Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་༢༤ ལེགས་གྲུབ་བྱུང་བ།

Posted on 2015-12-252015-12-27 By ཁ་བརྡ 7 Comments on དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་༢༤ ལེགས་གྲུབ་བྱུང་བ།

unnamed-14—–ཨ་འདུས་སྐལ་བཟང་རྒྱ་མཚོ།

 
སྤྱིར་ལུམྦཱིནཱི་ནི་ལོ་རྒྱུས་སྟེང་རྒྱ་གར་གྱི་ས་ཁུལ་རྩོད་མེད་ཅིག་ཡིན་ནའང་། དུས་ཕྱིས་རྒྱ་གར་དབྱིན་ཇིས་དབང་བསྒྱུར་སྐབས་བལ་གཞུང་དང་ས་ཁུལ་བརྗེ་རིས་བྱས་ཏེ་ད་ཆ་བལ་ཡུལ་གཞུང་གི་འཛིན་སྐྱོང་འོག་ཡོད་པ་ཞིག་ཡིན། བོད་ཀྱི་ཆོས་བརྒྱུད་ཆེན་མོ་དག་གིས་ལོ་ལྟར་སྨོན་ལམ་ཆེན་མོ་འཚོགས་སྲོལ་ཡོད་པ་བཞིན། དཔལ་ལྡན་ས་སྐྱ་པ་ལ་མཚོན་ན། ད་བར་སྨོན་ལམ་ཆེན་མོ་འཚོགས་ཏེ་མི་ལོ་ཧྲིལ་པོ་ཉེར་བཞི་པ་དེ་ཆགས་ཡོད།
ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་༡༢ པའི་ཚེས་༡༥ ཉིན་ནས་བཟུང་བདག་ཅག་གི་སྟོན་པ་སྐུ་འཁྲུངས་ཡུལ་གནས་མཆོག་ལུམྦཱིནཱིར་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ཉེར་བཞི་པ་དངོས་སུ་དབུ་ཚུགས། ཚོགས་མགོན་དུ་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་དང་། ༧སྐྱབས་མགོན་༧གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་གཙོས་པའི་ཕོ་བྲང་གཉིས་ཀྱི་འཁོན་གདུང་རྣམ་པ། ངོར་ཁྲི་བ་ཐར་རྩེ་མཁན་རིན་པོ་ཆེ། ས་ངོར་ཚར་གསུམ་གྱི་ཞབས་དྲུང་རྣམས་པ། གདན་ས་ཁག་གི་མཁན་པོ་བླ་སྤྲུལ་བརྒྱ་ལ་ཉེ་བ་དང་། གཞན་ཡང་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་དགེ་འདུན་ཞལ་གྲངས་བཞི་སྟོང་ལ་ཉེ་བས་ཉིན་བཅུའི་རིང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་དང་། འཇམ་དཔལ་མཚན་བརྗོད་གཉིས་གྲངས་གསོགས་མཛད།

unnamed-15

༡༧། ཉིན་ས་སྐྱ་སྨོན་ལམ་ཁོར་ཡུག་ལྷན་ཚོགས་དང་། ལུམྦིནཱི་ཡར་རྒྱས་ཚོགས་པ་མཉམ་འབྲེལ་གྱིས་ལུམྦིནཱིའི་ཁོར་ཡུག་སྔར་བས་ཀྱང་གཙང་མ་ཡོང་ཐབས་སུ་བྱ་འགུལ་སྤེལ། ཕྱི་ཚེས་ ༡༨ ཉིན་དམིགས་བསལ་དེ་སྔོན་ནས་གསོལ་འདེབས་ཞུས་པ་བཞིན་ཐེངས་སྨོན་ལམ་རྒྱུན་ལས་ཀྱི་ངོས་ནས་ད་ལྟའི་ཆར་དགུང་གྲངས་གྱ་བཞིར་ཕེབས་པ་ཕུན་ཚོགས་ཕོ་བྲང་གི་༧སྐྱབས་མགོན་༧གོང་མ་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཕྱི་ཚེས་༡༩ ཉིན་༧གོང་མ་རིན་པོ་ཆེ་མཆོག་གིས་ཧི་མ་ལ་ཡའི་མི་རིགས་གཙོ་བྱས་པའི་དད་ལྡན་སྟོང་ཕྲག་མང་པོར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ནས་བརྒྱུད་པའི་ཚེ་དབང་ལོ་བརྒྱ་མ་བསྩལ་གནང་མཛད།

unnamed-16

ཕྱི་ཚེས་ ༢༡། ཉིན་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་ཕུལ་བ་དགྱེས་བཞེས་དང་། ཕྱི་ཚེས་ ༢༤། ཉིན་ས་པཎ་བླ་མཆོད་དང་འབྲེལ་རྒྱ་གར་གྱི་མཁས་དབང་མུཤྲིར་མཆོག་གིས་བསྒྱུར་གནང་ཞིང་། ས་པཎ་རིག་གཞུང་ཉམས་ཞིབ་བསྟི་གནས་ཁང་གིས་དཔེ་སྐྲུན་གནང་བའི་ཆོས་རྗེ་ས་པཎ་གྱི་རང་རྣམ་ང་བརྒྱད་མ་རྩ་འགྲེལ་ཧིན་རྡུ་དང་། དབྱིན་ཇི། ལེགས་སྦྱར་བཅས་སྐད་ཡིག་གསུམ་དུ་འགྱུར་བ་དེ་ཉིད་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་གིས་དབུ་འབྱེད་དང་། ཕྱི་དྲོ་ཆོས་རྗེ་ས་པཎ་གྱི་བརྩམས་ཆོས་གྲགས་ཅན། སྡོམ་གསུམ་རབ་དབྱེ་དང་། ཚད་མ་རིགས་གཏེར་གཉིས་བརྗོད་གཞིར་བཟུང་སྟེ་དཔལ་ས་སྐྱའི་གདན་ས་ཁག་གི་སློབ་གཉེར་པ་ཚོས་རྟགས་གསལ་གྱི་མཆོད་སྤྲིན་ཕུལ།
ཕྱི་ཚེས་ ༢༥ ཉིན་དཔལ་ས་སྐྱའི་སྨོན་ལམ་ཚོགས་པས་གོ་སྒྲིག་འོག་ལོ་འདིའི་བལ་ཡུལ་གྱི་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་པ་དག་གི་ཆེད་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་ཡབ་སྲས་རྣམ་པ་དབུར་བཞུགས་ཐོག་ཀུན་རིག་བྱང་ཆོག་འཚོགས་གནང་མཛད་མཐར་ལོ་འདིའི་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་བདེ་ལེགས་ངང་མཇུག་གྲུབ་ཡོད་དོ། །

ལུམ་བཱི་ནཱི་ནས་ཨ་འདུས་སྐལ་བཟང་རྒྱ་མཚོས།

ངོ་སྤྲོད།

Post navigation

Previous Post: ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་དྲན་སྙན་གྱི་མེ་ལོང་།
Next Post: འགྲོ་བ་མི་ལ་དགོས་ངེས་ཀྱི་གཞི་རྩའི་རིན་ཐང་།

Comments (7) on “དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་༢༤ ལེགས་གྲུབ་བྱུང་བ།”

  1. ཀླུ་སྨྱོན། says:
    2015-12-25 at 1:02 pm

    བདག་ཆེན་རིན་པོ་ཆེ་དགུངས་གྲངས་གྱ་བདུན་དུ་ཕེབས་ཡོད་པ་རེད།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-12-25 at 3:01 pm

    ལོ་གྱ་བདུན་ལ་སླེབས་ཡོད་ན་གང་ཡོད་དམ། ཀླུ་སྨྱོན་ཨ་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 12:39 am

    ཨ་འདུས་སྐལ་བཟང་རྒྱ་མཚོས།
    སྤྱིར་ལུམྦཱིནཱི་ནི་ལོ་རྒྱུས་སྟེང་རྒྱ་གར་གྱི་ས་ཁུལ་རྩོད་མེད་ཅིག་ཡིན་ནའང་། དུས་ཕྱིས་རྒྱ་གར་དབྱིན་ཇིས་དབང་བསྒྱུར་སྐབས་བལ་གཞུང་དང་ས་ཁུལ་བརྗེ་རིས་བྱས་ཏེ་ད་ཆ་བལ་ཡུལ་གཞུང་གི་འཛིན་སྐྱོང་འོག་ཡོད་པ་ཞིག་ཡིན། ་་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2015-12-26 at 12:43 am

    ་་་་་ད་ལྟའི་ཆར་དགུང་གྲངས་གྱ་བཞིར་ཕེབས་པ་ཕུན་ཚོགས་ཕོ་བྲང་གི་༧སྐྱབས་མགོན་༧གོང་མ་བདག་ཆེན་འཇིགས་བྲལ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་་་་་་་

    ༨༤གསུངས་པ་ལ།

    #1 ཀླུ་སྨྱོན། ་ལགས་ཀྱིས་སྤེལ་དོན།:
    December 25th, 2015 at 1:02 pm
    བདག་ཆེན་རིན་པོ་ཆེ་དགུངས་གྲངས་གྱ་༼༨༧༽བདུན་དུ་ཕེབས་ཡོད་པ་རེད།

    ཏྲེ་ཧོར་པ་ལགས་སུ།

  5. པདྨ says:
    2015-12-27 at 12:55 pm

    ནམ་མཁའ་འདི་འབག་གཙོག་ཤོར་བའི་སྤྱི་རྒྱ་རེད། །
    ས་གཞི་འདི་རྫས་མ་སྙིགས་རོའི་བང་མཛོད་རེད། །
    མི་ཚོགས་འདི་གདོན་གྱིས་ཟིན་པའི་ནད་པ་རེད། །
    ལྷ་ཚོགས་རྣམས་ནད་པའི་རྒྱབ་ཀྱི་ནད་བདག་རེད། །

    བླ་ཆེན་ཚོ་རང་རྒྱུད་བདག་གི་གཡོག་པོ་རེད། །
    སྤྲུལ་སྐུ་ཚོ་སྒོར་གྱིས་བཞེངས་པའི་མཆོད་སྡོང་རེད། །
    མི་དཔོན་དག་སྒེར་གྱི་སོ་ནམ་ལས་མི་རེད། །
    ལས་བྱེད་ཚོ་མ་རྩ་གསོག་པའི་གླ་པ་རེད། །

    བཀའ་ཤག་འདི་མི་སྒེར་ཞིག་གི་ཡིག་ཚང་རེད། །
    བཀའ་བློན་ཚོ་མི་སྒེར་དེ་ཡི་ལག་གཡོག་རེད། །
    མི་སྒེར་དེའི་བློ་དང་འཚམས་པའི་ལས་བྱས་ན། །
    མི་བསད་ཀྱི་བཤན་པ་ཡིན་ཡང་མགོ་འཕང་མཐོ། །

    གྲོས་ཚོགས་འདི་ཆོལ་ཁའི་འཐབ་འཛིང་བྱེད་ས་རེད། །
    རྐུ་དམེ་དང་ཇག་གསུམ་འཛོམས་པའི་འདུས་མདོ་རེད། །
    ཚོགས་གཙོ་འདི་ཕྱི་འཇམ་ནང་ལ་རྩུབ་པ་རེད། །
    འཆམ་མཐུན་དང་ཆིག་སྒྲིལ་ཡོད་ཚད་གཏོར་མཁན་རེད། །

    སྤྱི་ཚོགས་འདི་དད་དམ་འོག་གི་བྲན་གཡོག་རེད། །
    ལོག་སྤྱོད་ཚོས་ཐག་སྣེ་གར་ནས་གར་འཐེན་རེད། །
    དྲང་བདེན་འདི་རླུང་གསེབ་ཡོད་པའི་མར་མེ་རེད། །
    བདེན་གཏམ་ནི་སྲོག་ལ་བསྡོས་པའི་གཞི་མ་རེད། །

    འཐབ་རྩོད་འདི་རང་མགོ་རྡུང་བའི་ཐོ་བ་རེད། །
    བོད་རིགས་ཚོ་དགྲ་རུ་ལྟ་བའི་འདུ་ཤེས་ཡོད། །
    རྒྱ་རིགས་ཚོ་གཉེན་དུ་འཛིན་པའི་ལྟ་བ་རྙེད། །
    དབུ་ལམ་འདིས་མདོ་དོན་རིགས་ལ་ཕན་ལེ་མིན། །

    དུས་རབས་འདི་ལྟས་ངན་ཤར་བའི་སྔོན་བརྡ་རེད། །
    མི་ངན་གྱིས་མི་བཟང་གནོན་པའི་དུས་ཚོད་རེད། །
    རྒྱལ་འཚོང་བས་ཁ་ཕོ་སྒྲོག་པའི་སྐབས་དུས་རེད། །
    རྒྱལ་གཅེས་པ་ཟུར་དུ་བུད་པའི་དུས་ངན་རེད། །

    སྤུར་རྒྱལ་ལ་རང་བཙན་མེད་པར་ཤོད་དུས་རེད། །
    བོད་པ་འདི་རང་བཙན་མིན་པར་བསྒྲགས་དུས་རེད། །
    རྒྱ་དམར་འདི་མེས་རྒྱལ་ཡིན་པར་སྨྲ་དུས་རེད། །
    མི་རིགས་འདིའི་ཡོད་ཚད་གཞན་ལ་བཙོང་དུས་རེད། །

    རྒྱལ་འབངས་ཀྱི་ཁ་ཐག་རིང་དུ་ཆས་དུས་རེད། །
    མི་རིགས་འདི་ཞིག་ཅིང་འཐོར་བའི་དུས་ཚོད་རེད། །
    ཁ་བྲལ་གྱི་ལས་འགུལ་མགོ་མས་སྤེལ་དུས་རེད། །
    རྒྱལ་གཅེས་ཀྱི་སེམས་པ་ཆུ་ལས་གྲང་དུས་རེད། །

    ཤེས་མཐོང་གི་སྣང་ཚུལ་སྐྱོ་མོ་འདི་མཐོང་བས། །
    ཡིད་མུག་གི་སྡུག་ཡུས་དབྱངས་སུ་གྱེར་བ་ཡིན། །
    མི་རིགས་འདི་གསོན་པའི་རེ་ཐག་ཆད་པས་ན། །
    སེམས་ཁོང་གི་སྡུག་གླུ་མི་ལེན་ཅི་ལ་སྲིད། །

    མི་རིགས་འདི་འཆི་བས་ཉེན་པའི་དུས་བྱུང་ན། །
    རྐྱེན་ཆག་གི་ལན་རྩ་འབངས་ལ་མི་འཁྲི་སྟེ། །
    ཆེན་པོ་ཚོས་རང་བློ་ཁེར་གཅོད་ཁེར་སྡོམ་དེས། །
    མི་རིགས་འདི་ལོག་པའི་ལམ་དུ་ཁྲིད་པས་ཡིན། །

  6. ཀརྡོ་གཉེར་ཕྱག་པ་ says:
    2016-01-05 at 1:16 am

    ས་སྐྱའི་བསྟན་བདག་སྐུ་ཚེ་ཡུན་བརྟན་ཤོག །
    ས་ཆོས་དད་མིའི་ཆོས་བསམ་འགྲུབ་པར་ཤོག །
    བོད་རིགས་ཡོངས་རྫོགས་དད་པ་བརྟན་པ་དང་། །
    མི་རིགས་ཕུལ་འབྱུང་བོད་རིགས་ཡར་རྒྱས་ཤོག །

  7. ཀརྡོ་གཉེར་ཕྱག་པ་ says:
    2016-01-05 at 1:21 am

    ་
    ས་སྐྱ་པ་རྣམས་ས་ཆོས་སྤེལ་བར་ཤོག །
    བཀའ་རྙིང་དགེ་གསུམ་རང་ཆོས་འཕེལ་བར་ཤོག །
    ་
    གཞིས་སྡོད་བོད་མིས་རྒྱ་སྐད་ཤེས་པར་ཤོག །
    བྱེས་སྡོད་བོད་མིས་ཨིན་སྐད་ཤེས་པར་ཤོག །
    ་
    རང་བཙན་པ་རྣམས་དབུས་ལམ་བཞུགས་པར་ཤོག །
    དབུ་ལམ་པ་རྣམས་རང་ལུགས་བརྟན་པར་ཤོག །
    ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme