Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔེ་དེབ་ངོ་སྤྲོད་དང་འབྲེལ་བསམ་ཚུལ།

Posted on 2022-02-20 By ཁ་བརྡ No Comments on དཔེ་དེབ་ངོ་སྤྲོད་དང་འབྲེལ་བསམ་ཚུལ།

ཆབ་མདོ་ངག་ཕུན་གྱིས།

བོད་མི་རིགས་ལ་བཀའ་དྲིན་ཆེ་བའི་མེས་པོ་དམ་པ་ཁོང་རྣམས་ཀྱིས་ངལ་བ་ཁྱད་དུ་བསད་ནས་ད་ལྟའི་ལོངས་སུ་སྤྱོད་བཞིན་པའི་ཡི་གེ་འདི་ཉིད་གསར་བསྐྲུན་གནང་ནས་འོད་སྟོང་འབར་བའི་ཤེས་རིག་བསྐྲུན་གནང་མཛད་ཡོད་པ་དེ་རེད། ང་ཚོས་ཁོང་རྣམ་པའི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད་ལ། རང་རེའི་ཕ་ཡུལ་གཞན་འོག་ཏུ་ཤོར་ནས་མི་ཡུལ་ལུང་པར་སྐད་ཡིག་དང་གོམས་གཤིས་མི་གཅིག་པའི་མི་རིགས་ཤིག་དཀྱིལ་ལ་གནས་དགོས་དུས་ཕྱི་ནང་གིས་ང་ཚོའི་སྐད་ཡིག་ཐོག་ཉམས་ཆག་འགྲོ་བཞིན་ཡོད་པ་ནི་’འབྲེལ་བརྗོད་མ་དགོས་པ་ཞིག་རེད། ཡིན་ནའང་ང་ཚོ་ཚང་མས་རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་ས་བཟུང་སྟེ་མདུན་སྐྱོད་གནང་དགོས་པའི་ཡང་ཡང་བཀའ་སློབ་རིན་ཐང་བྲལ་དེ་དག་སེམས་དབུས་སུ་བཟུང་ནས་མདུན་སྐྱོད་གནང་དགོས་ཤིང་།

དེར་བརྟེན་ང་ཚོའི་འབྲེལ་ཚོས་ཐུགས་བསམ་ལེགས་པ་ཤིག་བཞེས་ནས་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་ཡོང་བར་འབོད་བརྩོན་གནང་དང་གནང་བཞིན་པ་ནི་དགའ་འོས་པའི་གནས་སྟངས་ཤིག་རེད། ད་དུང་ཡིན་ནའང་ཡར་རྒྱས་ལ་མཐའ་མེད་དུས་སྔ་ལྷག་འབད་བརྩོན་གནང་དགོས་པར་སེམས། ད་རེས་རང་རིགས་ན་གཞོན་རྣམས་སོ་སོ་སྐད་ཡིག་ལ་དོ་སྣང་ཡོང་རེ་དམིགས་ནས་དེ་སྔོན་བྲིས་ནས་དུས་དེབ་དང་ཚགས་ཤོག་ཁག་ཏུ་བཀོད་ཟིན་པ་དང་། མ་འཁོད་པའི་རྩོམ་ཡིག་ཐར་ཐོར་རྣམས་ཕྱོགས་བསྒྲིགས་བྱས་ཤིང་། ཆེད་རྩོམ་འདི་དག་ནི་ལས་ཀའི་སྔ་དགོང་ལ་བྲིས་པ་ཤ་སྟག་ཡིན་དུས་ཕུན་སུམ་ཚོགས་པ་ཞིག་ཡོང་རེ་བྲལ་ཡང་། རང་རེའི་ན་གཞོན་ལས་དང་པོ་རྣམས་རྩོམ་ཡིག་འབྲི་རྒྱུར་སེམས་ཤུགས་འཕར་ཆེད་དུ་བརྩམས་པ་ཞིག་ལས་གཞན་པའི་དམིགས་ཡུལ་རྒྱ་ཆེན་པོ་དང་གཏིང་ཟབ་པོ་དེ་འདྲའི་གང་ཡང་མེད། རྣམ་པ་ཚོས་ཐེངས་གཅིག་ཀློག་གནང་བ་ཡིན་ན་ངས་འདོད་དོན་དེ་ག་རང་གིས་འགྲུབ་པ་ཡིན།

བོད་ལ་དུས་འགྱུར་གྱི་རླུང་འཚུབ་དྲག་པོ་ལངས་ཏེ་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་སྐད་ཡིག་ལ་ཉམས་ཆག་ཆེན་པོ་བཏང་བ་དང་། ཆེས་རིན་ཐང་ལྡན་པ་དགོན་སྡེ་དྲུག་སྟོང་ལྷག་ཙམ་གཏོར་བཤིགས་བཏང་བ། སྐྱེས་ཆེན་དམ་པ་དུ་མ་ཞིག་ཉེས་མེད་བཙོན་ཁང་ལ་བཅུག་སྟེ་དཀའ་སྡུག་བསམ་ཡུལ་ལས་འདས་པ་མྱོང་དགོས་བྱུང་ཡོད། གཞིས་ལུས་བོད་མི་རྣམས་ལ་དཀའ་སྡུག་ག་ཚད་མྱོང་དགོས་བྱུང་ནའང་དཀའ་སྡུག་ཁག་ལ་གདོང་ལེན་གནང་ནས་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ལ་སྐུ་ངལ་ཚད་མེད་མཛད་བཞིན་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་མི་རིགས་ཀྱི་སྐད་ཡིག་མ་ཤི་བར་གསོན་པོར་གནས་ཐུབ་པ་བྱུང་ཡོད།

ལྷག་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་གྲ་སྒྲིག་སྡུག་ས་དང་། རེ་བ་བཟང་ས་ནས་སྐྱོན་གནང་མཛད་པའི་དབང་གིས་བོད་མི་རིགས་ཀྱི་སྐད་ཡིག་མི་ཡུལ་ལ་གསོན་པོར་གནས་ཐུབ་པ་བྱུང་ཡོད་ཅིང་། དེར་བརྟེན་ང་ཚོས་ཁོང་གི་བཀའ་སློབ་ལམ་སྟོན་གང་གནང་བ་དེ་དག་རྡོ་ལ་རི་མོ་བྲིས་པ་ནང་བཞིན་འབད་བརྩོན་ལྷོད་མེད་བྱེད་དགོས་པ་ཞིག་པ་ཞིག་ཡིན། རང་རིགས་རྒན་གཞོན་འགའ་རེས་བོད་ཀྱི་སྐད་ཡིག་ད་ལྟའི་དུས་སྐབས་ལ་བེད་སྤྱོད་མི་འདུག་སྙམ་པའི་དགོངས་པ་འཁོར་མཁན་ཡོད་ལ། དགོངས་པ་འཁོར་སྲིད་པ་ཞིག་ཀྱང་རེད།

བོད་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་མི་འདུག་སྙམ་ནས་གཡུག་བཞག་ན་མི་འགྲིགས་པ་ཞིག་རེད། ང་ཚོ་ཆེས་ངོམས་རིན་ཡོད་པ་དེ་ནི་ནང་དོན་རིག་པ་ཡིན་གཤིས་དེ་དག་ནི་བོད་ཀྱི་སྐད་ལས་གཞན་གྱི་ཐོག་ཏུ་མེད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་མི་རིགས་ཀྱི་སྐད་ཡིག་སྦྱང་ན་སྦྱོང་རིན་ཡོད་པ་ཞིག་རེད་སྙམ། མི་རིགས་གནས་དང་མ་གནས་ནི་མི་སོ་སོའི་སྐད་ཡིག་ཡིན་ཞིང་། སྐད་ཡིག་བརླག་པའི་ཉིན་མོ་དེ་ནས་བོད་མི་རིགས་བརླག་ཚར་བ་རེད་ཅེས་མཁས་པ་ཚོས་བརྗོད་ཀྱི་ཡོད་པ་ལྟར། ང་ཚོས་ཀྱང་ངེས་པར་ཡིད་གཟབ་གནང་དགོས་པ་ཞིག་ཏུ་སེམས།

དེར་བརྟེན་གོང་ཞུས་ལྟར་གུས་པས་ལས་ཀའི་སྔ་དགོང་ལ་དལ་ཁོམ་དུ་མ་བསྡད་པ་རྩོམ་ཡིག་ཐར་ཐོར་བྲིས་པ་རྣམས་ཕྱོགས་བསྒྲིགས་ཀྱིས་འགྲེམས་སྤེལ་བྱས་ཡོད་ཅིང་། དེ་ཡང་མི་ཡུལ་གྱི་འཁྲུལ་སྣང་གསོན་པོ། ཞེས་པ་ནང་དུ་ཉིན་རེ་སེམས་ནང་དུ་དགའ་སྐྱོའི་གནས་ཚུལ་གང་ཞིག་བྱུང་བ་རྣམས་ཚིག་བཅད་ཀྱི་ལམ་ནས་བྲིས་པ་ཞིག་དང་།

དཔག་བསམ་ལྗོན་ཤིང་ཞེས་པ་ནི་རང་རེའི་ན་གཞོན་རྣམས་ཀྱི་ཆེད་དུ་དམིགས་ནས་སྒྲུང་ཐུང་ཕྱོགས་བསྒྲིགས་བྱས་པ་ཞིག་ཀྱང་ཡིན། བསམ་གཞིག་གི་འཁྲུལ་སྣང་། ཞེས་པ་ནི་སོ་སོའི་སེམས་ནང་དུ་གང་ཞིག་དྲན་པ་རྣམས་དཔྱད་གཏམ་གྱི་ཚུལ་དུ་བྲིས་ཁུལ་བྱས་པ་ཞིག་ཀྱང་ཡིན། ལྷག་པར་རང་རེའི་བློ་གསར་ན་གཞོན་རྣམས་བོད་ཀྱི་སྐད་ཡིག་ཐོག་ལ་ཕྲན་བུ་ཞིག་ཕན་ཐོགས་ཡོང་ན་བསམ་ནས་འགྲེམས་སྤེལ་བྱས་པ་ལས་གཞན་དམིགས་ཡུལ་གཉིས་པ་གང་ཡང་མེད།

མཐའ་དོན་རྩོམ་ཡིག་འདི་དག་ནི་སྐབས་དུས་སུ་སེམས་ངོགས་སུ་གང་ཤར་བ་རྣམས་ཡིག་ཐོག་ཏུ་ཕབ་སྟེ་བྲིས་པ་ཞིག་ཡིན་ན། བརྗོད་བྱ་དང་། རྗོད་བྱེད་མ་འགྲིགས་པ་གང་ཞིག་མཆིས་ཚེ་དེ་དག་ནི་མི་འདོ་མེད་པ་ཞིག་གིས་སྨྲས་པར་ངོས་འཛིན་པ་ལས་དཔར་སྐྲུན་བྱེད་པོ་ལ་འཁང་ར་གཏན་ནས་མ་གནང་རོགས་ཞེས་ཀློག་པ་པོ་རྣམས་ལ་རེ་སྐུལ་ཞུ་རྒྱུ་ཡིན།

ལྷག་དོན་བསམ་གཞིག་གི་འཁྲུལ་སྣང་གི་རྩོམ་ཡིག་ནང་དུ་ལོ་ཚིག་འགའ་ཤས་ནོར་འདུག་པས་རྒྱ་ཆེ་ཀློག་པ་པོ་རྣམས་ལ་བཟོད་གསོལ་ཞུ་རྒྱུས་ལས་མ་འདས། དེ་བཞིན་པར་སྐྲུན་བྱེད་པོ་འབྲེལ་ཡོད་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་བཞིན་རང་རེའི་ན་གཞོན་བློ་གསལ་བ་རྣམས་བོད་ཀྱི་སྐད་ཡིག་ཐོག་ཐོག་ལ་དོ་སྣང་ཡོང་བ་དང་། རང་རེའི་ན་གཞོན་ཤེས་རིག་གོང་འཕེལ་ཡོང་བའི་སྨོན་འདུན་ཤུགས་དྲགས་དང་བཅས། ཆབ་མདོ་ངག་ཕུན་གྱིས། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༩ ཉིན་མོར།

བསམ་ཚུལ།

Post navigation

Previous Post: “…ས་ར་སྭ་ཏཱི་ཡིན་པས་དབྱངས་ཅན་དུ་བསྒྱུར་དུ་མི་རུང་ངོ༌།།” མཁས་འཇུག་ལས་འགྱུར་གྱི་སྐོར་ཚན་བཤུས།
Next Post: གཡོལ་ཐབས་མེད་པའི་ན་ཟུག་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme