་དབང་གིས་སྦྱང་བྱ་དག་ཀྱང་འཐུས་ཤོར་གཏོང་ག་ལ་ཉན། འོན་ཏེ་དེའི་ཞོར་དུ་བསླབ་ཕྱིའི་དཔེ་ཆ་བཀླག་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་རིགས།

གཞན་ཡང་དཔེ་ཀློག་བྱེད་སྐབས་དཔེ་ཆ་རིན་ཐང་ཅན་རེ་བདམ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དེང་སང་དཔེ་དེབ་སྣ་མ་སྣ་ཚོགས་ཤིག་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་མང་བས་ཚང་མ་ལ་ནི་བལྟས་པས་མི་ཚར། དེ་བས་བཀོལ་སྤྱོད་ཀྱི་རིན་ཐང་ཆེ་ཞིང་རང་ཉིད་ཀྱི་ཆེད་ལས་དང་མཐུན་པའི་དཔེ་ཆ་རེ་ལ་བལྟ་རྒྱུ་ནི་དེ་བས་ཀྱང་གལ་བར་སྙམ། རྒྱུ་མཚན་ནི་དཔེ་ཆ་འདྲ་མིན་སྣ་ཚོགས་བལྟ་ཐུབ་ན་ལོས་བཟང་སྟེ་མི་ཚེ་ལ་ཚད་ཡོད་པས་དཔེ་ཆ་ཚད་མེད་ཅིག་ལ་ནི་བལྟ་མི་ནུས་པས་སོ། །

ད་ཐེངས་སྟེས་དབང་ཞིག་གིས་སྙན་ངག་ལ་འཇུག་པའི་ལམ་ཞེས་པའི་དཔེ་དེབ་ཅིག་ལག་ལ་འབྱོར་ནས་བཀླགས་རྒྱུ་བྱུང་ལ་དེ་དང་འབྲེལ་རང་གི་འདོད་ཚུལ་འགའ་ཞུས་ན་འདོད་སོང་། དཔེ་དེབ་འདི་ནི་འབད་མེད་ལྷུན་གྱིས་གྲུབ་པ་ཞིག་མ་ཡིན་ལ་གནམ་ནས་ལྟུང་བ་ཞིག་དང་ས་ནས་བརྡོལ་བ་ཞིག་མ་ཡིན་པར་རྩོམ་མཁན་ཁོང་གིས་ཐོག་མར་སློབ་པ་དང་སྦྱོང་བའི་གོ་རིམ། བར་དུ་སློབ་ཁྲིད་ཀྱི་ཉམས་མྱོང་། གཞན་དཔེ་དེབ་མང་པོ་ལ་ཟུར་བལྟ་སོགས་བྱས་པ་གཞིར་བཞག་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་བཙག་ནས་བྱུང་བའི་འབྲས་བུ་སྟེ། ཁ་དམ་ཞིང་རྟོགས་དཀའ་བའི་ལྐོག་གྱུར་ཏུའང་མ་སོང་། གོ་རིམ་མེད་ཅིང་མགོ་རྔ་མཁྲེགས་པའི་ཉག་ཉོག་གི་གནས་སུ་ཡང་མ་གྱུར་པ། འཚོ་བ་དངོས་དང་ཡ་བྲལ་དུ་མ་སོང་བ། གོ་སླ་ཞིང་མཁས་ཆེན་གང་མང་གི་སྙན་ངག་གི་དཔེར་བརྗོད་གཞི་གཅིག་ཏུ་འདུས་པའི་སྙན་ངག་ལག་དེབ་སྟབས་བདེ་མོ་ཞིག་འདུག དེ་བས་ང་དང་ང་ལྟ་བུ་རིག་པའི་རྩལ་མེད་ཅིང་ལེ་ལོའི་སྐྱི་ལྤགས་མཐུག་པ་དག་ལ་མཚོན་ན་ནི་དཔེ་དེབ་འདིས་སྟབས་བདེ་བསྐྲུན་འདུག་བསམས།

གཞན་ཡང་གཞུང་གི་སློབ་གྲྭར་འགྲིམ་པའི་སློབ་མ་དག་མ་ལ་མཚོན་ན་དམའ་འབྲིང་ལོ་རིམ་དང་པོ་ནས་བཟུང་མཐོ་འབྲིང་བར་དཔེ་དེབ་སོ་སོའི་ནང་དུ་ཨ་ལགས་དུང་དཀར་ཚང་གིས་མཛད་པའི་ཚིག་རྒྱན་རིག་པའི་སྒོ་འབྱེད་དགོད་རྒྱུ་བཀོད་ཡོད་མོད། ཡིན་ནའང་དེབ་དང་པོའི་ནང་རྒྱན་འགའ་རེ་བསྒྲིགས། ཡང་གཞན་ཞིག་གི་ནང་འགའ་རེ་བཀོད། མདོར་ན་མ་གཞི་ཆ་ཚང་བའི་རིག་ཚན་ཞིག་འདི་ལྟར་ཡ་བྲལ་དུ་བཏང་བཞག་དུས། སྔ་མ་བསླབས་ནས་ཅུང་ཙམ་ཤེས་ཡོང་དུས་མཇུག་མེད་པ། ལོ་གཅིག་ཙམ་ཕྱིན་དུས་ཡང་དེའི་འཕྲོ་བཀོད་ཡོད་ཀྱང་སྔོན་མ་དེར་གསལ་ཁ་མེད་པར་གྱུར་པས་གཅིག་སྦྱངས་ཁུལ་བྱས་ཀྱང་མཇུག་མཐར་གྲུབ་འབྲས་ཅི་ཡང་མེད་པ། དེ་ལྟར་ཡིན་དུས་སྙན་ངག་ལ་སྦྱང་བ་འདོད་མཁན་རེ་ཡིན་དུས་སློབ་དེབ་ཏུ་བཀོད་པ་ཙམ་གྱིས་ནི་ཅི་ཡང་མི་ཡོང་བར་གཞི་འཛིན་ས་ཨ་ལགས་དུང་དཀར་གྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་གཙོར་བྱས་སྙན་ངག་གི་ལག་དེབ་འགའ་རེ་ལ་གཟིགས་རྒྱུ་ནི་ཅིས་ཀྱང་གལ།

སྙན་ངག་ལ་འཇུག་པའི་ལམ་ཞེས་པའི་དེབ་འདི་ནི་རྩོམ་མཁན་ཁོང་གིས་ཆེད་དུ་ཆེད་སྦྱོང་འཛིན་གྲྭའི་སློབ་མ་དག་ལ་ཁ་གཏད་པ་ཞིག་ཡིན་འདུག་ལ། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་དཔེར་བརྗོད་དུ་རྗེ་བཙུན་མི་ལ་རས་པའི་མགུར་དང་ང་ཚོ་དང་ཤ་འདྲིས་པགས་འདྲིས་སུ་གྱུར་བའི་དམངས་ཁྲོད་དུ་དར་བའི་གླུ་གཞས་སོགས་བོད་མི་རིགས་རང་གི་རིག་གནས་ཀྱི་རྐང་རྩ་དང་མཐུན་པའི་གོ་བདེ་ཁ་གསལ་ཞིང་འཐུས་ཚང་ཅན་ཞིག་ཏུ་སྣང་སོང་བས་ཤེས་རྟོགས་ཀྱི་མདུད་པ་མ་གྲོལ་ཞིང་བློ་གྲོས་ཀྱི་པདྨོ་མ་བཞད་པའི་ང་དང་ང་ལྟ་བུ་དག་ལ་མཚོན་ན་དཔེ་དེབ་འདི་ནི་སྟབས་བདེ་རིན་ཐང་ཅན་ཞིག་འདུག་སྙམ།

བསམ་ཚུལ།

Post navigation

Previous Post: ༅༅།། བྱ་བྲལ་རིན་པོ་ཆེ་མཁྱེན།
Next Post: སྒྱུ་འཕྲུལ་གྲོང་གི་བྱ་སུག

Comment (1) on “དཔེ་དེབ་ཅིག་བཀླགས་རྗེས་ཀྱི་བསམ་ཚུལ་ཐོར་བུ། ༼སྙན་ངག་ལ་འཇུག་པའི་ལམ།༽”

  1. ཀརྨ་བློ་གསལ་ says:
    2016-01-06 at 7:47 am

    རྩོམ་ཡག་པོ་བྲིས་ཤག སློབ་སྦྱོང་བྱེད་པ་དེའང་ལྐོག་གྱུར་ནས་འགོ་མི་འཛུགས་རྒྱུ་དེ་གནད་འགག་རེད། བཙན་བྱོལ་ནང་གི་སློབ་ཕྲུག་ཚོར་ཐོག་མ་ལྐོག་གྱུར་ནས་འགོ་བརྩམས་ཡོད་ཙང་། ཅི་གང་མགོ་ཚོས་ཀྱི་མི་འདུག་ག བོད་ནང་ནས་ཡོང་མཁན་ཚོ་ག་འདྲ་ཡག་པོ་འདུག

    སྔོན་རྒྱལ་ལོ་དོན་གྲུབ་ལགས་ནས་ཏིང་ཞོ་ཕེང་གི་རེ་འདུན་ལྟར་བོད་ནང་དགེ་རྒན་གཏོང་ཡ་མ་རེག་པ་ལའང་ཁག་མི་འདུག སྐབས་དེར་བཙན་བྱོལ་ནང་རྩོམ་འགོ་འཁྱོངས་མཁན་རྒན་པ་རེ་གཉིས་ཤིག་ལས་ཡོད་མདོག་ཁ་པོ་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme