Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔེ་ཆ་ལྟོས་པའི་ཕན་ཡོན། སྒང་བུ་འཁྱམས་པོ།

Posted on 2012-12-202012-12-20 By ཁ་བརྡ་ 9 Comments on དཔེ་ཆ་ལྟོས་པའི་ཕན་ཡོན། སྒང་བུ་འཁྱམས་པོ།

མི་རྣམས་ཀྱིས་དཔེ་ཆ་ཀློག་རྒྱུ་ནི་ཐོས་བསམ་སྒོམ་གསུམ་གྱི་ཐོག་མའི་འཇུག་སྒོ་ལྟ་བུ་ཞིག་ཡིན་ཞིང་རང་ཉིད་ཀྱི་ཤེས་རྒྱ་ཆེ་རུ་ཕྱིན་ནས་བླང་དོར་གྱི་གནས་ལ་མི་རྨོངས་པར་མ་ཟད་དཔེ་ཆ་ཀློག་ན་སྤྲོ་སྐྱིད་ཀྱི་ནུས་པ་ཡང་ལྡན་ཡོད།  རང་ཉིད་ཀྱི་གཞོན་ནུའི་དུས་སྐབས་དེ་ནི་གསེར་ལས་ཀྱང་ལྷག་པར་རྩ་ཆེ་བའི་དུས་ཚོད་ཡིན། དུས་ཚོད་དེ་དག་སྟོང་ཟད་དུ་སྐར་ཆ་གཅིག་ཀྱང་མ་བཏང་བར་དཔེ་ཆ་མང་ཙམ་ཀློག་ཐུབ་ན་ངལ་གསོ་ཡོང་བ་དང་།  སེམས་སྤྲོ་བ་སྐྱེད་པ། དེ་བས་གལ་ཆེ་བ་ཞིག་ནི་དཔེ་དེབ་ཀློག་རིམ་བཞིན་རང་ཉིད་ཀྱི་གོ་སྟོབས་ཆེ་རུ་འགྲོ་བ་དང་སྔོན་ཆད་མ་ཤེས་པ་རྣམས་ཤེས་ཐུབ་པ།  ཡང་སྔོན་ཆད་ཤེས་ཟིན་པའི་ཤེས་བྱ་ཡོན་ཏན་དེ་དག་ལ་རྒྱན་ཆ་སྤྲོས་པ་ལྟ་བུའི་གཏིང་ཟབ་ཏུ་གཏོང་ཐུབ་པ་ཡིན། ལག་ལེན་གྱི་ཉམས་མྱོང་ལྡན་པ་ཙམ་གྱི་བྱ་བ་འགའ་ཞིག་སྒྲུབ་ཐུབ་མོད། འོན་ཀྱང་སྤྱི་ཡོངས་ནས་བཤད་ན་ཤེས་བྱའི་གནས་མཐའ་དག་ལ་འཇུག་པའི་སྒོ་ལྟ་བུ་ནི་དཔེ་དེབ་མང་ཙམ་ཀློག་ཐུབ་པ་བྱ་རྒྱུ་དེ་ཡིན།  དེ་ཡང་དཔེ་དེབ་གང་འདྲ་ཞིག་ཡིན་ཡང་དེབ་དེའི་བརྗོད་བྱ་རྗོད་བྱེད་དག་ཆ་དང་བཅས་པར་དོ་སྣང་གཟབ་ནན་བྱས་ན་རང་ཉིད་ཀྱི་ཤེས་ཡོན་སྒོ་ཀུན་ནས་ཡར་རྒྱས་གཏོང་ཐུབ་ལ། མི་མང་འདུ་འཛོམས་སར་ལོ་རྒྱུས་དང་ཆབ་སྲིད་སོགས་ཁུངས་ལུང་ལྡན་པའི་ཐོག་ནས་ཤོད་ཐུབ་པ་སོགས་ཕན་ཡོན་ཚུན་ཚང་མར་ཕན་ཐོག་དང་དགེ་མཚན་བརྗོད་དུ་མི་ལུང་པ་ཡོད།  དེ་ལྟར་ན་རང་ཉིད་ཕ་མར་གྱུར་བ་རྣམས་ཀྱིས་རང་གི་ཕྲུ་གུ་ཚོར་དཔེ་ཆ་མང་ཙམ་ཀློག་རྒྱུའི་གོམས་གཤིས་བཟང་པོ་དེ་འཇགས་ཐབས་གནང་དགོས་རྒྱུ་དེ་གལ་ཆེ་བ་ཡིན། དཔེར་ན་ལོ་རྒྱུས་ཐོག་གི་མཁས་དབང་རྣམས་ཐོག་མ་ཉིད་ནས་མཁས་དབང་ག་ལ་ཡིན།  ཁོང་རྣམ་པས་ཐོག་མ་དཔེ་དེབ་མང་པོ་གཟིགས་པ་ལ་བརྟེན། རིམ་པས་མཁས་དབང་དུ་གྱུར་པ་ཤ་སྟག་ཡིན་ཐག་གིས་ཆོད། དེར་བརྟེན་ང་ཚོ་རང་རིགས་ན་གཞོན་རྣམས་ཀྱིས་ཀྱང་དཔེ་ཆ་མང་ཙམ་ཀློག་རྒྱུར་འབད་བརྩོན་ལྷོད་མེད་གནང་དགོས་རང་ཉིད་མཁས་མཛངས་ལྡན་པ་ཞིག་ཏུ་གྱུར་ཐུབ་པ་བྱས་ཏེ།  མི་རབས་རྗེས་མ་རྣམས་ལ་ལག་རྗེས་བཟང་པོ་ཞིག་འཇོག་ཐུབ་པ་བྱ་རྒྱུ་ནི་གལ་འགངས་ཆེ་བ་ཡིན་པ་མཁས་དབང་དང་སློབ་དཔོན་རྣམས་ཀྱིས་ཡང་ཡང་གསུངས་སོ།།

སྒང་བུ་འཁྱམས་པོ་ནས།

སྣ་ཚོགས།

Post navigation

Previous Post: བོད་ཀྱི་མཚན་ཉིད་རིག་པའི་སྙན་ངག་འབེལ་རྩོམ་ལ་ཐོག་མར་དཔྱད་པ། (ཚན་བཤུས།) རས་པ།
Next Post: རྒྱང་རིང་ནས་རྒྱ་བླ་གླེང་བ། ཨ་རིག་དགེ་མཐོང་།

Comments (9) on “དཔེ་ཆ་ལྟོས་པའི་ཕན་ཡོན། སྒང་བུ་འཁྱམས་པོ།”

  1. གཡུ་འབྲུག་དཀར་པོ། says:
    2012-12-21 at 12:17 am

    དངོས་ནས་བདེན་པ་རེད། མཁས་པ་བྱེད་འདོད་ན་མཐོང་རྒྱ་དང་ཐོས་རྒྱ་ཆེ་དགོས་པ་རེད། དེ་ལྟར་ཡིན་པ་ཚང་མས་མཁྱེན་གསལ་རེད། དེ་ཡིན་དུས་མཁས་པ་བྱེད་འདོད་ན་དཔེ་བཀླག་དགོས་ཞེས་པའི་བསྐུལ་མ་དེ་དོན་མེད་རེད། བསྐུལ་མ་དང་སློབ་གསོ་གནང་དགོས་ས་དེ་དཔེ་ཀློག་དུས་ཇི་ལྟར་ཀློག་དགོས་པ་དང་། དཔེ་ཀློག་རྒྱུར་སྤྲོ་བ་བརྟས་ཕྱིར་ཅི་ཞིག་བྱེད་དགོས་པ། ཀློག་དོན་སེམས་ལས་མ་བརྗེད་པར་བཞག་ཐབས་ཇི་ལྟར་ཡིན་སོགས་ཡོད། དཔེར་ན་དཔེ་ཇི་ཙམ་བཀླགས་ཀྱང་བཀླགས་དོན་སེམས་ལ་བཞག་མ་ཐུབ་ན་དེས་མཁས་པ་ཆགས་རྒྱུར་ཕན་མི་སྲིད། དེ་ཡིན་དུས་དེ་ལྟ་བུའི་བསླབ་གསོ་གནང་ཐུབ་མཁན་ཡོད་ན་དེ་ལ་ངས་ལག་གཉིས་ཐལ་མོ་སྦྱོར་ཏེ་བསླབ་གསོ་གནང་དགོས་པའི་བསྐུལ་མ་ལན་བརྒྱར་ཞུ་གི་ཡིན།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-21 at 12:44 am

    རྩོམ་ཡིག་འབྲི་བ་པོ་དང་མཆན་འདེབས་པ་པོ་གཉིས་ཀ་ལ་བོད་སྤྱིར་མ་ཟད་འགྲོ་བ་སྨྲ་ཤེས་དོན་གོ་བ་ཡོངས་ལ་ཕན་པའི་ལྷག་བསམ་ལ་རྗེས་སུ་ཡི་རང་ཞིང་། དེ་ལྟར་འོང་བ་ལ་བློ་ལྡན་ཡོངས་ཀྱིས་འབད་པར་ཞུ་ག་ལ་དགོས། མི་དགོས་སོ།།

  3. ལེགས་བཤད། says:
    2012-12-21 at 2:17 am

    དཔེ་ཆ་ཀློག་པ་ནི་ཡོན་ཏན་གྱི་རྨང་གཞི་རེད། དཔེ་ཀློག་མ་བྱས་པར་མཁས་པའི་གདན་གྲལ་ལ་ཕེབས་པ་ཡོད་མེད་བཤད་དཀའ་ཡང་དགོན་གྲོང་ན་གནས་པ་སུ་ཞིག་ཡིན་རུང་དཔེ་ཆ་མང་པོ་ཀློག་མཁན་ལ་མ་མཐར་ཡང་དཔེ་ཆ་བ་ཞེས་པའི་མིང་འདོགས་འོས། དཔེ་ཆ་བའི་རིན་ཐང་ནི་ཡུལ་དུས་གནས་བབས་དང་བསྟུན་ནས་ཐག་ཆོད་དཀའ་ཙམ་མིན་པར་འཚོ་བའི་མྱོང་གོམས་དང་སེམས་ཁམས་ཀྱི་གཤིས་ལུགས་དང་འབྲེལ་ནས་ཡོད་པའི་སེམས་ཁམས་ཀྱི་སྨན་པ་མཆོག་ལྟ་བུ་དཔེ་ཆ་བ་རྣམས་ནི་ཐོག་མར་གལ་ཆེ་བ་སྟེ་ཤེས་ཡོན་གྱི་རྨང་གཞི་འཛུགས་མཁན་དེ་ཡིན།

  4. སྤོབས་པ་མཐའ་ཡས། says:
    2012-12-21 at 2:45 am

    དཔེ་ཆ་ལྟ་ཞེས་པ་དེ་བཟང་ངན་གང་རུང་ལ་འགྱུར་ཆོག་པའི་བྱ་ཚིག་ཅིག་རེད། ཕན་གནོད་གཉིས་ཀའི་ཕྱོགས་སུ་འགྱུར་ཆོག་པ་ཞིག་རེད། བཟང་ངན་གཉིས་ཀའི་གྲུབ་འབྲས་འབྱུང་ཆོག་པ་ཞིག་རེད། དཔེ་ཆ་ལྟ་བ་ཡིན་ན་ཡག་པོ་ཡིན་པས་མ་ཁྱབ་ཅེས་ལན་འདེབས་རྒྱུ་ཡིན།

  5. བན་དེ་བ། says:
    2012-12-21 at 3:13 am

    རེད་རེད་དཔེ་ཆ་ལྟས་ནས་ཆགས་སྡང་གི་བློ་ཤུགས་ཆེ་བ་དང་ང་རྒྱལ་ཆེ་བ་དང་། ཐ་ན་ལས་འབྲས་དང་ཆོས་ལ་ལོག་ལྟ་ཡང་སྐྱེ་མཁ་་མང་ཆེ་བ་དཔེ་ཆ་ལྟས་ཏེ་འབྱུང་གི་ཡོད་འདུག། དཔེ་ཆ་ལྟས་པ་ཙམ་གྱིས་མི་འགྲིག་
    བློ་རྣམ་པ་གསུམ་དང་ལྡན་པ་ཞིག་དགོས། དང་པོ་འཛིན་པའི་བློ། བར་དུ་བརྟག་པའི་བློ། ཐ་མར་རྟོགས་པའི་བློ་དང་ལྡན་པ་ཞིག་དགོས། རྟོགས་པའི་བློ་ཟེར་བ་ནི་དཔེ་ཆ་ནས་གསུངས་པའི་བླང་དོར་གྱི་གནད་རྣམས་ལ་མ་རྨོངས་པ་ཚུལ་བཞིན་ཉམས་སུ་ལེན་ཤེས་དགོས། དེ་མིན་ཆགས་སྡང་གི་བློ་སྔར་མེད་གསར་དུ་སྐྱེས་ན་དཔེ་ཆ་ལྟས་པའི་གོ་མ་ཆོད་པ་རེད། མ་ཟད་ཀུན་བཏགས་ཀྱི་བདག་འཛིན་དེ་ཉིད་དཔེ་ཆ་བ་དང་གྲུབ་མཐའ་འཛིན་མཁན་ཡིན་ཟེར་མཁན་དེ་ཚོར་འཇིག་རྟེན་ཕལ་པ་ལས་ཀྱང་ཐོལ་པའི་ཉོན་མོངས་པ་རེད།

  6. ངོ་ལུག says:
    2012-12-22 at 6:46 pm

    ཡིག་གེ་ཡོད་པའི་མི་རིགས་ཁག་ལ་མི་རིགས་སོ་སོའི་གཤིས་ཀ་རེ་ཡོད། གཤིས་ཀ་དེ་མི་རིགས་དེའི་ཡིག་ཐོག་ནས་བྲིས་པའི་དཔེ་ཆ་ཀློག་བཞིན་གྲུབས་པ་རེད། ད་ལྟ་བོད་པའི་སྤྱི་ཚོགས་ནང་དུ་བོད་དབྱིན་རྒྱ་གསུམ་ཀློག་མཁན་ཡོད། ཕྱི་ཚུལ་ནས་བལྟས་ན་ཚང་མ་བོད་པ་རེད། ནང་གི་བསམ་བློའི་བར་ཆད་ཆེན་པོ་རེད། དེ་ལྟར་ན་སྐབས་རེ་ཡིག་རིགས་མི་གཅིག་པ་ཀློག་མཁན་གྱི་བོད་པའི་ཤེས་ཡོན་རྣམས་བསམ་བློ་བརྗེ་རེས་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། ཕན་ཚུན་གང་མང་མང་ནང་བསམ་མནོ་ནས་ཆ་རྒྱུས་ཡོད་པ་ཞིག་བྱེད་ཐུབ་ན་ཡག་པོ་འདུག དཔེ་ཞིག་བཞག་ན། འཇམ་དབྱངས་ནོར་བུ་ལྟ་བུའི་དབྱིན་ཡིག་ཀློག་མཁན་དང་བོད་ཡིག་ཀློག་མཁན་གང་རུང་གི་རིག་པ་སྨྲ་བ་མཉམ་དུ་འཛོམས་ནས་བགྲོ་གླེང་གནང་ཐུབ་ན་དགེ་མཚན་ཞིག་འདུག་བསམ་སོང་། དེ་མ་གཏོགས་བསམ་མནོའི་བར་ཐག་རིང་པོ་རེད། བགྲོ་གླེང་བྱེད་ཐུབ་ན་ཕན་ཚུན་ཁ་གསབ་དང་ཁ་སྣོན་རྒྱུས་མངའ་ཡག་པོ་ལོན་པར་བསམ། དཔེ་ཆ་བྱེ་བ་འབུམ་ལ་བཀླག་གྱུར་ན། སྨྱུག་རྩེ་འགུལ་བར་ལྷ་ཡིས་ཁ་ལོ་བསྒྱུར་ཟེར་བ་ལྟར་དཔེ་མང་བལྟས་ན་རྩོམ་ལ་ཕན་ངེས་རེད། ལྟ་གྲུབ་གྱི་ཆ་ནས་བཤད་ན་ཇི་ལྟར་ཡིན་མིན་ངས་བཤད་མི་སྤོབས།

  7. བོད་འཁྱར་ says:
    2012-12-22 at 11:27 pm

    སྒང་བུ་འཁྱམས་པོས་གསུངས་པ་ལ་རྗེས་སུ་ཡི་རང་ཡོད་དོ་ དེ་དེ་བཞིན་ནོ་ དཔེ་ཆ་ཀློག་མཁན་ཞིག་ཡིན་ཕྱིན་ཉིན་རེ་ནས་ཉིན་རེ་བློ་སྟོབས་དང་གོ་བ་ལ་འཕེལ་རྒྱས་ཡོང་བ་ནི་སྨོས་མ་དགོས་སོ།

  8. བསམ་ཤེས། says:
    2012-12-23 at 6:52 pm

    གོང་གི་རྩོམ་འདི་ལ་རིག་པ་དང་མྱོང་བས་དཔྱད་ན། འདི་འདྲ་རེད།

    དཔེ་ཆ་ཀློག་ཐུབ་ན་ཤིན་དུ་ལེགས་ཟེར་བ་འདི་ཡང་བདེན་པ་མ་རེད།  དཔེ་ཆ་འཚོ་བ་དང་ཉམས་མྱོང་ལ་ལེགས་ཆ་བླང་རྒྱུ་ཡོད་པ་དེ་དག་ཀློག་ན་བཟང་མོད། དེ་མིན་ཆགས་པ་སློང་ཆེད་དང་། མགོ་བདེ་དྲན་འཁྲུལ། དེ་བཞིན་རྣམ་པར་གཡེང་ཆེད་ཀྱི་སྒྲུང་ཕལ་པ་འདི་ཚོ། དུས་ཚོད་འཕྲོ་བརླག་གཏོང་བའི་རྒྱུ་མིན་ཡིན་ནམ། དེ་དག་ལ་ཕན་པ་དང་དགེ་མཚན་ཡོད་དམ་ཞེས་མ་མེད་པ་ནི་མཐའ་གཅིག་གོ

    ད་ལྟ་མི་མང་པོ་ཞིག་གིས་འཕྲུལ་རྩལ་ལེགས་པར་སྤྱད་ནས། དཔེ་ཆར་མགོ་བོ་མ་འཁོར་བར། གློག་བརྙན་དང་བརྙན་འཕྲིན་གྱི་འཕྲུལ་རྩལ་དུ་མ་སྤྱད་ནས་ཡོན་ཏན་ལེན་བཞིན་ཡོད་ན། དཔེ་ཆ་ལྟ་བུ་ཡོན་ཏན་ལེན་པའི་རྒྱུ་མིན་སྟབས། དཔེ་ཆ་དང་བརྙན་འཕྲིན་དེ་ཚོའི་ཕན་ཡོན་མཉམ་དུ་སྦྱར་དགོས་པར་མཐོང་།

    དེ་བཞིན་མིས་གང་བཤད་ལ་ལམ་གསེང་ལྐུགས་པའི་ལྷོད་རྒྱུག་མ་བྱེད་པར་དཔྱད་པ་བྱ་རྒྱུ་དེ་ཤིན་དུ་ནས་གལ་ཆེན་པོ་རེད་སྙམས། དེ་ན་ཕྲུ་གུར་བློ་གཟུར་བོར་གནས་པ་དང་བརྟག་པ་བྱེད་པའི་རྣམ་དཔྱོད་སྐྱེ་ཐུབ་པ་བྱ་རྒྱུ་ཡིན་ཤིན་དུ་ནས་གལ་ཆེ།

  9. ཀརྡོ་གཉེར་ཕྱག་པ་ says:
    2012-12-24 at 3:00 am

    སྐུ་པར་དང་པོ་དེ་ནི་བྱིན་རླབས་ཅན་ཞིག་འདུག །
    དཔེ་པར་གཉིས་པ་དེ་ནི་ལག་བྲིས་གསོན་ཉམས་ལྡན། །
    སྒང་བུ་འཁྱམས་པོས་རང་གི་འཁྱམ་ས་ནོར་མི་འདུག །
    རྟོག་དཔྱོད་འཁྱམ་ས་དཔེ་ཆ་ལས་ལྷག་གང་ཡང་མེད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme