Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་ལྡན་སྤྱི་འཐུས་སྐབས་བཅུ་བདུན་གྱི་ཚོགས་གཙོ་ཚོགས་གཞོན་གཙོས་པའི་སྤྱི་འཐུས་རྒྱུན་ལས་ལྷན་དྲུང་དུ།

Posted on 2024-12-262024-12-26 By ཁ་བརྡ་ 1 Comment on དཔལ་ལྡན་སྤྱི་འཐུས་སྐབས་བཅུ་བདུན་གྱི་ཚོགས་གཙོ་ཚོགས་གཞོན་གཙོས་པའི་སྤྱི་འཐུས་རྒྱུན་ལས་ལྷན་དྲུང་དུ།

ཆེད་ཞུ །

གུས་པ་ཀོ་ལི་གྷལ་དོན་གླིང་གཞིས་གྲོང་ཨང་། ཨེལ ཁང་པ་ཨང་། ༢༩ ནང་སྡོད་གཞུང་པ་ཚེ་དབང་བསོད་ནམས། དཔྱ་ཁྲལ་ལག་དེབ་ཨང་། IN 7661005 ནས་ཞུ་གསོལ་འདེབས་སྙིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འབྲེལ་བའི་དོགས་གཅོད་ཞུ་རྒྱུར།

དང་པོ། ༽ སྤྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་སྐབས་བཅུ་གཅིག་གི་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་གཏན་འབེབས་གནང་ནས་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་མཚན་རྟགས་དེ་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་ཕེབས་པའི་བཅའ་ཁྲིམས་དེའི། ༼ དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཞིག་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང་། གཤམ་འཁོད་ལེའུ་བཅུ་གཅིག་པའི་དོན་ཚན་ཁག་གཞིར་བཟུང་མ་གཏོགས་བཅའ་ཁྲིམས་འདི་ལ་བསྒྱུར་བཀོད་གཏོང་རྒྱུ་མིན། ༽ ཅེས་འཁོད་ཡོད་པ་དང་།

གཉིིས་པ། ༽ བཅའ་ཁྲིམས་དོན་ཚན་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ།

༡ རྒྱལ་ཁབ་དང་། མང་ཚོགས་ཀྱི་ཁེ་ཕན་ཆེད་བཅའ་ཁྲིམས་འདིའི་དོན་ཚན་ཁག་ནང་གསལ་ལྟར་༧ གོང་ས་༧ སྐྱབས་མགོན་ཆེན་པོས་བཀའ་ཤག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ་བཅས་ལ་བཀའ་བསྡུར་བསྐྱངས་རྗེས་སྤྱི་འཐུས་ལྷན་ཚོགས་གནས་སྐབས་ལས་དོན་བར་མཚམས་འཇོག་པའམ། འཕོ་འགྱུར་གནང་འཐུས། ཅེས་འཁོད་ཡོད་པ་དང་།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

དོགས་གཅོད་ཞུ་རྒྱུ།

དང་པོ། ༽ སྤྱི་ལོ་ ༢༠༡༩ བཅའ་ཁྲིམས་པར་ཐེངས་དྲུག་པ་དེབ་གྲངས་ ༢༥༠༠/ ཟེར་བའི་ནང་འདི་ལྟར། དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ། ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང་། གཤམ་འཁོད་ལེའུ་བཅུ་གཅིག་པའི་དོན་ཚན་ཁག་གཞིར་བཟུང་མ་གཏོགས་བཅའ་ཁྲིམས་འདི་ལ་བསྒྱུར་བཀོད་གཏོང་རྒྱུ་མིན། ༽ ཅེས་གསལ་བ་ནས། མང་གཙོ་ལས། མང་གཙོ་མཉམ་འབྲེལ ། ༼ མཉམ་འབྲེལ ༽ འཁོད་མི་འདུག་ན་འདིར་ཐུགས་ཞིབ་གནང་དགོས་པ་ནི། མང་གཙོ་མཉམ་འབྲེལ་གྱི་གོ་དོན། ༼ Federation ༽ ལ་གོ་དགོས་པ་ནས་བཅའ་ཁྲིམས་ལེའུ་བདུན་པའི་ནང་གསལ་བའི་ས་གནས་འཐུས་མིའི་སྒྲིག་འཛུགས་དེ་ཡང་མང་གཙོ་མཉམ་འབྲེལ། ༼ Federation ༽ གྱི་འོག་ཏུ་བཙུགས་པའི་སྒྲིག་འཛུགས་ཞིག་ཡིན་པ་ནས། ༼མང་གཙོ་མཉམ་འབྲེལ། ༽ མ་འཁོད་པ་དེའི་ཐོག་གསལ་བཤད་ཕེབས་གནང་ཡོང་བ་ཞུ།

གཉིས་པ། ༼ སྤྱི་ལོ་ ༢༠༡༩ བཅའ་ཁྲིམས་པར་ཐེངས་དྲུག་པ། དོན་ཚན་ང་བདུན་པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར།

༡ སྤྱི་འཐུས་སུ་འོས་འདེམས་ཟིན་པའི་སྐྱེ་བོ་གང་ཞིག་བཅའ་ཁྲིམས་འདིའི་དོན་ཚན་ ༣༨ པར་གསལ་བའི་སྤྱི་འཐུས་འོས་ཆོས་གང་རུང་མ་ཚང་བར་གྱུར་པའམ། སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་བྱ་རྒྱུར་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་ཐག་གཅོད་བྱུང་བ་བཅས་ཀྱི་སྐབས་རང་ཉིད་སྤྱི་འཐུས་ནས་འཕོ་དགོས། ༽ ཅེས་གསལ་འདུག་ན།

སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་རྒྱུ་དེ་གསལ་མི་འདུག་ན་འདིར་གསལ་བཤད་ཕེབས་དགོས་པ་ནི་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ཀྱང་། ༼ ༡ ཁྲིམས་བཟོ་སྡེ་ཚན། Legislature ༽

༼༢ འཛིན་སྐྱོང་སྡེ་ཚན། Executive ༽

༼༣ ཁྲིམས་ལུགས་དབང་འཛིན་སྡེ་ཚན། Judiciary ༽ བཅས་སྡེ་ཚན་གསུམ་དེ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་སྔོན་ཚུད་ནས་གཏན་འབེབས་གནང་བཞིན་པ་ལྟར་སྤྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་སྐབས་བཅུ་གཅིག་ནས་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༡༥ ཡོད་པ་གཏན་འབེབས་གནང་ནས་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་མཆོག་མཆན་མཚན་རྟགས་དེ་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་ཕེབས་པའི་བཅའ་ཁྲིམས་དེའི་དོན་ཚན་ཉེར་དགུ་པ། བཀའ་ཤག་གི་འགན་འཁུར་དང་། འཕོ་འགྱུར། དོན་ཚན་ལྔ་བཅུ་ང་བདུན་པ། སྤྱི་འཐུས་ལྷན་ཚོོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། དོན་ཚན་ལྔ་བཅུ་ང་བཞི་པ། གྲོས་བསྡུར་བཀག་བསྡོམས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུ་སྐོར་བཅས་འཁོད་ཡོད་ན་ཡང་བཅའ་ཁྲིམས་པར་ཐེངས་དྲུག་པ་སྤྱི་ལོ་ ༢༠༡༩ འཁོད་པའི་ནང་སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་རྒྱུའི་སྐོར་ལས། ༼ སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར ༽ གཏོང་རྒྱུའི་སྐོར་གསལ་མི་འདུག་ན་དོན་ཚན་འདི་གཉིས་ཐོག་མང་གཙོའི་ལྟ་གྲུབ། ༼ Democracy Theory ༽ དང་མཐུན་པའི་གསལ་བཤད་བཀའ་དྲིན་ཆེ་བ་ཞུ། མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འབྲེལ་བའི་གང་ཟག་སྒེར་གྱི་དོགས་གཅོད་ཞུ་རྒྱུའི་བདེ་སྙན་དུ། ཡུད་ཙམ་དགོངས་པར་མངའ་བ་མཁྱེེན། མཁྱེན་བཅས་ཕྲན་གོང་མིང་པས་སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ཉིན་ཕུལ།

ངོ་ཤུས།

༡ དགའ་ལྡན་ཕོ་བྲང་ཡིག་ཚང་།

༢ བཀའ་ཤག་ལྷན་རྒྱས།

༣ ཆེས་མཐོའི་ཁྲིམས་ཞིབ་ཁང་།

སྤྱི་འཐུས་རྒྱུན་ལས་ལ་བདེ་སྙན་ཕུལ་ནས་ཟླ་བ་གཅིག་འགྲོ་འདུག་ན་བཀའ་ལན་མ་ཕེབས་སྟབས་ཐབས་ལམ་གཞན་མེད་པ་ནས་དྲ་ཐོག་མ་བཞག་ཐབས་མེད་ཆགས་སོང་ན་ཀློག་པ་པོ་རྣམས་ནས་ཐུགས་ཞིབ་བཀའ་དྲིན་ཆེ་ཞུ།

འཕྲིན་ཡིག

Post navigation

Previous Post: སངས་རྒྱས་སྒྲོལ་མས་བསླབ་པའི་སྙན་ངག ལིམ་བིའི་ཚལ་ནས་སངས་རྒྱས་དྲན་པ།
Next Post:  ཚ་བོ་ཆོས་དར་ལ་གསལ་འདེབས་སུ་བྲིས་པ།

Comment (1) on “དཔལ་ལྡན་སྤྱི་འཐུས་སྐབས་བཅུ་བདུན་གྱི་ཚོགས་གཙོ་ཚོགས་གཞོན་གཙོས་པའི་སྤྱི་འཐུས་རྒྱུན་ལས་ལྷན་དྲུང་དུ།”

  1. ཚེ་བརྟན་འགྱུར་མེད། says:
    2024-12-28 at 4:59 pm

    ༈ གཞུང་པ་ལགས་ནས་སྤྱི་དོན་དུ་དགོངས་བཞེས་ཀྱིིས་ཞུ་སྙན་ཕུལ་བར་བཀའ་ལན་མེད་པ་བློ་འགྱོད་རེད། ཡིག་འཁྱམ་འགའ་རེ་ཕུལ་མཁན་ཡོད་སྲིད་ཀྱང་། ཡིག་འཁྱམ་ཡིན་མིན་དོན་དུ་བཅད་ན་འདི་ཡིག་འཁྱམ་ཞིག་ག་ནས་ཡིན་དགོས། མི་དམངས་ཀྱིས་འདམ་པའི་གྲོས་ཚོགས་ནས་མི་དམངས་ལ་འགན་བཞེས་གལ་དེ་ང་ཚོའི་གྲོས་ཚོགས་ཀྱི་ཞན་སྐྱོན་ཞིག་མིན་ནམ་བསམས།།
    ཟླ་ཤས་གོང་གཞུང་པ་ལགས་ནས་དགོངས་ཚུལ་དེ་ཁ་བརྡ་ནང་གསལ་དེད་གནང་སྐབས་གོང་རིམ་ལ་ཞུ་དགོས་ཀྱི་བསམ་ཚུལ་ཕུལ་ཡིན། དེ་ཡང་རྒྱུ་མཚན་གཉིས་ནས་ཞུས་ན། དང་པོ་བཅའ་ཁྲིམས་ལ་འགྱུར་བཅོས་མང་པའི་འགྲེལ་ཡོད་ནས་དམ་དོན་ཞན་པའི་ཆད་ལུས་སུ་གྱུར་སྲིད་པ་དང་། གཉིས་པ་བཅའ་ཁྲིམས་ནང་དམངས་གཙོའི་ཀ་བ་གསུམ་ཆ་སྙོམས་སུ་བཀོད་སྒྲིག་ཡོད་ནའང་། བར་སྐབས་ཞིག་གྲོས་ཚོགས་ནི་ཏེ་བོའི་ནང་གི་གཟུགས་བཟང་དེ་ཡིན་ཚོད་ཀྱི་དགོངས་ཚུལ་ལས་རྙོག་གཞི་མང་དག་ཅིག་བྱུང་། དེ་འདྲའི་ཁོར་ཡུག་རྐྱེན་ནམ་ངན་བྱུས་ལས་དོན་ཚན་ལྔ་བཅུ་ང་བདུན་སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ་ཅེས་པ་ནས་སྤྱི་འཐུས་ལྷན་ཚོགས་དེ་དགོས་དབང་གིས་མར་འཐེན་ནས་མེད་པར་བཟོ་མི་སྲིད་པའང་མིན་སྟབས་དགོངས་ཞིབ་ཏུ་ཞུས་སོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme